སྐྱོ་བྲག་དགའ་དབང་།
བོད་གོས་རྩག་པའམ་སློག་པ་ནི། པགས་རིགས་གཞན་ལ་བཟོ་ཡང་། གཙོ་བོ་ལུག་སྤགས་ལ་བཟོས་ནས་ཕོ་མོ་ཆེ་ཆུང་ཚང་མས་རྒྱུན་གོས་བྱ་རྒྱུ་ཞིག་རེད། དེང་སང་རང་རིགས་དང་གཞན་རིགས་མང་པོ་ཞིག་གིས་དེ་ལ་བཟང་པོ་མ་ཡིན་པའི་བལྟ་ཚུལ་ཞིག་འཆང་གི་ཡོད་ཀྱང་། དེ་ནི་གནས་ཚུལ་ཇི་བཞིན་མ་རྟོགས་པའི་རྨོངས་བློ་རང་རེད། བོད་ཡུལ་མདོ་དབུས་ཀྱི་ས་ཆ་མང་ཆེ་བ་མཐོ་སྒང་གྲང་ངར་ཧ་ཅང་ཆེ་བའི་ཡུལ་ཡིན་པས་དེའི་གྲང་ངར་ཐུབ་པ་ནི་པགས་རིགས་མ་གཏོགས་གཞན་མེད་ལ། དེའི་ནང་ནས་ཀྱང་དྲོ་འཇམ་རྙེད་སླ་ནི་ལུག་ལྤགས་ཁོ་ན་རེད། དབྱིབས་དང་བཟོ་ལུགས་ཀྱང་ཞིབ་ཏུ་བལྟས་ན་མཛེས་པོ་ཡིན། ལྷག་པར་བོད་གོས་རྩག་པའི་བེད་འདྲ་བ་མི་རིགས་གཞན་གྱི་གོས་ལ་ཡེ་མེད་དེ། ཉིན་མོ་སྲོག་གི་ཉེན་ཁར་ཐུག་པའི་གྲང་ངར་ལས་སྐྱོབ་པའི་གྱོན་གོས་དང་། མཚན་མོ། ཕུ་དུང་གང་རུང་རེ་སྔས། ཐུ་བ་གཉིས་པོ་བཏིང་། རྒྱབ་གཞུང་གྱོན་པས་ཉལ་ཆས་ཆ་ཚང་དང་། དངོས་རྫས་རྣམས་རུམ་དུ་བཅུག་ན་འབྲལ་མེད་དུ་ཡོད་པའི་ཁུག་མ་རང་གྲུབ་དང་། ཕྲུག་གུ་མདུན་རྒྱབ་གང་དུ་བཞག་ཀྱང་ཆོག་པའི་ཁུར་ཆས་བཟང་པོ་དང་། མི་གཙང་བ་ནམ་དོར་ཀྱང་ཆོག་པའི་གསང་སྤྱོད་ཁང་དང་། སྐུད་པ་སོགས་ནམ་དགོས་ཡོད་པའི་བང་མཛོད་དང་། རྩུབ་པོ་དང་ལྕི་མོ་ཁུར་དུས་ཀྱི་ཁུར་ལྗིབས་དང་། ཆར་གྱིས་བརླན་ན་རིང་ཞིང་ཉི་མས་གདུང་ན་ཐུང་བའི་རང་ཤེས་ཅན་དང་། ཁ་ལག་གི་སྣུམ་སོགས་ཕྱིས་ན་ཆོག་པར་མ་ཟད་སྲ་བ་དང་ཁ་དོག་མཛེས་པར་འགྱུར་བ་སོགས་ཡོན་ཏན་ཁྱད་འཕགས་མང་དུ་ཡོད་པ་ལ་བརྙས་བཅོས་མ་བྱེད་པར་གྲོགས་པོ་ཚོས་ཉམས་རྒྱུས་ཡོད་པའི་སྒོ་ནས་ལྟོས་དང་གསལ་བར་འགྱུར་རོ། །
བདེན་པ་རེད། མོས་མཐུན་ཡོད།
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
་་དེའི་ནང་ནས་ཀྱང་དྲོ་འཇམ་རྙེད་སླ་ནི་ལུག་ལྤགས་ཁོ་ན་རེད། ་་་ ཟེར་བ་འདི་དང་དེའི་ཆེད་དུ་ལུག་ཕྲུག་མང་པོ་གསོད་བགྱིད་ཡོད་པས་རྒྱབ་སྐྱོར་མེད།
ཀ་རྡོ་རབ་འབྱམས་པ་ལེགས། ལུག་ཕྲུག་ལབ་གི་མ་རེད་། ལུག་གུ། ལབས་གི་རེད་།
