གཡང་སྐྱབས་རྒྱལ།
———————
དེ་རིང་བོད་ཀྱི་དྲ་བརྙན་བརྒྱུད་ནས་ བཀའ་བློན་ཁྲི་པ་མཆོག་གིས་ “བོད་གཞུང་”དང་འབྲེལ་བའི་གསལ་བཤད་གནང་བ་དེར་ཉན་པ་ཡིན། ཁོང་གིས་ ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རིམ་པ་དེ་གཙོ་བོར་༧གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་ལ་དམིགས་ཡོད་ཅེས་གསུངས་ནས། “བོད་གཞུང་”དེ་ “བོད་མིའི་སྒྲིག་འཛུགས་”ཞེས་བསྒྱུར་བ་ནི་ཞོར་འཕྲོས་སུ་སོང་བ་ཡིན་པ་ལྟ་བུ་ཞིག་གསུངས་སོང་། དེ་ཡང་། བོད་མི་དམངས་ལ་འདོད་པ་མེད་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱིས་བསྐྱར་བཅོས་བྱེད་ཆོག་གི་རེད་ཅེས་གསུངས་སོང་།
ལྷག་པར་དུ། ཐེངས་འདིའི་འགྱུར་བ་དེ། ཐ་སྙད་ཙམ་ཞིག་གི་འགྱུར་བ་ཡིན་པ་མ་གཏོགས་དོན་གྱི་ཆ་ནས་དམངས་གཙོའི་ཀ་བ་གསུམ་འཛོམས་ཀྱི་གཞུང་ཞིག་མུ་མཐུད་ནས་གནས་ཡོད་པ་དང་། མུ་མཐུད་པའི་གཞུང་དེ་ཡང་ ལོ་ངོ་ ༣༠༠ ལྷག་ལ་རྒྱུན་མ་ཆད་པའི་གཞུང་དེ་ཡིན་ཞེས་གསུངས་སོང་།
ད་ “བོད་གཞུང་”ཞེས་པའི་ཐ་སྙད་འདི་བསྒྱུར་དགོས་པའི་རྒྱུ་མཚན་དེ་ཐད། མ་རེད་སྐོར་གཅིག་གསུངས་པའི་ཁྲོད།
༡. ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་ནས་བསྒྱུར་བ་མ་རེད།
༢. རྒྱ་ནག་གི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༣. རྒྱ་གར་གྱི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༤. བོད་མིའི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
ད་བསྒྱུར་དགོས་པའི་རྒྱུ་མཚན་ཐད།
༡. སིམ་ལ་ན་ཁ་མཆུ་ཞིག་འགྲོ་བཞིན་པ་རེད། ༼ཁ་མཆུ་གང་འདྲ་ཡིན་ངས་མ་ཤེས།༽
༢. རྒྱ་གར་ལྷོ་ཕྱོགས་ན་ཉིན་རེ་བཞིན་ཚགས་པར་སོགས་ལ་གནས་ཚུལ་ཐོན་བཞིན་ཡོད། ༼དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་དག་ཡིན་ནམ་ཡང་ན་གཞན་ཞིག་ཡིན།༽
༣. འཇར་མཱན་གྱི་ཚོགས་པ་ friedrich naumann foundation ཟེར་བས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་རོགས་དངུལ་ ཉུང་དུ་ཕྱིན་པ། ༼འདི་ཡང་ བོད་གཞུང་ཞེས་པའི་ཐ་སྙད་སྤྱད་པ་ལ་བརྟེན་ནས་ཡིན་ནམ། དེ་འདྲ་ཞིག་ངས་གོ་བྱུང་།༽
༤. མ་འོངས་པ་ལ་མིང་ཙམ་ལ་བསྙད་ནས་ དཀའ་ངལ་འབྱུང་སྲིད་པ། ༼འདི་ནི་ད་ལྟ་མེད་པའི་དཀའ་ངལ་ཞིག་རེད།༽
༥. བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་དུ་བོད་མིའི་སྒྲིག་འཛུགས་གནས་དགོས་པ།
བཅས་གསུངས་སོང་།
ད་དགོངས་ཚུལ་ཞིག་གསུངས་དང་། བསྒྱུར་དགོས་པའི་རྒྱུ་མཚན་དང་བསྒྱུར་མི་དགོས་པའི་རྒྱུ་མཚན་གཉིས་བསྡུར་ན། བསྒྱུར་དགོས་དོན་ཁྱོན་ནས་མེད་པ་འདྲ་ཞིག་མི་འདུག་གམ། དགོས་དོན་མེད་པ་ཞིག་བསྒྱུར་བ་ལ་བརྟེན་ནས། “བོད་དོན་ལ་”མི་ཚེ་བཏང་བའི་མི་ཞིག་ངུ་གི་འདུག “ང་ནི་སྐྱིད་པོ་ཁྱོན་ནས་མི་འདུག”ཟེར་མཁན་གྱི་བོད་མི་ཧ་ཅང་མང་པོ་འདུག “ད་རྡ་རམ་ས་ལ་རེ་བ་རྒྱག་རྒྱུ་ལྷག་ཡོད་མ་རེད། དེ་ལས་བོད་ནང་གི་བོད་པ་དང་གཞོན་སྐྱེས་ཚོ་རུབ་རུབ་བྱས་ཏེ་ལས་འགུལ་ཞིག་རྩོམ་དགོས་འདུག”ཅེས་གསུངས་མཁན་འདུག
འདི་ནི་དགའ་མི་དགའི་རྩོད་པ་ཞིག་མ་རེད་ལ། ཐ་སྙད་ཅིག་འགྲིག་མི་འགྲིག་གི་རྩོད་པ་ཡང་མ་རེད། འདི་ནི་གཞུང་ཞེས་མི་མང་གིས་རེ་བ་བཅོལ་ས་ཞིག་ སྒྲིག་འཛུགས་སུ་གྱུར་པའི་གནད་དོན་དེ་རེད། གཞུང་དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ཇི་བཞིན། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གཞུང་ཞིག་རེད། ད་ང་ཚོར་ “བོད་གཞུང་”ཟེར་བའི་ཐ་སྙད་འདི་སྦྱོར་ས་ཞིག་ས་སྟེང་འདི་ནས་མེད་སོང་བ་རེད།
