འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་འདི་ཉིད་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་གསར་དུ་དབུ་བརྙེས་ཏེ་མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འདི་ཟླའི་ཚེས་ ༢༣ ཉིན་རྡ་ས་དབུས་སྨན་རྩིས་ཁང་ཚོགས་ཁང་ཆེན་མོའི་ནང་སྲུང་བརྩི་བྱས་འདུག་པར། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་དང་རྒྱ་གར་གྲོས་ཚོགས་འཐུས་མི། དེ་བཞིན་སྨན་རྩིས་ཁང་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་ ༥༠༠ ལྷག་མཉམ་འཛོམས་བྱུང་ཡོད་འདུག
པར་ཡོང་ཁུངས། www.tibet.net photos/ Jigme Tsering, Audi-visual, DIIR.
ཕྱི་ལོ་ ༡༩༦༢ ནས་ ༢༠༡༡ བར་གྱི་སྨན་སློབ་སྐབས་བཞི་པ་དང་རྩིས་སློབ་སྐབས་བདུན་པ་བར་སྨན་པ་ ༢༤༣ དང་རྩིས་པ་ ༤༧ ། ཧི་མི་ལ་ཡའི་སྨན་པ་ ༡༦། རྩིས་པ་ ༡ བཅས་སློབ་ཐོན་བྱུང་ཡོད། ད་ཆར་སྨན་རྩིས་ཁང་དུ་སློབ་མ་ ༥༡ དང་། དབུས་ས་གཉིས་སུ་ལས་བྱེད་ ༣༩༩ ། སྨན་པ་ ༡༢༥ བཅས་ཡོད། ཅེས་དང་།
སྨན་རྩིས་ཁང་གི་ངེས་སྟོན་པ་སྨན་རམས་པ་རྟ་མགྲིན་ལགས་གྱིས་ལས་སྡོམ་སྙན་སྒྲོན་ཞུས་པར། སྨན་རྩིས་ཁང་ནི་ ༡༩༦༡ ལོར་གསར་དུ་དབུ་བརྙེས་ཤིང་། ལོ་དེར་༧གོང་ས་མཆོག་གི་ལམ་སྟོན་ལྟར་ཆོས་དོན་ལྷན་ཁང་གིས་བཀོལ་མངགས་འོག སྨན་པ་ཡེ་ཤེས་དོན་ལྡན་དང་དུས་འཁོར་བ་བློ་གྲོས་རྒྱ་མཚོ་གཉིས་ཀྱིས་གཙོ་འགན་འཁུར་ཏེ། བཙན་བྱོལ་ནང་གི་སྨན་རྩིས་གཉིས་ཀྱི་བསྟན་པའི་མེ་རོ་གསོ་ཐུབ་བྱུང་བ་རེད། ཅེས་དང་།
སྨན་བཅོས་ལག་རྩལ་སྐོར་ལ། ཕྱི་ལུགས་ཀྱིས་བཅོས་དཀའ་བའི་ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞིར་ཞིབ་འཇུག་ཐེངས་གཉིས་བྱས་སྟབས། བོད་སྨན་གྱིས་ཁྲག་རླུང་ནུས་པའི་འཕར་ཚད་འགོག་པ་དང་། འགའ་ཞིག་ལ་ཁྲག་རླུང་ཚད་གཞི་གཅོག་ཐུབ་པའི་ནུས་པ་ཐོན་ཡོད། ཅེས་དང་། གཅིན་སྙིའི་ནད་གཞིར་ཉམས་ཞིབ་ཐེངས་གཅིག་བྱས་སྟབས་བོད་སྨན་གྱིས་ཟུངས་ཁྲག་ནང་མངར་ཆ་འདྲེས་མི་ཐུབ་པར་བཀག་འགོག་དང་། མཆིན་ནད་དུག་ཐབས་ལ་ཉམས་ཞིབ་ཐེངས་གཉིས་བྱས་ཏེ། བོད་སྨན་གྱིས་མཆིན་པའི་ནུས་པ་གསོ་ཐུབ་པ་དང་ནད་འབུ་འཕར་ཚད་འགོག་ཐུབ་པའི་ནུས་པ་ཐོན་ཡོད། མ་འོངས་པར་ཡང་འབྲས་ནད་དང་གཉན་ནད་རེག་དུག དེ་བཞིན་དབུགས་བསགས་ཀྱི་ནད་གཞིའི་ཐོག་ཉམས་ཞིབ་བྱ་འཆར་ཡོད། ཅེས་ངོ་སྤྲོད་གནང་འདུག
པར་ཡོང་ཁུངས། www.tibet.net photos/ Jigme Tsering, Audi-visual, DIIR.
ཉེ་ཆར་རྒྱ་གར་གཞུང་གིས་བོད་ཀྱི་གསོ་རིག་འདི་སྨན་གྱི་རིག་གནས་གྲས་སུ་ཁྲིམས་མཐུན་ངོས་ལེན་བྱུང་བ་དེས། ང་ཚོར་མ་འོངས་པར་བྱ་རྒྱུའི་རྣམ་གྲངས་མང་དུ་སོང་བ་དང་བྱེད་ཕྱོགས་བདེ་རུ་ཕྱིན་ཡོད། བཙན་བྱོལ་སྤྱི་ཚོགས་ངོས་ནས་རྡ་ས་སྨན་རྩིས་ཁང་ལ་རེ་བ་ཆེན་པོ་རྒྱག་བཞིན་ཡོད་དུས། རེ་བ་དེ་དག་བསྐང་ཆེད་ད་ལྟ་ལས་སྡོམ་ནང་གསུངས་པ་བཞིན། ཟླ་ཤས་གོང་བཀའ་ཤག་གིས་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་ཏེ། ཤེས་ཡོན་དང་འཛིན་སྐྱོང་ལས་དོན་ཐོག་ལེགས་ཉེས་ག་རེ་ཡོད་མེད་དང་དེང་ཕྱིན་ག་རེ་བསྒྲུབ་དགོས་མིན་ཐོག་ཞིབ་ཚགས་སུ་བཏོན་ཡོད་སྟབས། མཛད་གཙོ་རྣམ་པས་ཐུགས་འཁུར་ཆེ་བཞེས་ཀྱིས་མཉམ་རུབ་བྱ་རྒྱུའི་རེ་བ་ཡོད། ཅེས་དང་།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བར། སྤྱིར་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་ཧ་ཅང་རྒྱ་ཆེན་པོ་ཡིན་ལ། བོད་ཀྱི་གསོ་རིག་དང་རྒྱ་གར་གྱི་ཚེ་རིག་བྱེད། བོད་ཀྱི་གསོ་རིག་དང་དེང་རབས་སྨན་གཞུང་བར་མཚུངས་བསྡུར་དང་ཉམས་ཞིབ་ཐོག་ད་དུང་གསར་གཏོད་ཀྱི་གོ་སྐབས་མང་པོ་ཞིག་ཡོད། གོ་སྐབས་ཆ་ཚང་ལེན་རྒྱུར་བཙན་བྱོལ་སྤྱི་ཚོགས་ནང་རྡ་ས་སྨན་རྩིས་ཁང་འདི་སྒྲིག་འཛུགས་གལ་ཆེན་ཞིག་ཆགས་ཡོད། ཅེས་དང་།
དེ་རིང་མངའ་སྡེ་བློན་ཆེན་འདིར་ཕེབས་པ་དེ་བློ་སྤོབས་པ་སྐྱེས་གཞི་ཞིག་རེད། དེང་ཕྱིན་མངའ་སྡེ་གཞུང་དང་སྨན་རྩིས་ཁང་གཉིས་ཀྱིས་ལས་དོན་མང་པོའི་ཐོག་མཉམ་ལས་བྱ་ཐུབ་པ་དང་། ལྷག་དོན་དུ། སྟོང་ལ་ཉེ་བའི་སྔོ་སྨན་རིགས་ཇི་ལྟར་སྲུང་སྐྱོབ་བྱ་རྒྱུའི་ཐོག མངའ་སྡེ་གཞུང་དང་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱིས་འགན་འཁུར་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་འདུག
པར་ཡོང་ཁུངས། www.tibet.net photos/ Jigme Tsering, Audi-visual, DIIR.
