དུས་བབ་ནས་བླངས།
ཝ་ཞིན་ཊོན་གྱི་དུས་འཁོར་དབང་ཆེན་སྟེང་གཞོན་ནུ་ལྷན་ཚོགས་ཀྱིས་སྟེང་ལ་བོད་གཞུང་ཞེས་བཀོད་ཡོད་པའི་སྟོད་གོས་ཤིག་འཚོང་བཞིན་ཡོད་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བཀག་སྡོམ་བྱས་ཡོད་འདུག
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་དོན་ལྟར་ན། ཉིན་འདི་འགར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གསུང་གི་ཡོད་པ་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རྩ་དོན་ལས་འགུལ་ལ་དཔལ་འབྱོར་འདུ་འགོད་ཆེད། སྟེང་དུ་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པར། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཀྱིས། དེ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་དེ་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་བྱུང་ཡོད་འདུག
སྐབས་དེར་སྐལ་ལྡན་བློ་གྲོས་ལགས་ཀྱིས་སྟོད་གོས་དེ་དག་ད་ལྟ་རང་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་པ་དང་། གལ་སྲིད་དུས་ཐོག་ཏུ་ཕྱིར་བསྡུ་མ་བྱས་ཚེ་སྤྱི་བདེ་མི་སྣ་སྐད་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། སྐུ་སྒེར་དྲུང་ཆེ་མཆོག་གི་མཚན་ཡང་བེད་སྤྱོད་བཏང་ཡོད་སྐོར་གཞོན་ནུའི་གསལ་བསྒྲགས་སུ་བཀོད་འདུག འོན་ཀྱང་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་མཆོག་གིས་གཞོན་ནུས་ཅ་ལག་འཚོང་གི་ཡོད་པའི་སྐད་ཆ་ཙམ་ལས། དེའི་སྟེང་དུ་གང་ཞིག་འཁོད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ཚུལ་གསལ་བཤད་གནང་ཡོད་འདུག
གཞོན་ནུའི་གསལ་བསྒྲགས་ནང་། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གཞུང་གི་ངན་ཇུས་ཀྱིས་རྩ་མེད་བཟོ་མ་ཐུབ་པ་ཞིག སྐལ་ལྡན་བློ་གྲོས་ལྟ་བུ་ཞིག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་སྡོམ་རྩ་མེད་གཏོང་ཐབས་བྱེད་པ་ནི། བོད་ཀྱི་ལོ་རྒྱུས་དང་བོད་མི་མང་ལ་མཐོང་ཆུང་བྱས་པའི་གནད་དོན་ཚབས་ཆེན་ཞིག་ཡིན་ཚུལ་སོགས་སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ སྔོན་ལ་སྐལ་ལྡན་བློ་གྲོས་ཀྱིས་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་ཡང་བཀོད་འདུག
དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱོང་གནང་དོན། “ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན” ཞེས་དང་། “༧གོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན” ཞེས་བསྟན་འདུག
གསལ་བསྒྲགས་ནང་སྐལ་ལྡན་བློ་གྲོས་ལགས་ཀྱིས་གང་མགྱོགས་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་བཀོད་དོན། “ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔག་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན”
མུ་མཐུད་དུ་བསྟན་དོན། “བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་ཡིན” ཞེས་བཀོད་འདུག
ངས་བསམ་བློ་བཏང་ན། སྐལ་ལྡན་བློ་གྲོས་ཀྱིས་སྟོད་ཐུང་གི་སྟེང་ན་བོད་གཞུང་ཅེས་བྲིས་འདུག་པས་བཙོང་མི་ཆོག་ཅེས་བཤད་ཡོད་ཀྱི་མ་རེད་འདོད། བོད་པ་ཞིག་གི་ངོས་ནས་འདི་འདྲ་ཞིག་བཤད་ཤེས་རྒྱུ་མ་རེད། དེ་ལ་རྒྱུ་མཚན་ཡང་མི་འདུག གལ་སྲིད་སྒྲོ་འདོགས་ཡིན་ན་དེ་འདྲ་བྱེད་རྒྱུ་ཡོད་པ་མ་རེད།
ཁོས་གཞོན་ལྷན་ལ་བཤད་ཡོད་སྲིད་པ་ནི། ༼༧གོང་ས་མཆོག་གིས་རང་སྐྱོང་གསུངས་སྐབས་ཁྱེད་ཚོས་རང་བཙན་བཤད་ཡོང་གི་འདུག ༧གོང་ས་མཆོག་གིས་ཆོས་གསུང་སྐབས་ཁྱོད་ཚོས་ཚོང་བརྒྱབ་ཡོང་གི་འདུག ༽ཅེས་པ་མིན་འགྲོ། འདི་འདྲའི་ལྟ་ཚུལ་འཛིན་མཁན་ཏན་ཏན་ཡོད་པ་རེད།
སྐལ་ལྡན་བློ་གྲོས་ཀྱི་སྐབས་དེར་བྱས་རྗེས་ཞིག་འཇོག་དགོས་བསམ་ཡང་དེ་ནི་ཁོ་བོའི་སྨན་དུ་གྱུར་རྒྱུ་ལྟ་ཞོག་དུག་ཏུ་གྱུར་བའོ།།
ཅི་སྟེ་ཁོས་དེ་འདྲ་ཞིག་བཤད་ཡོད་ན། དེའི་གོ་བ་ཕལ་ཆེར་འདི་འདྲ་ཞིག་ལེན་དགོས་པ་འདྲ། ད་རེབ་ནི་༧གོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་ནས་ཡོངས་སུ་བགྲེས་ཡོལ་ལ་ཕེབས་རྗེས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱལ་ས་ལྟེ་བ་ཝ་ཤིན་ཊོན་ལ་ཆིབས་སྒྱུར་བསྐྱངས་ཏེ། ཞལ་ཞེ་གཉིས་མེད་ཐོག་ཆོས་ཕྱོགས་ཀྱི་མཛད་པ་རྐྱང་བ་ཞིག་སྐྱོང་གི་ཡོད་སྟབས། རྣམ་པ་ཚོས་ཆབ་སྲིད་ཀྱི་ངོ་བོ་ཡོད་པའི་ལས་འགུལ་འདི་འདྲ་མ་སྤེལ་རོགས། གཞོན་ལྷན་ནི་བོད་རང་བཙན་རྩོད་མཁན་ཚོགས་པ་ཆེ་ཤོས་དེ་ཡིན་སྟབས། རྣམ་པ་ཚོས་འདིར་ཆབ་སྲིད་ཀྱི་ངོ་བོ་ཡོད་པའི་ལས་འགུལ་སྤེལ་ན་རྒྱ་གཞུང་གིས་གཙོས་པའི་འཛམ་གླིང་ཐོག་གི་སྐྱེ་བོ་མང་པོ་ཞིག་གིས་ལྟ་ཚུལ་མི་འདྲ་བ་འཛིན་པ་དང་། གང་གི་མཛད་པ་འཕྲིན་ལས་ལ་གནོད་པ་ཡོང་གི་རེད། ཅེས་བཤད་པ་མིན་འགྲོ།
དེ་མ་གཏོགས། སྟོད་ཐུང་སྟེང་ན་བོད་གཞུང་གི་ཡོད་སྟབས་བཙོང་མི་ཆོག་ལབ་ན་ནི་ཁོའི་བླ་འཁྱམ་སོང་བའམ། ཡང་ན། ར་བཟི་བ་སོང་བ་ཡིན་རྒྱུ་རེད།
དེང་སྐབས་བོད་པ་མང་པོ་འུར་ཞོག་རྒྱག་རྒྱུར་དགའ་བོ་ཡོད་པ་དང་། སྐད་ཆ་དེའི་གོ་བ་ངོ་མ་གང་ཡིན་ལ་མི་བསམ་པ། མིའི་བསམ་བློ་འཁྲུལ་བའི་སྐད་ཆ་ཁྱབ་བརྡལ་བྱེད་པ། དར་ཆ་ལག་ལ་ཡོང་ཚད་ཕྱར་ནས་རྒྱུག་གི་ཡོད་སྟབས་གཟབ་དགོས་པར་འདོད།
ཁོས་དོན་ངོ་མར་ག་རེ་བཤད་པ་རེད། ཁོའི་སྐད་ཆ་ལ་རྒྱུ་མཚན་འདུག་མི་འདུག་སོགས་ལ་བསམ་རྒྱུ་གལ་ཆེན་པོ་རེད་འདོད་དོ།
དང་པོ།
གནས་ཚུལ་འདིའི་འགོ་ཁུངས་འཚོལ་དགོས་ན། ད་ལྟ་མིག་མདུན་ན་ཡོད་པ་དེ་། དུས་བབ་ཀྱི་བོད་ཡིག་གི་གསར་འགྱུར་དེ་དང་ཕ་ཡུལ་དྲ་རྒྱའི་དབྱིན་ཡིག་གི་གསར་འགྱུར་འདི་གཉིས་རེད་།
གསར་འགྱུར་འདི་གཉིས་ཀྱི་ནང་ན། ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་ཚུལ། སྟོད་གོས་དག་ད་ལྟ་རང་ཚོང་ར་ནས་ཕྱིར་བསྡུ་དགོས་ཚུལ། དེ་ལྟར་མ་བྱས་ཚེ་ཉེན་རྟོག་པ་སྐད་གཏོང་གི་ཡིན་ཚུལ།
སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་བཏང་ཡོད་སྐོར་། བཅས་རེད་།
ད་དུང་། དབྱིན་ཡིག་གི་གསར་འགྱུར་དེའི་ནང་ན། “Rudely expelled” དང་ ” Too Political” ” Threatened”བཅས་བེད་སྤྱོད་བཏང་འདུག
གཉིས་པ།
ད་ལྟ་ཡོད་པའི་གནས་ཚུལ་འདིའི་འགོ་ཁུངས་དངོས་དེ་འཚོལ་དགོས་ན། དེ་ནི། ཚེ་དབང་རིག་འཛིན་དང་སྐལ་ལྡན་བློ་གྲོས་གཉིས་རེད་། དེ་དང་གནས་ཚུལ་བྱུང་བའི་སྐབས་ཀྱི་ཉེ་འཁོར་གི་མི་ཚོ་རེད་། འདི་ཚོའི་གཅིག་གཉིས་ཤིག་ལ་བཅར་འདྲི་ཅིག་བྱེད་ཐུབ་མིན་བལྟ་གི་ཡིན།
གསུམ།
ད་ལྟ། གནས་ཚུལ་གང་ཡོད་པ་དེའི་སྒང་ལ་བསམ་ཚུལ་ཡོང་གི་རེད་དྲན། དེ་མ་གཏོགས། ལུང་བསྟན་འདྲ་བརྒྱབ་སྡད་ན་མི་ཤེས་ཀི། ལུང་བསྟན་དེ་ཚོའི་རིགས་ཨ་རག་མ་འཐུང་ན་ཡང་ར་བཟི་བྱེད་ཅིག་རེད་།
རེད་རེད། སྐད་ཆ་འདྲི་བ་དེ་ཡག་པོ་བྱུང་བ་རེད།
ཡིན་ཡང་། ༼མི་གསུམ་ཁ་འཆམ་ན། ར་མ་རྒྱ་རྒྱ་ཁྱིར་གཏོང་བ་༽ཞེས་པ་ཞིག་ཀྱང་ཡོད་པ་རེད།
སྐབས་ལ་ལར་རང་གི་རིག་ཤེས་བེད་སྤྱོད་གཏོང་རྒྱུ་ཡང་གལ་ཆེན་པོ་རེད།