ངས་ རང་གི་སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་ལ་བལྟས་པ་ཡིན། ལས་ཤོག་གཡོན་ཐད་ན། དབྱིན་ཡིག་ཏུ། Department of Home Affairs, Central Tibetan Secretariat of His Holiness the Dalai Lama ཞེས་འཁོད་འདུག དེའི་གཡས་ངོས་ཀྱི་ཐོད་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་འཁོད་པའི་གངས་སེང་གི་ལས་ཐམ་དེ་འདུག དེའི་གཤམ་ན་ཡང་བསྐྱར་གངས་སེང་གི་ཐེལ་དང་ བདེ་དོན་ལས་ཁུངས་ཀྱི་མཚན་རྟགས་བཀོད་འདུག ཡིག་ཆ་འདི་འདྲ་ད་ཡང་བསྐྱར་ཡོང་རྒྱུ་ཡོད་དམ།
ངས་ ད་བར་དུ་ སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་དགོས་ ཞེས་བརྗོད་མཁན་ཡོངས་རྫོགས་ལ་ཡི་གེ་འདི་སྤྲད་པ་ཡིན། དྲི་བ་གཅིག་ཀྱང་མེད་པར་ངོས་ལེན་བྱེད་རྐྱང་བྱས་སོང་། ངའི་སྐྱེས་ཡིག་གིས་སྐྱེས་ཡིག་གི་གོ་ཆོད་པ་རེད། ངའི་གཞུང་དེ་གཞུང་འབྲེལ་གྱིས་ངོས་ལེན་བྱེད་མཁན་མེད་པ་བདེན་མོད། ངས་རང་གི་གཞུང་གིས་གནང་བའི་ཡིག་ཆ་འཁྱེར་ནས་ ང་འཛམ་གླིང་དུ་བོད་མི་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་ལ། ངའི་གཉེན་སྒྲིག་གི་དཔང་རྟགས་ཀྱང་དེས་ཐུབ།
ད་དུང་“བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་ ཉེ་ཆར་ཡིག་ཐོག་ནས་ཡལ་བར་གྱུར་པའི་ཉིན་མ་དེ་བར་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་གསོན་པོ་ཡིན། གཞུང་འདི་ལ་ཚེ་སྲོག་ཡོད། ད་ནི་གཞུང་འདི་ མ་ཤི་གོང་ནས་བསད་པ་དེ་ལ་འགྱོད་པ་བྱེད་རྒྱུ་ལས་གཞན་ལྷག་མེད་པ་འདྲ།
འགྱོད་པ་སྐྱེས་མཁན་གྱི་བོད་མི་ག་ཚོད་ཡོད་དམ། ངས་ངོ་ཚོར་བའི་མི་གྲགས་ཅན་གཉིས་ལས་གཅིག་ནི་ངུ་གི་འདུག གཞན་དེ་ནི་ཧ་ཅང་སེམས་ཕམ་གྱི་འོག་ན་འདུག གཞུང་འདི་ “དབུ་མའི་ལམ་གྱི་སྲིད་བྱུས་”མགོ་བཙུགས་པ་ནས་རིམ་གྱིས་སྒོ་བརྒྱབ་པ་མ་ཡིན་ནམ་ཞེས་རྩོམ་ཡིག་འགའ་ལ་འཁོད་འདུག ལོས་ཡིན། བོད་རྒྱ་ནག་གི་ཆ་ཤས་བྱེད་རྒྱུ་ཁས་བླངས་པའི་ཉི་མ་དེ་ནས་ “བོད་གཞུང་”ཞེས་པའི་མིང་ཚིག་དང་འབྲུ་དོན་གཉིས་ཀ་དུས་གཅིག་ཏུ་སྤངས་པ་རེད། དེ་ལ་དཔག་པའི་རྩོམ་ཡིག་ཀྱང་མང་པོ་ཞིག་བྱུང་བ་རེད། འོན་ཀྱང་། “མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད།”ཅེས་གསུངས་ནས་རེ་བ་རྒྱག་ས་ཞིག་ཡོད་བསྡད་པ་རེད། རེ་བ་དེ་དང་ཆབས་གཅིག་ཏུ། ཀ་བ་གསུམ་ལྡན་གྱི་བཙན་བྱོལ་ནང་གི་མང་གཙོའི་གཞུང་དེ་ལ་ འོས་འདེམས་ཀྱི་ཐོག་ནས་ཚ་ཚ་འུར་འུར་བྱས་པ་རེད། བཀའ་བློན་ཁྲི་གསར་ཞིག་འདམས་ནས་ དེའི་དྲོད་མ་ཡལ་གོང་དེར་ “བོད་གཞུང་”ཞེས་པའི་མིང་ཚིག་འདི་གཤིན་ཡུལ་དུ་བསྐྱལ་བ་རེད། ད་ནི། སྒྲིག་འཛུགས་ཤིག་གི་བཀའ་བློན་ཁྲི་པ་ཞེས་པ་འདིས། “གཞུང་”ཞེས་པའི་ཐ་སྙད་ཙམ་ཡང་མེད་པའི་སྒྲིག་འཛུགས་ཤིག་གི་འགོ་གཙོ་བྱེད་རྒྱུ་ཡིན་པ་རེད།
ཧ་ཅང་བློ་ཕམ་པ་ཞིག་ལ། བཙན་བྱོལ་གྱི་བོད་མི་ཚོས་ རང་གི་ལས་འགུལ་གྱི་ཁ་ཕྱོགས་དེ་བོད་ནང་དུ་བསྐོར་མ་ནུས་པ་དེ་རེད། འགྲོ་སོང་སོགས་ཡོད་ཚད་བཙན་བྱོལ་ནང་གི་སྒྲིག་འཛུགས་ཤིག་དང་བཙན་བྱོལ་ནང་གི་ལྟ་རྟོག་ཐོག་ཤོར་པ་རེད། ད་ནུས་པ་ཡོད་ཚད་སྤུངས་ནས་ཉར་བའི་གཞུང་དེ་ཡང་ “གཞུང་”གི་ཐ་སྙད་མེད་པ་ཞིག་ཏུ་གྱུར་པ་རེད།
རང་བཙན་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནི་ ཨང་གྲངས་ ༡༠༠ ཁ་ཚང་ངེར་ཡོད་པ་དེ་རེད། དབུ་མའི་ལམ་ནི་གོང་གི་དེ་གཉིས་ནས་ ཨང་གྲངས་ ༥༠ འཐེན་པའི་ཐོབ་གྲངས་རེད། ད་ བོད་མིའི་སྒྲིག་འཛུགས་ནི་ དེ་ནས་ཀྱང་ཨང་གྲངས་ ༥༠ འཐེན་ཤུལ་གྱི་ ༠ དེ་རེད། ང་ཚོ་ནི་ ༠ ལ་ཡིད་ཆེས་བྱེད་མཁན་གྱི་བོད་ཀྱི་འབངས་མི་རེད།
རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ཤིང་། བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དེ་བཙན་བྱོལ་དུ་གྱར་ནས་ད་ལྟ་རྒྱ་གར་དུ་གནས་ཡོད་ཅེས་དམ་བཅའ་ཞིག་ཡིད་ལ་འཁྱེར་ནས་བཙོན་ཁང་འགྲིམས་མཁན་ཚོར་དགོངས་པ་ཞིག་བཞེས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བསྒྲུབས་ཆེད་སྐུ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོར་དགོངས་པ་ཞིག་བཞེས་དང་།
ང་ཚོ་ལ་འཇོན་ཐང་ཡོད་ན། བོད་གཞུང་ནི་ཐ་སྙད་ཅིག་མ་རེད། བོད་གཞུང་ནི་ཐ་སྙད་ཅིག་གི་རྩོད་པའང་མ་རེད། འདི་ང་ཚོའི་གཞུང་རེད། འདི་ང་ཚོའི་མེས་པོ་རྣམས་ཀྱི་གཞུང་རེད་ལ། འདི་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་གཞུང་རེད། འདི་བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་པའི་གཞུང་རེད། འདི་ཐ་སྙད་ཅིག་མ་རེད།
སྐུ་སྒེར་ནས་ཚོགས་གཙོར་ཁ་པར་བརྒྱུད ༼ བོད་མིའི་སྒྲིག་འཛུགས ༽ ཟེར་བ་འདི་ལན་འབྱོར་རྗེས
གྲོས་ཚོགས་སྒོར་མོ་དེའི་ནང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་གཅིག་པུས་དེར་ཡང་བསྐྱར་བསམ་བློ་གཏོང་དགོས་པའམ། དེ་ཁས་ལེན་བྱ་དཀའ་བ་གསུངས་པ་ལས། སྤྱི་འཐུས་གཞན་པ་སུས་ཀྱང་དེར་
དགག་པ་བྱ་ཕོད་མེད། སྤྱི་འཐུས་སུ་ལའང་སྒེར་ཚུགས་ཀྱི་བསམ་བློ་དང་རང་སྐྱ་འཕེར་བའི་བསམ་བློ་ཡོད་
པ་མཐོང་མེད། ཟམ་གདོང་བླ་མས་སྐུ་སྒེར་གྱི་དགོངས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དེ་རེད།
བཙུན་པ་ཟམ་གདོང་གིས་མིང་ཙམ་དང་ཐ་སྙད་ཙམ་ཞེས་ཡང་ནས་བསྐྱར་དུ་གྲོས་ཚོགས་ནང་དཔུང་པ་འགྱིང་བཞིན་སྐད་གསེང་མཐོན་པོས་གསུངས་བ་རེད།
ཁོང་ནི་མི་ཚེ་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་རྫོགས་ཚར་བའི་བཙུན་པ་སྐུ་བགྲེས་ཤིག་ཡིན་པས། ཁོང་གིས་རང་དང་མི་མཐུན་པའམ་རང་གིས་བྱས་བཞག་པ་དང་འགལ་ཟླར་གྱུར་ཚད་རྨེག་མེད་གཏོང་སྟངས་ནི་བོད་མི་ཡིན་ཚད་ལ་རྒྱུས་མེད་ལ། ཐ་ན་ཁོང་གི་ཉེ་འཁྲིས་སུ་སྡོད་མཁན་ཚོ་ལའང་དེ་བས་རྒྱུས་མེད་ལས་ཆེ།
འོན་ཀྱང་མཚམས་རེར་བཙུན་པ་ཁོང་གིས་དོན་དངོས་པོར་རེག་བྱ་ཡོད་པའི་གྲུབ་འབྲས་ཤིག་ལས་ཕུགས་བསམ་འཛིན་རྒྱུར་དགའ་ཞིང་། ཕུགས་བསམ་རང་ལུགས་ཀྱི་ཆབ་སྲིད་ངན་གོམས་ཀྱིས་ཁོང་གིས་མིངབསྒྱུར་འདི་ནི་ཐ་སྙད་ཙམ་ལས་ནང་དོན་ལས་ཀ་བྱེད་ཕྱོགས་ཅུང་ཙམ་འགྱུར་མེད་ཅེས་ཀླད་པ་མེད་པའི་བོད་མི་ཚོར་ཧམ་བཤད་ཚད་ལས་བརྒལ་བ་བྱས་ཡོད། ཁག་མེད་དེ། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་ལ་ནི་ཁོང་གིས་གནམ་ལ་མཛུབ་མོ་བཙུགས་ནས་འདི་ས་རེད་ཅེས་སྨྲས་ཀྱང་མགོ་གཡུག་ནས་འདུག་ཚོད་རེད། ད་དུང་ཁོང་གིས་ཚིག་གི་མགོ་བསུ་དུས་རང་གི་ཨབ་ཕྲུག་སྤེན་པ་ཚེ་རིང་ལ་དམིགས་བསལ་གྱི་བསྟོད་བསྔགས་བྱས། འདི་རྣམས་ཆབ་སྲིད་དར་ཐག་ནང་གི་རྒྱུན་ལྡན་ལས་དོན་ཞིག་ཡིན་ཡང་། བཙུན་པ་ཟམ་གདོང་ལ་མཚོན་ན། སྐད་ཆ་འདིས་དོན་དམ་པར་སྤེན་ཚེ་བསྟོད་རྒྱུ་མིན་པར་རང་ཉིད་རྣམ་པར་རྒྱལ་སོང་བའི་རང་བསྟོད་རང་ཆགས་ཡོད། དེ་མི་རྣམས་ཀྱིས་ཅི་ལྟར་མཐོང་ཐུབ་བམ། འདིའི་ཁྱབ་ཁོངས་སུ་མིང་བསྒྱུར་གྱི་བྱས་རྗེས་ཀྱང་འདུ།