སྨན་པ་སྒེར་བ་ཚོས་ཚ་གྲང་གི་དབྱེ་བ་འབྱེད་ཤེས་པ་ཙམ་གྱིས་ནད་པར་ཚ་བ་འདུག་ལབ་སྟེ་བསིལ་སྨན་ཏོག་ཙམ་སྤྲད། གྲང་བའི་ན་ཚ་འདུག་ཟེར་ནས་སྨན་ཚ་བའི་རིགས་ཏོག་ཙམ་སྤྲད་ན་རྩ་བ་ནས་འདང་གི་ཡོད་མ་རེད། སོ་སོས་གཞུང་ནས་ཤེས་པ་དེ་ཉམས་མྱོང་དང་སྦྲགས་ཏེ་དོན་ཕན་ལྡན་པའི་ལག་ལེན་དུ་འཁེལ་དགོས་པ་རེད། སྔོན་མ་སྨན་པ་ཡེ་ཤེས་དོན་ལྡན་གྱིས་བོད་ས་མཐོར་ཟ་རྒྱུའི་སྨན་སྣ་ཁག་ཅིག་རྒྱ་གར་ཚ་བའི་ལུང་པར་འཕྲོད་ཀྱི་མི་འདུག་ཟེར་བ་དེ་ཚོ་བདེན་པ་རེད། ཡུལ་གྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད་སྟབས། དེ་སྔ་བོད་དུ་ཡོད་སྐབས་ཀྱི་འགྲོ་ལུགས་ལྟར་སོང་ན། དཔེ་ཆའི་ནང་རན་དང་མ་རན་བཤད་ཡོད་པ་མ་རེད། ཉམས་མྱོང་ཐོག་ལག་ལེན་ཇི་ལྟར་བསྟར་དགོས་མིན་ཐད་མུ་མཐུད་ཡར་རྒྱས་སུ་གཏོང་དགོས་པ་རེད། ཅེས་དང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་༧ གོང་ས་མཆོག་གིས་བཀའ་སློབ་གནང་དོན། ལས་སྡོམ་ནང་བཀོད་པ་བཞིན་འདས་པའི་ལོ་ལྔ་བཅུའི་ནང་གང་འཚམས་ཀྱི་གྲུབ་འབྲས་ཐོན་ཡོད་པ་གསལ་པོ་རེད། ང་ཚོས་གྲུབ་འབྲས་ཐོན་པ་དེར་ཆོག་ཤེས་བྱས་ན་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་རེད། ངོས་ལ་མཚོན་ནའང་། ཆོས་ཉམས་ལེན་བྱས་ནས་གོ་རྟོགས་ཕྲན་བུ་བྱུང་ཡོད་པ་དེར་ཆོག་ཤེས་བྱས་ཏེ་བསྡད་ན། ས་ལམ་གྱི་རྟོགས་པ་བརྙེས་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། དཔེ་དེ་བཞིན་ལས་ཀ་ཅི་ཞིག་བྱས་ཀྱང་། ཆོག་ཤེས་བྱས་བསྡད་ན་ཡར་རྒྱས་འགྲོ་རྒྱུ་ཡོད་པ་མ་རེད། ཡུལ་དུས་དང་མཐུན་པར་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་དགོས། ཞེས་དང་།
པར་ཡོང་ཁུངས། www.tibet.net photos/ Jigme Tsering, Audi-visual, DIIR.
བོད་ཀྱི་སྨན་པ་ཚོས་བོད་ཕྱི་ནང་དང་རྒྱལ་སྤྱིའི་སྨན་པ་ཚོར་འབྲེལ་ལམ་ཡར་རྒྱས་གཏོང་དགོས་དོན་སྐོར་ལ། ལྡི་ལིའི་སྨན་ཁང་ཁ་ཤས་སུ་དེང་དུས་སྨན་གྱིས་དྲག་སྐྱེད་མ་བྱུང་པའི་ན་ཚའི་རིགས་ལ་སྨན་པ་ཚོས་བོད་སྨན་ཟ་རོགས་ཞེས་བཤད་ཀྱིན་ཡོད་འདུག དེའི་སྟབས་ཀྱིས་རིམ་བཞིན་ང་ཚོས་རྒྱ་གར་སྨན་ཁང་ཆེ་ཁག་ཏུ། བོད་སྨན་གྱི་སྡེ་ཚན་ཟུར་འཛུགས་ཐུབ་རྒྱུར་ཤུགས་རྒྱག་དགོས། དེ་ལྟར་མ་བྱུང་ཡང་བོད་སྨན་ཤེས་མཁན་ཞིག་གིས་རྩ་དང་ཆུ་རྟགས་སོགས་ལ་བལྟས་ཏེ་སྨན་བཅོས་བྱ་ཐུབ་ན་ཕན་ཐོགས་ཡོང་གི་རེད། ཅེས་དང་། རྒྱ་གར་ལ་ཆ་བཞག་ན་བོད་སྨན་ཁྲིམས་མཐུན་ངོས་ལེན་ཡོད་པ་ཞིག་ཆགས་ཡོད་དུས། རྒྱའི་གནའ་རབས་སྨན་བཅོས་བྱ་སྟངས་དེ་ཐེ་ཝན་སོགས་རང་དབང་ལུང་པར་ཡོད། ཁོང་ཚོར་འབྲེལ་བ་བྱ་རྒྱུའི་གོ་སྐབས་ཡོད་པས་དེ་ཚོར་འབྲེལ་བ་བྱ་དགོས། ཁྱད་པར་དུ་བོད་ནང་དུ་གསོ་བ་རིག་པའི་མཁས་པ་དེ་འདྲ་ཡོང་གིན་འདུག་ལ། དེ་ཚོས་བོད་ཀྱི་གསོ་བ་རིག་པའི་ཐོག་སྨན་སྦྱོར་གང་འཚམ་བྱས་ཡོད་འདུག སྟབས་བདེ་བོ་ཡོད་ན་ཁོང་ཚོ་ཚུར་སྐད་བཏང་སྟེ་གོ་བསྡུར་བྱ་རྒྱུ་དང་། ཕར་སོང་སྟེ་ཉམས་མྱོང་བརྗེ་རེས་བྱ་ཐུབ་ན་ཡག་པོ་ཡོད། དེའི་ཐོག་ང་ཚོས་འབད་བརྩོན་བྱ་དགོས་ཀྱི་འདུག ཅེས་གསུངས་འདུག