དང་པོ།
ང་རྣམ་རྟོག་ལངས་ས་གཙོ་བོ་ཞིག་ག་རེ་རེད་ཟེར་ན།
སྐལ་ལྡན་བློ་གྲོས་ཀྱི་སྐད་ཆ་དེ་། ནར་ནར་ཡིན་ན་འདྲ་། གྲུ་བཞི་ཡིན་ན་འདྲ། དེ་ལ་འགྲེལ་བཤད་མང་པོ་མི་དགོས་བ་འདྲ། དོན་དག་ག་རེ་རེད་ཟེར་ན། བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་ཡོད་པའི་སྟོད་གོས་ཤིག་ཁྲོམ་ནས་ཕྱིར་འབུད་བཏང་བ་དེ་རེད་།
གཞན། ཚེ་དབང་རིག་འཛིན་དང་སྐལ་ལྡན་བློ་གྲོས་གཉིས་ཀྱི་གདོང་གི་རྣམ་འགྱུར་ག་རེ་ཡིན་ན་ཡིན་ཏུ་ཆུག འོན་ཀྱང་། བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་ཡོད་པའི་སྟོད་གོས་ཤིག་ཁྲོམ་ནས་བསྡད་བཅུག་མེད་པ་འདི་། རྣམ་རྟོག་ཞིག་རེད་།
གཉིས།
གཞན། ༧གོང་ས་མཆོག་གི་དགོངས་གཞི་། རྒྱ་ནག་དང་རྒྱལ་སྤྱིའི་རྣམ་འགྱུར་ཟེར་བའི་སྐད་ཆ་འདི་ཚོའི་རིགས། བོད་པ་ལག་ལ་དར་ཆ་ཕྱར་མཁན་ཚོའི་འབོད་ཚིག་འདྲ་ཞིག་ཆགས་ཚར་འདུག
དེ་ཙམ་ཡིན། ད་མང་པོ་བཤད་རྒྱུའི་དུས་ཚོད་མེད་།
ལུང་རིགས་ལ་ཁག་མེད། བློ་རྣལ་དུ་གནས་པའི་གང་ཟག་ཅིག་ཡིན་ནས་བཟུང་། བསམ་ཡུལ་ལ་མི་ཤོང་བའི་གནས་ཚུལ་དེ་འདྲའི་ཐབས་སྡུག་ཅིག་བྱེད་མི་སྲིད་སྙམ་མོད། སྐལ་ལྡན་བློ་གྲོས་ཀྱི་གཤིས་ཀ་ལ་བལྟས་ན་ག་རེ་ཡིན་ནའང་བྱེད་ས་རེད་ཀོ།
༼རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་༽ཟེར་གི་རེད། དེའི་གོ་དོན་ནི་རྣམ་རྟོག་གི་དབང་དུ་མང་པོ་སོང་ན་མཐོང་ཚད་ཐོས་ཚད་མཐའ་དག་མ་རུང་བ་དང་། ལྡོག་ཕྱོགས། སྐྱོན་ཅན་དུ་འགྲོ་གི་རེད་ཅེས་པ་དེ་རེད། དེ་བས་འདི་འདྲའི་སྐབས་ལ་རྣམ་རྟོག་གི་དབང་དུ་སོང་སྟེ། གནས་ལུགས་དང་རྒྱུ་མཚན་མཐའ་དག་ལ་ཁ་ཡ་མི་བྱེད་པ་ནི་ཡག་པོ་མ་རེད། བཟང་ངན་གང་ཡིན་ཡང་བཤད་ནས་དཔྱད་ནས་དཀར་ནག་དབྱེ་དགོས་པ་རེད།
ད་རྩོད་པ་མི་བྱེད། སྐུ་ཉིད་ནས་སྐད་ཆ་གསལ་བོ་ཞིག་འདྲི་ཐུབ་ན་ཡག་པོ་རེད། གལ་སྲིད་འདྲི་མ་ཐུབ་ན་ཡང་ག་ལེར་ཕྱོགས་གཉིས་ཀ་ནས་གསལ་བཤད་རེ་ཡོང་གི་རེད་འདོད།
གནས་ཚུལ་འདི་གསལ་པོ་བཟོ་བར་དོ་བདག་ངོ་མ་ངོ་ཐུག་གིས་་་་་་ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་བཀོད་པའི་སྟོད་གོས་ཁྲོམ་རྭ་ནས་ཚོང་མི་ཆོག་གསུང་ནས་བཀག་པ་དེ་བདེན་པ་ཡིན་ནམ་་་་་་་ཞེས་དྲིས་ན་ཡིན་མིན་གྱི་ལེན་གཉིས་ལས་མེད་པས་གསལ་པོ་ཆགས་ངེས་རེད།།
http://dalailama.com/webcasts/post/195-kalachakra-preliminary-teachings
འབྲེལ་ཐག་འདི་ལ་སོང་དང་། དེ་ནས་༧གོང་ས་མཆོག་གི་དུས་དབང་གནང་གི་ཡོད་པ་གཟིགས་ཐུབ་ཀྱི་འདུག
སྐལ་ལྡན་བློ་གྲོས་ཟེར་བའི་མི་དེ་སུ་རེད་? ཁོས་ཨ་རི་དམངས་གཙོའི་རྒྱལ་ཁབ་ནང་རང་དབང་དང་དམངས་གཙོ་འཐོབ་ཐང་རྦད་དེ་ཕྲོགས་འདུག། མི་འདི་གུང་ཁྲན་གྱི་ཐབས་ཕྱོགས་གཅིག་གྱུར་པུའུ་ཡིས་བཀོད་འདོམས་འོག་ཡོད་པ་ནི་གདོན་མི་ཟ། ཁོའི་བྱ་སྤྱོད་ལ་གཅིག་གཟིགས་དང་། གུང་ཁྲན་གྱི་བྱ་སྤྱོད་མིན་ན་ག་རེ་རེད་། ཐབས་ཕྱོགས་གཅིག་གྱུར་གྱི་དམིགས་འདུན་དང་རྦད་དེ་མཐུན་འདུག། ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་དམིགས་འདུན་ནི་། བོད་མི་ནང་ཁུལ་འགལ་ཟླ་བཟོས་ནས་རྡོག་རྩ་གཅིག་དྲིལ་མེད་པར་བཟོ་རྒྱུ། ཕྱི་སྡོད་བོད་མིར་ཐབས་འཕྲུལ་སྣ་ཚོགས་བེད་སྤྱད་དེ་མེས་རྒྱལ་ལ་བློ་འགུགས་ཐབས་བྱེད་རྒྱུ། དགོས་ངེས་ཀྱི་གོ་སྐབས་བྱུང་ན་རྡུང་རྡེག་ཚ་ནན་གཏོང་རྒྱུ། ཁ་གསལ་གཏིང་གསལ་དང་མངོན་སུམ་འཛེམས་མེད་ཀྱིས། ཏ་ལའི་ཁ་བྲལ་རིང་ལུགས་པར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ། ཡུལ་གྱར་སྲིད་གཞུང་ལ་ལས་འགན་གཅིག་ཡོད་པ་ནི་རང་འགུལ་དུ་འཐོར་བརླག་འགྲོ་རྒྱུ་དེ་རེད་ཞེས་བསྒྲགས་གཏམ་སྣ་མང་སྤེལ་བཞིན་པར་ང་ཚོས་ངེས་པར་དུ་དོགས་ཟོན་བྱེད་དགོས།
ཐབས་ཕྱོགས་ཞེས་པའི་ཐབས་དེ། འཐབ་ལ་བཅོས་རོགས།
ལུང་རིགས་ལགས་ཀྱིས་སྐལ་བློ་དག་འབུད་བྱེད་ཐུབ་བྱས་འདུག། གོང་གི་་གསར་འགྱུར་ནང་གསར་འགོད་པས་ནོར་མེད་ན་སྐལ་བློས་གཞོན་ནུའི་ཁྲོམ་ས་ཕྱིར་འབུད་བྱས་པ་གསལ་པོ་བྲིས་འདུག། ཁྱེད་ལ་དགོས་པ་རྒྱུ་མཚན་ཁྱད་པར་བ་ཞིག་མེད་དྲོ།
༡། སྐལ་ལྡན་བློ་གྲོས་ཀྱིས་ཨ་རིའི་ཁྲོམ་ནས་བོད་མི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་གི་རབ་དབང་འཕྲོག་པ་དམངས་གཙོ་དང་གཏན་འགལ་རེད། འདི་ནི་བོད་མིའི་རེ་བ་དང་མི་མཐུན་པ་མ་ཟད་ཨ་རིའི་དམངས་གཙོའི་ཁྲིམས་དང་ཡང་འགལ་ཡོད་ཀི་མ་རེད་པས།
༢། བོད་གཞུང་དང་རང་བཙན་ཟེར་མི་ཆོག་ན་སྲོག་ཉེས་ཕོག་ས་དང་པོ་རྒྱལ་དབང་བཅུ་གསུམ་པ་རེད། རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་གཙང་མ་ཡིན་པ་ལབ་པ་རེད། རྡ་སའི་བོད་མིའི་སྒྲིག་འཛུགས་ཟེར་བ་འདིས་རྒྱལ་དབང་བཅུ་གསུམ་པ་ངོས་ལེན་མེད་པར་ཁོང་གི་བཀའ་ཡང་རྡོག་བརྫིས་གཏོང་གི་མི་འདུག་གམ།
༣། ༧གོང་ས་མཆོག་གིས་ཡང་སྲིད་ནི་སྐུ་གོང་མ་དེའི་ལས་འཕྲོ་རྣམས་མཇུག་སྐྱོང་ཕྱིར་འཁྲུངས་ཀི་ཡོད་པ་རེད་གསུངས་སོང་། དེ་འདྲ་ཡིན་ན་གོང་ས་བཅུ་གསུམ་པ་མཆོག་གི་ལས་འཕྲོ་བོད་རང་བཙན་གཙང་མ་བཟོ་རྒྱུ་དེ་ཡིན་པ་ལས། བོད་རང་བཙན་དང་བོད་རྒྱལ་ཁབ་ཀྱི་མིང་འབོད་མཁན་ཚོ་སྤྱི་ཚོགས་ཀྱི་གྲལ་ནས་ཕྱིར་འབུལ་གཏོང་དུ་འཇུག་རྒྱུ་དེ་མ་རེད་དྲན་ཡོད།
༤། བོད་གཞུང་གིས་གཞན་གྱིས་གནོན་ཤུགས་མ་ཐེགས་པར་འུ་ཐུག་ནས་བོད་གཞུང་གི་མིང་སྒྲིག་འཛུགས་ལ་བསྒྱུར་བ་ཡིན་ན་ཁག་མེད། བསམ་ཤེས་ལོས་བྱེད། འོན་ཀྱང་དཔའ་དཔའ་ངར་ངར་གྱིས་བོད་རང་བཙན་ལ་རེ་བརྒྱག་མཁན་ཚོ་འབུར་འཇོམས་དང་མནར་གཅོད་གཏོང་རྒྱུའི་རྟགས་མཚན་མངོན་བཞིན་པ་འདི་ངེས་པར་དུ་རང་ཚོད་ཟིན་དགོས་པ་ཞིག་རེད། སྐལ་ལྡན་བློ་གྲོས་ཁོ་རང་ལ་བཙོན་ཁང་མེད་ནའང་ཨ་རིའི་བཙོན་ཁང་གཡར་ནས། བོད་གཞུང་ཟེར་མཁན་ཚོར་མནར་གཅོད་གཏོང་རྩིས་བྱེད་ཀྱིན་པ་འདི་རང་ཚོད་མ་ཟིན་པ་རང་རེད། བོད་མིས་བོད་མི་བཙོང་སྟངས་འདི་འདྲ་མ་རེད་པས།
ངས་གསར་འགྱུར་འདིའི་ཁ་བྱང་མཐོང་བ་དང་ཡང་བོད་ནང་ལ་ཆབ་སྲིད་ཀྱི་ལས་འགུལ་གསར་བ་ཞིག་སྤེལ་ནས་རྒྱ་མིའི་དམག་མིས་སྡུག་པོ་གཏོང་གི་འདུག་དྲན་ནས་སེམས་པ་སྐྱོ་བཞིན་ཁ་ཕྱེ་དུས། དོན་དངོས་མཐོང་བ་དང་ཧ་ལས་སོང་།
སྐལ་ལྡན་བློ་གྲོས་འདི་དཀོན་མཆོག་གསུམ་ངོ་མི་ཤེས་མཁན་རེད།
དགེ་འདུན་རྣམས་ཀྱི་དབུ་ལ་མི་ནག་འཇོག་བ་ལ་གཟིགས་དང་།
ད་ལྟ་ང་ཚོའི་ངོམ་རྒྱུ་དང་འཚོང་རྒྱུ་འདི་ཚོ་ཚང་མ་དཀོན་མཆོག་གསུམ་དང་དེ་ཡང་ཆོས་དང་དགེ་འདུན་གྱི་བཀའ་དྲིན་་ཡིན་
བཞིན་དུ་དངུལ་དཀོན་མཆོག་དང་རྒྱ་དཀོན་མཆོག་ལ་རྩི་ནས་སྐལ་ལྡན་བློ་གྲོས་ཀྱི་གོ་སྒྲིག་ལ་གཟིགས་དང་སེམས་ཕམ་ཡོད།
ད་དུང་བོད་གཞུང་གི་མིང་ཡོད་བའི་སྟོད་གོས་ཕྱིར་སྡུ་བྱས་བ་བདེན་ན་མི་འདི་ལ་དོགས་པ་ཡོད།
སྟག་ལུང་ཆོས་རྗེ་ལ་དམིག་གསལ་ཁྲི་ཆུང་བ་འདུག དངུལ་དང་འཁོར་གཡོག་མེད་ན་ཡང་ ཀརྨ་མ་པ་ལས་ཁྲི་ཆུང་བ་གོ་
སྒྲིགས་བྱེད་བ་འདི་ཡང་དམ་ཚིག་སྐྲུག་བ་རེད།
somehow my tibetan script did not work.so I am writing in english. Sorry for that.
