བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་རིག་པའི་མཁས་དབང་ཇིན་ སི་མི་ཐི་མཆོག་ཚེ་འདས་སུ་གྱུར་བར་གསུང་འཕྲིན་བསྩལ་བ། Posted on 2010-12-182010-12-18 By འཚོ་བྱེད་བུ 11 Comments on བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་རིག་པའི་མཁས་དབང་ཇིན་ སི་མི་ཐི་མཆོག་ཚེ་འདས་སུ་གྱུར་བར་གསུང་འཕྲིན་བསྩལ་བ། http://www.tibet.net/en/index.php?id=2042.&articletype=flash&rmenuid=morenews&s&tab=1#TabbedPanels1 གསར་འགྱུར།
ཡང་འཆི་མི་ཉན་པའི་མི་ཞིག་ཤི་སོང་བ་རེད་དམ། ཤི་སོང་ན་བསམ་པ་དེ་ཚོ་འཆི་ཁ་མི་ཉན་གི དྲང་མོ་བཤད་ན། ཨ་ཁུ་ཆོས་རྒྱལ་དྲང་མོ་མ་རེད། གལ་སྲིད། ང་ལ་རང་དབང་ཞིག་ཡོད་པ་ཡིན་ན། བླ་མ་དཀོན་མཆོག་མཁྱེན། ངས་གཤིན་རྗེ་ཆོས་རྒྱལ་འཁོར་དང་བཅས་པ་འབོམ་གཡུག་ནས་བཀད་དང་ན་བསམ་གི དམྱལ་བའི་ཟངས་ནག་བཅོ་བརྒྱད་པོའང་གཏོར་ནས་ཐལ་རྡུལ་ཉིལ་ཉིལ་བཟོས་ཏེ་དམྱལ་བ་དོང་སྤྲུགས་བྱས་ན་བསམ་གི དེ་ལྟར་བྱེད་པ་ལ་ད་རུང་མི་རབས་ཁ་ཤས་ཤིག་དགོས་པ་འདྲ། སྒུག་ཨ།
སྔོན་མ་སྔོན་མ་ཞིག་ལ། ཨ་ཁུ་ཆོས་རྒྱལ་གྱིས་ཁྲིད་མ་ཤེས་པར་མ་དཔའ་མོ་ཨར་སྟག་ལྷ་མོ་ཟེར་ནས་ཙུག་ཁྲིད་སོང་ནས་དམྱལ་བའི་ནང་དུ་འཕངས་པ་ཐོས། གླིང་གེ་སར་རྒྱལ་བོ་དེ་ཉིད་རྟ་ཕོ་རྐྱང་རྒོད་གཡར་བ་ལ་ཆིབས་ནས་དམྱལ་ཁམས་བཅོ་བརྒྱད་དུ་ཕེབས་ནས། མདའ་ཞིག་འཕངས་པ་ན། བཞེངས་མ་མྱོང་བའི་གཤིན་རྗེའི་ཆོས་རྒྱལ་ཡར་ལ་བཞེངས། བྲོས་མ་མྱོང་བའི་ལས་མཁན་རྣམ་པ་ལ་བྲོས་ལུང་བྲོས་བྱས། འགུལ་མ་མྱོང་བའི་ལྕགས་མཁར་སྒོ་མེད་བཅུ་དྲུག་ཤིག་ཤིག་ཏུ་འདར། དེ་ནས་ལས་མཁན་ཨ་བ་གླང་མགོ་ཅན་གྱིས་དགེ་སྡུག་འབྱེད་པའི་རྩིས་ཁྲ་ཕུལ་བ་ན། རྩིས་ཁྲའི་དེབ་རྣམས་ལས་ཤི་བོ་དུང་ཕྱུར་བཅོ་བརྒྱད་ཀྱི་མིང་ནག་བསུབ་བྱས། ཤི་བོ་དུང་ཕྱུར་བཅོ་བརྒྱད་ལ་རང་དབང་སྤྲད། འོན་ཀྱང་ཡ་མཚན་པ་ཞིག་ལ། དམྱལ་བའི་འགྲོ་བ་རྣམས་རང་རང་ས་ལ་འགྲོ་འདོད་མ་སྐྱེས། ཐ་ན་ཨར་སྟག་ལྷ་མོ་ཡང་ཁྲིད་ཡོང་མ་ཐུབ་པར་མྱངས། དེ་ནས་གཤིན་རྗེའི་ཆོས་རྒྱལ་གྱིས་ཨར་སྟག་ལྷ་མོ་ཕྱིར་མི་ཡུལ་དུ་འགྲོ་དགོས་པའི་བཀའ་བཏང་པ་ན། ད་དུང་མོ་རང་ཕྱིར་ཡོང་དགོས་ཟེར་ནས་རང་གི་སྡོད་སར་གཞན་བསྡད་བཅུག་མི་ཆོགས་པའི་ཞུ་བ་ཕུལ། ཡ་ད་ལས་མཁན་དེ་ཚོ་ལ་ཁ་གཏད་གཅོག་རྒྱུ་ན། དང་པོ་ཇོ་རིའི་མདའ་བཞུ་གཡོར།
