ཨོ་རྒྱན་ཉི་མ།
ང་ལྟ་བུའི་མྱི་ཆུང་ཚོས་ཇི་ལྟར་བཤད་ཀྱང་ཉན་མཁན་མེད་པ་དང་། གང་ལྟར་བསྒྲུབས་ཀྱང་མི་མཐོང་བ་དེ་བསོད་དམན་སྤྱིའི་ལས་དབང་ཞིག་ཡིན་པས། ངས་དེ་ལ་འཁང་ར་དང་། འགྱོད་གདུང་། བཟོད་གསོལ་དགོས་དོན་གཏན་ནས་མེད། ཡིན་ན་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་དང་། ཕ་མར་གྱུར་པའི་སེམས་ཅན་ཡོངས་ཀྱི་བདེ་སྡུག་ལ་སེམས་པ་ནི། གཞན་ཕན་དང་། ལྷག་བསམ་ཡོད་ན་སུས་ཀྱང་བསམ་འཆར་དང་། དེའི་སྦྱོར་བ་ལག་ཏུ་ལེན་དུ་རུང་བ། དཔེར་ན་བདག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པས། <<རིགས་མི་གཙོ་རུས་མི་གཙོ་བསླབ་པ་རིན་པོ་ཆེ་ཁོ་ན་གཙོ།>>ཞེས་གསུངས་པ་ལྟར་བསླབ་པ་རིན་པོ་ཆེ་སྲོག་ལས་གཅེས་པའི་དམན་པ་ཁོ་བོས་ཀྱང་ཆ་ཤས་ཤིག་བླངས་ཏེ། ལེགས་ཉེས་དབྱེ་འབྱེད་ཀྱི་གཏམ་ཅུང་ཟད་སྨྲ་བར་འདོད། དེ་ཕྱིར་ངས་ན་ནིང་ལོར་བྲིས་པའི་<<ཆོག་ཤེས།>>ཞེས་པའི་དེབ་དེའི་དབུར་<<ཐོབ་ཆེན་མི་ཡིས་གང་སྨོས་མ་བགྱིས་ཤིང་། །འབྱོར་ལྡན་བླུན་པོའི་དབང་དུ་མ་སོང་ཡང་། །བསྟན་འགྲོའི་དོན་ལ་སེམས་པའི་ངང་ཚུལ་འདིས། །མཁས་བླུན་གཉིས་ཀའི་དགྲ་རུ་ཆས་པ་འདྲ། །>>ཞེས་པ་ལྟར་གནས་ལུགས་དང་མ་མཐུན་ན། མཐོན་པོ་གནམ་འདྲ་བོ་ཞིག་གིས་བཀའ་ཕེབས་ཀྱང་སྒྲུབ་མི་འདོད་ལ། རྒྱུ་མཚན་ལྡན་པའི་གཏམ་ཞིག་ཡིན་ན་གདོལ་བའི་ངག་ན་ཡོད་ཀྱང་ཉན་ངེས་ཡིན།
དེ་ཕྱིར་ངས་ཕུང་གསུམ་པ་སྐོར་བཤད་ནས་ལོ་གཉིས་ཀྱི་རིང་ལ་རྒྱ་བོད་གཉིས་དང་། ཤར་ནུབ་ཀུན་དུ་གྲུབ་འབྲས་ཆེན་པོ་ཟེར་བ་ཁག་པོ་རེད་དེ། གྲྭ་བཙུན་ཚང་མའི་སེམས་ནང་དུ་<<ཕུང་གསུམ་པ་ནི་དགེ་འདུན་སྡེ་གཉིས་གང་ཡང་མ་ཡིན་པའི་ཆོས་གོས་འོག་གི་ཆགས་སྲེད་ཅན།>>ཞིག་ལ་གོ་བ་དང་། དེ་ཉིད་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག ཁྱད་པར་དུ་ཡང་སངས་རྒྱས་པའི་ཆོས་དང་འབྲེལ་ཡོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་ལ། ཧ་ཅང་གིས་གནོད་ཚབ་ཆེ་བའི་གང་ཟག་ཅིག་ཡིན་པ་ཧ་གོ་ཡོད་ས་ཡོད། དེ་ཕྱིར་མདོ་མེད་འཁྱམས་པོ་ཞིག་གིས་བྱས་རྗེས་དང་། གྲུབ་འབྲས་དེ་ཙམ་ཕལ་ཆེར་ཡིན་རྒྱུ་རེད། ང་ཚོས་ཐོག་མར་བསམ་རྒྱུ་ལ་རྒྱ་བལ་སོགས་ཀྱི་དགོན་ཁག་རྣམས་བརྒྱུད་ནས་གྲྭ་བཙུན་ཀྱི་ཕྱག་མཚན་བསྡུས་ཏེ། ལས་འགུལ་ཆེན་པོ་ཞིག་གི་ངོ་བོར་བསྒྱུར་དགོས་བསམ་སོང་སྟེ། ད་གནས་སྐབས་རིང་མཚམས་བཞག་རྒྱུ་ཡིན། གཞུག་ནས་ཕུང་གསུམ་པ་དེ་ཚོའི་གནས་སྟངས་ལ་གཞིགས་ཏེ་རྒྱུས་ལོན་བྱ་རྒྱུ་ཡིན།
<<ཕུང་གསུམ་པའི་མིང་དང་གནས་ཚུལ་རྣམས་དྲ་ཐོག་ཏུ་བཀོད་ཡོད་མེད་གང་ལྟར་ཡང་བོད་ཀྱི་དྲ་བྱང་ཕལ་ཆེ་བར་བཏང་ཡོད།>>འོ་ན་ཁྱོད་ཀྱིས་དེང་སང་གྲྭ་བཙུན་ཚོས་མ་འགྲིགས་པ་ཁོ་ན་བཤད་སྟངས་ལ་བལྟས་ན། གནའ་བོའི་དུས་སུ་ཕུང་གསུམ་པ་རྩ་བ་ནས་མེད་པ་རེད་པས་ཟེར་ན། ཕུང་གསུམ་པའི་གང་ཟག་སྔོན་མའི་དགོན་པའི་སྤྱི་ཚོགས་སུ་ཡོད་ཀྱང་། དེ་ཚོས་རང་ཉིད་སྐྱོན་ཅན་དང་། ཚུལ་མིན་གྱི་སྤྱོད་པ་ཅན་ཡིན་པ་ངོས་ལེན་ཡོད་པའི་ཐོག་ནས་ཆོས་གོས་བསྒོས་ཀྱང་ཉམ་ཆུང་རེད། ད་ལྟའི་དུས་ཚོད་འདིར་མཚོན་ན་གྲྭ་བཙུན་གྱི་སྤྱི་ཚོགས་སུ་ཕུང་གསུམ་པ་ཧ་ཅང་གི་མང་པོ་རེད་ལ། དེ་ཚོ་སྔོན་མའི་ཕུང་གསུམ་པ་ལ་ལྟོས་ན་བརྒྱ་འགྱུར་གྱི་ཧམ་པ་ཆེན་པོ་རེད། སྤྱིར་བཏང་གི་ཧམ་པ་ཙམ་མ་ཡིན་པར་ཡོད་ཚད་ཀྱི་དབུ་ནས་དབང་བསྐུར་རྒྱུ་ཡིན་ཟེར་མཁན་རྐྱང་རྐྱང་རེད། ཕུང་གསུམ་པ་འདི་དག་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད། རྐྱེན་ཅི་ཞིག་གིས་བསྒྱུར་བ་རེད། བསམ་བློ་ཡག་པོ་ཞིག་གཏོང་ཐུབ་སོང་ན། སྒེར་གང་ཟག་རང་རང་གི་ཉོན་མོངས་པ་ཤུགས་དྲག་པ་དང་། ལས་འབྲས་ཡིད་ཆེས་གཏིང་ཚུགས་པ་ཞིག་མེད་པ་དང་། ངོ་ཚ་དང་ཁྲེལ་མེད་པ། བོད་ཀྱི་ཆེན་པོ་ཕལ་ཆེ་བས་རང་གི་གྲྭ་བཙུན་རྣམས་ལ་ཁ་བཤད་གཅིག་པུ་ལས། ཆོས་ཀྱི་སློབ་སྟོན་ཡག་པོ་གནང་མ་ཐུབ་པའི་རྐྱེན་གྱིས་རེད།
དགོན་པ་ཟེར་བ་དེ་གྲྭ་བ་མང་བ་ཙམ་གྱིས་ཕན་ཐོགས་མི་འདུག་ལ། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གྱིས། ཁ་བདེ་བོ་ཙམ་གྱིས་དེ་ལས་ཀྱང་ཕན་ཐོགས་མེད་པར་མ་ཟད། ལག་ལེན་མེད་པའི་ཁ་བཤད་དེ་དང་པོ་ཉིད་ནས་རྩ་བ་ནས་མེད་ན་ཡག་ཤོས་རེད། དེ་ཞབས་འདྲེན་བཞག་རོགས་ལས་དགེ་ཕན་གཏན་ནས་མི་འདུག ད་འོ་ན་གང་དགོས་ཀྱིན་འདུག་ཅེ་ན། གྲྭ་བ་དང་། བཙུན་མ་གཅིག་ལས་མེད་ཀྱང་ལུང་གིས་བསྟན་དོན་ལྟར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། དེའི་སྟེང་དུ་རབ་བྱུང་ན་རིམ་གཉིས་ཀྱི་དོན་ལ་ཉམས་ལེན་ཅན་ནམ། རིག་ངོ་ཟིན་མཁན་ཞིག་ངེས་པར་དུ་དགོས་ས་རེད། དེ་མིན་གྲྭ་བཙུན་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ། སྡེ་སྣོད་གསུམ་བློ་ལ་འཆད་ཤེས་ཀྱང་ཉམས་ལེན་ཐིགས་པ་ཞིག་མེད་ན། ནེ་ཙོས་མ་ཎི་འདོན་པ་དང་ཁྱད་པར་རྩ་བ་ནས་མེད་ངེས་སོ། །
དེང་སང་བོད་ཀྱི་བླ་ཆེན་འདི་ཚོས་དགོན་པ་ཆེན་པོ་རེ་རྒྱབ། དེའི་ནང་དུ་གྲྭ་བཙུན་ཉི་ཤུ་སུམ་ཅུ་ནས་སྟོང་ཕྲག་བར་བསགས་ཏེ། མྱི་སྔུན་ཇོ་མོའི་ཟེར་བའི་དཔེ་<<སྤྱིར་བཏང་བོད་ནས་འགྱུར་བ་འགྲོ་བཞིན་པ་རེད་དེ་རྒྱ་བལ་གྱི་གྲྭ་བཙུན་རྣམས་སྡོམ་དང་དམ་ཚིག་ལ་མཐོང་ཆེན་བྱེད་མཁན་དཀོན་པོ་རེད།>>ལྟར་རིམ་གཉིས་ཀྱི་ཉམས་ལེན་མེད་པའི་འབུད་བརྡུང་དཀྲོལ་གསུམ་དང་། བསླབ་གསུམ་མེད་པའི་སྡེ་སྣོད་གསུམ་ཁ་ལ་འཁྱེར་ཤེས་པ་ཙམ་ལ་རེམ་ཞིང་། ཆོ་ག་ཕྱག་བཞེས་ཀྱི་རྣམ་པ་ཙམ་གྱིས་ཁ་བདེ་མོ་ཞིག་གྱུར་དུས། ཁོག་ན་ཉམས་ལེན་རྩ་བ་ནས། ཁ་ནས་དམ་པའི་ཆོས་ཟེར་ན་ཡང་། དངུལ་ཚོང་ཁོ་ན་མ་གཏོགས་བསམ་རྒྱུ་མེད་པའི་དམར་པོ་ཁྱུ་གཅིག་ཆགས་བཞིན་པ་རེད། ཚོང་པ་འདི་དག་གིས་དང་པོ་ཆོས་བཤད་ནས་སྒོར་མོ་བསྡུས། མ་རྩ་ཅུང་ཙམ་ཆགས་ཚར་བ་དང་གསེར་དངུལ། གཡུ་བྱུར་སོགས་ཀྱི་ཚོང་དང་མཉམ་དུ་སྡེབས་ཏེ། མགོ་གཡོག་མགོ་སྐོར་གྱིས་ཁྱིམ་པ་སུན་འབྱིན་ཚོད་མེད་བྱས་པར་མ་ཟད། ད་དུང་བསྟན་པ་འཛིན་པའི་ཟོལ་ལ་བྲེལ་བཞིན་པ་རེད།