I was shocked to read this article about Kalden lodoe threatening our TYC president. His action if it is true is disgrace for the tibetans. I called my friends in washington DC, and surprisely they are not shocked. He is power hungry, lack of leadership skill and heard lots of drama happened before organising the kalchakra. Most of DC people did not like him.
ད་ནི་གཞོན་ནུ་ལྷན་ཚོགས་བོད་པའི་སྤྱི་ཚོགས་ནང་ནས་བཏོན་པའི་དུས་ལ་བབ་འདུག
སྐལ་ལྡན་བློ་གྲོས་ཟེར་བ་དེ་རྣམ་རྒྱལ་གྲྭ་ཚང་གི་བན་ལོག་དང་། ཨེ་ཤིའི་རླུང་གི་འཕྲིན་ཁང་གི་གསར་འགོད་པ་ཞིག་ཡིན་པ་གོ་ཐོས་བྱུང་། རྒྱུན་གཏན་གསར་འགྱུར་ཉན་དུས་དོ་ནོན་དོག་ཁ་པོ་གཅིག་ཡིན་པ་འདྲ་བོ་ཞིག་འདུག
གནས་ཚུལ་དེ་དངོས་གནས་ཡིན་ན་ཁོ་སྐྱག་ལང་དུ་ཤོར་པ་རེད། ཨ་རིའི་ལུང་པའི་ཡུལ་མི་ཆགས་པའི་བློ་སྟོབས་ཀྱིས་ལོ་རྒྱུས་ཀྱི་བདེན་སྤང་ཡོད་པའི་བོད་གཞུང་འཁོད་པའི་སྟོད་གོས་ཙོང་མི་ཆོག་པའི་བཀའ་གཏོང་བ་དང་། སྡིག་ར་བསྐུལ་ཏེ་ཉེན་རྟོགས་པ་ཁྲིད་ཀྱི་ཡིན་ཚུལ་ཤོད་པ་ནི། སྲིན་པོའི་ཡུལ་ལུང་འགའ་ཞིག་ན། །ཕ་གསད་པ་ལ་རྒྱལ་རྔ་བརྡུངས་ཞེས་པའི་དཔེར་ལྟར་མ་ཡིན་ནམ། བོད་ནང་དུ་བསྟན་དགྲ་རྒྱ་མིའི་སྡུག་རྩུབ་ཇེ་ཆེར་ཕྱིན་ཏེ་་གཞིས་ལུས་བོད་མིས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་་སྡུག་མངལ་མྱོང་བཞིན་པ་དང་། བོད་མི་ས་ཡ་དྲུག་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་་དབུ་དབང་རྫོགས་ཕྱིར་འཐེན་གནང་སྟེ་གཞིས་བྱེས་བོད་མི་ཡོངས་རྫོགས་མ་འོང་པར་གནས་ཚུལ་བཟང་ངན་ཇི་ཆགས་ཆ་མ་འཚལ་པར་སྙིང་དབྱུག་ནས་སྡོད་པའི་དུས་སྐབས་འདིར་མི་རིགས་གཞན་གྱི་དཔུང་དམག་ངོམ་སྟེ་འཇིགས་བསྐུལ་གྱི་རྒྱལ་རྔ་བརྡུངས་པ་ཞིག་མ་ཡིན་ནམ།
ཨ་ཁ་ཁ། ད་རྒྱ་དམར་འདི་ངོ་མ་གང་ས་གང་ནས་ཡིབ་ནས་བཅར་གྱི་འདུག་། ད་དུས་དབང་ལ་ཡང་བོད་མིའི་བདེ་སྡུག་སྤེལ་མི་ཆོག་པའི་དུས་ཚོད་ཤིག་ཤར་འདུག་།
རྗེས་མ་གཏན་གཏན་རྒྱལ་བ་རིན་པོ་ཆེ་གསུང་ཆོས་གནང་སྐབས་བོད་དོན་བཤད་མི་ཆོག་པ་དང་བོད་མི་དམངས་ཀྱི་བདེ་སྡུག་བཤད་མི་ཆོག་པའི་དུས་ཚོད་གཏན་གཏན་ཤར་ས་རེད།
བོད་མི་དམངས་ཀྱི་རེ་འདོད་ནི་ཉིན་རེ་བཞིན་ཡལ་འགྲོ་གི་འདུག
སྐལ་ལྡན་བློ་གྲོས་གཏན་གཏན་གཞོན་ལྷན་ལ་དགྲ་ལྟ་བུའི་འདུ་ཤེས་ཤིག་ཡོད་ཙང་། གནས་ཚུལ་འདི་འདྲ་མང་པོའི་ནང་ནས་གཞོན་ནུའི་ཅོག་ཙེ་འདིའི་སྟེང་ལ་ཕྱིན་ནས་མར་གྱི་ནང་ནས་སྤུ་འདོན་པ་བཞིན་མི་ཁྲི་ཁྲག་གི་ནང་ནས་གཞོན་ལྷན་གྱི་ཚོགས་གཙོ་འཇུ་ཐུབ་འདུག་། ཁོ་ལ་འདི་ལྟ་བུའི་དུས་ཚོད་ཐོབ་པ་འདི་ང་ཧང་སངས་སོང་།
བརྟག་ཞིབ་གཉིས་པ་འདི། ད་རེས་དུས་དབང་ལ། བོད་མིའི་སྒྲིགས་འཛུགས་དང་འབྲེལ་ཡོད་མི་སྣ་ཚང་མ། ལས་བྱེད་རྒན་འགྲས་ཟུར་པ། དེ་བཞིན་བོད་ཀྱི་གླུ་པ་གཞས་པ་ཚང་མར་དམིགས་བསལ་བཞུགས་གྲལ་གྲ་སྒྲིག་བྱས་འདུག་། འོན་ཀྱང་གཞོན་ལྷན་གཅིག་པུར་རྐུབ་སྟེགས་སྤྲད་མིན་འདུག་། འདི་བསམ་ཚུལ་མིན། དངོས་སུ་དུས་དབང་གི་རྣམ་པ་མཐོང་ནས་བཤད་པ་ཡིན། ཡ་མཚན་ཏོག་ཙམ་སྐྱེས་བྱུང་།
ངའི་རེ་བར་འདི་སྐལ་ལྡན་བློ་གྲོས་ཀྱི་སྒེར་གྱི་འཁོན་འཛིན་ཞིག་གིས་གནས་ཚུལ་འདི་ལྷགས་པ་སྨོན་ལམ་རྒྱག་གི་ཡོད། འདི་མིན་ན་རྙོག་འདྲ་ཆེན་རུ་འགྲོ་གི་རེད། གལ་ཏེ་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་རིམ་པ་གོང་མ་ཞིག་གི་བཀའ་རྒྱ་བཏང་ནས་གཞོན་ནུའི་སྒྲིག་འཛུགས་དུས་དབང་གི་ཉེ་འཁོར་ལ་རྩ་བ་ནས་འཁོར་མི་ཆོག་ཟེར་བའི་བཀའ་རྒྱ་ཞིག་ཡོད་ན་ད་རྙོག་འདྲ་རེད། ལྐལ་ལྡན་བློ་གྲོས་ཏོག་ཙམ་བཙིར་དང་ཁོས་ལམ་གསང་བཤད་ཀྱི་རེད།
ད་གང་བྱེད་དམ།
སྐལ་ལྡན་བློ་གྲོས་ཀྱིས་གནང་སྟང་དེ་ནི་ཨ་རིའི་དམངས་གཙོའི་ཁྲིམས་དང་འགལ་གི་ཡོད་པ་རེད།
བློ་ཕམ་ཡོད།
་ཨ་རི་དམངས་གཙོའི་རྒྱལ་ཁབ་ནང་རང་དབང་དང་དམངས་གཙོ་འཐོབ་ཐང་འགལ་ཡོད་པ་མ་རེད་པས།
སྐལ་ལྡན་བློ་གྲོས་བྱེད་སྟང་དེ་ཁོ་པས་ནོར་བ་ཞིག་དངོས་རེད།
བློ་ཕམས་ཡོད།
མི་རེ་རེ་ལ་ཧང་སངས་ས་མི་འདྲ་རེ་བ་རེ་ཡོད་པ་བཞིན། ང་ནི་སྐལ་ལྡན་བློ་གྲོས་ཀྱིས་བྱེད་སྟངས་ལ་ཧང་སངས་མ་སོང་། གང་ཡིན་ཟེར་ན་མི་འདི་ངན་པ་ཡ་སར་ཐོན་ན།། ཁྱི་ལ་ཉི་མར་ལྡེ་གི་མི་འཇུག་མཁན་ཞིག་ཡིན་པ་སྔ་མོ་ནས་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་དེ་རིང་ང་ལུང་རིགས་ལ་ཧང་སངས་སོང་། ངས་ད་བར་ལུང་རིགས་འདི་མི་རྩ་ཚང་མཁན་ཞིག་ལ་བརྩི་གི་ཡོད། དེ་རིང་ནས་བཟུང་ལུང་རིགས་ཀྱང་སྐལ་ལྡན་བློ་གྲོས་ཀྱི་མན་ལ་མེད་ན་ཡན་ལ་མེད་པ་ཧ་གོ་སོང་། ཨ་རོགས་ལུང་རིགས། རང་གིས་རང་བོད་པའི་སྤྱི་ཚོགས་ཀྱི་མིག་ནང་ནས་བུད་ཐབས་མ་བྱས་ན་མི་དགའ་འམ། དགྲ་བོ་ལ་རྒྱབ་སྐྱོར་བྱས་ན་གྲོགས་པོའི་གྲལ་ནས་བུད་དགོས་པ་དཔེ་ཡིན་ནི་རེད་ཀོ