ངས་ཀྱང་མྱ་ངན་གུས་དུད་དང་། བཀའ་ཁྲིའི་མཚན་རྟགས་དེ་མུ་མཐུད་ཨིན་ཡིག་ཐོག་འབྲི་གནང་བགྱིད་ཡོདཔ་འདྲ། དེ་བློ་ཕམ་པའི་གནས་ཤིག་མ་རེད་པེ།
བོད་གངས་ཅན་གྱི་བརྩམས་ཆོས་དང་ལོ་རྒྱུས་ལ་མཁས་པ་ཁོང་ལས་ལྷག་པ་ཞིག་འཛམ་གླིང་གོ་ལ་རིལ་པོ་འདིའི་སྟེང་དུ་ཡོད་མ་ཡིན། ཁོང་དང་འདུར་ན་བོད་རིགས་ལོ་རྒྱུས་མཁས་པ་ཚོ་ཕྱུག་ལས་ལས་གང་ལའང་རྒྱུས་མེད་ཀྱི་ཨ་ཁུ་འབྲོག་པ་ཙམ་དུ་འདུག དཀོན་མཆོག་རེད། ངས་ཁོང་ཡག་པོ་ངོ་ཤེས། ལྔ་ལམ་དུ་ཕེབས་པ་འདི་སྔ་གི ངོ་མ་སྔ་གི ཨ་ཁའའའ་་་་
གངས་ལྷ་མེ་ཏོག་ལགས། བོད་པའི་གཏམ་དཔེར། སྡོད་ས་དཔྲལ་བར་བསྡད། མིག་ལ་ཐལ་བ་མི་སྟོར་ཟེར་བ་བཞིན། རང་ཉིད་བོད་པར་གཏོགས། སྨད་ས་བོད་པར་མ་བྱེད་ཨང་། ཇིན་སི་མི་ཐ་མཁས་པ་རེད། དེ་བོད་ཀྱི་བླ་མ་མཁན་པོ་འདྲིན་ཅན་རྣམས་ཀྱི་བཀའ་འདྲིན་ལ་བརྟེན་ནས་བྱུང་བ་རེད། ད་དུང་ཞུ་རྒྱུར། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁོང་ལས་མཁས་པ་བོད་པ་ཡོད་པ་འདི་ཁོང་རང་ཉིད་ཀྱིས་ཁས་ལེན་གནང་གི་ཡོད་ལ་དེ་ཚོའི་ཞབས་ལ་གཏུགས་ཡོད། དཔེར་ན། བོད་ཀྱི་ཆོས་ལུགས་ལོ་རྒྱུས་ལ་མཁས་པ་ཨ་ལགས་གཟན་དཀར་རིན་པོ་ཆེ་ཇིན་གྱི་རྩ་བའི་བླ་མ་རེད། གཟན་དཀར་རིན་པོ་ཆེས་ཇིན་ལ་བོད་ཀྱི་དཔེ་རྙིང་ཇི་ཡོད་ངོ་སྤྲོད་གནང་བ་རེད། བོད་ཀྱི་ལོ་རྒྱུས་ལ་མཁས་པ་རྒན་བཀྲིས་ཚེ་རིང་ལགས་ཀྱིས་ཇིན་ལ་བོད་ཀྱི་ལོ་རྒྱུས་ནང་གི་མི་སྣ་རྣམ་ས་ངོ་སྤྲོད་གནང་བ་རེད། བོད་ཀྱི་དེང་དུས་ལོ་རྒྱུས་ལ་མཁས་པ་རྒན་ཚེ་རིང་ཤཀྱ་ལགས་ཀྱིས་ཇིན་ལ་དེང་དུས་བོད་ཀྱི་ལོ་རྒྱུས་སྐོར་ལ་རོགས་རམ་མང་པོ་གནང་བ་རེད། རྒན་པད་མ་འབུམ་གྱིས་ཇིན་སི་མི་ཐ་ལ་དེང་རབས་རྩོམ་རིག་ཀྱི་སྐོར་ལ་རོགས་པ་མང་པོ་གནང་བ་རེད། ཇིན་སི་མི་ཐ་ནི་བོད་ཀྱི་མཁས་དབང་རྣམས་ཀྱིས་ཐུན་མོང་ཐོག་གསོ་སྐྱོང་མཛད་པའི་མཁས་དབང་ཆེན་པོ་ཞིག་རེད། ཕྱི་རྒྱལ་བོད་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚང་མའི་རྒྱབ་ལ་བོད་པ་རེ་གཉིས་ཀྱིས་རྔུལ་ཆུ་བཏོན་ནས་བཞུགས་པ་ངོ་མ་རེད། བོད་མི་འདི་ཁྱེད་ཀྱི་གསུང་བ་ནང་བཞིན་མ་རེད། ཁྱེད་ཀྱང་བོད་རིགས་རྩོམ་པ་པོ་གྲགས་ཅན་ཞིག་རེད་ལ་འདི་འདྲའི་ལྐུགས་རྟགས་ཅན་འདི་འདྲ་མ་རེད་པ། རང་གིས་རང་ལ་ཡིད་ཆེས་ཏོག་ཙམ་གྱིད་དང་གྲོགས་མོ། ཇིན་སི་མི་ཐ་ལ་བོད་ཀྱི་དཔེ་ཆ་རྙིང་པ་ངོ་སྤྲོད་བྱེད་མཁན་མི་སྣ་རྣམས་ནི། ༡༽ས་སྐྱའི་བླ་མ་སྡེ་གཞུང་རིན་པོ་ཆེ། ༢༽ཉག་ར་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེ། ༣༽དིལ་མགུ་མཁྱེན་བརྩེ་རིན་པོ་ཆེ། ༤༽གདོང་ཐོག་རིན་པོ་ཆེ། ༥༽རྡོ་འབུམ་རིན་པོ་ཆེ། ༦༽གཟམ་གདོང་རིན་པོ་ཆེ། ༧༽འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ༩༽ཞ་དམར་རིན་པོ་ཆེ། ༡༠༽གཟན་དཀར་རིན་པོ་ཆེ། ༡༡༽སྤྲུལ་སྐུ་དོན་གྲུབ། ༡༢༽རྫོང་གསར་མཁྱེན་བརྩེའི་ཡང་སྲིད། ༡༤༽སྟག་འཚེར་རིན་པོ་ཆེ། ༡༥༽ཨ་མྱེས་རྨ་ཆེན་བཀྲིས་ཚེ་རིང་སོགས་རེད།
སྐུ་ཞབས་ཇིནསི་མིཐི་ནི་བོད་རིག་གཞུང་ངམ་དེ་དང་འབྲེལ་བའི་མི་སྣ་ལ་དངོས་གནས་བཀའ་དྲིན་ཆེན་པོ་ཞིག་རེད་འདུག ད་ང་ཚོས་ཁོང་འདས་པའི་རྗེས་སུ་ཕུ་ཡར་ཡིན་དང་མདའ་མར་ཡིན་གྱི་སྐད་ཆ་ཉག་ཉོག་མང་པོ་མ་བཤད་པར། ད་ཕན་ཁོང་གིས་མཛད་པའི་མཛད་རྗེས་བཟང་པོ་དེ་དག་གི་དགེ་བའི་རྩ་བ་ལ་བརྟེན་ནས། འདས་པོ་ཁོང་གི་རྣམ་པར་ཤེས་པ་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་བདེ་བ་ཅན་གྱི་ཞིང་སོགས་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས་གནང་བར་ཞུ།། ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ་པཉྩ་དྲི་ཡ་ཨ་ཝ་བྷོ་དྷི་ན་ཡེ་སྭཱཧཱ། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེར་ཡང་སངས་རྒྱས་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཀུན་བཟང་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །
སྙིང་ཉེའི་འགྲོག་མཆོག་ཤེས་རབ་ལགས། ལན་གནང་བར་བཀའ་དྲིན་དཔེ་མེད་དུ་ཆེ། མཁས་དབང་ཇིན་སི་མི་ཐ་གི་རྣམ་ཐར་དང་མཛད་རྗེས་སོགས་ལ་ཕྲན་ལས་ཁྱེད་རང་རྒྱུས་མངའ་ཆེ་བར་འདུག་པས། ཁོང་གི་བསྟེན་སའི་བླ་མ་ཚང་མ་ངོ་སྤྲོད་པའི་ཐོག་ནས་ད་ནི་ཁོང་གི་མཛད་པ་རག་རིམ་མདོར་བསྡུས་ཤིག་གསུངས་རོགས། ང་དང་ང་འདྲ་བའི་བོད་མོ་རྣམས་ལ་ཕན་པོ་ཞེ་དྲག་ཡོང་ངེས་ལགས།
མི་སྣ་འདི་རྣམས་ཀྱི་གྲས་སུ་བོན་པོའི་བླ་མ་ སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་་་་ཡང་ངེས་པར་དུ་འཇོག་དགོས། ཅིས་ན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནི། སྐུ་ཞབས་ཇིནསི་མིཐི་ལགས་ལ་ བོན་པོའི་དཔེ་ཆའི་སྐོར་ངོ་སྤྲོད་གནང་མཁན་གཙོ་བོ་དེ་ཡིན། བཀའ་དྲིན་དེ་ལས་ཨ་རི་གཞུང་འབྲེལ་དཔེ་མཛོད་ཁང་དུ་བོན་པོའི་དཔེ་ཚོགས་ཀྱང་རྒྱ་ཆེན་སླེབས་ཐུབ་པ་བྱུང་ཡོད། སྐུ་ཞབས་ཇིནསི་མིཐི་ལགས་ཀྱི་མོ་ཊ་འཇོག་ས་garage ནང་བཞུགས་ནས། བོན་པོའི་དཔེ་ཆ་ངོ་སྤྲོད་དང་ལོ་རྒྱུས་འགྲེལ་བཤད་བཅས་ཕྱག་ལས་མང་པོ་གནང་བའི་སྐོར་ང་ཚོར་ཡང་ནས་ཡང་དུ་གསུངས་མྱོང།
ཡང་འཆི་མི་ཉན་པའི་མི་ཞིག་ཤི་སོང་བ་རེད་དམ། ཤི་སོང་ན་བསམ་པ་དེ་ཚོ་འཆི་ཁ་མི་ཉན་གི དྲང་མོ་བཤད་ན། ཨ་ཁུ་ཆོས་རྒྱལ་དྲང་མོ་མ་རེད། གལ་སྲིད། ང་ལ་རང་དབང་ཞིག་ཡོད་པ་ཡིན་ན། བླ་མ་དཀོན་མཆོག་མཁྱེན། ངས་གཤིན་རྗེ་ཆོས་རྒྱལ་འཁོར་དང་བཅས་པ་འབོམ་གཡུག་ནས་བཀད་དང་ན་བསམ་གི དམྱལ་བའི་ཟངས་ནག་བཅོ་བརྒྱད་པོའང་གཏོར་ནས་ཐལ་རྡུལ་ཉིལ་ཉིལ་བཟོས་ཏེ་དམྱལ་བ་དོང་སྤྲུགས་བྱས་ན་བསམ་གི
དེ་ལྟར་བྱེད་པ་ལ་ད་རུང་མི་རབས་ཁ་ཤས་ཤིག་དགོས་པ་འདྲ། སྒུག་ཨ།
སྔོན་མ་སྔོན་མ་ཞིག་ལ། ཨ་ཁུ་ཆོས་རྒྱལ་གྱིས་ཁྲིད་མ་ཤེས་པར་མ་དཔའ་མོ་ཨར་སྟག་ལྷ་མོ་ཟེར་ནས་ཙུག་ཁྲིད་སོང་ནས་དམྱལ་བའི་ནང་དུ་འཕངས་པ་ཐོས། གླིང་གེ་སར་རྒྱལ་བོ་དེ་ཉིད་རྟ་ཕོ་རྐྱང་རྒོད་གཡར་བ་ལ་ཆིབས་ནས་དམྱལ་ཁམས་བཅོ་བརྒྱད་དུ་ཕེབས་ནས། མདའ་ཞིག་འཕངས་པ་ན། བཞེངས་མ་མྱོང་བའི་གཤིན་རྗེའི་ཆོས་རྒྱལ་ཡར་ལ་བཞེངས། བྲོས་མ་མྱོང་བའི་ལས་མཁན་རྣམ་པ་ལ་བྲོས་ལུང་བྲོས་བྱས། འགུལ་མ་མྱོང་བའི་ལྕགས་མཁར་སྒོ་མེད་བཅུ་དྲུག་ཤིག་ཤིག་ཏུ་འདར།