སྨན་རྩིས་ཁང་གིས་བོད་ལུགས་སྨན་སྦྱོར་ཐོག་སྔར་ལས་ཤུགས་སྣོན་རྒྱག་དགོས་དོན་སྐོར་ལ། ཁྱེད་ཚོས་སྔོན་ལ་བོད་རང་ཉིད་ཀྱི་གསོ་རིག་ཐོག་སློབ་སྦྱོང་བྱས་ཏེ། གཞི་རྩ་ཞིག་ཡོད་པ་དེའི་སྟེང་ས་གནས་ཁག་ཏུ་དམིགས་བསལ་ཉམས་མྱོང་བྱུང་བ་རྣམས་ཕྱོགས་སྡོམ་བྱ་དགོས་པ་རེད། ནད་མི་འདྲ་བ་ཡོང་བའི་སྐབས་ལ་ནད་དེར་སྨན་འདི་ཕན་སོང་། དེ་ཕན་མ་སོང་ཞེས་ཡིག་ཐོག་ཏུ་ཕབ་ཐུབ་པ་ཞིག་དགོས། དེ་སོ་སོ་གཅིག་པུས་ཤེས་ན་འགྲིག་གི་ཡོད་པ་མ་རེད། འདི་སྒྲིག་འཛུགས་ཤིག་ཆགས་ཡོད་དུས་སོ་སོར་ཉམས་མྱོང་གང་འཚམ་རེ་བྱུང་ན། སྒྲིག་འཛུགས་ལ་ཕན་པ་ཞིག་དང་བགོ་བཤའ་རྒྱག་རྒྱུ་གལ་ཆེན་རེད། དེང་སང་རིགས་ཁ་ཤས་ཀྱིས་ན་ཚ་ལ་སྨན་འདི་འདྲ་ཞིག་དགོས་ཀྱང་སྨན་རྩིས་ཁང་ལ་ཡོད་པ་མ་རེད་ཟེར་གྱི་འདུག དེ་ནི་ཞབས་འདྲེན་ཆགས་པ་རེད། ང་ཚོས་འདང་ངེས་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས་ཀྱི་ཡོད། ཅེས་དང་།
བོད་ཀྱི་དུས་བབ་ནས་བཏུས།
སྨན་ནི། རྒྱུ་ནོར་ཀྱི་ཆེད་དང་། ནད་གསོ་བའི་ཕྱིར་ཡིན་ནམ། ཕྱི་མ་མེད་པར་སྔ་མ་འདོད་ཕྱིན། རང་གཞན་གཉིས་ཕུང་རེད།
བྱམས་དང་སྙིང་རྗེས་ནད་པ་གསོ་བར་སྨན་པ་ལྟ་བུའི་སེམས་བསྐྱེད་དང་།
སྨན་དང་རྒྱུ་ནོར་བརྗེ་བའི་གཡོ་ཅན་བསམ་པ་རིང་དུ་ལེགས་དོར་ནས།
ཉམས་དག་འགྲོ་ལ་བདེ་བའི་འཚོ་བ་སྦྱིན་པའི་འཚོ་བྱེད་དམ་པའི་དཔུང་།
གཡུ་ཐོག་མགོན་པོའི་རྣམ་ཐར་སྒྲུབ་པའི་སྨན་པའི་རྒྱལ་པོ་རྣམས་ལ་གུས།།
རྩོམ་སྒྲིག་པ་རྡོར་དབང་ལགས།
གནམ་ལོ་ཡག་གིས་ཉིད་རང་༼ རིན་པོ་ཆེ ༽རེད་ཅེས་བསྙོན་འཛུགས་བྱས་པ། ཁྱེད་ནས་མིན་ཞེས་ལབ་པས་མ་ཆོག ངེད་ཀྱི་སྐོར་ཕྱིར་བཏོན་བྱེད་རྒྱུའི་དབང་ཚད་སུས་གནང་བ་རེད་དམ། ཁྱེད་ནས་མཆན་ལ་བསྐྱར་ཞིབ་བྱས་རྗེས་གལ་སྲིད་ཀེ་ཏ་ཀ་ནང་ལྟར་དཀྲུག་ཤིང་རྒྱབ་པའི་ཚིག་གཅིག་ཡོད་ན། ཁྱེད་ལ་ཅི་ཁག འོན་ཀྱང་ཁྱེད་རང་དེ་ལྟར་ཞུམ་འདར་དགོས་དོན་མི་འདུག་ཅེས་ཞུ་རྒྱུ་ཡིན།
བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་པ་ནས་ད་བར་ཁ་ཡོད་ལག་ཡོད་ཀྱི་བོད་མིས་གཙོས་འགྲོ་བ་ནད་ཀྱི་གནར་བ་རྣམས་ལ་ཕན་པ་ཆེན་པོ་བྱུང་ཡོད་པ་སྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་རིན་ཆེན་རིལ་བུ་དཀོན་པོ་ཞེ་དྲག་འདུག་པས། སྨན་རྩིས་ཁང་ནས་རིན་ཆེན་རིལ་བུ་མང་པོ་བཟོ་ཐུབ་ཀྱི་མེད་པ་ཡིན་ནམ་ཡང་ན་མ་བཟོས་པ་ཡིན་? ཐུགས་རྗེ་གཟིགས་སྨན་རྩིས་ཁང་གི་དབུ་ལས་ཞིག་ནས་འགྲེལ་བཤད་ཤིག་ཡོང་བ་ཞུ།
དུག་ཡོད་ན། སྨན་ཡོད་པས་ཁྱབ་པ་དང་། སྨན་པར་བརྩེ་སེམས་ཡོད་ན། སྨན་གྱིས་ཀྱང་ཕན་ཆེ་བ་གགུང་ནས་ཙམ་མིན་པར། བོད་པའི་ཁ྄རྒྱུན་ལ་ཡང་ཡོད་རེད།
ཕྱི་རྒྱལ་ཨིན་སྐད་ཁ་དཔེ་ནང་ལ། སྨན་པའི་མི་ཚེ་ནི། རང་གི་མི་ཚེ་མ་རེད་ཅེས་པ་དང་། བོད་པའི་གཏམ་དཔེར། མི་བསད་པའི་ལག་པ་འཁྱེར་ཤོག ལབ་ན། སྨན་པའི་ལག་པ་སྤྲོད་དགོས། ཞེས་ཤོད་སྲོལ་ཡང་ཡོད་རེད་འདའ།
སངས་རྒྱས་སྨན་བླས་བྱིན་གྱིས་རློབས་ཤིག །
