ཁ་སང་པེ་ཅིང་ནས་གྲོགས་པོ་ཞིག་གིས་བརྗོད་དོན། “ཕལ་ཆེར་རྡ་རམ་ས་ལའི་སྐུ་ཚབ་ཚོགས་པ་རྣམས་མགྱོགས་མྱུར་འདིར་ཕེབས་གྲབ་ཡོད་པ་འདྲ། འཐབ་ཕྱོགས་གཅིག་འགྱུར་པུའུ་ལ་འབྲེལ་ཟིང་ཆེན་པོ་འདུག རྒྱུན་གཏན་སྣེ་ལེན་བྱེད་མཁན་གྱི་ལས་བྱེད་རྣམས་ནད་དགོངས་སོགས་ཞུ་མི་ཆོག་ཅེས་བཤད་འདུག མ་ཟད་རྒྱུན་གཏན་གྲ་སྒྲིག་བྱེད་མཁན་རྣམས་ཚོགས་འདུ་ལ་འབྲེལ་ནས་འདུག་ཟེར།
ཕོ་ཉ་ཕར་འགྲོ་ཚུར་འོང་། །
ཕོ་མོ་ཚང་མས་མཐོང་གི །
ཕོ་བར་རྒྱ་ཟས་ཡིན་གྱི། །
ཕོ་བྲང་པོ་ཏ་ལ་མིན། །
རྒྱ་ནག་རྒྱ་ཁྱི་བཞིན་དུ། །
རྒྱ་གྲོང་ཀུན་ན་ངར་དུས། །
བོད་པ་བོད་གཡག་ཅི་བཞིན། །
བོད་རིའི་འདབས་ནས་འདར་གི །
པེ་ཅིང་གྲོགས་པོའི་གཏམ་དེ་བདེན་པ་ཡིན་ན། གཏམ་དེ་གཏམ་བཟང་རེད། འདི་འདྲ་དགོས་བགྱིད་འདུག
པེ་ཅིན་གྱི་གྲོགས་པོ་དེ་ནང་བློན་ཞིག་ཡིན་པ་འདྲ། དེ་མིན་ན་རྒྱ་གཞུང་དེ་ང་ཚོ་ཕྱི་གསལ་ནང་གསལ་ཞིག་མིན་པ་སུས་ཀྱང་ཤེས་ན། ནད་དགོངས་ཞུས་ཆོག་མིན་གྱི་ནང་གཏམ་དེ་ཇི་ལྟར་ཤེས་སམ། གང་ལྟར་སྐུ་ཚབ་འགྲོ་འཆར་གྱི་གཏམ་དེ་གོ་བས་དགའ་བྱུང་།
ང་ཚོའི་ཕྱོགས་ཀྱི་སྐུ་ཚབ་རྣམ་གཉིས་ཀྱི་ཡིད་ཆེས་གནང་སྟངས་དེ་བོད་མི་མང་གི་ཡིད་ཆེས་གནང་ཕྱོགས་ཁ་ཐག་རིང་ནས་རིང་དུ་འགྲོ་གི་ཡོད་པ་དང་། ཁོང་གི་གཉིས་ཀྱི་ཡིད་ཆེས་གནང་ཕྱོགས་རྒྱ་ནག་དང་ཐག་ཉེ་རུ་ཉེ་རུ་འགྲོ་གི་འདུག ཁོང་གཉིས་ཀྱིས་རྒྱ་མིའི་སྐད་ཆ་རྣམས་ཁྱེར་ཡོང་ནས་བོད་མིའི་ཡིད་ཆེས་ལ་དགག་པ་བརྒྱག་གི་འདུག འདི་ག་རེ་ཡིན་མིན་ངེས་པར་དུ་གཟབ་གཟབ་ནན་བྱེད་དགོས་ཀྱི་འདུག
ཉེ་དུས་ཀྱི་བོད་རིགས་ཡོངས་ལ་ས་གནས་རང་སྐྱོང་ཟེར་བའི་བསམ་འཆར་ཡིག་ཆ་དེ་ཡང་དང་པོ་སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་ཤག་ལ་ཞུས་བཟོས་པ་དང་། བཟོས་གྲུབ་པའི་བསམ་འཆར་དེ་༧གོང་ས་མཆོག་ལ་སྙན་འབུལ་ཞུས་པ་དང་། ༧གོང་ས་མཆོག་གིས་སྐུ་ཚབ་དང་བཀའ་ཤག་གི་བསམ་འཆར་ཡིག་ཆ་དེ་ལ་མོས་མཐུན་རྒྱབ་སྐྱོར་གནང་བ་འདྲ་བོ་མཐོང་གི་འདུག དེའི་ཕྱིར་བསམ་འཆར་ཡིག་ཆ་དེ་དང་པོ་སྐུ་ཚབ་རྣམ་གཉིས་ཀྱི་འཆར་གཞི་ཡིན་པ་དང་། བར་དུ་བཀའ་ཤག་གི་བཀའ་ཆགས། མཐའ་མ་༧རྒྱལ་བའི་བཀའ་ཆགས་པ་མིན་འགྲོ་དྲན་གི་འདུག དང་པོ་སྐུ་ཚབ་རྣམ་གཉིས་ཀྱི་བཀའ་དེ་བར་དུ་བཀའ་ཤག་གི་བཀའ་རུ་གྱུར། དེ་ནས་མཐའ་མ་༧གོང་ས་མཆོག་གི་བཀའ་འམ་བཀའ་ཁྲོལ་བ་མིན་འགྲོ་དྲན། དེ་ནས་སྐོར་བ་གཅིག་བརྒྱབ་ནས་སླར་ཡང་བོད་མང་གི་བཀའ་ཆགས་པ་འདྲ་བོ་རེད།
ང་ཚོའི་ཕྱོགས་ཀྱི་སྐུ་ཚབ་རྣམ་གཉིས་ཀྱི་ཡིད་ཆེས་གནང་སྟངས་དེ་བོད་མི་མང་གི་ཡིད་ཆེས་གནང་ཕྱོགས་ཁ་ཐག་རིང་ནས་རིང་དུ་འགྲོ་གི་ཡོད་པ་དང་། ཁོང་གཉིས་ཀྱི་ཡིད་ཆེས་གནང་ཕྱོགས་རྒྱ་ནག་དང་ཐག་ཉེ་རུ་ཉེ་རུ་འགྲོ་གི་འདུག ཁོང་གཉིས་ཀྱིས་རྒྱ་མིའི་སྐད་ཆ་རྣམས་ཁྱེར་ཡོང་ནས་བོད་མིའི་ཡིད་ཆེས་ལ་དགག་པ་བརྒྱག་གི་འདུག འདི་ག་རེ་ཡིན་མིན་ངེས་པར་དུ་གཟབ་གཟབ་ནན་བྱེད་དགོས་ཀྱི་འདུག
ཉེ་དུས་ཀྱི་བོད་རིགས་ཡོངས་ལ་ས་གནས་རང་སྐྱོང་ཟེར་བའི་བསམ་འཆར་ཡིག་ཆ་དེ་ཡང་དང་པོ་སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་ཤག་ལ་ཞུས་ནས་བཟོས་པ་དང་། བཟོས་གྲུབ་པའི་བསམ་འཆར་དེ་༧གོང་ས་མཆོག་ལ་སྙན་འབུལ་ཞུས་པ་དང་། ༧གོང་ས་མཆོག་གིས་སྐུ་ཚབ་དང་བཀའ་ཤག་གི་བསམ་འཆར་ཡིག་ཆ་དེ་ལ་མོས་མཐུན་རྒྱབ་སྐྱོར་གནང་བ་འདྲ་བོ་མཐོང་གི་འདུག དེའི་ཕྱིར་བསམ་འཆར་ཡིག་ཆ་དེ་དང་པོ་སྐུ་ཚབ་རྣམ་གཉིས་ཀྱི་ཀླད་པའི་ནང་ཤར་བའི་འཆར་གཞི་ཡིན་པ་དང་། བར་དུ་བཀའ་ཤག་ལ་ཞུས་ནས་བཀའ་ཤག་གིས་ཁོང་གཉིས་ཀྱི་བསམ་འཆར་རྣམ་ཤུགས་ཆེན་པོ་བྱས་ནས་བསམ་འཆར་ཡིག་ཆ་དེ་བཟོས་གནང་བ་དང་། བཟོས་གྲུབ་པ་དང་བསམ་འཆར་ཡིག་ཆ་དེ་༧རྒྱལ་བ་རིན་པོ་ཆེར་སྤྱན་འབུལ་བཀའ་ཁྲོལ་ཞུས་པས་༧མཐའ་མ་༧རྒྱལ་བའི་བཀའ་ཆགས་པ་མིན་འགྲོ་དྲན་གི་འདུག དང་པོ་སྐུ་ཚབ་རྣམ་གཉིས་ཀྱི་བཀའ། བར་དུ་བཀའ་ཤག་གི་བཀའ། མཐའ་མ་༧སྐུ་མདུན་གྱི་བཀའ་ཆགས་པ་མིན་ནམ་སྙམ། དེ་ནས་སྐོར་བ་གཅིག་བརྒྱབ་ནས་སླར་ཡང་གྲོས་ཚོགས་དང་བོད་མང་གི་བཀའ་ཆགས་བཅུག་པ་འདྲ་བོ་རེད།