ཨ་ཁ་སྐད་ཆ་འདི་བདེན་པ་ཡིན་ན་ཧ་ཅང་གི་རྫབ་ཆེན་རེད། རྒྱ་ནག་གིས་ཀྱང་ཨ་རིར་གནོན་ཤུགས་སྤྲོད་ཐུབ་ཀྱི་མེད། ཨ་རིར་བོད་དོན་འཐབ་རྩོད་པ་ཚོས་ངོ་རྒོལ་དང་སྐད་འབོད་སོགས་བྱེད་དུ་འཇུག་གི་ཡོད། ད་ཡིན་ན་སྐལ་ལྡན་བློ་གྲོས་རྣམ་རྒཡལ་གྲྭ་ཚང་གི་གྲྭ་ལོག་བན་ལོག་དེ་ཡིས་ཨ་རིའི་ནང་དུ་བོད་དོན་འཐབ་རྩོད་པ་ཚོར་བཀག་འགོག་བྱེད་སྟངས་འདི་ལ་ལྟས་ན་ཁོ་ཨ་རིའི་སྲིད་འཛིན་ལས་ཀྱང་སྟོབས་ཤུགས་ཆེ་བའི་མི་སྣའམ་ཡང་ན་ཁོ་ལ་རྒྱ་ནག་ལ་དགོས་པའི་མི་སྣ་ཞིག་རེད་འདུག ཁོ་རང་ངས་ཀྱང་ཐུག་འཕྲད་བྱས་མྱོང་བ་མ་ཟད་རླུང་འཕྲིན་ཁང་དུ་དྲི་བ་འདྲི་རྒྱུའི་ཆེད་དུ་མགྲོན་འབོད་བྱས་མྱོང། ཁོ་རང་གི་མི་གཤིས་ནི་ཧམ་པ་ཆེ་བ་དང། རང་སྣང་མཐོ་བའི་ར་ཕོ་ཞིག་དང་འདྲ་བ་འདུག ་སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་དེ་ཡི་ནང་དུ་རང་རང་གི་ཐོབ་སྟངས་རྩོད་རྒྱུའི་ཆེད་དུ་བསམ་ཚུལ་མི་འདྲ་བ་རེ་ཡོད། དེ་བཞིན་སྒྲིགས་འཛུགས་གང་འདྲ་ཞིག་ཡིན་ནའང་དེ་ཡི་ནང་དུ་བསམ་ཚུལ་མི་མཐུན་པ་ཡོང་སྲིད་པ་ཞིག་རེད། དེ་ལ་ལྟས་ངན་དུ་བརྩི་བའམ དགྲ་རུ་བརྩིས་ན་་་་་་་་ཕྱི་རུ་ཞབས་བྲོ་རྒྱབ་པ་ལ།་་་་ནང་དུ་དརོག་གྲྭ་འགྲིག་དགོས་་་་་་ཟེར་བའི་དཔེ་ལྟར་རེད། གཞོན་ལྷན་ནི་བོད་ཀྱི་སྒྲིགས་འཛུགས་ཀྱི་ནང་ནས་ཆོས་ལུགས་དང་ཆོལ་ཁའི་དབར་ལ་དབྱེ་འབྱེད་པའི་སྒྲིགས་འཛུགས་ལེགས་ཤོས་དེ་རེད།
ནང་དུ་དོག་གྲྭ་སྒྲིག་པ་ལ་ཞེས་པར་བཅོས་རོགས།
གཞོན་ལྷན་ནི་བོད་ཀྱི་སྒྲིགས་འཛུགས་ཀྱི་ནང་ནས་ཆོས་ལུགས་དང་ཆོལ་ཁའི་དབར་ལ་དབྱེ་འབྱེད་མེད་པའི་བོད་ཀྱི་སྒྲིགས་འཛུགས་ལེགས་ཤོས་ཞིག་རེད་་་་ཅེས་པར་བཅོས་རོགས་དགོངས་འགལ་མེད་པ་ཞུ།།
གོང་གི་དྲ་གྲོགས་ཁ་ཤས་ཤིག་ནས་ཕྱོགས་གཅིག་མཐུན་སྒྲིལ་དགོས་རབས་དང་ཕྱོགས་གཅིག་ནས་རྒྱ་མིས་སོ་བ་སོགས་ཚིག་བེད་སྤྱོད་གཏོང་སྟངས་ཞེ་དྲག་སྣང་བ་འགྲོ་མ་སོང་། དེ་མིན་གནད་དོན་འདིས་དངོས་ཐད་ནས་ལྐལ་ལྡན་བློ་གྲོས་དངོས་ལ་བཅར་འདྲི་ཞིག་བྱེད་ཐུབ་ན་རབ་རེད། དེ་མིན་དྲ་གྲོགས་ཁ་ཁོམ་ལག་ཁོམ་དག་གི་སྐད་ཆའི་ཁྲོད་ན་ཡག་པོ་ཞིག་མེད་པ་ཤེས་གསལ་རེད། རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་འདི་ང་ཚོའི་སྤྱི་ཚོགས་འདིས་ནང་ན་མ་དག་རྒྱུན་འབྱམས་སུ་སོང་ཡོད་པ་དངོས་བདེན་སོང་ཙང་སྐད་ཆ་མང་པོ་ཞིག་གནས་སྐབས་སུ་བཤད་འདོད་མ་བྱུང་།
ངས་ཨ་རིའི་ཁྲིམས་རྩོད་པ་ཞིག་ལ་སྐད་ཆ་བཤད་པ་ཡིན། ཁོ་པས་ཟེར་ན། གཞོན་ལྷན་ནས་ཚོགས་ཁང་གི་བདག་པོ་དེ་ཁྲིམས་ལ་སྦྱར་དགོས་ཟེར། རྒྱུ་མཚན་ནི་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་དང་ཁེ་གཉེར་ལས་ཁུངས་ཅི་འདྲ་ཡིན་རུང་། ཆབ་སྲིད་དང་། རིགས་རུས། དེ་བཞིན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་དབྱེ་བྱེད་དང་མཐོང་ཆུང་བྱས་ན། ཨ་རིའི་ཁྲིམས་ཐོག་ནས་དཔལ་འབྱོར་གྱི་གུན་གསབ་སྤྲོད་ཀྱི་འདུག
ད་རེས་ཚོགས་ཁང་གི་བདག་པོ་འདི་སྔོན་ལ་ཁྲིམས་ལ་སྦྱར། དེས་དུས་དབང་གྲ་སྒྲིག་བྱེད་མཁན་གྱིས་ང་ཚོ་ཚོགས་ཁང་གི་སྒྲིག་ཁྲིམས་དང་འགལ་ནས་གཞན་ལ་སྙད་བཅོས་བྱས་འདུག་ཟེར་ནས་ཁོང་ཚོར་དཔལ་འབྱོར་གྱི་ཆད་པ་གཅོད་ཀྱི་རེད་ཟེར། དེ་འདྲ་ཡིན་ན། གཞོན་ལྷན་ལ་དཔལ་འབྱོར་གྱི་ཁ་གསབ་ཀྱང་ཐོབ་སྲིད་པ་རེད།
གསར་འགྱུར་འདི་ལ་ཁ་གསལ་མེད་པ་ཇ་ཁང་ནང་གི་ལོང་གཏམ་དང་འདྲ། རྣམ་པ་ཚོས་ཐོག་མར་དྲི་བ་འདོན་དགོས་ས་ནི་གསར་འགྱུར་འགོད་མཁན་དེ་ཡིན་པར་འདོད། གསར་འགྱུར་གྱི་དགོས་ངེས་ཆ་རྐྱེན་ཇི་ཙམ་ཚང་ཡོད་མེད་ཀུན་ལ་གསལ།
གནས་ཚུལ་འདི་མ་བཀོད་སྔ་རོལ་དུ། གསར་འགོད་པས་འགན་འཁུར་ནས་སྐལ་ལྡན་བློ་གྲོས་དང་འབྲེལ་ཡོད་དག་ལ་དེའི་སྐོར་ལ་བཅར་འདྲི་ཞིག་བྱ་དགོས་ཀྱང་། དེ་ལྟར་བྱས་མེད་པ་འདིས་ཀློག་པ་པོ་ཐེ་ཚོམ་གྱི་དྲ་བར་བཅུག འདི་ནི་བྱེས་པ་བོད་ཀྱི་གསར་འགོད་པ་ཚོའི་ཐུན་མོང་གི་ཞན་ཆ་དང་གསར་འགྱུར་ལ་འགན་མི་འཁུར་བའི་ནད་ཡམས་ཤིག་ཏུ་མངོན།
ཨ་རི་རླུང་འཕྲིན་བོད་སྐད་གསར་འགྱུར་དང་། ཨེ་ཞི་ཡ་བོད་སྐད་གསར་འགྱུར། ནོར་ཝེ་བོད་ཀྱི་རླུང་འཕྲིན་གསར་འགྱུར། ཕ་ཡུལ་དྲ་བ། དམངས་གཙོ་འཕེལ་རྒྱས་ཁང་གི་དྲ་བ། དུས་བབ། བང་ཆེན་ལ་སོགས་ན། འདི་ལྟ་བུའི་གསར་འགྱུར་རྒྱུན་འབྱམས་སུ་མཐོང་ངོ་།།
སྐལ་ལྡན་བློ་གྲོས་ཞུ་བས་ རྒྱལ་དར་བཙོང་མི་ཆོག་པར་བཟོས་འདུག་ཟེར་བ་དང་ ཡང་གཞོན་ལྷན་ལ་རྐུབ་སྟེགས་སྤྲད་མི་འདུག་སོགས་ནི་དཔྱད་ཞིབ་བྱེད་དགོས་པར་གནད་དུ་མཐོང་། འོན་ཀྱང་ “བོད་གཞུང་”ཞེས་འཁོད་པའི་སྟོད་ཐུང་དེ་བཙོང་མི་ཆོག་ཅེས་པ་ལ་ཡོད་སྲིད་པའི་གནད་དོན་གཞན་དེ་ནི་འདི་འདྲ་ཡང་ཡིན་སྲིད། མི་བརྒྱ་སྐོར་ཞིག་གིས་སྟོད་ཐུང་དེ་འདྲ་གོན་ནས་༧རྒྱལ་བའི་མདུན་དུ་སླེབས་དུས་ངོ་རྒོལ་གྱི་རྣམ་པ་མཐོང་སྲིད་སྟབས། དེ་འདྲའི་རྣམ་པ་མི་ཐོན་པའི་སྩོལ་བ་ཞིག་བྱས་པ་ཡིན་ནམ།
http://www.rangwang.net/index.php?essayId=1968
སྐལ་ལྡན་བློ་གྲོས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་འབུར་ཐོན་གྱི་བསམ་བློ་ཡོད་མཁན་ཞིག་དང༌། ནམ་ཞར་ཡང་རང་གཞུང་དང་ྋགོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་རྟོགས་ཤིང༌། རྟོགས་ནས་ཀྱང་ལག་ལེན་དུ་བསྟར་མཁན་ཞིག་རེད། ད་རེས་ཁོང་གིས་གནང་སྟངས་དེར་ངེས་པར་བརྟག་དཔྱད་མཐིལ་ཕྱིན་བྱེད་དགོས་པ་ལས་རང་དགར་དམའ་འབབ་བྱེད་པ་ནི་ཆེས་མི་འོས་པ་ཞིག་ཏུ་མཐོང༌། ཁོང་གིས་དཀའ་བ་དུ་མ་ཁྱད་དུ་བསད་དེ་དེ་རིང་གི་དུས་འཁོར་དབང་ཆེན་འདི་ལྟ་བུ་གསུངས་ཐུབ་པ་དང༌། འཛམ་གླིང་ཤར་ནུབ་མི་རིགས་མང་པོའི་སེམས་ཁོང་དུ་ཞི་བདེའི་ས་བོན་བསྐྲུན་པ་ནི་ཆེས་སྤྱིར་བཏང་དང་སྣང་མེད་དུ་འཇོག་རུང་བ་ཞིག་མིན་པར་འདོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདིར་བདག་པོ་བརྒྱབ་སྟེ་ཚོགས་པའི་མིང་བྱང་དུ་བེད་སྤྱོད་བྱེད་འདོད་ཡོད་ན་ལས། ྋགོང་ས་མཆོག་དང་རང་གཞུང་གི་བཀའ་བཀོད་དང་མ་འོངས་རྒྱང་གཟིགས་ཀྱི་རླབས་ཆེན་མཛད་རྗེས་ལ་ཅི་མི་སྙམ་པར། ལྡོག་ཕྱོགས་རྐྱང་གི་བྱ་བ་བརྩམས་པ་ནི་དེ་འདྲའི་བློར་ངོར་ཤོང་སླ་བ་ཞིག་མ་རེད། བོད་རང་བཙན་བརྩོན་ལེན་བྱེད་རྒྱུའི་ཆོད་སེམས་ལ་སུས་ཀྱང་རྗེས་སུ་ཡི་རངས་བྱ་ངེས་པ་དང༌། གཞིས་བྱེས་བོད་མི་ཚང་མས་མངོན་འདོད་ཡིན་ཡང༌། ྋགོང་ས་མཆོག་གི་དགོངས་པ་དང་རྒྱབ་འགལ་དུ་འགྲོ་བའི་རིགས་ལ་སུས་ཀྱང་རྒྱབ་སྐྱོར་བྱེད་དཀའ་བ་ཞིག་རེད། ྋགོང་ས་མཆོག་གིས་ལན་གྲངས་དུ་མར་མི་མང་ལ་དབུ་མའི་ལམ་གྱི་སྟེང་ནས་བཀའ་སློབ་ལམ་སྟོན་རིམ་པར་གསུངས་པ་དག་ལ་ང་ཚོས་ཉམས་ལེན་ཕར་ཟད་མིག་ཟུར་ཙམ་ཡང་མ་བྱས་ན། དེ་ནི་ཆེས་གསུབ་ཐབས་བྲལ་བའི་ནོར་འཁྲུལ་དང་མི་རེ་ངོ་རེའི་མི་ཚེ་ནང་གི་འགྱོད་གདུང་ཆེ་ཤོས་སུ་མཐོང༌།