ངས་ཀྱང་སྐད་གསེང་མཐོན་པོས་བཙུན་པ་ཟམ་གདོང་ལ་ཞུ་ཐུབ་པ་ཞིག་ལ། ཐ་སྙད་ཙམ་དུ་མ་གཏོགས་བོད་རྒྱལ་ཁབ་ཁྱེད་ཀྱིས༼་དབུས་གཞུང་༽དུ་འབོད་པ་དེའི་ས་གནས་སྲིད་གཞུང་ཆགས་མྱོང་མེད་ལ། སྣོད་བཅུད་གཉིས་ལ་གནམ་ས་འདར་བའི་དྲག་གནོན་བྱས་ཡོད་ཀྱང་། གྲོས་མཐུན་ཟེར་བ་བཙན་འོག་ནས་མིང་རྟགས་བཀོད་ཡོད་ཀྱང་། འདི་དག་ཚང་མ་མིང་ཙམ་དང་ཐ་སྙད་ཙམ་ཡིན། དོན་དམ་བོད་ཀྱི་གསོན་པའི་རེ་བ་དང་ཤི་བོའི་ཁ་ཆེམས་ནམ་ཞར་ཡང་རྒྱ་ནག་གི་བོད་མིར་གྱུར་མྱོང་མེད་ཅེས་སྨྲས་ནའང་འགྲིག་འདུག་མོད། རྒྱལ་སྤྱིའི་སྒང་དུ་མིང་ཙམ་ཡིན་ཐ་སྙད་ཙམ་ཡིན་ཟེར་མཁན་གྱི་ཡིག་ཆ་དེ་དག་ཁྱེར་ནས་བོད་འདི་ཉིད་འགྲོ་ས་འདུག་ས་མེད་པ་ཞིག་བཟོས་མི་འདུག་གམ་ཞུ་འདོད་བྱུང་ལ། མདོར་དེད་ན་ཆབ་སྲིད་ཞེས་པ་འདི་འང་ལྟོས་བཅས་ཀྱིས་མིང་ཙམ་དང་ཐ་སྙད་ཙམ་གྱི་སྟེང་དང་དེའི་འགྱུར་རིམ་དུ་གནས་སོ་ཞེས་ཀྱང་ཞུ་ཐུབ་བོ།
བསུབ་དུ་མེད་པ་ནི་ལོ་རྒྱུས་ཡིན་པས། བཙུན་པ་ཟམ་གདོང་གི་ཁེག་ཐག་མེད་པའི་ཨུ་ཚུགས་ཀྱི་རི་མོ་རྣམས་ལོ་རྒྱུས་ནང་བབས་ཚར་འདུག ༧ཏཱ་ལའི་བླ་མ་ཟེར་བའི་སྐྱེས་ཆེན་དེས་ཀྱང་ང་གང་ཡང་བཤད་རྒྱུ་མེད་ཅེས་དབུ་གཡུག་གཡུག་གིས་༼ རང་ལས་གཞན་གཅེས ་༽ཀྱི་རྒྱལ་ཁམས་འགྲིམས་སོང་། ད་བོད་མི་ཚོས་དོན་དངོས་ག་རེ་བྱེད་དགོས་སམ། བཙུན་པ་ཟམ་གདོང་ལགས།
དྲ་འབུ་འདི་བཤད་ཀྱིན་བཤད་ཀྱིན་ཚང་མ་བཟོ་མཁན་ཟམ་གདོང་རིན་པོ་ཆེ་ཡིན་པ་ལྟ་བུ་བརྗོད་ཀྱི་འདུག གནས་ལུགས་མེད་པའི་ཁྱི་སྐད་རྒྱག་གི་མ་འདུག བཙན་བྱོལ་བོད་གཞུང་ལབ་ན་ཁྱོན་མི་འགྲིག་པར་གསུང་མཁན་༧རྒྱལ་བ་རིན་པོ་ཆེ་རེད་མ་གཏོགས་ཟམ་གདོང་བླ་མས་སྙན་ཞུ་ཕུལ་ནས་བསྒྱུར་དགོས་པར་གསུངས་པ་མ་རེད། རྒྱལ་ཡོངས་ཚོགས་ཆེན་དུ་བཅར་མཁན་རྣམས་གཙུག་ལག་ཁང་མཇལ་ཁ་གནང་སྐབས། ༧གོང་ས་མཆོག་གིས་བཀའ་ནན་པོ་ག་ཚད་གནང་ཡོད་མེད་ཁྱོད་ཚོས་ཧ་ཨེ་གོ ཁྱོན་ཡོངས་ནས་གནས་ཚུལ་མགོ་མ་ཚོས་པར་ད་དུང་སྡུག་སྐད་ར་འབབ་འབའ་དང་། དུག་སྦྲང་གི་མཆུ་ཏོ་བཞིན་གང་སར་བཙུགས་ས་མ་རག་བསྡད་མཁན་ཚོ་ད་རང་ཤི་བརྒྱབ་བཞག་ན་དགའ་མིན་འགྲོ།
རེད། ངས་མཐོང་སོང་། མི་གང་མང་མང་ཞིག་ནས་ད་ཐེངས་གོང་མཆོག་གི་ཐག་གཅོད་འདི་འགྲིག་
མ་སོང་། ད་ཐེངས་ཏན་ཏན་ཅིག་འགྲིག་མ་སོང་སྙམ་པ་ཤར་ཡོད། ཡིན་ནའང་ཁོང་ལ་གཅིག་ཏུ་བརྩི་
མཐོང་ཟབ་པས་ཅི་གང་ལབ་ཕོད་མེད། རེད་མོད། མི་མཚར་མོ་ཨམ་ཞེན་གྱི་དུག་ཆུ་འཁོལ་བའི་མི་བུ་
ཀྱོག་ཀྱོག་ཅན། དོན་དམ་གྱི་ཤེས་བྱས་དབུལ་བའི་ཆེས་ཉུང་ཤས་ཤིག་ནས། དོན་དངོས་ལ་འཁྱོག་
བཤད་གང་ཐུབ་ཅི་ཐུབ་བྱས་ནས། ལྐུག་པ་རེ་ཟུང་ཞིག་མགོ་སྐོར་གཏོང་ཨེ་ཐུབ་དང་། ཁོའི་ཕྱོགས་ནས་
དྲིལ་བསྒྲགས་རྫུན་མ་ཁྱབ་ཨེ་ཐུབ་ལྟ་གི་ཡོད། དེས་ན། ཟམ་གདོང་བླ་མ་ནག་པོ་བྱས་ནས་གོང་ས་
མཆོག་ནས་ཅི་ཡང་བྱར་མེད་པའི་ལས་ཐབས་བྱས་པ་རེད། རེད། གོང་ས་མཆོག་ང་ཚོ་བོད་མི་ཐམས་
ཅད་ཀྱི་མཚོན་རྟགས་དང་། དད་གུས་ཆེ་ཤོས་དེ་ཡིན་པ་སྨོས་མེད་རེད། འདིར་ཁྱོད་གཅིག་པུས་འགན་
ལྷག་མ་འཁུར་དོན་ཡོད་པ་མ་རེད། ཅི་སྟེ། འགན་ལྷག་མ་འཁུར་འདོད་ཡོད་ནའང་། དོན་དམ་གྱི་
བྱུང་བ་དངོས་གང་ཡིན་ལྷུག་བརྗོད་བྱ་དགོས་པ་མ་གཏོགས། ཕལ་ཆེར་མི་ཚང་མས་བདེན་དོན་དངོས་
མཐོང་གིན་མཐོང་གིན་ཞིག་ལ། རང་ཉིད་གཅིག་པུ་མདུན་དུ་བུད་ནས་འཁྱོག་བརྗོད་ཀྱིས་དཀར་ས་ནག
འདེད་བྱས་བཏང་ན། དེ་ནི་ཆོས་འཇིག་རྟེན་གང་ནས་ཀྱང་དང་ལེན་བྱ་གི་མ་རེད།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་མིང་བསྒྱུར་ཐད་༧གོང་ས་མཆོག་ལ་གནང་རྒྱུའི་གསོལ་བ་འདེབས་རྒྱུ་ལས། ལས་ཐམ་དང་སྒྲིག་འཛུགས་སོགས་ཀྱི་ཐད་སྤྱི་མོས་ཀྱིས་ངོ་རྒོལ་གནང་འདུག་པ་དངོས་ཡོད་གནས་ཚུལ་རེད། ཚོགས་ཆེན་གྱི་མཇུག་སྡོམ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་ལ་ཡར་མ་ཞུས་ཀྱང་མར་གནང་པའི་མཚན་ནི་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཁང༽ཞེས་པ་འདི་རེད། ཡིན་ནའང་མཇུག་སྡོམ་གྲུབ་མཚམས་ཚོགས་གཙོ་ལྷན་རྒྱས་ཀྱིས་ཡང་བསྐྱར་སྐུ་སྒེར་དྲུང་ཆེ་བརྒྱུད་མཚན་གསོལ་རས་ཡོང་པའི་ས་བོན་མང་དག་ཅིག་ཕུལ་བ་རེད། དེར་༧གོང་ས་མཆོག་འུ་ཐུག་ནས་སོར་བཞག་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་སྟེང་ཕྱག་རྟགས་གནང་བ་རེད། ཚོགས་གཙོ་ལྷན་རྒྱས་ཀྱིས་༧གོང་ས་མཆོག་བརྩི་བཀུར་གྱི་ཡུལ་དུ་འཇོག་གི་ཡོད་ན། ད་སྙན་ཞུ་ཕུལ་ས་མེད་ཁར། ཚོགས་ཆེན་གྱི་དགོངས་དོན་བྱས་ན་བཙུན་པ་ཟམ་གདོང་གིས་སྔ་ནས་ཟིན་བྲིས་བཏབ་བཞག་པ་རྒྱ་རི་སྒྲོལ་མ་དང་ཆབ་བྲག་ལྷ་མོ་སྐྱབས་གཉིས་ཀར་གནང་བའི་༼ བདེན་པ་ཉིད་རྒྱལ་གྱུར་ཅིག༽ སོགས་ཨུ་ཚུགས་ཁྱོན་ནས་རྒྱག་དགོས་དོན་ཡོད་པ་མ་རེད། འདི་དོགས་གཞི་ཞིག་མིན་ན། ༧གོང་ས་མཆོག་དང་མི་མང་གི་མངོན་འདོད་ལྟར་འགྲོ་དགོས་པ་མ་རེད་དམ། གལ་སྲིད་འདི་ལྟར་བསྐྱལ་ས་ཅིག་ལ་བསྐྱལ་ཀྱང་འགྱོད་པ་འབྱུང་རེ་མེད། དེས་ན་མི་རྣམས་ཡ་མཚན་པར་རྒྱུ་མཚན་བླ་ན་མེད་པ་ཡོད་པར་ངེས།
སྤྱིར་བཏང་༧ཏཱ་ལའི་བླ་མའི་སྲིད་དབང་རྩིས་སྤྲོད་འདི་ལ་སྐད་ཆ་ཐུང་ཐུང་གིས་མཚོན་ཐུབ་པའི་བརྗོད་པ་ཞིག་ཁྱེད་ཅག་གི་མིག་ལ་བསྟར་རྒྱུ་མི་ཡོང་ཡང་། སྡོམ་རྒྱབ་ནས་ཞུས་ན། ཁོང་ཉིད་དགུང་ལོ་ ༡༦ སྟེང་རྩབ་ཧྲལ་དུ་གྱུར་བའི་སྲིད་དབང་ཞིག་ཡར་ཕུལ་བ་བཞིན། ད་ལྟ་ནི་འཆི་གསོན་མ་ངེས་པའི་སྲིད་དབང་ཞིག་མར་གནང་བ་གཉིས་ནི་དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས། ཉེན་ཁའི་རང་བཞིན་ལ་འདྲ་མཚུངས་ཀྱི་རྟགས་ཤིག་མངོན་གསལ་དུ་ཡོད། ༧ཏཱ་ལའི་བླ་མས་སྤོབས་པ་ཆེན་པོས་དོན་གྱི་བདག་པོས་ཚིགས་སུ་བཅད་ནས་སྨྲས་ཀྱང་རུང་། བགྲང་བྱ་དྲུག་བཅུའི་ནང་ཁོང་གིས་བཏིངས་པའི་བོད་སྐྱོབ་ལས་འཆར་མང་པོ་ཞིག་ཕམ་སོང་བ་མཚོན་ཐུབ་ལ། ཐ་ན་ཁོང་གིས་ཐུགས་རེ་ཆེན་པོ་གནང་བཞིན་བོད་སྤྱི་ཚོགས་ཀྱི་ཡ་རབས་དང་དྲང་བདེན་སོགས་ཀྱང་རྒྱུན་གནས་ཡོང་རྒྱུར་དྲན་དབང་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་ཞིག་ཡིན།
༧ཏཱ་ལའི་བླ་མའི་སྲིད་དབང་མེད་པས་བཀས་བཀོད་རྒྱུད་འཛིན་སྒྲོགས་པ་རྣམས་ལ་ལན་ཐེབས་སོང་ཟེར་ན། དེ་ནི་རྒྱ་ནག་གི་གཡོ་སྒྱུའི་ལྕགས་ཀྱུར་བསམ་བཞིན་ནག་འཆོང་བྱས་པ་ཁོ་ན་ལས་ཆབ་སྲིད་ཀྱི་ཆོད་སེམས་ཡོད་པའི་གོམ་པ་སྤོ་སྟངས་ཤིག་གཏན་ནས་མིན། གནད་དོན་འདིའི་ཐད་ནས་བཤད་ན། ཁ་སང་འགྱུར་བ་བཏང་ཟིན་པའི་བཅའ་ཁྲིམས་རྣམས་ཀྱང་མིང་ཙམ་དང་ཐ་སྙད་ཙམ་མ་གཏོགས། ༧ཏཱ་ལའི་བླ་མའི་མིང་ཐོག་ནས་མང་གཙོའི་ལམ་ལུགས་བརྒྱུད་བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་དག་གིས་སྒྲུབ་ཀྱི་ཡོད།
ཡིན་ནའང་། ༧ཏཱ་ལའི་བླ་མ་མིང་ཙམ་དང་ཐ་སྙད་ཙམ་གྱིས་བོད་ཀྱི་དབུ་ཁྲིད་ལ་བཞུགས་འདོད་མེད་པའི་གནད་དོན་གང་ལ་ཐུག་འདུག ང་ཚོས་ཅི་ལྟར་དཔྱད་པ་བྱེད་དགོས་པ་རེད་དམ།
བོད་རང་བཙན་རྩོད་འདོད་པ་རྣམས་ཀྱི་ཆེད་དུ། བདེན་པ་ཉིད་རྒྱལ་གྱུར་ཅིག
དང་།
ལམ་དབུ་མ་པའི་བོད་མིའི་ཆེད་དུ། བོད་མིའི་སྒྲིག་འཛུགས།
ཞེས་བསྒྱུར་བ་མིན་ནམ། དགེའོ། །
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཀྱང་དུས་བབ་ལས།
བཅུ། མདོར་ན། དམངས་གཙོའི་ཀ་ཆེན་གསུམ་པོ་སྔར་ལྟར་གནས་ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་དང་ཡང་བྲལ་མེད་པར་དེ་སྔའི་བོད་གཞུང་གི་ངོ་བོ་མ་བརླགས་པའི་ཐོག་སྲ་བརྟན་ཡུན་གནས་ཐུབ་པར་གདེང་ཚོད་ལྡན་པར་གྱུར་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གངས་ལྗོངས་བོད་མིའི་རང་དབང་དམངས་གཙོའི་སྒྲིག་འཛུགས་མཚན་དོན་མཚུངས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་ཡོད་པའང་བདེན་ནོ།།