མིན་ད་ལྟ་ང་ཚོས་གྲོས་མོལ་ཞེས་པའི་མིང་དེ་བརྗེས་ཚོད་རེད་འདུག ང་ཚོ་ཕྱི་དྲན་གྱི་མགོ་ལ་འཐམ་ནས་ཡང་བསྐྱར་རང་བཙན་གཙང་མ་ཞེས་གླེང་དགོས་འདུག
རྒན་ཚངས་དབྱངས་ལགས།
ཁྱེད་ཀྱི་གནས་ཚུལ་འདིའི་ཁུངས་དེ་པེ་ཅིང་གི་གྲོགས་པོ་དེ་ཡིན་ནམ།
སྐུ་སྒེར་དྲུང་ཆེས་གསུངས་ན། གནས་ཚུལ་འདི་བདེན་པ་མ་རེད་ཟེར། ལྷག་པར་དུ་གནས་སྐབས་ལ། འདིའི་སྐོརལ་གྲ་སྒྲིག་དང་འཆར་གཞི་སོགས་ཡོད་མ་རེད་ཟེར།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ཉིད་ཀྱི་གློག་ཡིག་དུས་ལྟར་འབྱོར་བས་དགའ་བོ་བྱུང་། ད་ནི་གཡག་ལྟོགས་ཀྱིས་རྩ་ཟ་བ་བཞིན་རྔམ་ཀློག་བྱེད་ཅིང་མཆིས། རྗེས་ཕྱོགས་ཁོམ་པ་ཡོད་ན་མཁས་དབང་པདྨ་འབུམ་གྱི་རྩོམ་འདི་འདྲའི་རིགས་མཚམས་སྦྱོར་བྱེད་རོགས་ཞུ། ཉིད་ཀྱིས་རོགས་རམ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ།
སྐབས་རེར་པེ་ཅིན་གཞུང་གི་གསང་བ་ཁ་ཤས་གོ་བཞིན་ཡོད་ཚོད་འདུག ཡིན་ནའང་། ད་ཐེངས་འཐབ་ཕྱོགས་གཅིག་གྱུར་པུའུ་བྲེལ་ཟིང་ཆེ་བ་ཙམ་གྱིས་སྐུ་ཚབ་ཕེབས་པའི་ངེས་པ་མེད་མོད། སྐུ་ཚབ་རྣམ་པསཕུལ་བའི་ཡིག་ཆ་ཁག་ལ་གཟབ་ནན་གྱིས་སློབ་སྦྱོང་དང་། དཔོན་རིགས་ཚོའི་བར་བསམ་བློ་བརྗེ་རེས་ཀྱིས་བོད་ཡོངས་རྫོགས་རང་སྐྱོང་གཙང་མ་ཞིག་སྟེར་བར་བསམ་བློ་རེ་ཟུང་གཏོང་གི་ལོས་ཡོད། ང་ཚོ་བོད་ཀྱི་བསོད་ནམས་དབང་ཐང་ཡར་འགྲོའི་སྐབས་ཡིན་པས་དོན་འབྲས་བཟང་པོ་རེ་ཟུང་སྨིན་བཞིན་པ་མངོན་གསལ་དོད་པོ་ཡིན།།
རིག་འབྱུང་ལགས
གྲོགས་པོས་གང་བཤད་པ་འདི་བཀོད་ཡོད། ཁོང་པེ་ཅིང་ལ་ཡོད། བདེན་མི་བདེན་ངས་ཀྱང་མི་ཤེས།
བོད་རེ་བས་ཕོངས་
ངས་རྟགས་གསལ་ཞིག་གཏོང་ཨེ་ཤེས་ལྟ་ཡ། ཁྱེད་ཚོས་གསོན་ཨང་། འཐབ་ཕྱོགས་གཅིག་གྱུར་ཁོམ་གི་མེད་ན། བོད་རྒྱ་གྲོས་མོལ་གྱི་ཆེད་ཡིན་པས་མ་ཁྱབ་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ཡིན་ན། བོད་རྒྱ་གྲོས་མོལ་ཁོ་ན་ཡིན་པས་མ་ཁྱབ་པས་ཕྱིར་ཕྱིར་ཕྱིར་་་་་་་་་་་་་་་་་་་་་་ཨ་ལ་རྩེད་མོ་ཡིན།