ཟླ་འདིའི་ཚེས ༡༢ ནས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དཔའ་མོ་རྣམས་གཙོས། བོད་མི་རིགས་ཀྱི་ཆེད་དུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་གམ་བཅར་རྣམ་རྒྱལ་གྲྭ་ཚང་དབུ་བཞུགས་ཐོག་རྡ་སའི་སེར་སྐྱ་མི་མང་ཡོངས་ནས་མ་ཎི་དུང་ཕྱུར་གསོག་སྒྲུབ་མཛད་པ་བཞིན། ཕྱི་ཚེས ༡༩ ཉིན་མ་ཎི་དུང་ཕྱུར་གཅིག་ལྷག་གྲུབ་ཟིན་པ་དང་། བོད་ནང་ནས་ཀྱང་གནས་ཚུལ་འདི་གསན་ཐོས་བྱུང་འཕྲལ་ཕྱི་ཚེས ༡༩ ཉིན་མ་ཎི་དུང་ཕྱུར་གཅིག་ལྷག་འབུལ་ལམ་ཞུས་འདུག་པས། ད་ཐེངས་ཛ་དྲག་གནས་སྟངས་སྐབས་བོད་གཞིས་བྱེས་གཉིས་ཀྱིས་མཉམ་རུབ་ཐོག་མ་ཎི་དུང་ཕྱུར་གཉིས་ལྷག་བསགས་པ་འདི་ལོ་རྒྱུས་ནང་ཕལ་ཆེར་ཐེངས་དང་པོ་ཆགས་འདུག
མ་ཎི་དུང་སྒྲུབ་སྐབས་ཀྱི་ཉིན་བརྒྱད་རིང་ཞོགས་པ་ཉིན་གུང་གི་གསོལ་ཚུགས་དང་གསོལ་ཇ་བཞེས་བག་སྐུ་འགྱེད་སོགས་ལ་ཁྱོན་བསྡོམས་ཧིན་སྒོར་འབུམ་དྲུག་དང་ཁྲི་གསུམ་ ༦༣༠༠༠༠ སོང་འདུག་པ་དང་། དད་ལྡན་མི་མང་གིས་དྭང་བླངས་ཞལ་འདེབས་གནང་བ་ཧིན་སྒོར་འབུམ་ལྔ་དང་ཁྲི་གསུམ་བརྒྱད་སྟོང་ ༥༣༨༠༠༠ བྱུང་འདུག
བོད་བསྟན་པ་ཆབ་སྲིད་ཀྱི་རིམ་འགྲོ་མ་ཎི་དུང་ཕྱིར་བརྒྱ་འདོན་དགོས། ག་དུས་བསགས་ཐུབ་ན་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ཐུབ། བོད་མི་ས་ཡ་དྲུག་པོས་འདོན་དགོས། གཅིག་ཀྱང་འཆོར་བཇུག་མི་ཉན།
འདི་ཕལ་ཆར་རྫ་ཕྲུག་སྤྲུལ་སྐུས་རྫ་སྲུབ་ནས་ཐོས་པ་འདྲ་།འདི་མགཏོགས་གཞན་ཅི་ཞིག་ཡོད་དམ་རྫའི་ཕྲུ་གུ
རྫའི་ཕྲུ་གུ་ནུབ་ཕྱོགས་ཡུལ་ན་སྐྱོབ་གསོ་ཟ་བཞིན་སྐད་ཆ་རྫིག་པོ་འདྲ་ལུང་རྟེན་གནང་བ་མ་རེད་དམ།
རྒྱལ་དབང་ཀརྨ་པ་མཁྱེན་ནོ། ཚོགས་བསགས་དུང་སྒྲུབ་ལ་ཡི་རང་དང་སྨོན་ལམ་ཡོད། ད་དུང་དམྱལ་བ་གསོན་པོ་ལྟ་བུའི་བོད་དོན་གྱི་ཆེད་དུ་མ་ཎི་དུང་ཕྱུར་བརྒྱ་ཕྲག་དུ་མར་གསུང་པར་མཁྱེན་ནོ། ངས་ཀྱང་མ་ཎི་ཁྲི་གཅིག་འདོན་པར་ཁས་ལན་ཆོག །
སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། བོད་ཆེན་པོའི་ཁྱོན་འདིར་གཏོགས་པའི་གཞི་བྱེས་ད་ཡོད་ཀྱི་མི་འབོར་བརྒྱ་ཆ་བརྒྱད་བཅུ་ཡས་མས་ནི་ནང་ཆོས་རིང་ལུགས་པར་ཁས་འཆེ་བ་ཡིན་ཞིང་། བརྒྱ་ཆ་ལྷག་མ་རྣམས་ནི་བོན་པོ་དང་། ཁ་ཆེ། ཡེ་ཤུ་བཅས་ཡོད་པར་བརྟེན། རང་རང་གི་ཆོས་གཞུང་ནས་བྱུང་བ་ལྟར་རྐྱེན་ངན་ཟློག་ཐབས་སྣ་ཚོགས་པ་ཞིག་ཡོད་པ་སྨོས་མ་དགོས་ཀྱང་། སྐབས་འདིར་སངས་རྒྱས་ཆོས་ལུགས་ཀྱི་དབང་དུ་བྱས་ཏེ། མ་ཎི་དུང་ཕྱུར་གཉིས་ལྷག་བསགས་ཐུབ་པ་ནི་དགའ་འོས་པ་ཞིག་ཡིན་ལ། འོན་ཀྱང་བོད་མི་ཡོངས་ནས། ཁ་ཚ་དགོས་གཏུགས་ལ་བསམ་བློ་བཏང་སྟེ། རང་ནུས་གང་ལྕོགས་ཀྱི་སྒོ་ནས་ཆེ་ཕྲའི་ལས་འགུལ་ལ་མཉམ་ཞུགས་བྱེད་རྒྱུ་ནི་དེ་བས་ཀྱང་རླབས་ཆེན་གྱི་བྱ་གཞག་ཅིག་ཏུ་མཐོང་བ་བཅས་སོ།།