བཀྲ་མ་ཤིས་པ་ངས་གོ་ཐོས་ལ། ལོ་སྔོན་མའི་ནང་ལྷོ་ཕྱོགས་ནས་གྲྭ་བ་ཞིག་རྡ་སར་ཕེབས་ཡོད་ཅིང་། ཁོང་གི་ཨ་མ་ལོ་རྒན་བདུན་ཅུ་སོན་པ་ཞིག་བོད་དུ་ཡོད་པ་དེ་ཕོ་ནད་ཀྱིས་མནར་འཚབ་ཆེ་བས། ཁོང་སྨན་རྩིས་ཁོང་དུ་ཕེབས་ནས་བཙོ་བཀྲུ་ཟླ་ཤེལ་ཉོ་སྐབས་རིན་བུ་གྲངས་ལྔ་ལས་བཙོང་མི་འདུག ཁོང་ཡིད་མུག་བཞིན་ཡོད་པའི་སྐབས་དེར་ཕོ་གསར་ཞིག་ལ་རིན་བུ་འདྲ་མིན་སྒམ་བཅུ་བཙོང་བ་མཐོང་བ་དང་སྨན་ཁང་དུ་སོང་ནས་སྨན་པ་རྣམས་སྐད་བཏང་ནས་ཁ་རྩོད་བྱས་འདུག
འདི་ཐམས་ཅད་བདེན་པ་རང་ཡིན། སོང་ཙང་མི་སུ་ལ་ཡིད་ཆེས་མེད་པ་ཞིག་ཆགས་རྒྱུ་འདུག
དེང་སང་ནི་སྨན་པ་ནི་ཚོང་པ་ཆེ་ཤོས་ཨང་དང་པོ་དེ་རེད།
ཚོང་དེ་ལ་ནམ་ཡང་གུན་ཕོག་མི་སྲིད་པ་རེད།
ཕལ་ཆེར་སྨན་དེ་རིགས་མི་བཙོང་པའི་རྒྱུ་མཚན་ནི།
ཕྱི་རྒྱལ་ལ་བཙོང་ན་ཨ་སྒོར་དང་ཡུ་སྒོར་ཐོབ་ཀྱི་ཡོད།
དེས་ན་རྒྱ་དཀར་ནག་གི་སྒོར་མོ་ནི་ཤུགས་ཆུང་ཆུང་རེད།
ཨ་ཁ་ཤ་ཚ་གྲྭ་བ་གྲྭ་རྐྱང།
དེང་སང་གི་བོད་པའི་ཨེམ་རྗེ་ནི་སྔར་ལྟར་བསྡད་མེད།
ཚོང་དཔོན་ཆགས་ཡོད།
སྨན་རྩིས་ཁང་ནི་ཡོང་སྒོ་ཆེ་ཤོས་ཆགས་པར་གོ་ཐོས་བྱུང།
བོད་ལྷ་རྗེ་ལ་དག་སྣང་སྒོམ་རྒྱུ་དཀའ་གི་ཡ།
ལ་སྟོད་བུ་ལགས། ཁྱེད་རང་གིས་དེང་སང་གི་སྨན་པ་སྔོན་མ་ལྟར་བསྡད་མེད་སྐོར་བྲིས་འདུག་པར་བློ་ཕམ་བྱུང། ཕྲན་རང་དེ་ལྟར་མིན་པ་ཤོག གཅིག་བྱས་ན་ཁྱེད་རང་གི་སྐད་ཆ་དེ་ཐལ་ཆ་ཆེ་རང་དྲག་མིན་འགྲོ།
བོད་ཀྱི་གསོ་བ་རིག་པའི་སྨན་པ་ཞིག་བྱེད་པར་ངེས་པར་དུ་རྒྱུ་དྲུག་ཚང་དགོས། དེ་དག་ནི། རྒྱུད་ལས། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང། །དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག ཅེས་གསུངས་ཡོད།
ཡང་ཚོང་དཔོན་ཆགས་ཡོད་སྐོར་གསུངས་ཡོད། དེ་འདྲ་གསུངས་ན་ཧམ་བཤད་རང་རེད། མདོར་ན་ཀློག་པ་པོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། མི་བརྒྱའི་ནང་མ་རབས་གཅིག་ཡོད་སྲིད། གལ་སྲིད་ཁྱེད་ཉིད་ཀྱིས་དེ་ལྟར་གཟིགས་ཀྱི་ཡོད་ན། ཐད་ཀར་མིང་འདོན་གནང་སྟེ། སྨན་པའི་མིང་ལ་འདི་དང་འདི། ཚོང་གང་འདྲ་རྒྱག་སྐོར་བོད་གཞུང་དབུས་སྨན་རྩིས་ཁང་ལ་ལག་བྲིས་ཀྱི་སྙན་ཞུ་འབུལ་ན་སྤྱིར་བོད་ཀྱི་གསོ་བ་རིག་པའི་མ་འོངས་པར་ཕན་པ་མ་ཟད་བྱེ་བྲག་ཁྱེད་ཉིད་ནི་དངོས་འབྲེལ་གྱི་ལྷག་བསམ་དང་སྙིང་སྟོབས་ལྡན་པར་གུས་བརྩི་ཞུ། དེ་མིན་ཁུངས་མེད་གཏམ་འཆལ་ལ་རིགས་ལ་མ་གཡེང་བར་བློ་གཟུ་བོར་གནས་ཏེ་ཁ་བརྡ་དྲྭ་རྒྱའི་ཟིན་བྲིས་བཏབ་སར་ཕེབས་ན་དགའ་བསུ་ཞུ།
ཨ་ཕོ་མཐུ་ཆེན་ལགས།
ཚོང་མ་རྒྱབ་ན་སྨན་རྩིས་ཁང་ལ་ཡོང་སྒོ་ཆེ་ཤོས་ག་འདྲ་བྱེད་དེ་བྱུང་བ་རེད་དམ།
ཞལ་འདེབས་རྐྱང་རྐྱང་རེད་དམ།
ཚོང་རྒྱབ་མཁན་ལ་ཚོང་དཔོན་དང་ཚོང་པ་བཤད་ཆོག
འདི་ནི་སྐུར་འདེབས་དང་ཧམ་བཤད་གང་ཡང་མིན།
ཡུལ་གྲུ་ཀུན་ཏུ་སྨན་ཚོང་བྱེད་པ་ལས་སྨན་རིན་མེད་པར་སྤྲོད་པ་ཆེས་དམིགས་བསལ་བ་རེ་འགར་ཕུད་དེ་མིན་སྨན་རིན་སྤྲོད་དགོས་ངེས་རེད།
ངས་སྨན་པ་འདི་དང་འདི་ཞེས་ངོས་བཟུང་མི་དགོས།