འདི་དག་ཕལ་ཆེ་བ་བླ་ཆེན་ཚོའི་སྐུ་ཚ་དང་། ཕྱག་མཛོད། རྩ་ཆེན་གནང་ས་དེ་ཚོ་རེད། དེའི་ནང་ནས་དགོན་པའི་གྲྭ་བ་འཕྲོ་བརླག་གཏོང་མཁན་དང་། ནང་ལོག་མི་བདེ་བ་བཟོ་མཁན་ཚང་མ་བླ་མའི་ཕྱག་མཛོད་དང་། <<མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་མཛོད་རྩ་བ་ནས་མ་ཉར་བ་འདི་རྒྱུ་མཚན་འདི་ལ་བརྟེན་ནས་ཡིན་གསུངས་སོང་།>>དགོན་པའི་གཉེར་པ་འདི་གཉིས་རེད། <<འཇམ་མགོན་ཀོང་སྤྲུལ་གྱིས་ཀྱང་ཕྱག་མཛོད་ཟེར་བ་དེ་ཡག་པོ་མེད་ཚུལ་གསུངས་ཡོད་པ་ཐོས།>>དེ་གཉིས་ལ་གྲྭ་བ་མང་པོ་ཞིག་གི་འཚོ་བ་དང་། བྱ་བའི་བརྒྱུད་རིམ་མང་པོ་ཞིག་དང་འབྲེལ་ཡོད་དུས་རྩ་ནས། ཕྱག་གཉེར་མ་རབ་དེ་ཚོས་གྲྭ་བ་མདོ་མེད་དེ་ཚོར་ཐོབ་དང་གོ་ས་སྤྲད།
གྲྭ་བཙུན་མདོ་ཤོར་དེ་ཚོས་ཕྱག་གཉེར་ཁྲེལ་མེད་དེ་ཚོ་སྐྱབས་གནས་སུ་བཟུང་། ཕྱག་གཉེར་གཉིས་ཀས་རང་གི་བླ་མ་དེ་དབུ་བསྐོར། དབང་ཡོད་ཀྱིས་བླ་མ་ལ་ཆོས་བཞིན་བྱེད་དུ་མི་འཇུག་པ་སོགས་ཀྱིས་བསྟན་དགོན་ཆེ་ཆུང་ལ་མ་ལྟོས་པར་གནོད་ཚབ་ཆེན་པོ་བྱུང་ཟིན་པ་དང་། འབྱུང་བཞིན་པ། མ་འོངས་པར་འབྱུང་ངེས་རེད། དགེ་ལྡན་པའི་ཕྱག་མཛོད་རེད་ཟེར་དུས་སྒོར་མོའི་ཆེད་དུ་བྱ་བ་བཟང་ངན་ཡོད་ཚད་བྱེད་ན་འགྲིགས་བསྡད་པ་དང་།<<དགོན་སྡེ་ཁག་གི་མགྲོན་ཁང་དང་ཟ་ཁང་གི་ལས་བྱེད་གྲྭ་བ་བཞག་པ་འདིས་ཁྱིམ་པ་སུན་འབྱིན་ཤུགས་ཆེན་པོ་འབྱུང་གི་ཡོད།>> བཀའ་རྙིང་ས་གསུམ་གྱི་ཕྱག་གཉེར་རེད་ཟེར་དུས་དགོན་པའི་འཛིན་སྐྱོང་ཡོངས་རྫོགས་ཐེ་རྟོག་བྱེད་པ་ལ་དགའ་བ་དང་། བསམ་དོན་ལྟར་མ་འགྲུབ་དུས་གང་གནོད་གང་རྡུག་བྱེད་ཆོག་ཆོག་འདྲ་བོ་ལྟ་མཁན་མང་པོ་རེད།
དེ་ཕྱིར་བླ་ཆེན་མིང་ཁུར་མཁན་ཕལ་ཆེ་བའི་ཕྱི་ནང་གསང་གསུམ་ལ། ཐུགས་བསམ་ཡག་པོ་མ་བཞེས་ན་བསྟན་འཛིན་དང་བསྟན་བཤིགས་གང་གི་ཕྱོགས་སུ་གཏོགས། དོན་ངོ་མ་བསམ་བློ་བཏང་ན་དབྱེ་འབྱེད་ཐུབ་པ་ཁག་པོ་རེད། དམ་པའི་ཆོས་ཟེར་བ་དེ་ཡང་གཙོ་བོ་ཆེ་བ་ལག་ལེན་བྱ་རྒྱུ་ཞིག་རེད། ལག་ལེན་དེ་ཡང་གཞན་ཕན་ལ་འབད་པ་དང་། གཞན་གནོད་སྤོང་བ་ཁོ་ན་ལ་རག་ལས་ཡོད་པས། དོན་གྱི་སྦྱོར་བ་རྩ་བ་ནས་མེད་པར་ཁ་ནས་བཤད་རྒྱུ་གཅིག་པུ་ཞིག་ལ། ནང་པའི་ལྟ་གྲུབ་འདི་ལས་ཐབས་རྡུག་ཅིག་རྩ་བ་ནས་མི་འདུག གང་ཡིན་ཞེ་ན་ཁ་ནས་སེམས་ཅན་ཐམས་ཅད་ཟེར་བཞིན་ལག་ལེན་ལ་རང་དོན་ཁོ་ན་སྒྲུབ་བསྡད་ན། ཁ་ཞེ་མི་མཚུངས་པ་ཞེས་འཇིག་རྟེན་པས་ཀྱང་མཆའ་བའི་ཡུལ་དུ་གྱུར་ན། སྐྱེས་བུ་ཆེན་པོ་དག་གིས་ནི་སྨོས་མ་དགོས་པ་ཞིག་རེད།
དེ་ཕྱིར་མཁས་པ་པཎྡི་ཏ་ནས་བླུན་པོ་བ་ལང་རྫི་བོ་ཡན་གྱི་གང་ཟག་སུའི་རྣ་བར་འགྲོ་སྟེ། སུ་གཅིག་གིས་ཁས་ལེན་མི་སྲིད་པ་དང་། རྣམ་པ་གྲྭ་བཙུན་ལྟར་ཡོད་ཀྱང་ཁ་བཤད་ལག་ལ་མེད་པའི་གཡོ་སྒྱུ་ཅན་འབའ་ཞིག་ལས་མེད་ན། ཚང་མའི་བློ་ངོར་ཡོད་པའི་དགེ་འདུན་པ་ཞེས་པའི་རིན་ཐང་དེ་ཡལ་བཞིན་པ་ནི། དེང་སང་གྲྭ་བཙུན་གྱི་གཟུགས་ལ་ཁ་ཞེ་མི་མཚུངས་པ་བདོ་བའི་ཡུལ་གྲུ་སོགས་ཀྱི་གནས་སྟངས་ལ་ལྟོས་དང་ཤེས་ངེས་ཡིན། དཔེར་ན་ཐེ་ཝན་སོགས་རྒྱ་ནག་གི་ཡུལ་གྲུ་དུ་མར་དང་ཐོག་བོད་ཀྱི་གྲྭ་བཙུན་རྣམས་ཕེབས་དུས་དང་། དེང་སང་གཉིས་ལ་ཁྱད་པར་ག་ཚོད་ཕྱིན་འདུག འདི་དག་ཚང་མ་གྲྭ་བཙུན་གྱི་མིང་ཁུར་ནས་སྤྱོད་པ་ཉེས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་འདྲའི་སྤྱོད་ངན་དང་། བསམ་བློ་ལོག་པ་རྐྱང་རྐྱང་བྱེད་བསྡད་ན་རང་གི་ཕུན་སུམ་འཚོགས་པའི་རིག་གཞུང་འདི་ཡང་སྣུམ་ཟད་ཀྱི་མར་མེ་ནང་བཞིན་འགྱུར་ལ་ཉེ་བ་རེད།
དེང་སང་མཁན་ཆེན་དང་། <<མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་བོད་ཀྱི་མཁས་དབང་མང་པོ་ཞིག་གིས་འདི་ལྟར་གསུང་གི་འདུག>>དཔྱོད་ལྡན་ཡིན་ཟེར་མཁན་མང་པོ་ཞིག་གིས་ནང་པའི་ཆོས་དེ་ཡང་ཡེ་ཤུ་དང་། ཁ་ཆེ་ནང་བཞིན་མི་སེར་ནང་ཁྱབ་བརྡལ་དུ་འགྲོ་དགོས་པ་དང་། འཚོ་བ་དངོས་དང་<<འཚོ་བ་དངོས་ཟེར་བ་དེ་ཆབ་དཔལ་གཉིས་ལ་གོ་དགོས།>>འབྲེལ་བ་མེད་ན་བསྟན་པ་ཉམས་འགྲོ་བ་འདྲ་བོ་ཞིག་ཀྱང་བཤད་ཀྱིན་འདུག་མོད། ངས་བལྟས་ན་དེ་འདྲ་ཞིག་རྩ་བ་ནས་མ་རེད། ཚེ་འདིའི་འཚོ་བ་ཆབ་དཔལ་གཉིས་དང་སྦྲེལ་ན་འགྲན་རྩོད་ཅན་ཞིག་དང་། རང་ཁེ་གཞན་ཕམ་དང་འབྲེལ་བ་ཆགས་ཟིན་པས། དུས་དེ་ནས་བཟུང་ཆགས་སྡང་གི་རྒྱུ་ཆེན་པོ་ཞིག་དང་། སྤྱི་ཚོགས་ཀྱི་དཀྲུག་ཤིང་དང་མ་ཞིག་ལས། སྲིད་པའི་སྡུག་བསྔལ་སེལ་བྱེད་ཅིག་ཏུ་འགྱུར་བ་ལ་རེ་བ་གཏན་ནས་མེད་པ་རེད། སངས་རྒྱས་ཀྱིས་ཆོས་དང་པོ་གསུང་དུས་ནས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གསུངས་པ་དང་། དེའི་འཁོར་བའི་སྡུག་བསྔལ་གྱི་གཉེན་པོ་དང་། ཚེ་འདི་ལས་ཕྱི་མ་གཙོ་ཆེར་འཛིན་དགོས་པ་དང་། ཡང་ན་ཚེ་འདིའི་ཆབ་སྲིད་དང་། དཔལ་འབྱོར་གྱིས་དགོས་མཁོ་བསྐང་མི་ཐུབ་པའི་བདེ་སྡུག་འདོར་ལེན་གྱི་ཆེད་དུ་གདམས་པ་རེད།
<<སྡུག་བསྔལ་གྱི་གཉེན་པོ་དང་། བདེ་བའི་རྒྱུ་རུ་དམིགས་ཏེ་འཚོ་བའི་ཆ་ཤས་ཤིག་ཏུ་བརྩིས་ནའང་མི་འགྲིགས་པ་ཆེར་མི་འདུག་མོད།>> ཆབ་དཔལ་གཉིས་ཀྱི་ལག་ཆ་རུ་གྱུར་ནས་བཟུང་ཁ་ནས་སྙན་མོ་ཇི་ལྟར་བཤད་ཀྱང་། བསྟན་པའི་སྲོག་ཤོར་བ་ཞེས་བྱ་བ་རེད། སངས་རྒྱས་པའི་ཆོས་དེ་གཞན་ཕན་ཁོ་ན་དོན་གཉེར་ཏེ་གདམས་པ་ཡིན་དུས་རྩ་ནས། ཉམས་ལེན་སུས་བྱས་ན་དེའི་རྗེས་སུ་འགྲོ་བ་ལས། མི་རིགས་དང་། རིགས་རྒྱུད། ལུང་ཚན་བྱེ་བྲག་པའི་འཚོ་བའི་རྗེས་སུ་འབྲང་ནས་དུས་ནམ་ཡང་སྡོད་ཀྱི་མ་རེད། སངས་རྒྱས་པའི་ཆོས་དང་པོ་བྱུང་ས་རྒྱ་གར་རེད། དེའི་གཞུག་ནས་བྱང་བརྒྱུད་དང་། ལྷོ་བརྒྱུད་གཉིས་ཀྱིས་མཚོན་པའི་བོད་དང་རྒྱ་ནག་སོགས་སུ་དར་སོང་བ་རེད། ད་དེང་སང་ཤར་ནས་ནུབ་ལ་རྣམ་པ་ཙམ་ཞིིག་བསླེབ་བཞིན་པ་རེད། མ་འོངས་པར་སྤུས་གཙང་བ་ཞིག་ཡོང་བའི་རེ་བ་ཚང་མ་ལ་ཡོད་ངེས་པས། ཆོས་ཚོང་པ་དེ་ཚོས་ཆོས་ཀྱི་འགྲོ་དོན་ལ་གནོད་པ་<<ཆོས་ཀྱི་ལྟ་གྲུབ་ནང་པ་ལས་ལྷག་ཅིག་གཏན་ནས་མེད་ཀྱང་། དེང་སང་ཉམས་ལེན་པའི་གང་ཟག་ངོས་ནས་བསམ་བློ་བཏང་ན་སྐྱོ་བོ་རེད།>>མ་བྱེད་རོགས་ཞེས་སྙིང་ཐག་པ་ནས། རེ་བསྐུལ་ཡིན།
དམ་པའི་ཆོས་ཀྱི་ངོ་བོ་འཚེ་མེད་ཡིན་ཡང་། འཇིག་རྟེན་པའི་འཚོ་བ་ཟེར་བ་དེ་རྩོད་པའི་རྩ་བར་གྱུར་པ་དང་། འཁོར་བའི་རྒྱུ་འབྲས་གང་རུང་གིས་བསྡུས་པ་ཡིན་དུས་རྩ་ནས། ཆོས་ཀྱི་མིང་ཁུར་ནས་འཇིག་རྟེན་སྒྲུབ་བཞག་ན་དམིགས་ཡུལ་དང་། འདུན་པ་གང་ཆེ་ན་དེའི་དབང་དུ་ཤོར་འགྲོ་དུས་རྩ་ནས། ཆོས་ཀྱི་དགོས་དོན་དེ་མི་འགྲུབ་པར་རིན་ཐང་དང་། ཕན་ཡོན་བརླག་འགྲོ་བ་རེད། དེ་ཕྱིར་འཇིག་རྟེན་པའི་འཚོ་བ་དངོས་དང་ཆོས་གཉིས་འབྲེལ་དགོས་ཟེར་བ་དེ་ལ་རྒྱུ་མཚན་རྩ་བ་ནས་མི་འདུག་པས། མཁས་པའི་གསུང་ཡིན་ན་ཡང་ངོས་ལེན་རྩ་བ་ནས་མེད་ཅེས་བཤད་འདོད་པ་ཡིན།