སྐལ་ལྡན་བློ་གྲོས་ཀྱིས་ཆོས་གསུང་ས་ནས་ཆབ་སྲིད་ཀྱི་འཁྲབ་སྟོན་མ་བྱས་ན་ཡག་པོ་འདུག་ཅེས་བཤད་ཡོད་རྒྱུ་རེད་མ་གཏོགས། བོད་གཞུང་གི་མིང་སྟོད་ཐུང་སྒང་ལ་བརྒྱབ་ནས་བཙོང་མི་ཆོག་ལབ་ཡོད་རྒྱུ་མ་རེད།
དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོས་དཔལ་འབྱོར་འདུ་འགོད་ཆེད་ཡིན་ལབ་ཡོད་པ་རེད། སྐལ་ལྡན་བློ་གྲོས་ཀྱིས་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་འདི་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད། འདི་འགྲིག་འདི་མི་འགྲིག་བཤད་ན་ལྟ་སྟངས་མ་འདྲ་བ་གཉིས་རེད། དེར་སོ་སོའི་ངོས་འཛིན་ལས་ལྷག་པའི་འགྲེལ་བཤད་ཅིག་ཡོང་སྟངས་མེད་པ་འདྲ་པོ་རེད།
གཞོན་ལྷན་གྱིས“ཁོ་ རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་ དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔག་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན”ཡིན་ཞེས་བསྒྲགས་འདུག་སྟབས། ད་ལྟ་དོན་དག་འདི་གླེང་རྒྱུ་ཅུང་སྔ་འདུག ཚེས་བཅོ་ལྔ་རྫོགས་ནས་བཅུ་དྲུག་གི་ཉིན་མོའི་སྐྱ་ནམ་རྒྱས་པའི་སྐབས་དེར། གཞོན་ནུའི་གདོང་ལེན་བྱེད་སྟངས་དང་། སྐལ་བློས་ཁ་གཏད་གཅོག་སྟངས་ལ་གཟིགས་རྒྱུ་ལས་ལྷག་མེད།
བསམ་པའི་ཡུལ་ལས་འདས་པ་ཞིག་ནི། སྐལ་བློས་རང་ཉིད་ཀྱི་ལྟ་སྟངས་དང་ཐག་གཅོད་འདི་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དྲུང་ཆེ་དང་ཡང་འབྲེལ་བ་ཡོད་པར་བཤད་ཡོད་པ་འདི་རེད། དེ་བདེན་ན། དེ་ནི་བློའི་ཡུལ་དུ་ཤོང་དཀའ་བ་ཞིག་འདུག
གཞོན་ཚོགས་ཀྱིས་ལས་ཀ་དེ་ཡང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཅག་ཅག་རེད།སྐལ་བློའི་བྱེད་སྟངས་དེ་ཡང་ཏག་ཏག་ཅིག་བསྡད་མི་འདུག དངུལ་འཚོལ་དགོས་ན་དེ་མ་ཡིན་པར་གཞན་པ་འང་བྱེད་རྒྱུ་ལོས་ཡོད།
ཆིག་སྒྲིལ་ཟེར་བ་ཆོས་ལུགས་ཀྱི་ཐ་སྙད་ཅིག་མ་རེད། ཆབ་སྲིད་ཀྱི་ཐ་སྙད་ཅིག་ཡིན་སྟབས། ཆིག་སྒྲིལ་མེད་ན་བོད་ཀྱི་རྩ་དོན་ལ་འཐུས་ཤོར་འགྲོ་ཉེན་ཆེ་བས། རང་ལྟ་མཆོག་འཛིན་ཕར་བཞག་ནས་ལེགས་སྤེལ་ཉེས་འགོག་གི་ཐབས་ཇུས་ལ་འཇུས་ན་དེ་ལས་ལྷག་བྱ་རྒྱུ་མེད།
སྟོད་གོས་སོགས་ཀྱི་ཐོག་ལ། ད་བར་དུ་བོད་རང་བཙན་སོགས་གང་མང་བྲིས་ཡོད། དེ་དག་ལ་ལ་ཚོང་གི་ཆེད་དུ་ཡིན། ལ་ལ་སྲིད་དོན་ཆེད་ཡིན། དེ་དག་ནི་འགོག་ཐུབ་པ་ཞིག་མ་རེད་ལ་འགོག་དགོས་དོན་ཡང་མེད།
ལར་༸རྒྱལ་བ་ཡིད་བཞིན་ནོར་བུས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་དབང་ཆེན་འདི་འདྲ་གནང་སྐབས། ཆབ་སྲིད་དང་ཚོང་གི་ཁེ་ཕན་རང་བཞིན་ཅན་གྱི་ལས་འགུལ་མ་སྤེལ་ན་བཟང་སྙམ་ལ། ལྷག་པར་ད་ལྟ་༸རྒྱལ་བ་ཡིད་བཞིན་ནོར་བུས་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་སུ་མཚན་བྱང་བརྗེ་སྒྱུར་གནངས་མ་ཐག་པའི་སྐབས་འདིར་ཁོང་གི་ཆོས་གསུང་སར་ལས་འགུལ་འདི་རིགས་སྤེལ་ན་དེ་མི་འོས་པ་ཞིག་གུ་མཐོང་སྲིད། དོན་ངོ་མ་སུ་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་ཡིན་ནམ་སྙམ་པ་སོགས་ཀྱི་རྣམ་རྟོག་མི་སྐྱེ་ག་མེད་རེད།
ཁ་བརྡ་ཚང་ལ་ངོ་ཚ་མི་འདུག དོན་མེད་ལ་ངའི་མཆན་བསུབ་སོང་།
མཆན་༢༦པའི་སྔོན་དེ་ན་ངས་བཏབ་པའི་མཆན་ཡོད། ༢༦པ་ནི་ཏག་ཏག་དགེ་འདུན་རབ་གསལ་ཞེས་པའི་མཆན་པ་དེ་ཡིན།
ངའི་མཆན་གྱི་ནང་དོན་ལ་ཁྲིམས་འགལ་གྱི་སྐད་ཆ་གང་ཡང་མེད། བརྗོད་དོན་གཙོ་བོ་ནི་བོད་བྱེས་པའི་གསར་འགྱུར་བརྒྱུད་ལམ་དང་གསརའགོད་པས་གསར་འགྱུར་གྱི་འགན་འཁུར་མི་འདུག་ཅེས་པ་དང་། ཟུར་དུ་བརྒྱུད་ལམ་ཁ་ཤས་ཀྱི་མིང་དྲངས་ཡོད།
འདི་ནི་ཕྱོགས་ཞེན་དང་ཀློག་པ་པོར་མཐོང་ཆུང་བྱས་པ་མ་ཡིན་ནམ།
ཁ་བརྡའི་ལང་ཕྱོགས་དང་རང་ཚུགས་གང་ཡིན་ཆ་མ་འཚལ་ལོ།།
བོད་ཀྱི་བང་ཆེན་ནས་བླངས།
གསུང་ཆོས་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་ཆེད་ཡིན།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
གསུང་ཆོས་ཀྱི་ཚོགས་ཁང་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་མངོན་ ཆེད། གྲ་སྒྲིག་ཚོགས་ཆུང་གིས་གཞོན་ལྷན་ཚོགས་གཙོར་གསལ་བཤད་དང་རེ་བསྐུལ་ཞུས་པར་ནུས་ པ་མ་ཐོན་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསུང་ཆོས་གནང་ཡུལ་ཚོགས་ཁང་གི་བར་འཁྱམས་སུ་ཕུལ་ པའི་ཚོང་ཁང་དེ་ཕྱིར་བསྡུ་མི་ཞུ་ཀ་མེད་གྱུར་སོང་ཞེས་དུས་དབང་གོ་སྒྲིག་ཚོགས་ ཆུང་གིས་གསལ་བསྒྲགས་ཤིག་སྤེལ་འདུག
དེ་ཡང་ཐེངས་འདིར་ཝ་ཤིང་ཊོན་གྱི་དུས་དབང་སྐབས་བོད་ཀྱི་གཞོན་ལྷན་གྱིས་བཙན་ བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཙོང་མཆོག་མིན་སྐོར་ལ་དུས་དབང་གོ་ སྒྲིག་ཚོགས་ཆུང་དང་གཞོན་ལྷན་བར་གླེང་རྙོག་བྱུང་བ་དང་། ཟླ་འདིའི་ཚེས་༡༤ ཉིན་བོད་ཀྱི་དབུས་གཞོན་ལྷན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། དེ་རྗེས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚེས་༡༤ འཁོད་པའི་གསལ་བཤད་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།