དེ་ལྟར་ན་རྡ་སར་རྐུན་ཇག་མང་དུ་འགྲོ་གི་འདུག་དེ་ཚོ་མང་ཆེ་བ་གསར་དུ་འབྱོར་དེ་སློབ་གྲའི་ཁུངས་མ་ཁྱོལ་བ་དེ་འདྲའི་རིགས་རེད་ཅེས་ཁ་སྔོན་གསར་ཤོག་གི་སྟེང་བཀོད་འདུག
དེས་ན་དེ་ཚོ་སུ་དང་སུ་རེད་ཅེས་ཤོད་ཐུབ་བམ།
སྔོན་མ་ཡིན་ན་བོད་ཀྱི་ལྷ་རྗེ་དེ་རིགས་ནད་པའི་སར་ཕར་སོང་ནས་དཔྱད་པ་བྱེད་པ་དང་སྨན་རིན་ཀྱང་འདི་ཞེས་སྤྲོད་དགོས་པ་དེ་འདྲ་མེད།
ད་ལྟ་སྨན་པ་ནད་པའི་སར་ཕར་སོང་བ་འདུག་གམ།
ནད་བརྟག་དཔྱད་བྱེད་པར་རིན་པ་སྤྲོད་མི་དགོས་པ་སུ་འདུག
ཡིན་ནའང་ཁྱེད་རང་སྨན་པ་ཡིན་པ་དང་ནད་པའི་སར་པང་ཕེབས་ཏེ་ནད་བརྟག་དཔྱད་དང་སྨན་རིན་སོགས་སྦྱིན་པ་གཏོང་རྐྱང་བྱེད་མཁན་ཞིག་ཡིན་ཚེ་དེ་ནི་དམིགས་བསལ་གྱི་སྨན་པ་ཞིག་དང་གཡུ་ཐོག་གི་སྤྲུལ་པ་ཞིག་ཏུ་ངོས་བཟུང་ཆོག
དེ་མིན་ངས་བཤད་པ་དེ་ལས་ཕྱིར་འཐེན་བྱེད་དཀའོ།
སྨན་རྩིས་ཁང་གི་ལས་བྱེད་གཅིག་གིས། རིན་ཆེན་རིལ་བུ་རྫུན་མ་བཟོས་ནས། བཙོང་པ་ཅིག ཕྱི་ལོ་༧༠།༨༠ནང་ལ་བྱུང་ཚར་བ་རེད། ང་ཚོས་རང་ཚོའི་སྐྱོན་ཡོད་ཚད་སྦས་ནས། རྒྱ་མིར་ཁ་གཏད་བཅོག་འདོད་ནོར་བ་ཆེན་པོ་རེད་དོ། །
གོང་དུ་དྲ་གྲོགས་རིན་པོ་ཆེ་ནས་ལབ་པ་བདེན་པ་རེད། དེ་རྩོམ་སྒྲིག་པ་རྡོར་དབང་ལགས་ཀྱི་དབང་ཚད་ལས་བརྒལ་འདུག་སྙམ། ག་དུས་ཡིན་ཡང་དྲང་པོ་བྱེད་རྒྱུ་ཁྱེད་རྩོམ་སྒྲིག་པ་ཚོའི་ཤེས་དགོས་པའི་གནད་དོན་ཞིག་རེད། དེ་མིན་ལུང་ཚན་འཐེན་འཁྱེར་དང་སོ་སོའི་མིང་ཙམ་ལ་བསམ་བློ་བཏང་ན་ཐབས་སྐྱོ་བོ་རེད། ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན།
བོད་གཞུང་སྨན་རྩིས་ཁང་ནི་བཙན་བྱོལ་ནང་གི་རིག་གཞུང་ཚོགས་པ་ཆེས་གལ་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ད་ཕན་གྱི་གྲུབ་འབྲས་ཀྱང་མིག་མཐོང་ལག་ཟིན་གྱིས་བཞག་ཡོད་པ་ཧ་ཅང་གསལ་པོ་འདུག་པས་དེ་རིང་ང་ཚོས་བཀྲ་ཤིས་བདེ་ལེགས་ཞུ་དགོས་པ་རེད། གོང་དུ་དྲ་འབུ་འགས་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་མི་ལྟ་བར་ཆོ་མེད་པའི་མཆན་བུ་འདེབས་རྐྱང་བྱེད་པ་ནི་བློ་ཕམ་པའི་རང་བཞིན་རེད།
བོད་གཞུང་སྨན་རྩིས་ཁང་གི་འབྱུང་འགྱུར་ལས་དོན་ཀུན་ཡར་ངོའི་ཟླ་བཞིན་གོང་འཕེལ་ཡོང་པའི་སྨོན་འདུན་ཞུ།
བོད་ཀྱི་གསོ་རིག་གི་གཞུང་འདི་ནི་རིག་གནས་བཅུའི་ནང་གི་ཁྱད་དུ་འཕགས་པ་དང་ལག་ལེན་དངོས་ཀྱི་ཁྲོད་དུ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོད་ངེས་པ་ཞིག་ཡིན་པས། བོད་གཞུང་དང་སྨན་རྩིས་ཁང་གཉིས་ཀྱིས་ངེས་པར་དུ་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་བ་ཞིག་གསར་བཏོད་བྱེད་པ་དང་གནའ་དེང་ཟུང་འབྲེལ་གྱི་ཞིབ་འཇུག་གི་ཐབས་ལམ་གྱི་ཐོག་ནས་ཡར་རྒྱས་དང་གོང་འཕེལ་དུ་གཏོང་དགོས་པར་མ་ཟད། འཛམ་གླིང་གི་གཞུང་སྒེར་ཚོགས་པ་ཚང་མས་ཀྱང་བོད་ཀྱི་གསོ་རིག་གི་གཞུང་ལ་རྒྱབ་སྐྱོར་དང་འཕྱར་གྲུ་མཉམ་འདེགས་ཀྱི་རོགས་རམ་གནང་བར་ཞུ།
ཨ་ཕོ་མཐུ་ཆེན་ལགས། ཁྱེད་སྨན་པ་ཡིན་ན་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་དཀོན་པོ་ཡོད་པ་དང་མི་དམངས་ལ་རིན་ཆེན་རིལ་བུ་ཚོང་གཏང་སྐོར་ལ་སྨན་རྩིས་ཁང་གི་སྒྲིག་གཞི་དམིགས་གསལ་འདྲ་ཡོད་དམ། གོང་གི་གནས་ཚུལ་གཉིས་པོ་དེར་འགྲེལ་བཤད་ཤིག་ཡོད་པ་ཞུ།