དེ་ནས་ལས་མཁན་ཨ་བ་གླང་མགོ་ཅན་གྱིས་དགེ་སྡུག་འབྱེད་པའི་རྩིས་ཁྲ་ཕུལ་བ་ན། རྩིས་ཁྲའི་དེབ་རྣམས་ལས་ཤི་བོ་དུང་ཕྱུར་བཅོ་བརྒྱད་ཀྱི་མིང་ནག་བསུབ་བྱས། ཤི་བོ་དུང་ཕྱུར་བཅོ་བརྒྱད་ལ་རང་དབང་སྤྲད། འོན་ཀྱང་ཡ་མཚན་པ་ཞིག་ལ། དམྱལ་བའི་འགྲོ་བ་རྣམས་རང་རང་ས་ལ་འགྲོ་འདོད་མ་སྐྱེས། ཐ་ན་ཨར་སྟག་ལྷ་མོ་ཡང་ཁྲིད་ཡོང་མ་ཐུབ་པར་མྱངས། དེ་ནས་གཤིན་རྗེའི་ཆོས་རྒྱལ་གྱིས་ཨར་སྟག་ལྷ་མོ་ཕྱིར་མི་ཡུལ་དུ་འགྲོ་དགོས་པའི་བཀའ་བཏང་པ་ན། ད་དུང་མོ་རང་ཕྱིར་ཡོང་དགོས་ཟེར་ནས་རང་གི་སྡོད་སར་གཞན་བསྡད་བཅུག་མི་ཆོགས་པའི་ཞུ་བ་ཕུལ། ཡ་ད་ལས་མཁན་དེ་ཚོ་ལ་ཁ་གཏད་གཅོག་རྒྱུ་ན། དང་པོ་ཇོ་རིའི་མདའ་བཞུ་གཡོར།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
ངས་ཀྱང་མྱ་ངན་གུས་དུད་དང་། བཀའ་ཁྲིའི་མཚན་རྟགས་དེ་མུ་མཐུད་ཨིན་ཡིག་ཐོག་འབྲི་གནང་བགྱིད་ཡོདཔ་འདྲ། དེ་བློ་ཕམ་པའི་གནས་ཤིག་མ་རེད་པེ།
བོད་གངས་ཅན་གྱི་བརྩམས་ཆོས་དང་ལོ་རྒྱུས་ལ་མཁས་པ་ཁོང་ལས་ལྷག་པ་ཞིག་འཛམ་གླིང་གོ་ལ་རིལ་པོ་འདིའི་སྟེང་དུ་ཡོད་མ་ཡིན། ཁོང་དང་འདུར་ན་བོད་རིགས་ལོ་རྒྱུས་མཁས་པ་ཚོ་ཕྱུག་ལས་ལས་གང་ལའང་རྒྱུས་མེད་ཀྱི་ཨ་ཁུ་འབྲོག་པ་ཙམ་དུ་འདུག དཀོན་མཆོག་རེད། ངས་ཁོང་ཡག་པོ་ངོ་ཤེས། ལྔ་ལམ་དུ་ཕེབས་པ་འདི་སྔ་གི ངོ་མ་སྔ་གི ཨ་ཁའའའ་་་་
གངས་ལྷ་མེ་ཏོག་ལགས།
བོད་པའི་གཏམ་དཔེར། སྡོད་ས་དཔྲལ་བར་བསྡད། མིག་ལ་ཐལ་བ་མི་སྟོར་ཟེར་བ་བཞིན། རང་ཉིད་བོད་པར་གཏོགས། སྨད་ས་བོད་པར་མ་བྱེད་ཨང་། ཇིན་སི་མི་ཐ་མཁས་པ་རེད། དེ་བོད་ཀྱི་བླ་མ་མཁན་པོ་འདྲིན་ཅན་རྣམས་ཀྱི་བཀའ་འདྲིན་ལ་བརྟེན་ནས་བྱུང་བ་རེད།