སྤྱིར་བཏང་འཇིག་རྟེན་འདིར་སྐྱོན་ཡོན་གཉིས་ཀ་སོ་སོར་མི་མཇེད་པར་གང་ཟག་གཅིག་གི་རྒྱུད་དང་། མི་རིགས་གཅིག རིག་གཞུང་གཅིག་གི་ནང་དུ་ཡོད་པ་དེ་ཡང་ཆོས་ཉིད་ཅིག་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་དོན་གང་ཡང་མི་འདུག་མོད། ཡིན་ན་ཡང་བསྟན་འཛིན་དང་། སྐྱབས་རྗེའི་མཚན་ཁུར་བ་ལ་དགའ་བའི་ཁྲོད་དུ། བསྟན་དོན་ཇི་བཞིན་བྱེད་མི་འདོད་པའི་གང་ཟག་མང་པོ་ཞིག་འདུག འདི་དག་ཅིའི་ནོངས་སོང་བ་རེད། དཔེར་ན་ཐེ་ཝན་ལ་སོགས་པའི་ཕྱི་གླིང་ཡུལ་གྲུ་མང་པོ་རུ། མཁན་པོ་མིན་ལ་མཁན་པོ་ཡིན་ཟེར་མཁན་དང་། སྤྲུལ་སྐུ་མིན་ལ་སྤྲུལ་སྐུ་ཡིན་ཟེར་མཁན་ཚོས་འཚང་ཁ་ཤིག་ཤིག་རེད། ཕ་མགོ་བུས་གཡོག བུའི་མགོ་དགྲས་གཡོག་ཟེར་བ་བཞིན་མཁན་སྤྲུལ་དགེ་བཤེས་ཕུང་གསུམ་པ་རྣམས་ཀྱིས་བླ་ཆེན་རྣམ་པའི་<<སྔོན་དང་ད་ལྟའི་གནས་ཚུལ་ཁྲོད་ཕྱག་གཉེར་གཉིས་ཀྱི་བྱས་ཉེས་མང་པོ་ཡོད།>>ཕྱག་མཛོད་ལ་དངུལ་སྤྲད། ཕྱག་མཛོད་ཚོས་བླ་མ་ལ་གཏམ་སྙན་སྣ་ཚོགས་ཀྱིས་དབུ་གཡོག་སྟེ་བླ་མའི་ཕྱག་ཐམ་དང་། མཚན་བེད་ཆོད་ཀྱིས་མིང་རྫུན་མ་རེ་བཏགས། འདི་དག་ཚང་མ་བླ་ཆེན་མགོ་འཁོར་དེ་ཚོས་བྱས་པ་རེད།
མཁན་སྤྲུལ་རྫུན་མ་དེ་ཚོའི་སེམས་ལ་ཚེ་འདིར་སྣང་ཞིག་དང་། སེམས་ཅན་མགོ་བསྐོར་འདོད་ཅིག་ལས། བསྟན་པ་དང་། སེམས་ཅན་ལ་ཕན་འདོད་ཐིགས་པ་ཞིག་མེད་པ་ལ། རྣམ་དཔྱོད་བེད་ཆོད་གཏོང་ཤེས་མཁན་ཞིག་ཡིན་ན་ཧ་གོ་རྒྱུ་རེད། ཁོ་ཚོས་སྒོར་མོ་སྒྲུབ་སྟངས་དེ་ཉིན་མོ་ཆོས་གོས་གྱོན་ཏེ་སྐྱག་རྫུན་བཤད། མཚན་མོ་གོ་ཐུང་གོན་ཏེ་མཇེ་ཚོང་རྒྱག མཇེ་བཙོང་ས་མང་དྲགས་<<རྒྱ་མོ་འབྱོར་ལྡན་ཚོས་མཐོ་སྒང་གི་མཇེ་ལ་ཤུགས་འདུག་ཟེར་བ་ཐོས།>>དུས་ཕན་ཚུན་ཤེས་དོགས་ཀྱིས་སྡུག་བསྔལ་ཆེན་པོ་ཡོད་པའི་ལོ་རྒྱུས་ཀྱང་མང་པོ་རེད་ལ། མ་རྒན་འབྱོར་ལྡན་ཚོར་བརྩེ་བ་ཡོད་མདོག་རྐྱང་རྐྱང་གིས་ཁྱོ་ག་དང་ཁ་བྲལ་དུ་བཏང་། སྒོར་མོ་རྫོགས་འགྲོ་དུས་ཡང་བསྐྱར་འབྱོར་མོ་གཞན་པ་ཞིག་དང་བརྗེ་པོ་རྒྱགས་ཏེ། དམ་པའི་ཆོས་ཁྲིམས་དང་། འཇིག་རྟེན་པའི་ཁྲིམས་གཉིས་ཀ་དང་འགལ་བའི་ལས་འདིས་བསྟན་པ་སྤྱི་ལ་ཞབས་འདྲེན་བཞག་བཞིན་པ་རེད།
ད་དུང་དེ་ཚོ་ལ་ཆེ་བརྗོད་དང་། བསྟོད་བསྔགས་ཀྱིས་མཁན་སྤྲུལ་གྱིས་གོ་ནས་གནང་བསྡད་ན་བླ་ཆེན་ཁྱོད་ཚོ་བསྟན་འཛིན་ཡིན་ས་རེད་པས། ལོ་རྒྱུས་དངོས་མ་ཞིག་ལ། སྤྲུལ་རྫུན་ཞིག་གིས་ཐེ་ཝན་ཆོས་ཚོགས་ཤིག་རྒྱག་ཁུལ་བྱས། སྒོར་མོ་མ་རག་དུས་ཆོས་ཚོགས་ནང་དུ་མ་རྒན་དྲུག་ཐམ་པ་སྦྱོར་ཏེ། དེ་ཚོའི་སྒོར་མོ་ཡོད་ཚད་ཁུར་ཏེ་བྲོས་སོང་བ་རེད་ཟེར། དེ་དང་འདྲ་བའི་གནས་ཚུལ་མང་པོ་ཡོང་བཞིན་པ་རེད། འདིའི་སྐོར་ཞིབ་འཇུག་དང་། རྒྱུས་ལོན་གནང་ན་བླ་ཆེན་ཚོས་ཐུབ་ངེས་རེད། བོད་དང་། ཧི་མ་ལའི་རི་བརྒྱུད་ཀྱི་གྲྭ་བཙུན་གྱི་མིང་འཁུར་མཁན་ཚང་མ་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་གྱི་ཁོངས་སུ་མ་བསྡུས་པ་ཞིག་གཏན་ནས་མི་འདུག དེ་དག་གི་འགོ་གཙོ་སྐྱབས་རྗེ་སྐུ་བགྲེས་ཚོས་རྒྱུས་ལོན་གྱིས་ཞིབ་འཇུག་ཚོགས་པ་<<ཕྱི་གླིང་ཡུལ་དུ་རྒྱལ་བསྟན་ཞིབ་འཇུག་ཚོགས་པ་ཟེར་བའི་མིང་དོན་མཚུངས་མི་མཚུངས་མང་པོ་ཞིག་འདུག>>བཙུགས་ན་གྲུབ་འབྲས་ཐོན་ངེས་རེད། དེ་མིན་གང་ཟག་སྒེར་རེ་ཟུང་གིས་སྒོར་མོ་བསྡུ་བའི་ཆེད་དུ་རྒྱལ་བསྟན་ཞིབ་འཇུག་ཚོགས་པ་བཙུགས་ན་ཡང་། སྒེར་རང་ལ་སྒོར་མོ་ཅུང་ཙམ་རག་ན་མ་གཏོགས་ཕན་ཐོགས་ཆེན་པོ་ཡོང་བ་ཁག་པོ་རེད།
ད་ནི་དགོན་པའི་སྒྲིག་གཞུང་ནས་མཁན་དགེའི་མཚན་ཐོབ་མཁན་ཡིན་ཡང་། མཁན་པོ་དང་། དགེ་བཤེས་ཀྱི་མཚན་ཉིད་ཚང་བས་ཁྱབ་པ་ཁས་ལེན་ཐུབ་པ་ཁག་པོ་རེད། མཁན་དགེ་ཟེར་བ་དེ་བརྟན་མཁས་གཉིས་དང་ལྡན་པ་ཞིག་དགོས་ཞེས་དམ་པའི་ཆོས་འདུལ་བ་ལས་གསུངས་ཀྱང་། དགེ་ལྡན་པས་བཀའ་པོད་ལྔ་ལ་སློབ་སྦྱོང་བཟང་ན་སྡོམ་པ་མེད་ཀྱང་དགེ་བཤེས་མཚན་གནས་གནང་བ་དང་། རྙིང་བཀའ་ས་གསུམ་གྱིས་སྡོམ་པ་ཡོད་ན་ཡོན་ཏན་ཆེན་པོ་མེད་པ་དང་། སྡོམ་པ་མེད་ཀྱང་སྦྱང་ཡོན་ཅུང་ཟད་མཐོ་བ་ཚོར་མཁན་པོའི་མཚན་གནང་མཁན་མང་པོ་འདུག་ལ། མཁན་དགེ་འཆང་བུ་འདི་ཚོར་ཁ་བདེ་མོ་ཙམ་ལས་གཞན་ཡོན་ཏན་<<སྔོན་མ་ལ་ལྟོས་ན་དེང་སང་གི་མཁན་དགེ་རྣམས་ཧ་ཅང་གི་སྐྱོ་བོ་རེད།>>སྐར་གང་མེད་པའི་ཐོག ཕྲག་དོག་དང་འགྲན་སེམས་ནི་སུ་ལས་ཆེ་རྐྱང་རྐྱང་རེད།
སྔོན་མ་དགེ་བཤེས་དང་། མཁན་པོ། སྤྲུལ་སྐུ་ཟེར་བ་དེ་ཚོ་ཉུང་ཉུང་རེད། ཡོད་པ་དེ་ཚོ་ཡང་ཕྱི་ནང་གསང་གསུམ་ཡོན་ཏན་མ་ལུས་ལྡན་པ་འབའ་ཞིག་ལས། ཡོན་ཏན་དང་སྡོམ་པ་མེད་བཞིན་ང་ལ་མཁན་པོ་དང་། དགེ་བཤེས་ཀྱི་གོ་གནས་དགོས་ཟེར་ཏེ་རྒྱུུགས་སྡོད་མཁན་སུ་གཅིག་ཡོད་ས་མ་རེད། དཔེར་ན་སྔོན་མ་གང་ཟག་གང་ཡང་རུང་བ་ཞིག་དགུང་ལོ་ཆེན་པོ་ཆགས། ཕྱིའི་སྤྱོད་པ། ནང་གི་མཁྱེན་ཡོན་མ་ལུས་ཚང་ཞིང་བསྟན་པ་ལ་སྲི་ཞུ་མཆོག་ཏུ་དགེ་ན་དོ་བདག་རང་གིས་ངོས་ལེན་ཡོད་མེད་གང་ལྟར་ཡང་། སྤྲུལ་སྐུའི་གོ་གནས་ཕུལ་བའི་ལོ་རྒྱུས་དང་རྣམ་ཐར་མང་པོ་རེད། དེང་སང་ནི་སུ་མགོ་བདེ། སུས་གཡོ་སྒྱུ་ཆེ་ས་རེད། སུས་སྒོར་མོ་མང་པོ་བཟོ་ཐུབ་ས་རེད་ལྟ་ནས་དེ་ལ་སྤྲུལ་སྐུ་དང་། སྐྱབས་རྗེ་ཞེས་མིང་བཏགས་བསྡད་པ་མང་པོ་འདུག འདི་དག་ཚང་མ་བླ་ཆེན་ཚོས་བྱས་ཉེས་རེད།
ངས་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་ཡིན་ཏེ། ཕྱི་རྒྱལ་ཁག་ཏུ་ཁྲམ་པ་འཁྲབ་ནས་རྒྱུགས་མཁན་དང་། མགོ་བདེ་དྲན་འཕྲུལ་ཅན་ཚང་མ་ལ་བླ་ཆེན་རེ་རེ་རྒྱབ་ལ་མེད་མཁན་གཏན་ནས་མི་འདུག ཁོ་ཚོས་གཡོ་སྒྱུས་བླ་ཆེན་རྣམས་མགོ་སྐོར་བཏང་། དེ་ནས་ངོ་ཚ་མེད་པའི་ལས་དེ་ལ་བརྟེན་ནས་ཆོས་ཀྱི་རིན་ཐང་ཡོད་ས་དང་། བླ་ཆེན་ཁོ་རང་ཚོས་སྔོན་མ་<<བླ་ཆེན་ཚོས་རྒྱབ་སྐྱོར་མེད་ན་འདི་ཚོས་བསྟན་པ་བཤིགས་མི་ནུས།>>དཀའ་ལས་རྒྱག་པའི་གྲུབ་འབྲས་ཆ་ཚང་རྩ་མེད་དུ་གཏོང་བཞིན་པ་རེད། ངས་གོ་ཐོས་ལ་སྡ་ས་ནས་གོང་ས་མཆོག་གཙོ་བོར་གྱུར་པའི་བོད་ཀྱི་བླ་ཆེན་ཚོ་ཚོགས་འདུ་བསྐངས་ཏེ། བོད་ཀྱི་དགོན་སྡེ་ཁག་གི་གྲྭ་རྒྱུན་དེ་ཚོ་མང་བ་ལས་སྤུས་གཙང་བ་གལ་ཆེན་པོ་དགོས་ས་རེད། དེ་ཕྱིར་ཞིབ་འཇུག་ཡག་པོ་ཞིག་གནང་དགོས་ས་རེད། ཅེས་གོང་ས་མཆོག་གིས་བཀའ་སློབ་ཕེབས་དུས། བླ་ཆེན་འགའ་ཞིག་གིས་དེ་ལ་ངོ་རྒོལ་བྱས་པ་རེད་ཟེར། དེ་བདེན་པ་ཡིན་ན་ཞབས་འདྲེན་རེད། བསྟན་པ་སྤུས་གཙང་བ་ལ་མི་དགའ་བའི་གང་ཟག་ཅིག་གིས་བསྟན་པ་ཇི་ལྟར་འཛིན་ས་རེད།