དེང་སང་ཕྱི་ལུགས་ཀྱི་སྨན་པ་མང་པོ་ཞིག་གི་དངུལ་གྱིས་ཆེད་དུ་མི་སྲོག་ལ་མ་ལྟོས་པར་ཤག་བཅོས་གང་དུ་བྱས་ནས་དགེ་ཕྲུག་ལ་སློབ་འཁྲིད་བྱས་ཏེ་སློབ་ཡོན་ལེན་པ་དང་ནད་པར་ཤག་བཅོས་བྱས་པའི་སྨན་ཡོན་ལེན་པ་ནད་ཁང་རྫ་དྲག་ཁང་དུ་བཞག་ནས་ཁང་གླ་ཆེན་པོ་ལེན་པ་སོགས་ཚོང་གི་ཆེད་དུ་ལས་ཀ་དེར་ལྟར་བྱེད་ཀྱི་ཡོད་པ་ངེད་རང་གི་མིག་མཐོང་ལག་ཟིན་བྱུང་། དེ་ཚོ་དེང་སང་གི་མི་སྲོག་གཅོད་མཁན་ནག་ཚོང་རུ་ཚོགས་སྡུག་ཤོས་དེ་རེད།
བོད་ལུགས་སྨན་པས་མ་རུང་བའི་ལས་དེ་ལྟར་བྱས་པའམ་དེ་དང་ཆ་འདྲ་བ་ཙམ་ཞིག་བྱས་པ་མཐོང་བ་ཕར་ཞག་མཐོས་ཀྱང་མ་མྱོང་། བོད་སྨན་སློབ་འཁྲིད་བྱེད་དུས་ནས་ནང་ཆོས་འབྲེལ་ནས་འཁྲིད་ཀྱི་ཡོད་དུས་ཕྱི་ལུགས་སྨན་པ་ལས་བོད་ལུགས་སྨན་པ་རྣམས་མི་སྲོག་ལ་གཅེས་སྐྱོང་བྱམས་སེམས་ཆེ་བ་ཡོད་པ་ཡིད་ཆེད་ཡོད།
འོན་ཀྱང་བོད་ལུགས་སྨན་པ་གསར་པ་འགའ་རེད་རང་གི་རྩ་ལྟས་ནས་ནད་ངོས་མ་ཟིན་སྐབས་ནད་པས་ཅི་ཟེར་ལ་ཉན་ནས་ཕལ་ཆེར་སྨན་དེས་ཕན་ཡོང་བསམ་ནས་ཚོད་ལྟའི་ཚུལ་དུ་སྨན་སྤྲད་མཁན་ཁ་ཤས་ཡོད་ཟོ་འདུག
ཨ་ཕོ་མཐུ་ཆེན་ལགས། བོད་ཀྱི་གསོ་བ་རིག་པའི་ སྨན་པ་ཞིག་བྱེད་པར་ངེས་པར་དུ་རྒྱུ་དྲུག་ཚང་དགོས་པ་གསུངས་ཡོད་ངེས་ཀྱང་། ཏག་ཏག་མ་བསྡད་དེ་འདྲ་མང་པོ་ཡོང་གི་ཡོད་པ་ནི་དངོས་པོའི་གནས་ཚུལ་རེད།
དཔེར་ན་ང་ཚོའི་སྤྱི་འཐུས་དང་བཀའ་བློན་སོགས་དམ་འབུལ་སྐབས་༸གོང་ས་ཆེན་པོའི་སྤྱན་མངའ་ལ་དམ་བཅའ་གང་བྱེད་ཀྱི་ཡོད་པ་མ་ཤེས་སམ།
ཡང་ན་ཁོ་ཚོའི་གདོང་རིས་ངོ་མ་མཐོང་ངམ།
ངས་ལྷོ་ཕྱོགས་ཀྱི་གྲྭ་བ་དེ་ལ་སྨན་འཚོང་བའི་མིག་དྲིས་ཡོད་ལ། ཧ་ཡང་གོ་ཡོད། འོན་ཏེ་ཁོང་གི་མཚན་སྙན་ལོ་རྒྱུས་ལ་གནོད་དོགས་ཀྱི་མིང་མ་བཀོད་པ་ཙམ་ཡིན།
གལ་སྲིད་ངས་མིང་བཀོད་ན་ཁྱོད་ལ་ཐག་གཅོད་ཐུབ་པའི་ནུས་པ་ཡོད་དམ།
རྩ་རྒྱུད་ནས་བཤད་པའི་རྒྱུ་དྲུག་འདི་སྐོར་བཤད་ན། དེང་འཛམ་གླིང་འདིའི་སྟེང་རྒྱུ་དྲུག་ཀ་ཚང་བའི་སྨན་པ་རྙེད་དཀའ་ཞིང་། དེའི་ཕྱེད་ཙམ་ཚང་བའི་སྨན་པ་ཡང་དཀོན་པར་སེམས། དུས་དེང་སང་ཐམས་ཅད་རང་དོན་ལ་གཞོལ་བའི་དུས་མིན་ནམ།
ངས་ལྷ་ས་སྨན་རྩིས་ཁང་གི་སྐུ་ཞབས་བྱམས་པ་འཕྲིན་ལས་མཆོག་དངོས་གནས་དྲན་གི
ཁོང་ནི་མཐོ་འགྲན་དམའ་གནོན་གྱི་ཕྲག་དོགས་དང་ང་རྒྱལ་མེད་པར་བོད་ས་མདོ་དབུས་ཁམས་གསུམ་ཡོངས་རྫོགས་ཀྱི་མཁས་དབང་སྨན་པ་གང་ན་སུ་ཡོད་རེས་སུ་མ་ཆད་པར་ལྷ་ས་སྨན་རྩིས་ཁང་དུ་གདན་ཞུ་བྱས་ཏེ་ཉམས་མྱོང་བརྗེ་རེས་དང་། གདམས་ངག་འཆད་སྤེལ་སོགས་ལས་དོན་བྱེད་ཕྱོགས་དགའ་འོས་པ་དེ་འདྲ་ཞིག་སྐུ་ཚེ་གང་པོར་རྒྱུན་འཁྱོངས་གནང་བཞིན་བཞུགས་པའི་ནུས་འཐུ་ལ་བརྟེན་ནས་བོད་ལྷ་ས་སྨན་རྩིས་ཁང་ནི་མིང་དོན་མཚུངས་པའི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་གྱི་ལྟེ་གནས་ཁང་ཚད་ལྡན་ཞིག་ཏུ་གྱུར་བ་རེད།
བོད་སྨན་གཞུང་གི་རང་ལུགས་ལྟར་ན་སྨན་པ་རབ་འབྲིང་མཐའ་གསུམ་ཡོད་པ་ལས་དེང་སང་གི་སྨན་པ་བརྒྱ་ཆ་དགུ་བཅུ་ལྷག་སྨན་པ་མཐའ་མའི་གྲལ་མཇུག་ན་ཡོད་པས། ཨ་ཕོ་མཐུ་ཆེན་གྱི་རྒྱུ་དྲུག་པོ་དེ་ཚང་ས་ཞིག་ཧ་ཅང་དཀོན་ནི་རེད།