ད་དུང་ཞུ་རྒྱུར། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁོང་ལས་མཁས་པ་བོད་པ་ཡོད་པ་འདི་ཁོང་རང་ཉིད་ཀྱིས་ཁས་ལེན་གནང་གི་ཡོད་ལ་དེ་ཚོའི་ཞབས་ལ་གཏུགས་ཡོད། དཔེར་ན། བོད་ཀྱི་ཆོས་ལུགས་ལོ་རྒྱུས་ལ་མཁས་པ་ཨ་ལགས་གཟན་དཀར་རིན་པོ་ཆེ་ཇིན་གྱི་རྩ་བའི་བླ་མ་རེད། གཟན་དཀར་རིན་པོ་ཆེས་ཇིན་ལ་བོད་ཀྱི་དཔེ་རྙིང་ཇི་ཡོད་ངོ་སྤྲོད་གནང་བ་རེད། བོད་ཀྱི་ལོ་རྒྱུས་ལ་མཁས་པ་རྒན་བཀྲིས་ཚེ་རིང་ལགས་ཀྱིས་ཇིན་ལ་བོད་ཀྱི་ལོ་རྒྱུས་ནང་གི་མི་སྣ་རྣམ་ས་ངོ་སྤྲོད་གནང་བ་རེད། བོད་ཀྱི་དེང་དུས་ལོ་རྒྱུས་ལ་མཁས་པ་རྒན་ཚེ་རིང་ཤཀྱ་ལགས་ཀྱིས་ཇིན་ལ་དེང་དུས་བོད་ཀྱི་ལོ་རྒྱུས་སྐོར་ལ་རོགས་རམ་མང་པོ་གནང་བ་རེད། རྒན་པད་མ་འབུམ་གྱིས་ཇིན་སི་མི་ཐ་ལ་དེང་རབས་རྩོམ་རིག་ཀྱི་སྐོར་ལ་རོགས་པ་མང་པོ་གནང་བ་རེད། ཇིན་སི་མི་ཐ་ནི་བོད་ཀྱི་མཁས་དབང་རྣམས་ཀྱིས་ཐུན་མོང་ཐོག་གསོ་སྐྱོང་མཛད་པའི་མཁས་དབང་ཆེན་པོ་ཞིག་རེད། ཕྱི་རྒྱལ་བོད་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚང་མའི་རྒྱབ་ལ་བོད་པ་རེ་གཉིས་ཀྱིས་རྔུལ་ཆུ་བཏོན་ནས་བཞུགས་པ་ངོ་མ་རེད།
བོད་མི་འདི་ཁྱེད་ཀྱི་གསུང་བ་ནང་བཞིན་མ་རེད། ཁྱེད་ཀྱང་བོད་རིགས་རྩོམ་པ་པོ་གྲགས་ཅན་ཞིག་རེད་ལ་འདི་འདྲའི་ལྐུགས་རྟགས་ཅན་འདི་འདྲ་མ་རེད་པ། རང་གིས་རང་ལ་ཡིད་ཆེས་ཏོག་ཙམ་གྱིད་དང་གྲོགས་མོ།
ཇིན་སི་མི་ཐ་ལ་བོད་ཀྱི་དཔེ་ཆ་རྙིང་པ་ངོ་སྤྲོད་བྱེད་མཁན་མི་སྣ་རྣམས་ནི།
༡༽ས་སྐྱའི་བླ་མ་སྡེ་གཞུང་རིན་པོ་ཆེ།
༢༽ཉག་ར་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེ།
༣༽དིལ་མགུ་མཁྱེན་བརྩེ་རིན་པོ་ཆེ།
༤༽གདོང་ཐོག་རིན་པོ་ཆེ།
༥༽རྡོ་འབུམ་རིན་པོ་ཆེ།
༦༽གཟམ་གདོང་རིན་པོ་ཆེ།
༧༽འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ།
༩༽ཞ་དམར་རིན་པོ་ཆེ།
༡༠༽གཟན་དཀར་རིན་པོ་ཆེ།
༡༡༽སྤྲུལ་སྐུ་དོན་གྲུབ།
༡༢༽རྫོང་གསར་མཁྱེན་བརྩེའི་ཡང་སྲིད།
༡༤༽སྟག་འཚེར་རིན་པོ་ཆེ།
༡༥༽ཨ་མྱེས་རྨ་ཆེན་བཀྲིས་ཚེ་རིང་སོགས་རེད།