ཚོགས་ཆུང་དེའི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤོན་ཌོན་གྱི་དུས་འཁོར་དབང་ཆེན་གོ་ སྒྲིག་ཚོགས་ཆུང་དང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོའི་དབར་གཞོན་ ནུའི་ཚོང་ཁང་དང་འབྲེལ་བའི་གནས་ཚུལ་བྱུང་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བཞུགས་སྒར་རྡ་ རམ་ས་ལར་གསར་འགོད་ལྷན་ཚོཌ་གནང་བའི་ཐད། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གསལ་བཤད་རགས་ཙམ་ཞུ་རྒྱུར།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགས་དེར་ཚོགས་གཞོན་དོན་འགྲུབ་ ལྷ་དར་ལགས་ཀྱིས་ཚོགས་མི་གསུམ་ཁྲི་ལྔ་སྟོང་ལྷག་ཡོད་པའི་སྒྲིག་འཛུགས་དང་། བོད་རང་བཙན་མཚོན་པའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ལ་གུས་བཀུར་མེད་པར་ཁྱད་གསོད་ དང་མཐོང་ཆུང་བྱས་ལུགས་གསུངས་འདུག་པ་དེ་དངོས་བདེན་གྱི་གནས་ཚུལ་གཏན་ནས་མིན་ ཅིང་། དུས་དབང་སྐབས་སྤྱི་སྒེར་གྱི་ཚོང་ཁང་བཟུང་རྒྱུའི་སྙན་ཞུ་ཕུལ་མཁན་གང་མང་བྱུང་ པ་ལྟར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཚང་མའི་རེ་འདོད་བསྐོང་ཐུབ་པའི་འབད་ བརྩོན་གང་ཡོང་ཞུས་ཏེ། གསུང་ཆོས་གོ་སྒྲིག་ཞུ་ཡུལ་ཝ་རའི་ཛོན་ཚོགས་ཁང་གི་འགྲམ་དུ་མིང་ཐོ་འབྱོར་རིམ་ ལ་གཞིགས་པའི་གླ་ཡོད་ས་ཁང་ཆ་བགོས་བྱས་ཡོད་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མིའི་གཞུང་ འབྲེལ་མིན་པའི་སྒྲིག་འཛུགས་ཧ་ཅང་གལ་ཆེན་ཞིག་ཡིན་པར་བརྟེན། གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ལྷན་ཚོགས་ལ་དམིགས་བསལ་བྱས་ཏེ་རིན་མེད་ ཐོག་ཚོང་ཁང་གོ་སྒྲིག་མཐུན་འགྱུར་ཞུས་ཡོད།
གོ་སྒྲིག་ཚོགས་ཆུང་གིས་གྲོས་ཆོད་དགོངས་དོན་ལྟར། གསུང་ཆོས་གནང་ཡུལ་ཚོགས་ཁང་ནང་གི་བར་འཁྱམས་སུ་གྲ་སྒྲིག་ཚོགས་ཆུང་རང་གི་ཆོས་ ཕྱོགས་དང་འབྲེལ་བའི་ཕྱག་དཔེ་དང་དྲན་བརྟེན་དངོས་པོ་ཚོང་རྒྱུ་ཙམ་ལས། དེ་མིན་སྤྱི་སྒེར་སུ་ལའང་དངོས་ཟོག་ཕྱིར་ཚོང་བྱ་རྒྱུའི་ས་ཆ་དང་མཐུན་རྐྱེན་ སྤྲད་མེད། ཡིན་ནའང་། གཞོན་ནུ་ལྷན་ཚོགས་ཀྱིས་རེ་བསྐུལ་ལ་དམིགས་བསལ་བདག་སྤྲོད་དང་མཐོང་ཆེན་བྱས་ཏེ་ ཚོགས་ཁང་ནང་གི་བར་འཁྱམས་སུ་དངོས་ཟོག་ཚོང་ཡུལ་གྱི་ས་ཆ་ཕུལ་ཡོད། ཆོས་ཕྱོགས་ཀྱི་ཚོགས་འཛོམས་འདི་ལྟ་བུར་ཕྱི་ཕྱོགས་ནས་གནས་ཚུལ་ཆུང་ཙག་རིགས་ལ་ བསྙད་དེ་སྐྱོན་འདོགས་འདྲ་མིན་བཟོ་རྒྱུ་འགོག་ཆེད།ཚོགས་ཁང་བར་འཁྱམས་སུ་ཆབ་ སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་བྱུང་བའི་དགོངས་དོན་བཞིན། གྲ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་གསལ་བཤད་དང་རེ་བསྐུལ་ཞུས་པར་ནུས་པ་མ་ ཐོན་པར་བརྟེན།གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་གསལ་བཤད་ཆེད་ཕེབས་དགོས་སྐོར་ ལན་གསལ་འབྱོར་བ་བཞིན་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཆེད་དུ་ཕེབས་ནས་གནད་ དོན་ཡོངས་སུ་གསལ་བཤད་ཞུས་ཡོད།འོན་ཀྱང་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་ལ་མཐུན་འགྱུར་ངོས་བཞེས་མ་གནང་བ་དང་། ཚོང་གཉེར་ཁོ་ནར་དམིགས་ནས་ཚོང་ཁང་གི་ས་དམིགས་ཕུལ་པའི་ཆ་རྐྱེན་ཁག་ལ་རྩིས་ འཇོག་མ་གནང་བར་བརྟེན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསུང་ ཆོས་གནང་ཡུལ་ཚོགས་ཁང་གི་བར་འཁྱམས་སུ་ཕུལ་པའི་ཚོང་ཁང་དེ་ཕྱིར་བསྡུ་མི་ཞུ་ཀ་ མེད་གྱུར་ནའང་། ཚོགས་ཁང་ཉེ་འཁོར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཕུལ་པའི་ཚོང་ཁ་དེ་སྔ་ སོར་གནས་ཡོད།
ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་བསྐུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་ བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་ རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་ གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་མཁན་ཚོགས་ཆུང་དང་ས་ གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐོུང་གིས་ཞེས་གསལ་བསྒྲགས་སྤེལ་ འདུག །
༄༅།་་་་སྐལ་ལྡན་བློ་གྲོས་ལྟ་བུའི་མི་ངན་ཁག་གཅིག་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡོད་རེད་དེ་ཚོ་ལ་ག་དུས་ཡིན་ན་གོ་སྐབས་ཡག་བ་དང་ཐོབ་ཐང་སོགས་ཡག་བ་སྤྲད་ཀྱི་འདུག་དྲ་གྲོགས་ཚོའི་སྤྱི་ཚོགས་ནང་དུ་ཉན་ཞིབ་གནང་ན་མཐོང་ཐོབ།་་་་་སྐལ་ལྡན་གྱིས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་ཐུང་དང་ཅ་དངོས་རིགས་ཚོང་མི་ཆོག་དང་ཐོག་མར་ཁོང་རང་སྒེར་གྱི་ཐག་ཆོད་ཡིན་པ་དང་རྗེས་སུ་སྐུ་སྒེར་དྲུང་ཆེའི་མཚན་བེད་སྤྱོད་བྱས་པ་འདི་ཚོ་ཧ་ཅང་གི་རྫབ་ཆེན་རེད་མི་འདི་ད་ལྟ་བར་དུ་འདི་འདྲ་བྱས་ཏེ་གོ་སྐོབས་རག་པ་ཞིག་རེད་ངེས་པར་དུ་གཞོན་ལྷན་གིས་་སྲུང་པ་ལྟར་ངེས་པར་དུ་ངན་པ་རྒྱ་ཡན་དུ་གཏོང་མི་ཉེན།བཀྲིས་བདེ་ལེགས།
དུས་འཁོར་དབང་ཆེན་གྱི་སྐབས་སྐུ་མདུན་གྱི་ཆབ་སྲིད་དང་འབྲེལ་བའི་གསུངས་བཤད་དེ། སྐུ་མདུན་གྱིས་་་་་རྒྱ་ནག་གུང་ཁྲན་ཚོགས་པ་རྒས་ཡོལ་བྱེད་དགོས་ཚུལ་སོགས་སྣ་ཚོགས་གསུངས་དང་བཞིན་ཡོད་པས་དུས་དབང་ནང་ཆབ་སྲིད་མ་སྤེལ་ཟེར་བའི་བསམ་ཚུལ་ནི་འཐབ་ཕྱོགས་གཅིག་གྱུར་ཚོགས་པའི་ཚོགས་མི་དུས་དབང་གོ་སྒྲིག་པའི་ཁྲོད་ནས་ཡོད་པས་རེད། དེ་ཡོད་པ་གདོན་མི་ཟའོ།