དེ་ག་ནང་བཞིན་བླ་ཆེན་ཚོས་འཁོར་མང་པོ་ཞིག་གིས་བསྐོར་ཏེ། རང་གི་གོ་ས་དང་། ཁྲི་ལ་གནོད་སྐྱོན་མ་བསླེབ་ན། གཞན་མར་མེ་རླུང་གི་བསྐྱོད་ན་འཛུམ་མོལ་མོལ། ལྷ་བཤོས་ཁྱིས་ཁུར་ན་འཛུམ་མོལ་མོལ་བྱས་ཏེ་བསྡད་པ་ལས། བསྟན་པ་སྤུས་གཙང་ཞིག་དགོས་ས་རེད། བསྟན་པ་ཉམས་སོང་ན་མི་རིགས་དང་། རིག་གཞུང་ཚང་མ་གྱོང་ཆེན་པོ་རག་འགྲོ་ས་བསྙམ་པའི་བསམ་བློ་ཡོད་རྩ་བ་ནས་ཡོད་ས་མ་རེད། གལ་སྲིད་མི་རིགས་དང་། རིག་གཞུང་ལ་བསམ་མནོ་མེད་ན་ཡང་། སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དྲིན་ལ་བསམ་ཤེས་ཙམ་དགོས་ས་རེད་བསམ་གྱིན་ཡོད། ཁྱེད་ཚོས་དྲན་ན་ང་ཚོས་གྲྭ་བ་བརྒྱ་ཕྲག་ནས་སྟོང་ཕྲག་གསོས་ཤིང་། དེ་དག་ལ་སློབ་སྦྱོང་སྤྲད་ཟིན་པ་ཡིན། བྱས་རྗེས་སྐར་གང་མེད་པའི་ལྡོམ་པོ་ཞིག་གིས་བཤད་པ་ལ་རྒྱུ་མཚན་ཞིག་དང་། ཉན་རིན་ཡོད་པ་ཞིག་གང་ན་ཡོད་དགོངས་སྲིད་པ་རེད།
ཡིན་ན་ཡང་གྲྭ་བཙུན་གསོས་ན་གསོ་གོ་ཆོད་པ་ཞིག་དགོས་པ་ལ། འགྲོ་སོང་ཆེན་པོ་ཞིག་བཏང་། ཆོས་པའི་མིང་ཁུར་མཁན་ཞིག་ལ། ཆོས་ཉམས་ལེན་མི་བྱེད་མཁན། སེམས་ལ་དངུལ་དང་། གོ་ས་ལས་མེད་པ་རྐྱང་རྐྱང་ཆགས་སོང་ན། ཆོས་དང་འཇིག་རྟེན་གཉིས་ཀ་འཆོར་ངེས་རེད། སྦྱང་པ་ཆོས་ལ་བྱས་ཀྱང་འབད་པ་འཇིག་རྟེན་ཁོ་ན་ལ་འབད་དགོས་ན་ཞབས་འདྲེན་རེད། ང་རང་ཉིད་ལ་མཚོན་ན་ལོ་མང་རིང་ཆོས་དང་འགྲོགས་ཏེ་བྱུང་བ་རེད། ད་ལྟ་འཇིག་རྟེན་གཙང་མ་ཞིག་བྱེད་དགོས་ན་བློས་བཟོད་ཀྱི་མི་འདུག་ལ། འབད་པ་ཡང་བྱེད་ཀྱིན་མེད།
དེང་སང་རྒྱ་བལ་གྱི་དགོན་སྡེ་ཕལ་ཆེ་བའི་གྲྭ་བཙུན་གྱི་འཚོ་བ་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས། བླ་ཆེན་སྐུ་དྲིན་ཅན་དེ་ཚོས་དཀའ་ལས་རྒྱག་པ་ལ་བརྟེན་ནས<<དེང་སང་མཁན་སྤྲུལ་དགེ་གསུམ་ཐབས་ཆག་དེ་ཚོས་བླ་ཆེན་གྱི་གོ་ས་ལ་ཆགས་མཁན་མང་པོ་འདུག་སྟེ་བསོད་ནམས་མེད་ན་རང་སྡུག་རང་གིས་ཉོས་པ་རེད།>>་བྱུང་བཞིན་པ་རེད། དེ་ཕྱིར་བླ་ཆེན་ཚོར་ཕྱོགས་གཅིག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བླ་ཆེན་ཚོའི་སློབ་མ་རྣམས་མེད་པ་ཡིན་ན། དགོན་པའི་ཉེ་འགྲམ་གྱི་གྲོང་སྡེ་དང་། ཁྱིམ་མི་ཚོས་རང་རང་འཁོས་འབྱོར་དང་<<གྲྭ་བཙུན་ཚོའི་སྤྱོད་ལམ་ཡག་པོ་མེད་པའི་རྒྱུ་མཚན་གྱིས་དགོན་སྡེ་དང་ཉེ་བའི་གྲོང་མི་རྣམས་དད་པ་ཆུང་དུ་འགྲོ་བཞིན་ཡོད།>>བསྟུན་ཏེ་ཉི་ཚེ་བའི་མཆོད་ཡོན་ཙམ་ལས། རྒྱ་ཆེན་པོ་འབུལ་རྒྱུའི་སྟོབས་འབྱོར་ཡང་མེད་པ་རེད།
ཕྱི་རྒྱལ་ཁག་ནས་ཕུལ་མཁན་གྲས་ལ་རྣམ་པ་གཉིས་སུ་མཆིས། གཅིག་གིས་དགེ་འདུན་པ་སྐྱབས་སུ་བཟུང་སྟེ་མཆོད་པའི་ཆེད་དུ་ཕུལ་བཞིན་པ་རེད། གཞན་པ་དེས་སྦྱིན་པར་དམིགས་ཏེ་གནང་བཞིན་པ་རེད། གང་ལྟར་ཡང་དགེ་འདུན་པ་ཟེར་བ་དེ་གཞན་<<གལ་སྲིད་གྲྭ་བཙུན་རྣམ་དག་བྱེད་མ་ཐུབ་ན་དགོན་པ་ནས་དགོངས་པ་ཞུ་རོགས་གནོངས།>>ཕན་གྱི་བསམ་བློ་ཅན་དང་། གཞན་ལས་མཆོག་ཏུ་གྱུར་པ་ཞིག་ལ་ངོས་འཛིན་མཁན་རྐྱང་རྐྱང་རེད།
འདི་དག་ཡུན་དུ་སྲ་བརྟན་དགོས་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུང་བཞག་པའི་བཀའ་དང་། རྗེས་འཇུག་པ་ཚད་ལྡན་ཚོས་གསུངས་པའི་བསྟན་བཅོས་ཀྱི་ཚིག་དོན་གཉིས་ཀ་རང་གི་རྒྱུད་ལ་འབྱོར་བ་ཞིག་ལ་འབད་ཐུབ་ན། གཞན་གྱི་ཡིད་ཆེས་དང་། རིག་གཞུང་གི་རིན་ཐང་། མི་རིགས་ཀྱི་ཁྱད་ཆོས་དག་ཡུན་<<ཧི་མ་ལ་ཡའི་མི་རིགས་ཀྱི་རིག་གཞུང་ནི་ནང་བསྟན་དང་འབྲེལ་བ་དམ་ཟབ་ཡོད་པས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མེད་སོང་ན་རང་རྐང་ཚུགས་པའི་རིག་གཞུང་གཞན་མེད།>>དུ་གནས་པ་ལ་སེམས་ཁྲལ་རྩ་བ་ནས་མི་དགོས་པ་དེ། ཡུལ་དུས་ཀྱི་གནས་སྟངས་ལ་བལྟས་ན་མཐོང་ཐུབ། དེ་མིན་ཕྱི་རྒྱལ་དུ་རྒྱུགས་བཞིན་པའི་གྲྭ་བཙུན་ཚོའི་སྤྱོད་པ་ལ་ཚོད་འཛིན་དང་། ཕྱི་རྒྱལ་དུ་གྲྭ་བའི་མཚན་ཐོག་ནས་འགྲོ་མཁན་ལ་ཞིབ་བཤེར་མེད་པར། གང་འདོད་འགྲོ་བཅུགས་པ་དང་། གང་བྱས་དེ་ག་རང་གཡུག་བཞག་ན་མི་རིང་བར་དགེ་འདུན་པའི་འཚོ་བ་དཀའ་ཁག་གི་གནས་སུ་འགྱུར་ངེས་རེད་ལ། བོད་པའི་སྤྱི་ཚོགས་རིག་གཞུང་དང་བཅས་པ་རྒྱལ་ཁོངས་གང་དུ་ཡོད་ན་དེར་ཐིམ་པར་གདོན་མི་ཟ་བས། ད་ལྟ་ནས་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པ་དགེ་འདུན་སྡེ་གཉིས་གང་རུང་གི་ཁོ་ཚོན་བཅད་དེ། ལས་གང་ལ་ཐུག་ཀྱང་བསྒྱུར་བཅོས་གཏོང་བའི་དུས་ཚོད་རེད།
མདོར་ན་མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་རྣམ་པ་གཏན་ནས་མེད་ན་ག་ལ་འགྲིགས། དམ་པའི་ཆོས་དང་། འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ཡོད་དགོས་ངེས་ཤིག་རེད། དེ་ནི་བོད་པ་གཅིག་པུ་མ་ཡིན་པར་མི་རིགས་སྤྱི་ལ་ཡོད་པའི་ལམ་ལུགས་ཤིག་ཀྱང་རེད། ཡིན་ན་ཡང་མང་དྲགས་ན་རིན་ཐང་ཆུང་འགྲོ་བ་དང་། རྫུན་མ་ཚོས་དངོས་གནས་དེ་ཚོའི་མཛད་འཕྲིན་ལ་དངོས་སུ་གནོད་པ་དེ་ཡང་། འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་རིང་གི་བོད་པའི་སྤྱི་ཚོགས་ལ་གཅིག་ལྟོས་དང་། མཁན་རྫུན། དགེ་རྫུན། སྤྲུལ་རྫུན་ཚོས་རྒྱལ་ཕྱི་ནང་ཀུན་ཏུ་བསྟན་པ་ག་ཚོད་བཤིགས་སོང་། དེང་སང་སྤྲུལ་སྐུའི་མིང་ཅན་མ་གཏོགས་མཁན་དགེའི་ནང་དུ་ཞབས་འདྲེན་ཞུས་མཁན་མེད་མདོག་སྟོན་མཁན་ཡང་མང་པོ་འདུག་མོད། དེ་ནི་གནས་སྟངས་ལ་རྒྱུས་ལོན་ཡག་པོ་མ་བྱུང་བའི་འཆར་ཡན་ཙམ་རེད། དེ་ཕྱིར་ཡོད་པ་དེ་རྒྱལ་བའི་བཀའ་དང་མི་འགལ་བར་སྤུས་གཙང་བ་དང་། མཁས་བླུན་སུས་བལྟས་ན་ལོས་ཡིན་བསྙམ་པ་ཞིག་བྱུང་ན་འགྲིགས་པ་རེད།