ལས་རླུང་ལགས་དེ་འདྲ་མ་གསུང་ན་ལེགས།
ཨ་ཕོ་མཐུ་ཆེན་ཁ་སང་འདིར་སླེབ་ཙམ་བྱས་ཏེ་སྡིག་དམོད་དྲ་མ་ཞིག་བྱས་ཏེ་ཕེབས་སོང།
ད་གོ་དུས་ཁོང་དབེན་པའི་གནས་སུ་དྲ་འབུ་ནད་པ་ཚོར་མཐུ་བསྒྲུབ་ཀྱི་འདུག་ཟེར།
ཨ་ལགས་ཀུ་ཙེད་ཞུས་ཡིན་དྭ།
རྒྱུ་དྲུག་པོ་དེ་འཚོལ་བར་ཕེབས་པ་ཡིན་རྒྱུ་རེད།
དགོངས་སེལ་ཞུ། གནས་ཚུལ་གང་ཡིན་རུང་ཞིབ་འཇུག་གནང་གལ་ཆེ། ཞིབ་འཇུག་གནང་རྗེས་ཀྱི་སྐད་ཆ་དེར་གཞན་གྱིས་ཆ་འཇོག་བྱེད་ངེས། གྲོགས་པོ་རྣམ་པ་ཚོ།
མགོ་ནད་ཀྱི་རྒྱུ་རྐྱེན་དང་ནད་རྟགས།
རླུང་གིས་བསྐྱེད་པའི་མགོ་ནད།༼མགོ་རླུང་ཡང་ཟེར།༽
རྒྱུ་རྐྱེན། ཁ་ལ་རྩུབ་པའི་ཟས་བསྟེན་མང་བ། གཉིད་ཆག་པ། ག་ཆད་དུ་ངུ་མང་བ། སྨྲ་བརྗོད་མང་བ་སོགས་མདོར་ན་སེམས་ལས་ཏེ་ཀླད་པ་བཀོལ་མང་བ་དང་ལུས་ལ་དྲག་ཤུལ་གྱི་རྐྱེན་ཐེབས་ནས་བསླངས་པ་ཡིན།
ནད་རྟགས། སྟོང་སྐྱུགས་ལངས་པ། མུར་འགྲམ་ཟུག་པ། སོ་དང་སྨིན་མཚམས་ན་བ། མིག་མི་གསལ་བ། རྣ་བ་འུར་བ། དགུང་དང་ཐོ་རེངས་དུས་སུ་ལྡང་དུབ་ཡང་ཡང་བྱེད་པ། སྣུམ་དུགས་བྱས་བ་བདེ་སྙམ་བྱུང་བ། རྩ་ཆུ་ལའང་རླུང་རྟགས་ལྡན་པ་ཡིན།
མཁྲིས་པས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། མེ་དང་ཉི་མ་སོགས་ཀྱིས་གདུང་བ། ཆང་མང་དུ་བཏུང་བ། སྣུམ་བཅུད་ཅན་གྱི་བཟའ་བཏུང་ལོངས་སུ་སྤྱོད་མང་བ་བཅས་ཀྱིས་མཁྲིས་པར་གྱུར་བའི་མགོ་ནད་བསླང་བ་ཡིན།
ནད་རྟགས། མགོ་ནད་མཁྲིས་གྱུར་དེའི་རྟགས་ནི་རིམས་དང་འདྲ་བར་མགོ་ལུས་ཚ་བ་དང་ཁ་ཁ་བ། སྐྱུག་མེར་ལངས་པ། སྐབས་སུ་མཁྲིས་ཁུ་ཉུང་ཉུང་སྐྱུགས་པ། མགོ་བོར་ན་ཟུག་ཆེ་ཞིང་ཅུང་གྲང་ན་བདེ་སྙམ་བྱེད་པ་ཡིན།
ཁྲག་གིས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། མང་ཆེ་བ་ཤ་ཆང་སོགས་དྲོད་བཅུད་ལྡན་པའི་ཟས་སྐོམ་བསྟེན་མང་བས་ཁྲག་འཕེལ་བའམ་ཁྲག་རྒྱས་པའི་རྐྱེན་གྱིས་ཡིན།
ནད་རྟགས། ཨོལ་གོང་གཡས་གཡོན་གཉིས་རྒྱངས་ཤིང་ན་བ་དང་རོ་སྟོད་ཁེངས་པ། མུར་འགྲམ་འཁྱུག་ཅིང་གཟེར་བ། མགོ་བོ་ལྕི་འཐོམས་སུ་འགྱུར་ཞིང་མིག་སྤྲིན་དམར་བ། དྲག་ཤུལ་དང་ཉི་མའི་དྲོད་སོགས་ཚན་མོའི་རིགས་མི་བཟོད་པ། རྩ་ནི་འབུར་ལ་འདྲིལ་བར་འཕར་ཞིང་ཆུ་ལ་དམར་མདོག་འཆར་བ་བཅས་ཀྱི་རྟགས་ཡོད།
བད་མཁྲིས་ཀྱིས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། བཟའ་བཏུང་ལྕི་སྣུམ་རིགས་དང་སྤྱོད་ལམ་དྲག་ཤུལ་གྱི་རྐྱེན་གྱིས་བད་མཁྲིས་ལས་གྱུར་པའི་མགོ་ནད་འབྱུང་བ་ཡིན།
ནད་རྟགས། བད་མཁྲིས་ལས་བསྐྱེད་པའི་མགོ་ནད་དེ་ནི་བད་ཀན་གྱི་དབང་གིས་ཕོ་བ་མི་བདེ་བ། མཁྲིས་པའི་དབང་གིས་མེ་དང་ཉི་མས་དྲོད་ཚེ་གནོད་པ། སྐྱུག་མེར་ལངས་པ། གཡས་ཀྱི་རྩིབ་ངོས་དང་ཕྲག་རྒྱབ་ན་བ། ཁྱད་པར་དུ་མགོ་བོ་གཟེར་ནས་ན་བ་བཅས་ཀྱི་རྟགས་ཡོད།
བད་རླུང་གིས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། བཟའ་བཏུང་བཅུད་མེད་བསྟེན་པ། མ་གོམས་རུལ་སུངས་རིགས་སོགས་མདོར་ན་འཇུ་དཀའ་བའི་རིགས་ཟོས་ནས་མ་ཞུ་བའམ་ཕོ་བའི་མེ་དྲོད་ལ་གནོད་པ་ཐེབས་པ་ནས་རླུང་བསྐྱེད་པ་ནི་བད་རླུང་གི་རྐྱེན་ཡིན།