བོད་མི་རྣམས་ཀྱིས་བོད་སྒྲིག་འཛུགས་ཀྱི་གནད་ཡོད་གཞུང་ཞབས་རྣམས་ལ་གུས་བཀུར་བྱེད་རྒྱུ་མང་དྲག་པས་ཁོང་ཚོས་སྐུ་མདུན་ལ་ཁ་གཡར་ནས་རང་སྣང་གང་དྲན་གྱིས་དུས་ཀུན་ལས་དོན་སྒྲུབ་པས་སྐྱག་ལང་བཏང་བས་རེད། དེ་ནི་ཟམ་གདོང་གིས་གསུངས་བ་བཞིན་མི་མང་དགའ་བྱེད་ཀྱི་ཆེད་དུ་དམིགས་བསལ་གྱི་ལས་དོན་སྒྲུབ་མེད་ཀྱང་བཀའ་དྲིན་བཏང་རག་ཕུལ་མཁན་བྱུང་བས་དགའ་བ་སྒོམ་ཚུལ་གྱི་ཚིག་འབྲི་དེས་གཞུང་ཞབས་ཚོའི་དེ་དོན་སྒྲུབ་ཕྱོགས་ཀྱི་ཟུར་ཆ་ཞིག་གསལ་འགྲེལ་བྱས་བ་རེད།
སྐལ་ལྡན་བླ་གྲོས། ཧམ་པ་ལཱ། བོད་པ་ཚོ་མཐོང་ཆུང་མ་བྱེད།
འོ་ཡ་ ད་དྲ་འབུ་ཚང་མ་་ འདིར་སླེབས་འདུག་ གློག་ཀླད་སྒོ་མ་ཕྱེས་་མ་གཏོག་ འཕྲོ་བརླགས་འགྲོ་ཉེན་འདུག་ དོན་དངོས་ལ་རྒྱུས་མངའ་བྱེད་འདོད་མེད་པར་ཅོལ་བྱུང་གི་དྲ་འབུ་ འདི་ཚོ་གང་འདྲ་ དྲ་འབུ་འགོག་བྱེད་འཕྲུལ་ཆས་ཡག་ཤོས་དེ་བེད་སྤྱོད་གཏང་ཡང་ འགོག་ཐུབ་ཀྱི་མི་འདུག
དོན་དག་འདི་ལ་ཅིག་མི་ཞུ་ཀ་མེད་རེད།
ཚོགས་པ་ཁག་ཅིག་དང་བོད་མི་ཁག་གིས་བྱེད་སྟངས་དེ་མཚམས་རེར་༧གོང་ས་མཆོག་དང་བོད་གཞུང་གི་ཟ་ཟུར་ནས་ཡར་འབུར་འབུར་བྱེད་གི་འདུག་བསམ། དེ་ནི་ཐལ་དྲགས་པའི་བྱེད་སྟངས་ཤིག་ཏུ་མཐོང་བ་རེད། གལ་སྲིད་ངར་ངར་འབུར་འབུར་བྱེད་བསམ་ན་ཁ་གཏད་ས་མ་ནོར་ན་ཡག་པོ་ཞིག་མཐོང་གི་རེད། སྐལ་ལྡན་བློ་གྲོས་དང་གཞོན་ལྷན་ཚོགས་གཙོའི་རྩོད་རྙོད་དེ་མྱུར་དུ་ཐག་གཅོད་དགོས་གི་རེད།
སྐལ་ལྡན་བློ་གྲོས་ལགས་མི་ངན་མ་རེད། གཞོན་ནུ་ལྷན་ཚོགས་ཀྱང་ངན་པ་མ་རེད།
སུ་ངན་པ་རེད་དམ། གནས་ཚུལ་ཆ་ཚང་གོ་མ་ཚོད་པར་ཁ་བརྡ་དྲ་ཚིགས་སུ་བཙན་བྱོམ་མི་སྣ་དྲག་གྲས་ལ་ཁ་རྡུང་དང་ཟུར་ཟ་བྱེད་མཁན་དག་རེད། ཕལ་ཆེར་རྒྱའི་གསང་མྱུལ་བ་ཡིན་པ་ཐག་ཆོད། གསང་མྱུལ་བ་དེ་ཚོ་དེང་སང་སྤྱང་པོ་ཆགས་འདུག་གཱ། གཞན་ནས་གོ་སྐབས་མི་རེག་སྐབས་ཁ་བརྡ་དྲ་རྒྱའི་ནང་འཛུལ་ཏེ་ད་དུང་ངོ་མིང་མ་བྲིས་པར་ང་ཚོའི་བོད་རིགས་དྲག་གྲས་ཁག་ལ་ཁ་རྡུང་དང་སྐྱོན་འཛུགས་བྱེད་ཀྱི་འདུག།
ད་ཐེངས་ཀྱི་གནས་ཚུལ་ལ་ཧང་སངས་དགོས་དོན་མིན་འདུག དེ་ལས་བཙན་བྱོལ་ནང་ལ་བོད་གཞུང་གི་མིང་བྱང་བསྒྱུར་ཡང་ད་དུང་བོད་གཞུང་ཟློས་གར་དང་བོད་གཞུང་སྨན་རྩིས་ཁང་སོགས་ཡོད་ན་སྟོད་གོས་ཅིག་འཚོང་འགྲེམས་བྱས་པར་གནད་འགག་མིན་འདུག དེ་ཡང་གཞོན་ལྷན་གྱིས་འཚོང་འགྱུར་ཞུས་པ་རྒྱུ་མཚན་བརྒྱ་ཆ་བརྒྱ་ཐམ་པ་ཡོད་རེད། གང་ཡིན་ཟེར་ན་ཁོང་ཚོ་ཆབ་སྲིད་ལྟ་ཕྱོགས་རང་བཙན་རེད།
དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གཞོན་ལྷན་ལ་དངོས་ནས་བསམ་ཤེས་དང་དུས་ཐོག་ཚོང་ཁང་རིན་མེད་བྱས་པར་གཞོན་ལྷན་གྱིས་བསམ་ཤེས་སྙིང་བཅངས་བྱས་འདུག ཡིན་ཡང་ཚོགས་ཆུང་གིས་གྲོས་ཆོད་ལྟར་ཆབ་སྲིད་དང་འབྲེལ་བའི་ཚོང་ལས་རིགས་བཙོང་མི་ཆོག་པ་བྱས་པ་ལྟར། རིམ་བཞིན་ཚོགས་གཙོར་གསལ་བཤད་བྱས་མཐར་བསམ་ཤེས་མ་བྱས་པར་ཚོང་ཁང་ཕྱིར་བསྡུ་བྱས་ཡོད་ལ། ཡིན་ཡང་སྟོད་གོས་སྒང་ལ་བཙན་བྱོལ་བོད་གཞུང་བྲིས་པ་འདི་ད་ལྟའི་དུས་དབང་སྐབས་བཙོང་རྒྱུ་ཞིག་གཏན་ནས་མིན། ཉེ་ཆར་གྲོས་ཆོད་རིམ་པས་ཐག་བཅད་ཟིན་པ་ཚང་མས་མཁྱེན་གསལ་ལྟར། དེ་ྋགོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་ལངས་པ་ཞིག་བླུན་རྨོངས་ངས་བལྟས་ནའང་མཐོང་གི་འདུག་མོད། ཚོང་ཁང་ཕྱིར་བསྡུ་བྱས་པ་གནད་ཀྱི་དོན་སྒོ་བབས་འདུག མདོར་བསྡུས་ན་དུས་རབས་ཉེར་གཅིག་པ་འདིར་ཆོས་གསུང་ས་ནས་སྲིད་བསྐྱངས་ན་གཉིས་ཀ་ལ་ཕན་ཐོགས་མེད་པས་གཞོན་ལྷན་གྱི་ཆབ་སྲིད་དེ་དུས་དབང་སྐབས་ཡོང་ཐབས་རྩ་བ་ནས་ཡོད་པ་མ་རེད་དོ།།
༼དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གཞོན་ལྷན་ལ་དངོས་ནས་བསམ་ཤེས་དང་དུས་ཐོག་ཚོང་ཁང་རིན་མེད་བྱས་པར་གཞོན་ལྷན་གྱིས་བསམ་ཤེས་སྙིང་བཅངས་བྱས་འདུག༽
འདི་ནོར་འདུག་པས་བཟོ་རོགས་གནང།
དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གཞོན་ལྷན་ལ་དངོས་ནས་བསམ་ཤེས་དང་དུས་ཐོག་ཚོང་ཁང་རིན་མེད་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོད་གཞུང་བླང་པ་དེ་གསུང་ཆོས་ཀྱི་སྐབས་ཁོ་ན་མིན་པར་ཉེ་་དུས་ཀྱི་བོད་མིའི་སྒྲིག་འཛུག་གི་ལྟ་བ་གལ་ཆེན་ཞིག་རེད། མ་ཟད་སྒྲིགས་འཛུག་ཟེར་བ་དེའི་མ་འོངས་པའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་འབྲེལ་བ་དམ་ཟབ་ཡོད་ངེས་རེད། བོད་གཞུང་མེད་པས། བཀའ་བློན་ཁྲི་བ་དང་། བཀའ་བློན་ཟེར་བ་སོགས་ཀྱི་མིང་ཚིག་སྒྱུར་བཅོས་བྱེད་དགོས་པར་སྣང་། སྟེང་ན་རྗེ་མེད་ན་འོག་ཏུ་བཀའ་སྒྲུབ་མཁན་གྱི་བློན་པོས་སུའི་བཀའ་སྒྲུབ་རྒྱུ་རེད། གཞུང་མེད་པ་ཡིན་ན་ཁྲིམས་མཐུན་གྱི་ཚོགས་པ་སུས་ཡིན་ཀྱང་འཛུག་ཆོག སྐྱབས་བཅོལ་བོད་མིའི་སྒྲིགས་འཛུག་ཀྱང་མང་པོ་བཙུག་ན་མི་ཆོག་པ་མེད།
དགེ་ལུགས་པ། ཨ་མདོ་པ། བཀྲ་ཤིས་ལྷུན་པོའི་ཕྱོགས་གཏོགས་བཅས་པར་ཞུ་རྒྱུ། ཉེ་ཆར་༧པཎ་ཆེན་བཅུ་བའི་གསུང་ཡིན་ཟེར་བའི་དོལ་རྒྱལ་གྱི་ཆོ་ག བསྟོད་གསོལ། གསེར་སྐྱེམ་སོགས་མི་ཉུང་པ་ཞིག་བོད་ནང་ཁུལ་དུ་སྤེལ་བཞིན་པ་དང་། ཕལ་ཆེར་གསུང་འབུམ་དུའང་བཅུག་ཟིན་ཟེར། དེ་སྐུ་ངོ་མའི་གསུང་ཡིན་མིན་ལ་རྒྱུས་ཡོད་རྣམས་ཀྱིས་འགྲེལ་བཤད་གསལ་བོ་ཞིག་གནང་རོགས་ཞུ། པཎ་ཆེན་༡༠་པའི་དྲུང་ཡིག་གནང་མྱོངམཁན། ཨ་ལག་བསྭེ་ཚང་དང་། དཔེ་ཝཪ་རིན་པོ་ཆེ་སོགས་ཀྱིས་ཁོང་གི་གསུང་མ་རེད་ཟེར། པར་བསྐྲུན་མཁན་ཚོས་རེད་ཟེར། ད་ལྟ་ཨ་རྒྱ་རིན་པོ་ཆེས་དྲང་གཏམ་ཞིག་བཤད་པའི་དུས་ལ་བབ་འདུག་བསམ། འབྲེལ་ཡོད་རྣམས་ཀྱིས་ཐུགས་ཁུརབཞེས་གནང་རོགས།