དེང་སང་མི་ཆོས་རིང་ལུགས་པ་དང་། རྩོད་སྒྲུབ་སྨྲ་བའི་རྗེས་འབྲངས་སུ་རློམས་པའི་བོད་པའི་ན་གཞོན་<<བོད་ཀྱི་ན་གཞོན་གསར་ཞེན་ཅན་ཚོས་བོད་ཀྱི་ཆེད་དུ་འབད་བརྩོན་བྱས་སྟངས་ནོར་སོང་།>>མང་པོ་ཞིག་གིས་ཆོས་དེ་ཡར་རྒྱས་ཀྱི་བཀག་རྡོ་དང་། ཆོས་པ་རྣམས་ནི་སྤྱི་ཚོགས་ཀྱི་གཉའ་གནོན་རེད་ཟེར་མཁན་ཡང་འགའ་ཞིག་མཆིས་མོད། ཆོས་པས་དཔལ་འབྱོར་དང་། ཆབ་སྲིད་ལ་སྐྱོན་དུ་མཐོང་ཡང་འཇིག་རྟེན་འདིར་མེད་པ་བསྒྱུར་མི་ཐུབ་པ་དང་། ཆབ་སྲིད་དང་། དཔལ་འབྱོར་རིང་ལུགས་པ་ཚོས་ཆོས་དེ་ཚོང་ལས་དང་། ཆབ་སྲིད་ཀྱི་བཀག་རྡོ་ཉིད་དུ་མཐོང་ཡང་། དུས་ནམ་ཡང་འགོག་མི་ཐུབ་པ་དེ་འགྲོ་བ་མིའི་རིགས་ཀྱི་ལས་དབང་རེད། གང་ཟག་ལ་ལ་ནི་ཆོས་ལ་དགའ་བ་དང་། དེ་ལས་གཞན་པ་མང་པོ་ཞིག་ནི་ཆབ་སྲིད་དང་དཔལ་འབྱོར་ལ་ཤིན་ཏུ་དུང་བ་དང་། ཡང་འགའ་ཞིག་ནི་ཆོས་དཔལ་སྲིད་གསུམ་ལ་དད་པ་དང་། མི་ཉུང་བ་ཞིག་ནི་གང་ལ་ཡང་དོ་སྣང་མེད་མཁན་ཡང་ཡོད་པ་རེད།
དེ་ཕྱིར་ཡར་རྒྱས་ཟེར་བ་ཕྱིའི་དཔལ་ཡོན་ལ་ངོས་འཛིན་སྟངས་ཤིག་དང་། ནང་གི་དཔལ་ཡོན་ལ་ངོས་འཛིན་སྟངས་ཤིག་དང་། ཕྱི་ནང་གི་དཔལ་ཡོན་གཉིས་པོ་མཐའ་གཉིས་སུ་མ་ལྷུང་བའི་ཐབས་ལ་འབད་པ་སྟེ་རྣམ་པ་གསུམ་དུ་མཆིས། དེ་གཉིས་ལས་གནས་སྐབས་ཀྱི་བདེ་བ་དོན་དུ་གཉེར་མཁན་ཡིན་ན་ཕྱིའི་དཔལ་ཡོན་རྙེད་བདེ་གྲགས་བསྟོད་ལ་རེམ་དགོས་པ་དང་། མཐར་ཐུག་གི་གཏན་བདེ་ལ་འདུན་པ་ཆེ་ན་ནང་གི་བདེ་སྐྱིད་ལ་འབད་དགོས་པ་ཡིན་ནམ་སྙམ། མཐར་ཐུག་གི་བདེ་བ་དེ་ལ་ཡང་ཚེ་འདིའི་སེམས་ཀྱི་གདུང་བ་སེལ་བ་ཞི་གནས་དང་། སྲིད་ཞིའི་གདུང་བ་མཐའ་དག་སེལ་བྱེད་ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་ལ་འབད་པ་གཉིས་སུ་མཆིས། གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ནི་གསང་སྔགས་ཀྱི་ཐབས་ཕུལ་དུ་བྱུང་བ་འདི་དག་ལ་བརྟེན་ནས་དོན་གཉིས་སྒྲུབ་ཚུལ་དག་ཡིན་ནོ། །
སྤྱི་ལོ་༢༠༡༤་ཟླ་བ་༡་ཚེས་༢༧་ལ་ནམ་རྒྱུན་ནས་ཁྱེད་ཀྱི་ཁ་དང་ངའི་སྣ་ཞེས་རྩོད་གྲོགས་དྲ་འབུ་རྣམས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་བཅས་གྱེས་ཕྱག་ཞུས་པའོ། །
༧མཁས་དབང་༧སྐྱབས་རྗེ་སྤྲུལ་སྐུ་༧ཨོ་རྒྱན་ཉི་མ་རིན་པོ་ཆེའི་གསུང་ལ་མངོན་པར་བསྟོད་དོ། །
སྔགས་པ་ཡིན་ཟེར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་ས་རེད།སྟུ་ལ་སྦྱོར་བ་གྱིས་སྔགས་པ་ཡོང་ས་མ་རེད། ཁ་ཡིས་བསླབ་པ་སྲོག་ལྟར་གཅེས་དགོས་ཟེར་ནས་རང་གི་བསླབ་སྡོམ་ལ་ཇི་མི་སྙམས་པར་མཆིལ་མ་བཞིན་དུ་དོར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་པ་འདུག མར་གྱུར་སེམས་ཅན་ཐམས་ཅད་ལ་གཞན་ཕན་ལྷག་བསམ་དང་ནང་པའི་ཆོས་ཀྱི་སྙིང་པོ་གཞན་ལ་གནོད་འཚེ་སྤོང
དགོས་རབས་ཁས་བཤད་ལག་གིས་བྲིས་ནས་་་རང་ཉིད་ཀྱི་ཁ་ནས་དད་ལྡན་སྟོང་ཕྲག་མང་པོའི་སྐྱབས་ཡུལ་ལ་ཇི་མི་སེམས་པར་མི་སྨྲ་དགུ་སྨྲ་བརྗོད་སྟེ་རང་ལྟར་ཆགས་གཞན་ལྟར་སྡང་བའི་རྨོངས་པ་མགོ་འཐོམས་་་ཁ་བཤད་ལག་ལེན་མི་མཚུངས་པ་གཞན་ལ་བསླབ་བྱ་དང་གདམས་པ་ཤོད་མཁན་དེ་ཚོར་ཞིབ་འཇུག་མཐིལ་ཕྱིན་དགོས་པ་འདུག
སྐྱག་པ་ཆེ་ཐག་ཆོད་བཏང་ནས་གྱེས་ཕྱག་ཡིན་ན་ཅིག་ཞུའོ་ཟེར།
ཨ་ཕས་བཤད་ན་ཨ་ཕ་བདེན། ཨ་མས་བཤད་ན་ཨ་མ་བདེན། ཇི་ལྟར་ཨརྱ་ཀླུ་སྒྲུབ་ཀྱིས། །བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན་ཞེས་པར་འགྲེལ་བ་ཞིག་སྐྱོན་དང་། དེ་བཞིན་ཨོ་ཉི་ལགས་སུ་འདྲི་བ་ཞིག་ལ། ཁྱེད་ཅག་གསང་སྔགས་ཀྱི་རྣལ་འབྱོར་བ་ཚོས། སྔགས་ཕྱོགས་ནས་སྤྱོད་པ་འདི་དག་ལ་འགྲེལ་བ་དང་གོ་བ་ཇི་ལྟར་ལེན་ནམ།
༼མདོར་ན་མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་རྣམ་པ་གཏན་ནས་མེད་ན་ག་ལ་འགྲིགས། ༽ ཟེར་བ་བདེན་ཀྱང་སྤྲུལ་སྐུའི་ལམ་ལུགས་ནི་ངེས་པར་མཐར་སྤྲོད་གཏོང་འོས།
གྱེས་ཕྱག་མ་ཕུལ་བར་རྩོད་གླེང་གི་ངར་ཤུགས་ཆེ་ནས་ཆེ་རུ་བསྐྱེད་ཅིག
ཆོས་པའི་གོ་ས་ལ་དུས་རབས་གསར་པའི་ཁྲོད་དུ་བསྐྱར་ཞིབ་བྱེད་བཞིན་པ་དེར་ “དུས་ཐོག་ཆར་བ” ཟེར་བའི་རྩོད་ལན་ཞིག་རེད་འདོད། དགྲ་ལ་དགྲ་ལན་ཞེས་པ་ལྟར། དགྲའི་ངར་ཤུགས་ནི་དགྲ་ལན་སློག་སྟངས་ལས་མ་གཏོགས་ཇི་ལྟར་ཤེས་ཐུབ་བམ།
་་་་་་ ༧མཁས་དབང་༧སྐྱབས་རྗེ་སྤྲུལ་སྐུ་༧ཨོ་རྒྱན་ཉི་མ་རིན་པོ་ཆེའི་གསུང་་་་་་་་་
ཨོ་ཉི་ལགས། ཁྱེད་ཀྱི་ནུ་བོ་ནོར་བུ་ལོ་མང་རིང་སྡ་ས་ནས་གཟན་ཤམ་གྱོན་ནས་ཐ་མ་དང་ཨ་རག་རོལ་ནས་སངས་རྒྱས་བསྟན་པའི་ཞབས་འདྲེན་གཏེ་བོ་ཞིག་ཏུ་གྱུར་བ་མ་ཟད་ད་དུང་ཁྱོད་ཀྱིས་ཐེ་ཝན་ནས་ཁོང་ལ་མཐུན་རྐྱེན་གང་ལེགས་བསྒྲུབས་པ་ཕུང་གསུམ་པ་ལ་ཞབས་འདེགས་རེད་དམ་ཡང་ན་ཁོང་ཕུང་གསུམ་པའི་གྲས་ལ་མི་བརྩི་བ་རེད།
ཨོ་ཉེས་རང་བྱས་གཞན་ལ་གྲོས་འདེབས་ལོ། །
བསྟན་འཛིན་མ་རེད་བསྟན་བཤིག་སྤྲུལ་སྐུ་ལོ། །
མཛེ་བོར་བྱ་ཁྱུང་གདམས་ངག་ཡོད་སྐད་ལོ། །
ཁ་ཁོག་མི་མཚུངས་ཁ་བརྡ་མ་བཤད་ལོ། །
དང་པོ་སྔ་འགྱུར་བསྟན་པའི་ཞབས་འདྲེན་ནོ། །
བར་དུ་ས་སྐྱའི་བདག་མོར་དཔེ་འདྲེན་ནོ། །
མཐའ་མར་ཨ༵་ཀོང་གྲི་ཤིར་སྒྲོལ་འདྲེན་ནོ། །
ཡང་མཐར་ལས་ངན་ཁྱོད་འདྲ་སྲིད་ན་དཀོན༵། །
གོས་དཀར་ལྕང་ལོ་ཅན་གྱི་སྡེ་འདི་ཚོ།། སྔགས་པ་ཟེར་ན་སྔགས་ཀྱི་དམ་ཚིག་མེད།། མ་རེད་ཟེར་ན་སྔགས་པའི་ཆ་ལུགས་འཆང་།། འདི་ཚོ་གཙང་འཕྱག་བྱེད་པ་ཅི་བས་དཀའ།། སྒྱོ་ངན་མ་སྤྱོད་ཟེར་ན་དེ་མི་འགྲིག ། སྦྱོར་བ་གྱིས་ཤིག་ཟེར་ན་ལོག་གཡེམ་བྱེད།། ཆང་རགས་མ་འཐུང་ཟེར་ན་དེ་མི་འགྲིག ། ཚོགས་ལ་རོལ་ཤིག་ཟེར་ན་སྨྱོ་རྟགས་སྟོན།། ད་དུང་་་་་་་་་་་་་།
ཨོ་ཉི་དང་། ཨ་ཕྱི་དེ་ཚོ་སྔགས་འཆང་ཡིན་ས་རེད། ཁ་མ་གཏོང་མ་གཏོགས། མཐུ་གཏང་ཡོང་། ཧཧཧཧ།
༼སྔགས་པ་ཡིན་ཟེར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་ས་རེད།སྟུ་ལ་སྦྱོར་བ་གྱིས་སྔགས་པ་ཡོང་ས་མ་རེད། ཁ་ཡིས་བསླབ་པ་སྲོག་ལྟར་གཅེས་དགོས་ཟེར་ནས་རང་གི་བསླབ་སྡོམ་ལ་ཇི་མི་སྙམས་པར་མཆིལ་མ་བཞིན་དུ་དོར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་པ་འདུག མར་གྱུར་སེམས་ཅན་ཐམས་ཅད་ལ་གཞན་ཕན་ལྷག་བསམ་དང་ནང་པའི་ཆོས་ཀྱི་སྙིང་པོ་གཞན་ལ་གནོད་འཚེ་སྤོང
དགོས་རབས་ཁས་བཤད་ལག་གིས་བྲིས་ནས་་་རང་ཉིད་ཀྱི་ཁ་ནས་དད་ལྡན་སྟོང་ཕྲག་མང་པོའི་སྐྱབས་ཡུལ་ལ་ཇི་མི་སེམས་པར་མི་སྨྲ་དགུ་སྨྲ་བརྗོད་སྟེ་རང་ལྟར་ཆགས་གཞན་ལྟར་སྡང་བའི་རྨོངས་པ་མགོ་འཐོམས་་་ཁ་བཤད་ལག་ལེན་མི་མཚུངས་པ་གཞན་ལ་བསླབ་བྱ་དང་གདམས་པ་ཤོད་མཁན་དེ་ཚོར་ཞིབ་འཇུག་མཐིལ་ཕྱིན་དགོས་པ་འདུག༽ཟེར་བ་འདི་སྣང་ལ་འགྲོ་བོ་འདུག