ནད་རྟགས། མགོ་བོ་ན་བ་དང་མགོ་ལྕི་ཞིང་མགོ་ཡུ་འཁོར་བ། ཟས་ཀྱི་རོ་མི་ཞིམ་པ། ཡི་ག་ལྡོག་པ། ཐོ་རེངས་དུས་སུ་ལྦུ་སོབ་ལུ་བ། རྣ་བ་འུར་བ་དང་མིག་མི་གསལ་བ། འགྲོ་བའི་ཚེ་རླུང་གིས་བསྐྱོད་པ་བཞིན་ཡང་ན་འགྱེལ་བའང་སྲིད། རྩ་བྱིང་ལ་ཕྲ་བ་དང་ཆུ་ནི་དཀར་སྔོ་ལྦུ་སོབ་མཐོང། ལྕེ་དམར་ལ་ལྕེ་གཞུང་སྐྱ་ཞིང་སྐམ་པ་མཐོང་བ་ཡིན།
རླུང་མཁྲིས་ཀྱིས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། མཁྲིས་པའི་ནད་ཀྱིས་ལུས་ཟུངས་བསྲེགས་ནས་ཞན་པར་གྱུར་པ་དང། རླུང་ནི་ཚ་གྲང་གཉིས་ཀའི་གྲོགས་སུ་འགྲོ་བ་ཡིན་པས་རླུང་གི་བསྡོངས་ཟླ་བྱས་ནས་རླུང་མཁྲིས་ཉིས་ལྡན་དུ་འགྱུར་བ་ཡིན།
ནད་རྟགས། རླུང་མཁྲིས་ཀྱི་མགོ་ནད་དེས་མིག་རུས་དང། དཔྲལ་བ། མུར་འགྲམ། བཅས་ན་བ། བཀྲེས་དུས་དང་གྲང་དུས་ལྡང་བ། མཁྲིས་པའི་དབང་གིས་དྲོད་དུས་དང་ཉིན་དགུང་ལྡང་བ། སྤྱིར་དྲོད་གྲང་ངེས་མེད་དུ་ན་བ་དང་གནས་ཀྱང་ངེས་མེད་དུ་གཟེར་ལ་ཅུང་བསིལ་ཚེ་བདེ་སྙམ་བྱེད་པ་བཅས་ཀྱི་རྟགས་ཡོད།
མགོ་སྲིན་གྱི་ནད།
རྒྱུ་རྐྱེན། མན་རྒྱུད་ལས། རྣམ་པ་གདོན་དང་མྱ་ངན་བྱུར་ཆགས་ཀྱིས། བསྐྱེད་ཕྱིར་འདི་ལ་གཉན་གྱིས་འཁྲི་ཡང་ཆེ། ཞེས་བསྟན་པ་ལྟར། དེ་ལས་གདོན་ཞེས་པ་ནི་གྲིབ་ཀྱི་དོན་དང། གྲིབ་ནི་མི་གཙང་བའི་དོན། དེ་དང་བྱུར་ཆགས་ཀྱིས་བསྐྱེད་པའི་གཉན་ཏེ་སྲིན་ཕྲན་གྱི་རྐྱེན་ཡིན།
ནད་རྟགས། སྤྱིར་ཟས་སྤྱོད་ཀྱི་ཕན་གནོད་ཆུང་ཞིང་མགོ་བོ་ཀོ་ལེར་གཟེར་ཟུག་དྲག་པོ་ལྡང་བ། སེམས་འཁྲུགས་པ། རྒྱ་སྲུབས་སྐྲངས་ཤིང་སྣབས་ལུད་དམར་པོ་འབྱུང་བ། ལྡང་དུབ་ཡང་ཡང་དུ་བྱེད་པ་བཅས་ཀྱི་རྟགས་ཡོད།
ཁྲག་རླུང་གིས་བསྐྱེད་པའི་མགོ་ནད།༼དེང་སང་ཁྲག་ཤེད་མཐོ་བའི་ནད།༽
རྒྱུ་རྐྱེན། ཡི་གེ་འབྲི་ཀློག་དང་ཀླད་པའམ་སེམས་ཀྱི་ལས་ཆེས་དྲག་པའི་རྐྱེན་གྱིས་ཁྲག་རླུང་གཉིས་བསྡོངས་པའི་ནད་དེ་འབྱུང་བ་ཡིན།
ནད་རྟགས། མགོ་བོ་ལྕི་ལ་འཐིབས་པ་དང་སྐབས་སུ་ན་བ། ཆང་དང་དུ་བ་ཤ་མར་སོགས་གནོད་པ། མང་ཆེ་བར་མདུན་རྒྱབ་སྦྲགས་ནས་ན་བ། ཁྱད་པར་དུ་སོག་རྒྱབ་ན་བ། བདེ་སྡུག་ངེས་མེད་དུ་འབྱུང་བ་སོགས་ངོས་འཛིན་དཀའ་བའི་རྟགས་སྣ་ཚོགས་འབྱུང་སྲིད་པ་ཡིན། དེང་སང་ཁྲག་ཤེད་བརྟག་ཆས་ཡོད་པས་དེས་བརྟག་ཚེ་ཁྲག་ཤེད་མཐོ་ན་ཁྲག་རླུང་གི་ནད་ཡིན་པ་ཤེས་ཐུབ་དགོས་སོ།
ལ་སྟོད་བུ་ལགས། ཨ་ཕོ་མཐུ་ཆེན་རྒྱུ་དྲུག་པོ་འཚོལ་བར་ཕེབས་པ་མ་རེད། རྒྱུ་དྲུག་ཚང་བའི་སྨན་པ་ཞིག་འཚོལ་བ་ཕེབས་པ་ཡིན་རྒྱུ་རེད།
མིག་ལགས་ཁྱེད་ཀྱི་མིག་གཅིག་ཨ་ཕོ་མཐུ་ཆེན་ལ་གཡར་གནང་རོགས།
དེ་མིན་དེ་འདྲ་ཞིག་དུས་དེང་སང་རྙིགས་མར་རྙེད་ཁག་པོ་མིན་ནམ་སྙམས།
ཁོང་ལ་མ་རྙེད་ནས་དགོངས་སེལ་ཞུས་ཚར་སོང།
དགོངས་སེལ་ཞུས་ན་དག་རྒྱུ་ལོས་ཡོད།
ཨ་སྐྱེ་མེད་འགག་མེད་ཆོས་ཀྱི་འབྱིངས།།
ཕོ་སྨན་པའི་རིགས་ལ་ཞེན་པ་ཅན།།
འཐུ་ཆེ་མིན་མི་ཤེས་དྲ་གྲོགས་འདིས།།
ཚིག་ཆེན་པོ་གནས་འདིར་བཞག་ནས་བྲོས།།