དེ་རིད་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསལ་བཤད་ལྟར་ན་ གཞོན་ལྷན་ཏན་ཏན་ཚོང་རྭ་ལས་ཕུད་པ་ངེས་འདུག ཕུད་པའི་རྒྱུ་མཚན་ནི་གཞོན་ལྷན་ནས་གསལ་བསྒྲགས་སྔོན་སོང་ལྟར་ཡིན་པ་ལས་། གཞན་རྒྱུ་མཚན་གང་ཡང་མི་འདུག ངེད་ཅག་བོད་པ་ཚང་གི་ཆབ་སྲིད་ཀྱི་བསམ་བློ་འདི་འདྲ་དོག་པོ་བྱེད་བསྡད་པ་ཡིན་ན། རྗེས་སུ་༧གོང་ས་མཆོག་གིས་མི་རིགས་ཀྱི་མཐུན་འབྲེལ་གྱི་སྐོར་བཀའ་འཕེབས་ཀྱི་ཡོད། ་༧གོང་ས་མཆོག་གི་གསུང་ཆོས་དང་དུས་དབང་སྐབས་སུ། རྒྱ་མི་རིགས་ཀྱི་མིག་མདུན་དུ་མི་མཛེས་པས། ངེད་ཅག་མི་རིགས་བོད་ཀྱི་སྐད་ཡིག་དང་ཆས་གོས་སོགས་བེད་སྤྱོད་བྱེད་མི་ཆོག་ཅེས་སྐབས་འཚོལ་རིང་ལུགས་པ་འགས་འགོག་རྐྱེན་མི་སྤྲོད་པའི་ངེས་པ་གང་ཡང་མི་འདུག་ ལྟོས་དང་། ལུགས་རིགས་དང་། རབ་གསལ་སོགས་ཀྱིས་ཀྱང་ཅི་འདྲ་བཤད་ཀྱི་མི་འདུག་གམ།
ཞོགས་པ་བདེ་ལེགས།
མཆན་དང་མཆིལ་མ་གཉིས་ཀས་དགའ་རབ་ཅིག་ལ་བསྐྱལ་འདུག སྣ་ནག་མའི་གསལ་བཤད་ཀྱང་སླེབ་ཚར་འདུག
ད་གླེང་འཇོག་རྒྱུ་ཅང་མི་འདུག གཞོན་ལྷན་ལ་རྐུབ་སྟེགས་སྤྲད་མི་འདུག་ཅེས་པའི་སྐད་ཆ་གང་ལ་འཁྱེར་དགོས་པ་རེད། འོ་ན། བུད་མེད་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པར་རྐུབ་སྟེགས་སྤྲད་འདུག་གམ། ཡང་ན། གཞོན་ལྷན་གྱིས་རྐུབ་སྟེགས་ཤིག་གནང་རོགས་ཞུས་ཀྱང་ངོས་ལེན་མ་བྱས་པ་རེད་དམ།
ཐེངས་འདིར་གཞས་པ་གཞས་མ་སོགས་ལ་རྐུབ་སྟེགས་གྲ་སྒྲིག་བྱས་པ་དེ་ནི་དུས་དབང་གོ་སྒྲིག་ཚོགས་པའི་གྲ་སྒྲིག་གི་ཆ་ཤས་ཤིག་ཡིན་རྒྱུ་རེད།
གཞོན་ལྷན་ལ་རྒྱབ་སྐྱོར་ག་དུས་ཡིན་རུང་ཡོད། འོན་ཀྱང་། ལོ་ཤས་ཤིག་གི་རིང་ནས་གཞོན་ལྷན་གྱི་ལས་དོན་མང་པོ་ཞིག་བཤད་ཚེགས་ཀྱི་ནང་དུ་ཕྱིན་སོང་། དུས་དབང་སྔོན་མ་ཞིག་གི་སྐབས་ལ་ཡང་གཞོན་ལྷན་ལ་བཤད་ཚེགས་ཤིག་བྱུང་། གཞོན་ལྷན་ནང་ཁུལ་ལ་ཡང་ཕྱོགས་ཁག་འདྲ་བོར་གྱུར། ད་ཐེངས་ཀྱང་གླེང་རྙོག་འདི་འདྲ་ཞིག་བྱུང་། དབུས་ནས་སྐད་ཅིག་ཉིད་དུ་གསལ་བསྒྲགས་འདྲ་སྤེལ། སྤྱི་ཚོགས་ནང་ལ་ཡང་དཀྲོགས་གཏམ་འདྲ་ཕྱིན། འདི་ལྟར་མུ་མཐུད་དུ་ཕྱིན་ན་ང་ཚོར་རེ་བ་ཇེ་ཕྲ་རེད། རྒྱ་མིའི་རེ་བ་ཇེ་ཆེར་འགྲོ་གི་རེད།
རང་དབང་དང་དམངས་གཙོ་ལྡན་པའིརྒྱལ་ཁབ་ཞིག་ཡིན་ཚེ་གཙོ་བོ་ཁྲིམས་ཀྱིས་དབང་བསྒྱུར་ཡིན་པ་བཤད་ག་ལ་དགོས།། དེའི་མངའ་ཁོངས་སུ་གཏོགས་པའི་ཚོགས་པ་སྒྲིག་འཛུག་སོགས་ཀྱང་དེ་མཚུངས་རེད། རང་དབང་དང་དམངས་གཙོ་ཡིན་ཚེ་གང་འདོད་བྱེད་ཆོག་པ་ཞིག་ག་ལ་ཡིན། གོང་དུ་མཆན་འདེབས་མང་ཤོས་ཀྱིས་ཨ་རི་དང་བཙལ་བྱོལ་གཞུང་དམངས་གཙོ་ཡིན་པའི་རྒྱུ་མཚུན་ཏུ་བྱས་ནས་གཞོན་ནུའི་ཚོང་ལམ་བགག་པ་རེད་ཟེར་པ་ནི་མུན་ནག་མདའ་འཕེན་ལས་མ་འདུས། རྒྱུ་མཚུན་ནི། དེང་པོ། འོ་ན་ཤུགས་ལྡན་བརྟེན་མཁན་ཚོས་ཀྱང་དེ་ལྟར་ཤུགས་ལྡན་གྱི་སྐུ་འདྲ་བཀོད་པའི་སྟོད་གོས་རིགས་བཙོང་ན་འགོག་མི་ཆོག་པ་ཡིན་ནམ། རྒྱུ་མཚུན་དེའི་ཕྱིར། གཉིས་པ། གསུང་ཆོས་རྭ་བའི་ཕྱི་ནང་གི་ཁྲོམ་རར་ཚོང་དངོས་གང་ཞིག་བཙོང་ཆོག་མིན་གྱི་ཐོབ་ཐང་དུས་དབང་བཀོད་སྒྲིག་ཚོགས་ཆུང་ལ་ཡོད། གཞན་ དེ་སྔོན་ཡང་གཞོནལྷན་གྱིས་མི་མང་འདི་འཛོམས་ཆེ་སར་དཔལ་འབྱོར་འདུ་འགོད་ཆེད། ་བོད་ཀྱི་རྣམ་པ་མཚོན་པའི་ཅ་དངོས་རིགས་ཁྲོན་སྟོན་བྱེད་ཀྱི་ཡོད་ལ་དམིགས་བསལ་བོད་རང་བཙན་བྲིས་ཡོད་པའི་སྟོད་གོས་སྣ་ཚོགས་བཙོངས་ཀྱི་ཡོད་པ་ལས་བཙན་བྱོལ་བོད་གཞུང་བྲིས་ཡོད་པའི་སྟོད་གོས་བཙོང་བ་ཐོག་མ་ཡིན་རྒྱུ་རེད། དེ་ཡང་ད་ལོ་བཙན་བྱོལ་གཞུང་ཀྱིས་གཞུང་མིང་སྒྲིག་འཛུག་ལ་བསྒྱུར་བ་འདོད་པ་མ་ཁེངས་པའི་རྣམ་པ་སྟོན་ཁུལ་ཡིན་ངེས། དེ་ནི་གཞོན་ནུ་གཅིག་པོ་ག་ལ་ཡིན་སུ་གཅིག་ལའང་འདོད་མོས་མེད། འོན་ཀྱང་ཕྱོགས་གཅིག་ནས་བཤད་ན་དེ་ནི་ཉེ་ཆར་གསར་ཏུ་བསྒྱུར་བ་ཞིག་མ་ཡིན་པར་དེ་སྔོན་ནས་དབྱིན་ཡིག་ཐོག་སྒྲིག་འཛུག་མིན་གཞུང་བཀོད་མེད་པ་ཚང་མ་གསལ་བོ་རེད། སྐབས་དེ་དུས་གཞོན་ལྷན་གྱིས་བཙན་བྱོལ་བོད་གཞུང་ཞེས་པའི་སྟོད་གོས་ཁྲོམ་ལ་མི་གྲམ་པ་ཅི་ཡིན། ད་དུང་དབྱིན་ཡིག་དང་དབྱིན་སྐད་ནི་འཛམ་གླིང་སྤྱིའི་སྐད་ཡིག་ཆགས་ཡོད་པས་ཁྱབ་བསྒྲགས་ལ་འགྲོ་སླ། དེ་མིན་རྒྱ་གར་གཙོ་བཅས་ཁྲིམས་ཐོག་ནས་བཙན་བྱོལ་གཞུང་གི་མིང་བྱང་ངོས་ལེན་མི་བྱེད་མཁན་སོགས་ལ་ཅི་ཞིག་ལ་བརྩོད་ལེན་ངོ་རྒོད་མི་བྱེད་པ་ཡིན་ནམ། ང་ནི བོད་ཀྱི་གཞོན་ལྷན་གྱི་ལྟ་བ་དང་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་མོད། མཚམས་རེ་མགོ་འཐོམས་པ་ཞིག་ལ་ཁོང་ཚོས་བསྒྲགས་གཏམ་དང་ལག་ལེན་བར་གནམ་ས་ལྟ་བུའི་བར་ཐེག་རིང་གྲགས་པའི་ཨ་ཐེངས་རང་བཞིན་གྱིས་འཆད་གི། རྒྱུ་མཚུན་ནི་ཁོང་ཚོས་གཏམ་བཤད་ཀྱི་དོན་སྙིང་གཙོ་བོ་གཉིས་ནི་་་བོད་རང་བཙན་སླར་གསོ་དང་་་བོད་ཀྱི་ངོ་བོ་སྲུང་སྐྱོབས་དེ་གཉིས་རེད།། ལས་དོན་དེ་གཉིས་སྒྲུབ་ལ་མ་མཐའ་ཡང་ཚོགས་མིའི་ཁྲོད་བརྒྱའ་ཆ་སུམ་བཅུ་ཙམ་གྱིས་བོད་ཀྱི་གནའ་བོའི་བྱུང་རམ་ལོ་རྒྱས་དང་སྐད་ཡིག་གཙོ་བཅས་རིག་གཞུང་གི་སྤྱི་ཁོག་ཙམ་ཤེས་དགོས་པས། ངས་བལྟས་ན་ཁོང་ཚོའི་ཁྲོད་བརྒྱ་ཆ་གསུམ་ཙམ་གྱི་ཤེས་མཁན་ཉུང་མ་ཟད་འབལ་བརྩོན་ཐབས་ལམ་འཚོལ་མཁན་ཞིག་ཀྱང་ཁེག་སོ་སྙམ།།།
རྩོམ་འདིར་མཆན་སྒོ་བཀག་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com