སླར་སྨྲས་པ།
ཡར་ལ་ཞུས་པ་བཙན་བྱོལ་བོད་གཞུང་དང་། མར་ལ་གནངས་པ་བོད་མིའི་སྒྲིག་འཛུགས་ཡིན། གངས་ལྗོངས་གོ་དོན་བོད་མིས་མ་རྟོགས་མིན། གང་གི་གསུང་ལ་མངོན་པར་བཀུར་བ་སྟེ། ལེགས་ཉེས་འབྲས་བུ་དུས་ཀྱིས་སྟོན་པར་འགྱུར།
ཁྲིམས་བཟོ་ལྷན་ཚོགས་སྔར་བཞིན་བརྗིད། འཛིན་སྐྱོང་བཀའ་ཤག་སྔར་ལས་མཐོ། ཁྲིམས་ཞིབ་ཁང་ནི་བླ་མེད་གྱུར། ཡིད་བཞིན་ནོར་བུའི་གཟིགས་སྐྱོང་བཅས། དོན་ལྔ་སྣོད་དྲུག་ཚང་བཞིན་དུ། ནང་ཁོག་སྟོངས་པར་སྨྲ་བ་མཚང་།
དོན་རྒྱུས་མངའ་མེད་པའི་འཆར་སྣང་དག ཤ་ཚ་བའི་སྙིང་གཏམ་ཡིན་ན་ཡང་། ནང་མཐུན་སྒྲིལ་གཏོར་བའི་རྒྱུར་གྱུར་ན། ཕྱི་དགྲ་ལས་ཐུ་བའི་གནོད་པ་སྟེ། གཏམ་གཟབ་པར་གྱིས་དང་སྤུན་ཟླ་ཚོ།།
ད་བར་དུ་བོད་ནང་གི་དཔའ་བོ་དཔའ་བོ་དཔའ་མོ་ཚོས་བོད་མིའི་རང་དབང་སླར་གསོ་དང་། བོད་མིའི་བདེ་སྐྱིད་སླར་གསོའི་ཆེད་དུ་ལུས་སྲོག་འབེན་བཙུག་གིས་ཕྱག་ལས་བསྒྲུབས་ཡོད་པ་ལས། དགའ་ལྡན་ཕོ་བྲང་གི་ལས་གནས་སླར་གསོའི་ཆེད་དུ་ཕྱག་ལས་གནང་བ་ཤིན་ཏུ་དཀོན་ངེས།
སྤྱིར་བཏང་སྔོན་ནས་བོད་མི་མང་པོ་ཞིག་ལ་དོགས་པ་འདི་ལྟར་སྐྱེ་མྱོང་ཡོད། བོད་འདི་རང་བཙན་གཙང་བའི་རྒྱལ་ཁབ་ཏུ་སླར་ཡང་གོམས་པ་སྤོས་ན་དགའ་ལྡན་ཕོ་བྲང་ཁོ་ནའི་དབང་ཆའི་འོག་ཏུ་སྡོད་དགོས་རྒྱུའི་དུས་ཡུན་དེ་མཇུག་སྒྲིལ་མི་ནུས་པར་འདོད། དེ་ནི་ཆོས་ལུགས་དང་ཆོལ་ཁའི་བར་གྱི་བསམ་བློའི་རྨང་གཞི་མི་མཐུན་པའི་འགག་རྡོ་ཆེ་ཤོས་དེ་ཡིན་པ་མ་ཟད། མི་མང་པོ་ཞིག་གིས་བོད་མིའི་ཆ་སྲིད་ལ་འབད་པ་མི་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།
ད་ཆ་དགའ་ལྡན་ཕོ་བྲང་གི་ལས་དབང་མཇུག་བསྡུས་པ་དེས་སྲིད་དོན་པ་སུ་ཞིག་གི་བོད་མིའི་ཆབ་སྲིད་ལ་སེམས་ཤུགས་མེད་པར་གྱུར་ན། མི་དེས་དེ་སྔོན་ཆབ་སྲིད་ཀྱི་ལས་དཀའ་གང་ཞིག་བསྒྲུབས་པ་དེའང་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་ཞེན་སླར་གསོའི་ཆེད་དུ་བསྒྲུབས་པ་ཙམ་ལས་བོད་མིའི་བདེ་སྐྱིད་དང་རང་དབང་སླར་གསོའི་ཆེད་དུ་ཕྱག་ལས་གནང་བ་མིན་ཞེས་རང་བཞིན་གྱིས་གསལ་སྟོན་བྱས་པ་རེད།
ང་ཚོ་བོད་མི་རྣམས་ཀྱིས་འཐབ་རྩོད་འདི་ནི་བོད་རྒྱལ་ལྷ་ཐོ་ཐོ་གཉན་བཙན་ནས་བཟུང་ད་ལྟའི་བར་དུ་བོད་འདི་རང་བཙན་གཙང་མ་ཡིན་པས། རང་དབང་དང་རང་བཙན་གྱི་གོ་སྐབས་འདི་སླར་ཡང་སྔར་བཞིན་སྐྱར་གསོ་དགོས་པར་འབད་བཞིན་པ་ལས། དགའ་ལྡན་ཕོ་བྲང་སླར་གསོའི་ཆེད་དུ་མིན་པ་གསལ་པོ་རེད།
དེར་བརྟེན་ད་ཆ་དགའ་ལྡན་ཕོ་བྲང་གི་དབང་ཆ་ཡོངས་སུ་རྫོགས་པ་མཇུག་སྒྲིལ་བ་དེ་དགའ་ལྡན་པར་ཞེན་ཁོག་ཆེ་བ་དེ་ཚོ་ཙམ་ལས། གཞན་རྣམས་གནས་ཚུལ་དེ་ལ་མོས་མཐུན་དང་འདོད་བློ་ཁེངས་མཁན་ཤིན་ཏུ་མང་། འོན་ཀྱང་བོད་གཞུང་ཞེས་པའི་མིང་བེད་སྤྱོད་གཏོང་རྒྱུ་མེད་པར་བྱས་པ་འདིས་མི་མང་པོའི་སེམས་ཁམས་སུ་རང་བཞིན་འདྲི་ཚིག་དང་དོག་གཞི་འདྲ་མིན་སྣ་ཚོགས་ཤིག་བསྐྲུན་བཞིན་པ་ཡིན།