སྐུ་ཞབས་ཇིནསི་མིཐི་ནི་བོད་རིག་གཞུང་ངམ་དེ་དང་འབྲེལ་བའི་མི་སྣ་ལ་དངོས་གནས་བཀའ་དྲིན་ཆེན་པོ་ཞིག་རེད་འདུག ད་ང་ཚོས་ཁོང་འདས་པའི་རྗེས་སུ་ཕུ་ཡར་ཡིན་དང་མདའ་མར་ཡིན་གྱི་སྐད་ཆ་ཉག་ཉོག་མང་པོ་མ་བཤད་པར། ད་ཕན་ཁོང་གིས་མཛད་པའི་མཛད་རྗེས་བཟང་པོ་དེ་དག་གི་དགེ་བའི་རྩ་བ་ལ་བརྟེན་ནས། འདས་པོ་ཁོང་གི་རྣམ་པར་ཤེས་པ་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་བདེ་བ་ཅན་གྱི་ཞིང་སོགས་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས་གནང་བར་ཞུ།།
ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ་པཉྩ་དྲི་ཡ་ཨ་ཝ་བྷོ་དྷི་ན་ཡེ་སྭཱཧཱ། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེར་ཡང་སངས་རྒྱས་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཀུན་བཟང་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །
སྙིང་ཉེའི་འགྲོག་མཆོག་ཤེས་རབ་ལགས།
ལན་གནང་བར་བཀའ་དྲིན་དཔེ་མེད་དུ་ཆེ། མཁས་དབང་ཇིན་སི་མི་ཐ་གི་རྣམ་ཐར་དང་མཛད་རྗེས་སོགས་ལ་ཕྲན་ལས་ཁྱེད་རང་རྒྱུས་མངའ་ཆེ་བར་འདུག་པས། ཁོང་གི་བསྟེན་སའི་བླ་མ་ཚང་མ་ངོ་སྤྲོད་པའི་ཐོག་ནས་ད་ནི་ཁོང་གི་མཛད་པ་རག་རིམ་མདོར་བསྡུས་ཤིག་གསུངས་རོགས། ང་དང་ང་འདྲ་བའི་བོད་མོ་རྣམས་ལ་ཕན་པོ་ཞེ་དྲག་ཡོང་ངེས་ལགས།
དིལ་མགུ་དིལ་མགོར་བཅོས་རོགས།
མི་སྣ་འདི་རྣམས་ཀྱི་གྲས་སུ་བོན་པོའི་བླ་མ་ སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་་་་ཡང་ངེས་པར་དུ་འཇོག་དགོས། ཅིས་ན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནི། སྐུ་ཞབས་ཇིནསི་མིཐི་ལགས་ལ་ བོན་པོའི་དཔེ་ཆའི་སྐོར་ངོ་སྤྲོད་གནང་མཁན་གཙོ་བོ་དེ་ཡིན། བཀའ་དྲིན་དེ་ལས་ཨ་རི་གཞུང་འབྲེལ་དཔེ་མཛོད་ཁང་དུ་བོན་པོའི་དཔེ་ཚོགས་ཀྱང་རྒྱ་ཆེན་སླེབས་ཐུབ་པ་བྱུང་ཡོད། སྐུ་ཞབས་ཇིནསི་མིཐི་ལགས་ཀྱི་མོ་ཊ་འཇོག་ས་garage ནང་བཞུགས་ནས། བོན་པོའི་དཔེ་ཆ་ངོ་སྤྲོད་དང་ལོ་རྒྱུས་འགྲེལ་བཤད་བཅས་ཕྱག་ལས་མང་པོ་གནང་བའི་སྐོར་ང་ཚོར་ཡང་ནས་ཡང་དུ་གསུངས་མྱོང།
ཕྱག་ལས་གནང་ས་ནི་རྒྱ་གར་གྱི་རྒྱལ་ས་་ལྡི་ལི་་་ལ་ཡིན་པ་རེད།