རྩོམ་པ་པོ་གང་ཟག་སྒེར་ལ་སྐྱོན་ཡོན་གཉིས་ཀ་ཡོད་སྲིད་ཀྱང་། དེང་སང་ཕུང་གསུམ་པ་ཚོའི་སྤྱོད་ངན་ལ་བརྟེན་ནས་ནང་བསྟན་སྤྱི་དང་བྱེ་བྲག མི་རིགས་རིག་གཞུང་དང་བཅས་པར་ཉེན་ཁ་ཆེ་ཤོས་ཤིག་ལ་བསླེབ་ཡོད་པ་ཤེས་དགོས་པ་དེ་གནད་འགག་ཆེན་པོ་རེད། དེ་མིན་རང་གི་སྣང་བ་མ་འགྲོ་བའི་རྒྱུ་མཚན་གྱིས་རྩོམ་དེ་ལ་རྟོག་དཔྱོད་རྩ་བ་ནས་མ་གནང་ན་བླུན་རྟགས་རེད།
སྟུ་ལ་སྦྱོར་ན་དང་་། རླ་ལ་སྦྱོར་ན་རེད། གང་ལྟར་ཡང་ཁྱིམ་པ་དང་རབ་བྱུང་སོ་སོར་འབྱེད་དགོས་པ་དང་། རབ་བྱུང་གི་ཆས་ཀྱིས་མཛེས་བཞིན་ཁྱིམ་པའི་བྱ་བ་ལ་ཞུགས་བསྡད་ན་ལུགས་གཉིས་གང་ལ་ཡང་མི་ཕན་པར་མ་ཟད། རང་གཞན་གཉིས་ཀ་ལ་གནོད་སྐྱོན་ཐེབས་ཀྱིན་འདུག
སྔགས་པ་ཡང་དག་ཁྲི་འཛིན་སྐར་ཆེན་གཅིག །
དགེ་སློང་རྣམ་དག་གོང་ས་འོད་དཀར་གཉིས། །
སྤྲུལ་སྐུའི་བདེན་དཔུང་ཨོ་རྒྱན་ཉི་མ་གསུམ། །
འཛམ་གླིང་མཛེས་པའི་ཉི་ཟླ་སྐར་གསུམ་ལགས། །
འདི་གསུམ་མེད་ན་འཛམ་གླིང་མུན་པའི་གླིང་། །
རྐང་པ་གསུམ་པ་་་་ཕུང་གསུམ་གཏེ་པོ་ཞེས་ལབ་ན་ཡག་ས་རེད།
# 10 དམུ་ཐག་གི་བུ་རྒྱུད།་ལགས་ཀྱིས་མཆན་བཏབ་པ།:
January 28th, 2014 at 5:35 AM
གོས་དཀར་ལྕང་ལོ་ཅན་གྱི་སྡེ་འདི་ཚོ།། སྔགས་པ་ཟེར་ན་སྔགས་ཀྱི་དམ་ཚིག་མེད།། མ་རེད་ཟེར་ན་སྔགས་པའི་ཆ་ལུགས་འཆང་།། འདི་ཚོ་གཙང་འཕྱག་བྱེད་པ་ཅི་བས་དཀའ།། སྒྱོ་ངན་མ་སྤྱོད་ཟེར་ན་དེ་མི་འགྲིག ། སྦྱོར་བ་གྱིས་ཤིག་ཟེར་ན་ལོག་གཡེམ་བྱེད།། ཆང་རགས་མ་འཐུང་ཟེར་ན་དེ་མི་འགྲིག ། ཚོགས་ལ་རོལ་ཤིག་ཟེར་ན་སྨྱོ་རྟགས་སྟོན།། ད་དུང་་་་་་་་་་་་་། དམུ་ཐག་ལགས ད་དུང་ཞེས་ཟེར་དུས་རབ་བྱུང་ལ་དེ་བཞིན་བྲིས་རྩེས་ཡིན་ན་ དེ་མིན་དོན་མེད་ཉེས་པ་མ་བསགས་ན་མི་དགའམ་།
རྟ་མང་ལགས། རབ་བྱུང་བར་བཤད་རྒྱུ་ཡོད་ཚད་ཚང་མ་ཨོ་ཉིས་བཤད་ཚར་འདུག ད་ཅང་ལྷག་ཡོད་རྒྱུ་མ་རེད་བསམ་བསམ་རེད། ཡིན་ན་ཡང་ད་དུང་ལྷག་སོང་བ་རེ་ཡོད་ན་རྒྱུ་ཆ་མཁོ་སྤྲོད་གནང་རོགས། ངས་བཀྲམ་ཆོག ཧ་ཧ་ཧ།
རབ་དུ་བྱུང་བའི་ཁྲིམས་རྣམས་མི་ཐུབ་པར།།
ཟབ་མོ་སྔགས་ཀྱི་སྤྱོད་པ་སྐྱོང་ཚུལ་འདི།།
ལྡེ་འུ་མཐེ་བོང་ཙམ་ཞིག་མི་ཐེག་པར།།
ཕ་བོང་འདེགས་སྙམ་བྱེད་དང་ཀུན་ནས་མཚུངས།།
རབ་བྱུང་གི་སྡོམ་པ་སྲུང་མི་ཐུབ་མཁན་ཞིག་གིས་སྔགས་པའི་དམ་ཚིག་སྲུང་ཐུབ་ཟེར་བ་ཚིག་གཅིག་མི་འདུག་མོད། དམུ་ཐག་ཟེར་བ་འདིའི་མིག་ལ་ན་ཚ་ཡོད་པ་འདྲ།
དགེ་བའི་བློ་གྲོས་བློ་ཡི་སྨག་ནག་ཅན།།
དགེ་རྒན་ཞིག་གི་མདུན་ནས་ཐོས་བསམ་བྱོས།།
དགེ་འདུན་ཁྲིམས་རྣམས་འཕོངས་ཕྱིས་རྡོ་བཞིན་དོར།།
དགེ་འདུན་དགྲ་རུ་བཟུང་བའི་ཚུལ་དེར་ལྟོས།། ཧ་ཧ་ཧ་ཧ་ཧེཧེཧེཧེ།
བོད་གཞིས་བྱེས་གཉིས་ཀྱི་བླ་ཆེན་རྣམས་ལ་ཕུལ་བའི་གདུང་དབྱངས་ཀྱི་ཁ་བསྐང་།
དེང་སང་དུས་ངན་སྙིགས་མའི་མར་གཤམ་འདིར་མིའི་སྤྱོད་ལམ་དང་། བསམ་བློ་ཡོད་ཚད་ཐུར་དུ་རྒུད་བཞིན་པ་དང་། ཆེ་ཆུང་མེད་པར་ཚང་མའི་སེམས་ལ་སྒོར་མོ་ཞིག་ཡོད་སོང་ན། ཡོད་ཚད་ནས་ཡོད་ཚད་སྒྲུབ་ཆོག་པ་དང་། དེ་ཁོ་ན་སྐྱབས་གནས་མཐར་ཐུག་ཏུ་འཛིན་མཁན་རྐྱང་རྐྱང་རེད། དེ་ཕྱིར་སྒོར་མོའི་ཆེད་དུ་<>གྲྭ་བཙུན་གྱིས་དམ་སྡོམ་ཤོར། ཕ་བུའི་ཡིད་ཆེས་བརླགས། ཁྱོ་ཤུག་གི་བརྩེ་བ་འཆོལ། ས་བཅུད་ཡུལ་རྟེན་གཏོར། ཆོས་ལུགས་ཀྱི་རིན་ཐང་བརླགས་པ་སོགས་ངན་དགུ་ཡོད་ཚད་མཐོང་དུ་ཡོད་པའི་དུས་འདིར། བཟང་ངན་དང་། ལེགས་ཉེས་དབྱེ་འབྱེད་ཟེར་བ་ཁག་པོ་རེད། དེང་སང་གྲྭ་བཙུན་གྱི་སྤྱོད་ལམ་མ་རུང་བ་འདི་དག་ལ་བརྟེན་ནས་ཆོས་ལུགས་དང་། མི་རིགས་ཀྱི་རིག་གཞུང་བཅས་ལ་སྐྱོན་འཚོལ་མཁན་མང་པོ་རེད། དཔེར་ན་ཁྲིན་ཏུའུ་དང་། ལྷ་ས། མཚོ་སྔོན་སོགས་སུ་<>གྲྭ་ཆས་ཡོངས་རྫོགས་བསྒོས་པའམ། སྨད་ན་ཤམ་ཐབས་དང་། སྟོད་ན་ཁྱིམ་གོས་གོན་མཁན། ད་དུང་མཚམས་རེར་ཚོང་བ་འདྲ་བོ། ཐེངས་རེར་རྒྱ་ནག་དང་། བོད་ཀྱི་ས་ཁུལ་ཁག་ཏུ་སོང་སྟེ་ཆོས་འཁོར་བསྐོར་ཁུལ་བྱས། དེ་ནས་སྒོར་མོ་ཅུང་ཟད་རག་དུས་ཚོང་ལས་ལ་འབད། དེ་དང་འདྲ་བ་སྡ་ས་དང་། ལྡི་ལི། བལ་འབྲུག་སོགས་སུའང་མང་པོ་ཡོད་པ་ནི། དཔེར་ན་ཁོ་བོ་ཉིན་ཞིག་ལྡི་ལིའི་བོད་སྒར་གྱི་མགྲོན་ཁང་ཞིག་ལ་བསྡད་པ་ཡིན། མགྲོན་ཁང་བདག་པོ་མི་རྒན་ཞིག་འདུག ཁོས་ཟེར་བ་ལྟར་ན་ལྡི་ལིའི་གྲྭ་འཁྱམས་དང་། དགོན་པའི་མགྲོན་ཁང་ནང་གི་ལས་བྱེད་ཕལ་ཆེ་བ་ངོ་<>ཚ་མེད་མཁན་རྐྱང་རྐྱང་རེད། མཚམས་རེར་མཐོང་རྩ་ནས་བཟུང་སྟེ་མུར་རྫོགས་གཞུས<>་དགོས་ས་རེད་བསམ་པ་ཡང་བསླེབ་ཡོང་གི་འདུག འདི་ཚོས་སྤྱོད་ངན་ལ་བརྟེན་ནས་ལྡི་ལི་བོད་པ་ཕལ་ཆེ་བ་གྲྭ་བཙུན་ལ་རྩིས་ཐང་མེད་པར་ཆགས་ཚར་བ་རེད། ཡང་བསམ་བློ་རེ་བཏང་དུས་ཁུར་སྟངས་མེད་ས་ཚོགས་ངན་བསགས་ནས་གང་བྱས། དེ་བས་རང་གིས་དགེ་བ་སྒྲུབ་ཐུབ་ན་དེ་གས་འཐུས་པ་རེད་དྲན་ནས་བསྡད་ཡོད་ཟེར། དེ་དང་འདྲ་བའི་མི་རིགས་དང་། རིག་གཞུང་ལ་ལྷག་བསམ་ཡོད་མཁན་ཚོས་འདི་ཚོའི་རིགས་ཡག་པོ་མི་འདུག་བསྒྱུར་བཅོས་ཤིག་དགོས་ས་རེད། <>ཁྱིམ་པ་སུན་འབྱིན་དང་། བསྟན་པ་ལ་དམའ་འབེབས་ཆེན་པོ་འགྱུར་ས་རེད་གསུང་མཁན་མང་པོ་རེད། དེ་ཚོ་ལ་ཐབས་ལམ་ཞིག་སྟོན་ན་དྲན་སོང་། ཁྱེད་ཅག་ཆོས་ལུགས་དང་མི་རིགས་ལ་ལྷག་བསམ་ཡོད་མཁན་ཡིན་ན་རེད། <>ཆོས་དང་སྲོལ་རྒྱུན་ལ་སྐྱོན་འདོགས་བྱེད་མཁན་སུ་ཡིན་ཡང་། སྤྲུལ་སྐུ་དང་། མཁན་པོ། གྲྭ་བ་ཚོང་བ་དང་། སྤྱོད་ངན་ཅན་ཚོའི་པར་དང་། མིང་། དགོན་པ། ལུང་པ། ལོ་གྲངས། གོ་གནས། བྱ་སྤྱོད་ངན་པ་གང་བྱས་ཡོད་ཚད་ཐོ་<>འགོད་ཀྱིས་དྲ་རྒྱའི་སྒང་ལ་སྟོན་རོགས་གནོངས། གཅིག་ཅེ་ན་ཕན་ཐོགས་ཡོང་སྲིད་པ་རེད། དེ་ནས་ད་དུང་ཚོང་རྒྱག་པ་ལ་དགའ་བ་དང་། སྤྱོད་ངན་ལ་དགྱེས་ན་དགོན་པ་{{{གསར་རྙིང་རིས་མེད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་ནས། ཆབ་སྲིད་དང་མ་འབྲེལ་བའི་བསྟན་པ་ལ་ལྷག་བསམ་ཡོད་པའི་དགེ་བསྐོས་ཚོགས་པ་ཞིག་བཙུགས་ཏེ། དེའི་འོག་གི་ལས་བྱེད་སྐྱ་སེར་གཉིས་དང་། མི་རིགས་འདྲ་མིན་གྱིས་གྲུབ་པ་དེ་རྣམས་མངོན་གྱུར་དང་གསང་བ་གཉིས་ཀའི་ཐོག་ནས། དུས་ཚོད་དང་བསྟུན་ཏེ་གྲོང་གསེབ་ནས་གྲོང་ཁྱེར། འཛམ་གླིང་ཤར་ནུབ། ཕྱོགས་བཞི་མཚམས་བརྒྱད་ལ་ཞིབ་བཤེར་ཆེད་དུ་ཕེབས་ཐུབ་སོང་ན། སྤྱོད་ངན་ཅན་ཉུང་དུ་འགྲོ་བ་དང་། གལ་སྲིད་མ་རབ་རེ་འགའ་ཡོད་པ་འདི་ཚོ་མངོན་གྱུར་ཡོང་གི་མ་རེད། དེང་སང་གྲྭ་གཟུགས་འཁྲེབ་ཏོ་དེ་ཚོས་ཁྲོམས་གཞུང་དུ་སྤྱོད་ངན་སྣ་ཚོགས་ཀྱིས་ཁྱིམ་པ་སུན་འབྱིན་བྱེད་མཁན་མང་པོ་འདུག }}} ནས་ཐོན་འགྲོ་རྒྱུ་རེད། བསྟན་པ་ལ་རྨ་འབྱིན་རྒྱུ་མ་རེད། <>མི་རིགས་ཀྱི་རྐང་འདྲེན་རྒྱུ་མ་རེད། ད་དུང་དེང་སང་ཁྲེལ་མེད་མང་པོ་ཞིག་གིས་འདུལ་བ་དང་། ནང་ཆོས་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡོད་པའི་སྐད་ཆ་བཤད་མཁན་མང་པོ་རེད། དེ་ནི་བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་དང་། དེས་གསུངས་པའི་དམ་པའི་ཆོས་མི་བསླུ་བ་ཡིན་པར་མ་ཤེས་པའི་བླུན་པོ་གཟུ་ལུམ་ཅན། སྟུ་དགའ་དང་། སྒོར་དགའ་དེ་ཚོའི་སྐད་ཆ་ཡིན་པས་ཡིད་རྟོན་ནམ་མི་རུང་ལ། ཁོ་བོར་མཚོན་ན་སྟུ་ལ་དགའ་ཡང་ཆོས་དང་སྟུ་གཉིས་བརྗེ་ཐུབ་ས་མ་རེད་ལ། སྒོར་མོ་མེད་ན་འཚོ་བར་དཀའ་ཡང་སྒོར་མོ་དེ་ཙམ་དགའ་བོ་མེད། ངའི་སེམས་ལ་དུས་ཀུན་ཟུམ་མེད་ཀྱི་ཚོར་འདུ་ཞིག་ཡོད་པ་ནི། <> རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཡིན་ན་མི་ཤེས་མོད། སེམས་ངལ་འདིས་ཚེ་འདིའི་འཚོ་བ་ལ་དོ་སྣང་བྲལ་ཞིང་། སུན་སྣང་སྐྱེས། དུས་ནམ་ཡང་སེམས་པ་དབེན་རི་ལ་ཕྱིར་མི་ལྡོག་པར་ཆས་སོ། །
ཕྱི་ལོ་༢༠༡༤་ཟླ་བ་༡་ཚེས་༢༩་ལ་རྒྱལ་བསྟན་ལ་དུང་བ་ཆེ་བའི་མདོ་ཁམས་ཀྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་<>ཞེས་པའི་རྩོམ་དེའི་ཁ་བསྐང་གི་ཚུལ་དུ་སུག་ལ་བགྱིས་པའོ། །
བོད་གཞིས་བྱེས་གཉིས་ཀྱི་བླ་ཆེན་རྣམས་ལ་ཕུལ་བའི་གདུང་དབྱངས་ཀྱི་ཁ་བསྐང་།
དེང་སང་དུས་ངན་སྙིགས་མའི་མར་གཤམ་འདིར་མིའི་སྤྱོད་ལམ་དང་། བསམ་བློ་ཡོད་ཚད་ཐུར་དུ་རྒུད་བཞིན་པ་དང་། ཆེ་ཆུང་མེད་པར་ཚང་མའི་སེམས་ལ་སྒོར་མོ་ཞིག་ཡོད་སོང་ན། ཡོད་ཚད་ནས་ཡོད་ཚད་སྒྲུབ་ཆོག་པ་དང་། དེ་ཁོ་ན་སྐྱབས་གནས་མཐར་ཐུག་ཏུ་འཛིན་མཁན་རྐྱང་རྐྱང་རེད། དེ་ཕྱིར་སྒོར་མོའི་ཆེད་དུ་༼དུས་རབས་ཉེར་གཅིག་པ་ནི་འགྲོ་བ་མིའི་རིགས་ཀྱི་ཡ་རབ་སྤྱོད་བཟང་རྩ་རྫོགས་འགྲོ་བའི་དུས་ངན་ཞིག་རེད།༽གྲྭ་བཙུན་གྱིས་དམ་སྡོམ་ཤོར། ཕ་བུའི་ཡིད་ཆེས་བརླགས། ཁྱོ་ཤུག་གི་བརྩེ་བ་འཆོལ། ས་བཅུད་ཡུལ་རྟེན་གཏོར། ཆོས་ལུགས་ཀྱི་རིན་ཐང་བརླགས་པ་སོགས་ངན་དགུ་ཡོད་ཚད་མཐོང་དུ་ཡོད་པའི་དུས་འདིར། བཟང་ངན་དང་། ལེགས་ཉེས་དབྱེ་འབྱེད་ཟེར་བ་ཁག་པོ་རེད། དེང་སང་གྲྭ་བཙུན་གྱི་སྤྱོད་ལམ་མ་རུང་བ་འདི་དག་ལ་བརྟེན་ནས་ཆོས་ལུགས་དང་། མི་རིགས་ཀྱི་རིག་གཞུང་བཅས་ལ་སྐྱོན་འཚོལ་མཁན་མང་པོ་རེད། དཔེར་ན་ཁྲིན་ཏུའུ་དང་། ལྷ་ས། མཚོ་སྔོན་སོགས་སུ་༼གསེར་རྟའི་ཆོས་སྒར་ལ་མི་དགའ་མཁན་ཚོས་གསེར་རྟའི་མིང་ཁུར་ཏེ་གཞང་ཚོང་ཁང་སོགས་སུ་དེ་ནས་ཡིན་ཟེར་ནས་འགྲོ་མཁན་ཡང་འདུག་ཟེར།༽གྲྭ་ཆས་ཡོངས་རྫོགས་བསྒོས་པའམ། སྨད་ན་ཤམ་ཐབས་དང་། སྟོད་ན་ཁྱིམ་གོས་གོན་མཁན། ད་དུང་མཚམས་རེར་ཚོང་བ་འདྲ་བོ། ཐེངས་རེར་རྒྱ་ནག་དང་། བོད་ཀྱི་ས་ཁུལ་ཁག་ཏུ་སོང་སྟེ་ཆོས་འཁོར་བསྐོར་ཁུལ་བྱས། དེ་ནས་སྒོར་མོ་ཅུང་ཟད་རག་དུས་ཚོང་ལས་ལ་འབད། དེ་དང་འདྲ་བ་སྡ་ས་དང་། ལྡི་ལི། བལ་འབྲུག་སོགས་སུའང་མང་པོ་ཡོད་པ་ནི། དཔེར་ན་ཁོ་བོ་ཉིན་ཞིག་ལྡི་ལིའི་བོད་སྒར་གྱི་མགྲོན་ཁང་ཞིག་ལ་བསྡད་པ་ཡིན། མགྲོན་ཁང་བདག་པོ་མི་རྒན་ཞིག་འདུག ཁོས་ཟེར་བ་ལྟར་ན་ལྡི་ལིའི་གྲྭ་འཁྱམས་དང་། དགོན་པའི་མགྲོན་ཁང་ནང་གི་ལས་བྱེད་ཕལ་ཆེ་བ་ངོ་༼འདི་དང་འདྲ་བའི་སྤྱོད་ངན་ཅན་ལྷ་ས་དང་། ཁྲིན་ཏུའི་བོད་ཀྱི་ཁྲོམས་རར་གྲྭ་བའི་གཟུགས་ལ་ཚོང་བའི་སྤྱོད་པ་ཅན་མང་པོ་འདུག་ཟེར།༽ཚ་མེད་མཁན་རྐྱང་རྐྱང་རེད། མཚམས་རེར་མཐོང་རྩ་ནས་བཟུང་སྟེ་མུར་རྫོགས་གཞུས༼མུར་རྫོགས་ཞེས་པ་དབུས་སྐད་དུ་འགྲམ་རྩར་ཁུ་ཚུར་གཞུ་བའི་དོན།༽་དགོས་ས་རེད་བསམ་པ་ཡང་བསླེབ་ཡོང་གི་འདུག འདི་ཚོས་སྤྱོད་ངན་ལ་བརྟེན་ནས་ལྡི་ལི་བོད་པ་ཕལ་ཆེ་བ་གྲྭ་བཙུན་ལ་རྩིས་ཐང་མེད་པར་ཆགས་ཚར་བ་རེད། ཡང་བསམ་བློ་རེ་བཏང་དུས་ཁུར་སྟངས་མེད་ས་ཚོགས་ངན་བསགས་ནས་གང་བྱས། དེ་བས་རང་གིས་དགེ་བ་སྒྲུབ་ཐུབ་ན་དེ་གས་འཐུས་པ་རེད་དྲན་ནས་བསྡད་ཡོད་ཟེར། དེ་དང་འདྲ་བའི་མི་རིགས་དང་། རིག་གཞུང་ལ་ལྷག་བསམ་ཡོད་མཁན་ཚོས་འདི་ཚོའི་རིགས་ཡག་པོ་མི་འདུག་བསྒྱུར་བཅོས་ཤིག་དགོས་ས་རེད། ༼གྲྭ་བཙུན་དང་དགོན་སྡེ་སྤྱོད་ལམ་ལེགས་ཕྱོགས་སུ་བསྒྱུར་བཅོས་གཏོང་རྒྱུ་ནི་བླ་ཆེན་ཚོར་འཁྲི་བའི་འོས་འགན་དང་པོ་དེ་རེད།༽ཁྱིམ་པ་སུན་འབྱིན་དང་། བསྟན་པ་ལ་དམའ་འབེབས་ཆེན་པོ་འགྱུར་ས་རེད་གསུང་མཁན་མང་པོ་རེད། དེ་ཚོ་ལ་ཐབས་ལམ་ཞིག་སྟོན་ན་དྲན་སོང་། ཁྱེད་ཅག་ཆོས་ལུགས་དང་མི་རིགས་ལ་ལྷག་བསམ་ཡོད་མཁན་ཡིན་ན་རེད། ༼འཛམ་བུ་གླིང་འདིར་ཆོས་ལུགས་འདྲ་མིན་སྣ་ཚོགས་ཁྲོད་ནས་རྒྱུ་མཚན་དང་ལྟ་གྲུབ་ཕུལ་བྱུང་ཡོད་མཁན་ནི་ནང་བསྟན་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་འདི་ཁོ་ནར་ངེས་པས། རང་གི་རིག་གཞུང་གི་རིན་ཐང་རྟོགས་དགོས་པར་འདོད།༽ཆོས་དང་སྲོལ་རྒྱུན་ལ་སྐྱོན་འདོགས་བྱེད་མཁན་སུ་ཡིན་ཡང་། སྤྲུལ་སྐུ་དང་། མཁན་པོ། གྲྭ་བ་ཚོང་བ་དང་། སྤྱོད་ངན་ཅན་ཚོའི་པར་དང་། མིང་། དགོན་པ། ལུང་པ། ལོ་གྲངས། གོ་གནས། བྱ་སྤྱོད་ངན་པ་གང་བྱས་ཡོད་ཚད་ཐོ་༼མི་རིགས་རིག་གཞུང་དང་བཅས་པར་ལ་རྒྱ་ཡོད་ན་ཚེ་སྲོག་ལ་མི་གནོད་པའི་ཐོག་ནས་འདི་ཚོ་ཚར་ཆོད།༽འགོད་ཀྱིས་དྲ་རྒྱའི་སྒང་ལ་སྟོན་རོགས་གནོངས། གཅིག་ཅེ་ན་ཕན་ཐོགས་ཡོང་སྲིད་པ་རེད། དེ་ནས་ད་དུང་ཚོང་རྒྱག་པ་ལ་དགའ་བ་དང་། སྤྱོད་ངན་ལ་དགྱེས་ན་དགོན་པ་༼༼གསར་རྙིང་རིས་མེད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་ནས། ཆབ་སྲིད་དང་མ་འབྲེལ་བའི་བསྟན་པ་ལ་ལྷག་བསམ་ཡོད་པའི་དགེ་བསྐོས་ཚོགས་པ་ཞིག་བཙུགས་ཏེ། དེའི་འོག་གི་ལས་བྱེད་སྐྱ་སེར་གཉིས་དང་། མི་རིགས་འདྲ་མིན་གྱིས་གྲུབ་པ་དེ་རྣམས་མངོན་གྱུར་དང་གསང་བ་གཉིས་ཀའི་ཐོག་ནས། དུས་ཚོད་དང་བསྟུན་ཏེ་གྲོང་གསེབ་ནས་གྲོང་ཁྱེར། འཛམ་གླིང་ཤར་ནུབ། ཕྱོགས་བཞི་མཚམས་བརྒྱད་ལ་ཞིབ་བཤེར་ཆེད་དུ་ཕེབས་ཐུབ་སོང་ན། སྤྱོད་ངན་ཅན་ཉུང་དུ་འགྲོ་བ་དང་། གལ་སྲིད་མ་རབ་རེ་འགའ་ཡོད་པ་འདི་ཚོ་མངོན