༸གོང་ས་མཆོག་གིས་སྐུ་དབང་བོད་མི་དམངས་ལ་གནང་བ་ནས་བཟུང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བོད་མིའི་སྒྲིག་འཛུགས་སུ་གྱུར་པ་དེ་ལ་རྒྱུ་མཚན་དུ་མཐོང། བོད་མི་ཕལ་ཆེ་བ་ནི་རྒྱལ་བ་རིན་པོ་ཆེར་དད་པ་དང་ཡི་ཆས་ཆེ་དྲག་པའམ་བོད་ཀྱི་ཆོལ་ཁ་ཆོས་ལུགས་ཀྱི་མ་འོངས་པའི་གནས་སྟངས་མ་ཤེས་པ་གང་ཡིན་མི་ཤེས་ཏེ། གང་ལྟར་བོད་མི་བཙན་བྱོལ་བ་མང་མོས་ཀྱིས་བོད་གཞུང་ལ་འདོད་མོས་ཆེ་བ་དང། ༸གོང་ས་མཆོག་གིས་དེ་གྲིག་གི་མ་རེད་རྒྱ་གར་རྒྱལ་ཁབ་ཀྱི་བལྟ་ཕྱོགས་ལ་ཡག་པོ་ཡོད་མ་རེད་དེ་ལས་གངས་ལྗོངས་བོད་མིའི་རང་དབང་སྒྲིག་འཛུགས་ཞེས་འབོད་ན་ཡག་པོ་འདུག་གསུངས་པ་ལ་ཕྱིས་བཀའ་སྤྱི་རྣམས་ཀྱི་དེ་མི་གྲིག་པར་བོད་མིའི་སྒྲིག་འཛུགས་བཞག་དགོས་ཞུས་པ་དེ་ལ་ཁོ་བོས་བསམ་བློ་འཁོར་ཕྱོགས་ལ་བོད་མིའི་སྒྲིག་འཛུགས་དེ་ཡག་པོ་འདྲ་མཐོང་སོང་། རྒྱུ་མཚན་ནི་ང་ཚོ་ཕྱི་རྒྱལ་ཁབ་གཅིག་ནང་བཙན་བྱོལ་བ་ཡིན་བཞིན་དུ་ད་དུང་བོད་གཞུང་ཞེས་མིང་ཞིག་ཁུར་ན་རྒྱ་ཁབ་གཅིག་ནང་རྒྱལ་ཁབ་གཉིས་ཀྱི་གཞུང་ཞིག་འོས་པོ་མེད་པ་དང་། དེ་ལས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་འགལ་བའི་བལྟ་ཕྱོགས་ཤིག་ཡོད། གངས་ལྗོངས་བོད་མའི་སྒྲིག་འཛུགས་ཞེས་བོད་ན་དེའང་མི་གྲིག་པ་འོང་སྲིད་གངས་ལྗོངས་དེ་སྐད་ཡིད་གཞན་དུ་སྒྱུར་ཡོང་དུས་ཧི་མ་ལ་ཡར་གོ་ཡོང་བས་དེ་ཐལ་ཆེ་དྲག་མེད་དྲོ་བསམ། གཞན་ཡང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ་འདོད་མོས་ཡོད་མཁན་ཚོས་བོད་ཀྱི་མ་འོངས་རྩ་དོན་ལ་བསམ་བློ་མ་བཏང་བར་རང་ཉིད་འདོད་བློ་ཡོད་པའི་ཆོས་ལུགས་ཁོ་ནར་དམིགས་པ་ལས་ཆོལ་ཁ་དང་ཆོས་ལུགས་གཞན་གྱི་སྐྱིད་སྡུག་ལ་བསམ་བློ་མ་བཏང་བའི་གླུན་རྟགས་ཞིག་རེད་བསམ། ད་དུང་༸གོང་ས་མཆོག་གིས་བོད་མི་མངས་ཀྱིས་ཞུ་བ་ཕུལ་བ་ལྟར་བརྩི་བཀུར་འོས་པའི་གོ་གནས་ཞིག་ཕུལ་རྒྱུར་ཞལ་བཞེས་མ་གནང་བ་སོགས་རྒྱུ་མཚན་གང་ལ་ཐུགས་ཡོད་མེད་ད་དུང་བོད་མི་ཚོར་ཤེས་མེད་པ་དེ་བློ་ཡིད་སྐྱོ་བའི་གནས་སྟངས་ཞིག་རེད་བསམ།
གཏམ་སྙན་འདི་ན་ཡོད་གི འཕྲིན་བཟང་འདི་ན་ཡོད་གི
TYC vows to retain the name ‘Tibetan Government-in-exile’
Phayul[Tuesday, June 07, 2011 19:13]
President Tsewang Rigzin(c), Vice-President Dhondup Lhadar(r) and General Secretary Tenzin Chokey(l) addressing the press conference. (Phayul Photo/Norbu Wangyal)Dharamshala: The largest pro-independence organisation in exile, the Tibetan Youth Congress (TYC), vowed to ‘respect and continue to recognise and retain the name of Tibetan Government-in-exile’ at a press conference, today.
TYC’s statement has brought to the fore, the simmering angst of a large section of the society which has been highly critical of the 14th Tibetan Parliament-in-exile’s decision to change the name of the Tibetan Government-in-exile to Organisation of the Tibetan People. The move by the Parliament in its three-day special session last month had overturned the unanimous decision of the Second Tibetan National General Meeting to retain the earlier name.
TYC President Tsewang Rigzin expressed disappointment at the Parliament’s rejection of earlier appeals that TYC had made against hasty decisions, calling the conduct of the house while amending fundamental changes to the Tibetan Charter ‘within a short period of time’ as ‘haphazard’.
Urging Tibetans to ‘have confidence in our government’, TYC said that it will shoulder the collective responsibilities of ensuring Tibetan unity ‘without violating the principles and processes of democracy’.