་གྱུར་ཡོང་གི་མ་རེད། དེང་སང་གྲྭ་གཟུགས་འཁྲེབ་ཏོ་དེ་ཚོས་ཁྲོམས་གཞུང་དུ་སྤྱོད་ངན་སྣ་ཚོགས་ཀྱིས་ཁྱིམ་པ་སུན་འབྱིན་བྱེད་མཁན་མང་པོ་འདུག༽༽ནས་ཐོན་འགྲོ་རྒྱུ་རེད། བསྟན་པ་ལ་རྨ་འབྱིན་རྒྱུ་མ་རེད། ༼ངས་འདི་ནས་རབ་བྱུང་གི་གཟུགས་ལ་ཕུང་གསུམ་པ་ཚོར་སྐྱོན་འདོགས་བྱེད་བཞིན་པ་ལས། མཁན་སྤྲུལ་བླ་གྲྭ་བ་རྣམ་དག་ཚོར་དུས་ནམ་ཡང་བསྐུར་འདེབས་བྱེད་ཀྱིན་མེད།༽མི་རིགས་ཀྱི་རྐང་འདྲེན་རྒྱུ་མ་རེད། ད་དུང་དེང་སང་ཁྲེལ་མེད་མང་པོ་ཞིག་གིས་འདུལ་བ་དང་། ནང་ཆོས་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡོད་པའི་སྐད་ཆ་བཤད་མཁན་མང་པོ་རེད། དེ་ནི་བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་དང་། དེས་གསུངས་པའི་དམ་པའི་ཆོས་མི་བསླུ་བ་ཡིན་པར་མ་ཤེས་པའི་བླུན་པོ་གཟུ་ལུམ་ཅན། སྟུ་དགའ་དང་། སྒོར་དགའ་དེ་ཚོའི་སྐད་ཆ་ཡིན་པས་ཡིད་རྟོན་ནམ་མི་རུང་ལ། ཁོ་བོར་མཚོན་ན་སྟུ་ལ་དགའ་ཡང་ཆོས་དང་སྟུ་གཉིས་བརྗེ་ཐུབ་ས་མ་རེད་ལ། སྒོར་མོ་མེད་ན་འཚོ་བར་དཀའ་ཡང་སྒོར་མོ་དེ་ཙམ་དགའ་བོ་མེད། ངའི་སེམས་ལ་དུས་ཀུན་ཟུམ་མེད་ཀྱི་ཚོར་འདུ་ཞིག་ཡོད་པ་ནི། ༼རིན་ཐང་བྲལ་བའི་ནང་པའི་ལྟ་གྲུབ་དང་། སྒོམ་པ། སྤྱོད་པ་འདི་དག་དང་། ཆོས་ལུགས་ཆ་ཚང་ལ་ཡོད་པའི་འཚེ་བ་མེད་པའི་ལམ་བཟང་གི་ཆ་ཤས་དེ་དག་རྩ་མེད་དུ་འགྱུར་འགྲོ་ས་རེད་སྙམ་པ་འདི་ཡིན།༽ རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཡིན་ན་མི་ཤེས་མོད། སེམས་ངལ་འདིས་ཚེ་འདིའི་འཚོ་བ་ལ་དོ་སྣང་བྲལ་ཞིང་། སུན་སྣང་སྐྱེས། དུས་ནམ་ཡང་སེམས་པ་དབེན་རི་ལ་ཕྱིར་མི་ལྡོག་པར་ཆས་སོ། །
ཕྱི་ལོ་༢༠༡༤་ཟླ་བ་༡་ཚེས་༢༩་ལ་རྒྱལ་བསྟན་ལ་དུང་བ་ཆེ་བའི་མདོ་ཁམས་ཀྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་༼གཞིས་བྱེས་གཉིས་ཀྱི་བླ་ཆེན་རྣམས་ལ་ཕུལ་བའི་གདུང་དབྱངས།༽ཞེས་པའི་རྩོམ་དེའི་ཁ་བསྐང་གི་ཚུལ་དུ་སུག་ལ་བགྱིས་པའོ། །
དགེ་བའི་བློ་གྲོས་ལགས།
ང་ཚོའི་ནང་བའི་ཆོས་འདི་སེམས་ནས་བྱེད་རྒྱུ་ཞིག་ལས། འཇིགས་སྐུལ་རང་ལུགས་པས་དོ་དམ་བྱེད་མ་དགོས་བ་ཞིག་རེད། གཞན་གྱི་འགྲོ་འདུག་སྤྱོད་སྟངས་ལ་ཇུས་རྟོག་མང་པོ་བྱས་ན། དགེ་འདུན་ལ་སྡེ་དཀྲུག་འབུད་རྒྱུ་ལས་ལམ་གཞན་མེད། དེ་ལས་དགེ་འདུན་ཐུགས་མཐུན་བྱས་ནས་བཞུགས་ན་བཟང་།
མེ་ཏོག་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་ཟེར་བ་སོགས་ཡོད་པ་རེད། ཁྱེད་རང་ཚོ་ཡག་པོ་ཡོད་ན། དེ་གས་འགྲིག་པ་རེད། གྲྭ་བའི་སྡོམ་ཁྲིམས་དག་མི་མང་ལ་ཕྱི་གསལ་ནང་གསལ་དུ་བསྒྲགས་ཐུབ་ན། དེ་ནས། སུ་སུ་སུ། ཡང་དག་དང་མ་དག་པ་ལྷང་ལ་འབུད་ཀི་རེད། ང་ཚོ་དད་ལྡན་པ་ཚོ་ལ་ཡང་། དད་པ་ཡོང་ས་ལ་དད་ཕྱག་དང་མི་ཡོང་ས་ལ་སྐུལ་བ་བཏབ་ནས་ཕྱིན་ཐུབ་པའི་རྣམ་དཔྱོད་ཡོད་པས། ཁྱེད་རང་ཚོ་ཡིན་མདོག་གི་བླ་གྲྭ་ཚོ་ཐུགས་ཚབ་དགོས་འི་མ་རེད།
དེ་མིན་འཇིགས་སྐུལ་གྱི་ལམ་ལ་འབུད་པ་ནི་ལམ་ཁ་ཡག་པོ་ཞིག་རྩ་ནས་མིན་ནོ། ཆོས་ལུགས་གཞན་ལ་བལྟས་ན། དེ་ནས་ཤེས་ཡོང་།
དགེ་འདུན་པའི་རིན་ཐང་དང་། འཚོ་བ། དམ་པའི་ཆོས། ལྟ་གྲུབ་ཡོངས་རྫོགས་ལ་རྨ་འབྱིན་མཁན་ཕུང་གསུམ་པ་དེ་ཚོ་རེད། དེ་ཚོ་ལ་ལེགས་སོ་བརྗོད་མཁན་ཡིན་ན་བསྟན་བཤིགས་ཡིན་པས་ཁྱབ། རང་ཉིད་ཡག་པོ་བྱས་ཏེ་འགྲིགས་སོང་ན། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བ་སུ་ཡི་ཆེད་དུ་རེད། གང་ལྟར་ཡང་ལྟས་ངན་དེ་ཚོའི་མིང་ཐེར་འདོན་མེད་ན་རྩ་བ་ནས་འགྲིགས་ཀྱི་མི་འདུག གནམ་ཟེར་བ་ཁྱོད་རང་ཕུང་གསུམ་པ་ཞིག་ཡིན་ཚོད་རེད།
མི་དགེ་བ་བཤད་པའི་མི་དགེ་བའི་བློ་གྲོས། ང་ཕུང་བཞི་བ་ཞིག་ཡིན། ཡར་བཤད་ན་མར་ལ་བཤད་ཀི་ཡིན་ཟེར་གི། དེ་ན་ཁྱེད་རང་ལ་ག་རེ་བྱེད་ཡ་ཡོད་ན་བྱོས་ཤོག། བླ་མ་ཚོ་ཁྲི་ལས་ཕབས་ན་འདྲ། གྲྭ་རྐྱང་ཚོ་དགོན་ནས་ཕུད་ན་འདྲ། གྲྭ་བླ་འབྱོར་ལྡན་ཚོའི་ལག་པ་གཅོད་ན་འདྲ། བཙུན་པ་ཆགས་ལྡན་ཚོའི་ཤ་མཇེ་བཀྱིག་ན་འདྲ། ཆོས་དགེ་ཆུང་ཆུང་ཚོའི་ཁ་ལྕེ་བཙེམ་ན་འདྲ། ག་རེ་བྱེད་ན་ཡང་། ཁྱེད་རང་གི་འདོད་པ་ཡིན།
གང་ལྟར་རྩ་བ་བཞི་སྡོམ་སྲུང་བསྡད་པའི་ངའི་བླ་མ། ངེད་ཁའི་ཨ་ཁུ། ང་དད་སའི་ཆོས་སྒར་དང་དགེ་འདུན་གྱི་སྡེ། གང་ལ་འགྲོ་ན་རང་དབང་ཡིན། ག་རེ་བཤད་ན་རང་དབང་ཡིན། ག་རེ་བྱེད་ན་རང་དབང་ཡིན། ག་རེ་གྱོན་ན་རང་དབང་ཡིན། གང་དུ་གནས་ན་རང་དབང་ཡིན། ཁྱེད་ལ་ཕུང་གསུམ་ཟེར་ནས་ཇུས་གཏོགས་བྱེད་སའི་གནས་མེད། དེ་ཤེས་བར་ཤོག།
༧གོང་ས་མཆོག་གིས། ༼སྔར་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་བསྲུང་དགོས་པ་རེད།༽
སྔགས་པས་སྒྲིག་ཁྲིམས་སྲུང་དགོས་ཡོད་ས་མེད་པ།
གོས་དཀར་ལྕང་ལོ་ཅན་ཟེར་བ་འདི་དགེ་སྔགས་བཙུན་གསུམ་གང་གི་ཁུངས་གཏོགས་རེད། དེ་ཞུ་རྒྱུ་ཡིན། དེ་ལ་ཨོ་ཉི་དང་དགེ་བློ་སོགས་ཀྱིས་ལན་ཞིག་གནང་རོགས། དེ་ནས་ངས་ཕུང་གསུམ་པ་དངོས་དེ་ཚོ་འདུལ་རྒྱུ་ཡིན།
དེ་ཡང་མ་གཏོགས་ན་ཕུང་གསུམ་པ་འདུལ་ས་མ་རེད།ཧཧཧཧཧཧཧཧ
འོ་ཙི། ཨོ་ཉི། ད་ཁྱེད་རང་མང་དྲག་སོང་། ཨ་ཀོང་གི་དཀོར་རྒྱུས་ར་བཟི་ནས། ད་ཁོ་རང་བཀའ་བརྒྱུད་དམ་ཉམས་རྒྱུད་པ་འཛིན་རྒྱུ་ལ་མགོ་བཙུག་འདུག ད་ཁྱོད་ཀྱང་དཔལ་དགྱེས་ཁྲམ་རྒན་ལྟར་ཨིང་ལེན་དུ་མཉམ་དུ་སྡོད། དེ་ནས་ཁྱོད་ལའང་ལེགས་པོ་མི་ཁོ་ཐག་ཆོད།
ཏི་སི་ཁྱོད་རང་གིས་བཀའ་བསྡུས་གསར་བ་དེ་རྩོམ་མཁན་ཤེས་སོང་ངམ། གཞན་ལ་སྒེར་འཁོན་ཡོད་རུང་། སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལ་ཟུར་ཟ་དགོས་དོན་དེ་ཙམ་ཅི་འདུག་གམ། སྤྲུལ་སྐུ་ཨོ་རྒྱན་ཉི་མ་སྔ་འགྱུར་དང་། ཁྱད་པར་འགྲོ་མགོན་བཀའ་བརྒྱུད་པའི་བརྒྱུད་འཛིན། རྡོ་རྗེ་འཆང་ཆེན་དང་ཏེ་ལོ་དང་ནྰ་རོ་མར་པ་ཕག་གྲུ་དང་། མི་སྐྱོད་རྡོ་རྗེ། རིག་འཛིན་ཆོས་གྲགས། རིན་ཆེན་ཕུན་ཚོགས་སོགས་སྔོན་བྱོན་དང་བཞིན་། དེང་དུས་གཞན་ཕན་ལྷག་བསམ་ཅན་ཨ་ཀོང་རིན་པོ་ཆེ་དང་དང་འབྲུག་རྗེ་དང་། ང་ཚོའི་འབྲི་གུང་ཆོས་རྗེ་ཨ་དབྱངས་དང་སྐྱབས་མགོན་ཆེ་ཆུང་དང་མགར་ཆེན་རིན་པོ་ཆེ་ནང་བཞིན་གནང་བ་ལ་ཆོས་པ་ཞིག་གིས་ཆོས་མཐུན་གནང་བ་ལ་མིག་སེར་དགོས་དོན་ཅི་འདུག་གམ།
རྒྱས་པར་ཤེས་འདོད་ན་འདི་ན་འདུག
http://www.ogyenling.org/Home.aspx