Hailing the ‘preservation of the historical legacy of the Tibetan government’ as extremely important for safeguarding the cause of Tibetan independence, TYC pledged to preserve a copy of the Tibetan Charter (prior to last month’s amendments) along with the earlier national emblem, national anthem, and nation flag.
“When Tibet becomes independent, these symbolic items will be returned and handed over to its rightful owner – the Tibetan nation and its people”, Rigzin said.
གཞོན་ལྷན་གྱི་གསར་འགོད་གསལ་བསྒྲགས་དེར་གནས་སྐབས་དབྱེ་ཞིབ་བྱེད་ཀྱི་མིན། གཞོན་ལྷན་ལ་གདེང་སྤོབས་ཡོད་དགོས་ལ་དུས་བསྟུན་གྱི་ཆབ་སྲིད་ཀྱི་ཁ་དཀྲི་སྟངས་ཀྱང་ཤེས་དགོས་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་གཟིགས་ནས་སྐུ་དབང་ཡོངས་རྗོགས་བོད་མི་མང་ལ་སྤྲད་པ་དང་། དུས་དེ་ནས་གཟུང་བོད་མིའི་ནང་ཁུལ་དུ་བསམ་ཚུལ་མི་ཐུན་པ་མང་པོ་ཞིག་བྱུང་། དེ་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་རེད་སོགས་དྲི་བ་མང་པོ་ཞིག་འདུག ཡིན་ན་ཡང་གཙོ་བོ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཟེར་པ་གཉིས་གཙོ་བོ་རེད་དེ་འདྲ་ཡིན་དུས་ཐོག་མར་ང་ཚོའི་བོད་གཞུང་ཞེས་པ་ལྟ་བར་རྒྱལ་ཁབ་སུ་ཞིག་གིས་བོད་གཞུང་ཞེས་པ་དངོས་འཛིན་གནང་ཡོད་པ་དང་ཁྲིམས་ཐོག་གང་ཞིག་ལ་གཏན་འབེབ་བྱས་ཡོད་པ་རེད། སོང་ཙང་དུས་ད་ལྟ་བར་དུ་འདི་འདྲའི་སྒྲིག་འཛུགས་ཚད་ལྡན་ཞིག་ཡོད་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེས་བཀའ་དྲིན་ཡིན་པ་བརྗོད་མེད་རེད། ད་ནས་བཟུང་སྟེ་བོད་མི་རང་ཉིད་ཀྱི་འགན་ཁུར་དགོས་པ་ཡིན་དུས་བོད་གཞུང་ཞེས་པའི་མིང་ཐོག་ནས་ཕྱག་ལས་གནང་རྒྱུ་དང་བོད་མིའི་སྒྲིག་འཛུགས་ཟེར་པ་དེས་ཐོག་ནས་ཕྱག་ལས་གནང་ན་ཕན་པ་ཆེ་སོགས་གླེང་དགོས་པ་ཞིག་རེད། ད་ལྟ་བར་དུས་བོད་གཞུང་ཞེས་བའི་མིང་གི་ཐོག་ནས་ཕྱག་ལས་གནང་པ་རེད། དཔེ་མཚོན་ཞིག་བཀོད་ན་ད་ལྟ་བར་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོར་ཐང་དགུ་ཞིག་གནང་ཡོད་པ་རེད་ཡིན་ན། རྒྱ་གཞུང་གིས་དེ་༧གོང་ས་མཆོག་གི་སྐུ་དབང་གི་ཐོག་གྲོས་མོར་བྱེད་ཀྱི་ཡོད་ཟེར་པ་རེད། ཡིན་ཡང་ང་ཚོའི་ངོ་ནས་བོད་གཞུང་གི་ངོ་ཚབ་ཀྱི་ཐོག་ནས་ཡིན་ཟེར་གྱི་ཡོད་པ་རེད་ལ་དེ་དོན་ལ་གནས་པ་རེད་བསམ་ཡོད། དེ་ནས་བཟུང་སྟེ་རྒྱ་གཞུང་དང་མཉམ་དུ་གྲོས་མོར་བྱེད་དགོས་པ་ཞིག་རེད་དམ་དེ་དགོས་ན་བོད་གཞུང་ཁོང་ཚོས་ངོ་ལེན་བྱེད་ཀྱི་མེད་པ་དངོས་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་གྲོས་མོར་གནང་ན་དངོས་ལེན་གནང་རྒྱུ་མ་རེད། ཐབས་ལམ་གང་འདྲ་ཞིག་གི་དངོས་ནས་འབྲེལ་བ་གནང་དགོས་པ་རེད་དེ་གཙོ་བོ་མ་ཡིན་ནམ། ང་ཚོ་ལ་ཕྱིའི་རྒྱབ་སྐྱོར་གྱི་འོག་གནས་དགོས་པ་ཡིན་དུས་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པ་ཞིག་དང་རྒྱ་གར་གཞུང་གི་རྩ་ཁྲིམས་ལ་རྩི་སྲུང་བྱེད་རྒྱུ་གལ་ཆེན་ཡིན། རྒྱ་གར་གཞུང་དང་མཐུན་ལམ་ཞིག་གི་དངོས་ནས་མིང་འདི་མི་བརྗེ་ཐབ་མེད་ལྟ་བུ་ཞིག་མཐོང་། གནས་སྟངས་དེ་ཤེས་པས་ཐོག་ནས་ང་ཚོའི་དངོས་འཛིན་གསལ་པོ་ཞིག་གནང་རྒྱུ་གལ་ཆེན་རེད་བསམ། དེ་འདྲ་མ་བྱས་ན་གཞིས་བཞུགས་བོད་མི་ཚོའི་གོ་ན་བློ་ཕམ་བྱུང་བས་རྒྱུ་ལས་མི་འདུག
hh
ཟམ་གདོང་གི་ཞེན་འདོད་ལྟར་བོད་གཞུང་ཞེས་བ་ཐ་སྙད་ཙམ་གྱི་མཚོན་དོན་ལས་ཅི་ཡང་མིན་ན་རྒྱ་གར་ནག་གི་མིག་ནང་འཚེར་མ་གྱུར་ཞིང་ཅི་ལྟར་གནོད་ཤུགས་སླེབས་པ་ཡིན་ནམ། གཡག་གསོད་པའི་སྟེང་སྔ་མ་གནམ་ལ་འཕྱ་བའི་དཔེ་ལས་མ་འདས། རེ་བ་མི་འདུག བླ་མ་རྒྱལ་ཁབ་ལ་རེ་བ་དཀའ། བླ་མ་འདི་ཚོས་སྦྱིན་བདག་གལ་ཆེན་གནང་བ་ལས་རྒྱལ་ཁབ་རྩ་དོན་མི་འཛིན་པ་ནི་བླ་ཕམ་རེད།