མཁན་པོ་ལགས་ ཁྱོད་རང་གི་རྩག་པའི་ སྐོར་གླེང་གི་མ་འདུག་ དེ་ལས་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལ་དད་པ་དང་དག་སྣང་ཡག་པོ་ཞིག་བློ་ལ་སྦྱོངས་ རང་རྒྱུད་ལ་ ལས་རྒྱུ་འབྲས་ལ་ཡིད་ཆེས་ཇི་ཙམ་འདུག་ལྟོས་དང་དེ་དགའ་ནི་རེད་ཨི་གོ་ ཕ་བཟང་གི་བུ་
རེད་ཡ། བདེ་སྡུག་སོ་སོས་མྱོང་དགོས་ཕྱིར། ཁ་མི་ལ་གདང་མི་འདུག་པར། བློ་ནང་ལ་བཀུག་ན་ཡག་པོ་ཡོད་རེད།
ལུག་ཕྲུག་དེ་སྦྲ་ནག་གི་ལུག་གུར་བཅོས་རོགས། ཐུགས་རྗེ་ཆེ།
ཨ་རོགས། སྐྱོ་བྲག་དགའ་དབང་ལགས། ཁྱོད་ནི་གྲྭ་བ་ཞིག་དང་དེའི་ཐོག་ཏུ་ད་དུང་རུམ་བཏེགས་དགོན་པའི་མཁན་པོ་ཞིག་གི་མཚན་གནས་ཡོད་པ་ཐོས། ཁྱོད་ལ་རྒྱུས་ཡོད་པའི་ལོ་དུས་ནི་ཉེ་ཆར་ཁྱོད་ལྕགས་མོ་མཚོ་ལྕགས་དྲའི་གཟེབ་ནས་ཐར་མ་ཐར་གྱི་སྐབས་ཤིག་ཡིན། ཡུམ་དུམ་པ། ཨ་ཁུ་སྐྱོ་བྲག་ལགས། གཟའ་ཟླའི་བར་དུ་འཁྲུག་རྐྱེན་སློང་བའི་གཏམ་བཤད་མི་ཉན་ཡ། ཁྱོད་ཨ་ཁུ་ཡིན་པས་རྒྱུས་མེད་སོང་ནི་རེད། ཚེ་རིང་སྐྱིད་ལྟར་མི་ལོ་སུམ་ཅུ་བརྒལ་ཡང་ད་དུང་ཁྱོག་སྟོང་འདི་ཞེས་ངེས་གཏན་མེད་པའི་རིགས་ལ་ཅི་ལྟར་ཁས་བླས་ཀྱང་འགྲིག་ནི་རེད། སྡེ་བུ་མོ་ཟོ་བླ་རྒྱ་ཡངས་ནི་རེད། གང་ལྟར་རྗེས་མར་གཟབ་གཟབ་བྱོས། དགེ་སློང་ལགས།
དེ་རིང་ནས་ངས་སྐྱོ་བྲག་དགའ་དབང་འདི་ཁས་བླངས་ནི་ཡིན། འདི་བཟོད་པ་ཉམས་ལེན་པ་ཞིག་ཏུ་ཁས་བླང་ནི་ཡིན། སྤྱོད་འཇུག་ཆེན་མོའི་བཟོད་པའི་སྐོར་བཤད་དགོས་ན་ཁོས་ང་དོ་ས་མ་རེད། འོན་ཀྱང་བཟོད་པའི་ཉམས་ལེན་སྐོར་ནས་ང་ཁོ་ལ་དོ་བ་མི་འདུག དེ་བས་ན་ངས་ཁོ་ཁས་བླངས་པ་ཡིན། འདི་བ་ཚང་ལ་ང་གཅིག་བུ་མ་རེད། མི་མང་པོ་ནས་ནག་པོ་ནག་རྐྱང་ལབ་གི་འདུག འོན་ཀྱང་འདིས་མི་ལ་ནག་པོ་དེ་འདྲ་བཤད་ཀྱི་ཡོད་པ་རྩ་ནས་གོ་ཡ་མི་འདུག དེ་བས་ན་ངས་འདི་བ་ཚང་ལ་བྱང་ཆུབ་སེམས་པའི་རིགས་འདུག་ཅེས་ཁས་ལེན་གི་ཡོད། བྱང་ཆུབ་སེམས་པའི་རིགས་ཟེར་བ་དེ་ལུས་ངག་གི་རྣམ་འགྱུར་ལས་ཤེས་དགོས་པ་ཞིག་རེད་ཅེས་གཞུང་ལུགས་ཁག་ན་གསུངས་འདུག དེ་བས་ན་ངས་སྐྱོ་བྲག་དགའ་དབང་འདི་ཁས་བླངས་པ་ཡིན།
དེ་རིང་ངོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་གོས་སློག་པའི་སྐོར་ལ་ཞིག་ཚགས་གསུངས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ག་དུས་ཡིན་ན་ཡང་འདི་འདྲ་གསུངས་རོགས། སྤྱིར་ན་ཁ་སྔོན་གྱི་ཚེ་དང་སྲོག་གི་སྐོར་ནས་ངས་མ་མཐོང་བའི་ལུང་ཁ་ཤས་དྲང་འདུག ཐུགས་རྗེ་ཆེ་ཞུ་རྩིས་ཡོད། འོན་ཀྱང་ཚིག་ཟུར་ལས་ཀྱིས་སྟོན་སྟངས་ཞིག་ལས་དེའི་སྐབས་སུ་ཁས་ལེན་ཞུ་ན་འདོད་མ་སོང་། དེ་རིང་འདིར་མཉམ་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
སྐྱོ་བྲག་དགའ་དབང་ལགས་ཀྱིས་བོད་ཀྱི་ཐུན་་མོང་མ་ཡིན་པའི་གྱོན་གོས་སློག་པའི་སྐོར་གྱི་ཤེས་བྱ་མི་ཉུང་པ་ཞིག་ངོས་སྤྲོད་གནང་པ་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན་ད་དུང་དེ་དང་ཆ་འདྲ་བའི་བོད་ཀྱི་ཡུལ་སྲོལ་གོམས་གཤེས་ཀྱི་རིགས་མང་ཙམ་ངོས་སྤྲོད་གནང་ཐུབ་ན་བོད་ཡུལ་མིག་གི་མཐོང་མ་མྱོང་བའི་རང་རིགས་ཀྱི་གཞོན་ནུ་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་ཡོང་ས་རེད་་་་་་་་་་་་མང་ཙམ་གསུང་དང་།
ཐུགས་རྗེ་ཆེ་དགའ་དབང་ལགས། དེང་ཚང་ང་ཚོ་མཐོ་སྒང་ལ་ཡོད་པའི། བོད་མའི་རྒྱ་ཆ་ལྔ་བཅུ་རྩམ་གྲང་བཞི་ནད་གིས་གཅོན་ཆེན་པོ་འདུག། དེ་འབྲི་བྱས་ནས་རྟག་བཅད་བྱེད་དུས། ལྭ་ཝ་གོས་འདྲ་མི་འདྲ་གྱོན་ནས་
སྐེད་པ་གཟེར་བ་དང་རྐང་པ་གཟེར་བ། པུས་ཚིག་བར་དུ་ཆུ་སེར་འདུས་པ་ཕྱོགས་དཀའ་ངལ་མང་པོ་གཅིག་
འཕྲད་འདུག། རྣམས་ཤེས་དེ་འབྲི་གྲངས་མོའི་ས་ཆ་ནས་གློག་པ་གོས་སྤང་ན་དེ་འབྲ་རེད་གི་འདུག། དེང་ཚང་
དགས་ཁོག་རྩམ་མ་བྱད་གཞོན་པོ་རྣམས། ཚང་མ་ཞ་ནད་རེད་ནས་འགྲོ་ཡ་མེད་པ་མངས་པོ་ཞིག་འདུག།
རྒྱུ་གཅན་པགས་རིག་གོས་སྤང་པ་དང། ལ་ཆ་གོས་རིགས་མང་པོ་གྱོན་ནས་གྲངས་བཞི་ནད་རེད་གི་འདུག།
རྣམས་ཤེས་གྲོ་ས་ལ་གཞུག་པའི་བོད་རིགས་སྤུན་ཟླ་རྣམ་གིས། དོག་སྣང་ཡག་པོ་གནང་རོག་ཞུ། ཐུགས་རྗེ་ཆེ།
སྐྱོ་བྲག་གི་པགས་པ་ཤུས་ནས་གོས་ཞིག་བཙེམ་སྟེ་ལུག་ལ་གཡོག་་ནའང་ཁྱད་ཆོས་དེ་ལས་མང་བ་ཞིག་ངས་བཤད་ཐུབ་ཀྱང་གཉིས་ཀ་མི་དགེ་བ་ཡིན་ཕྱིར་མི་བཤད། རང་གྲང་ངར་ཙམ་སྐྱོབ་པར་གཞན་སྲོག་དོར་དགོས་པའི་གོས་ངན་བསྟོད་རིན་འདུག་གམ།
ཁ་སང་སྐྱོ་བྲག་བྱང་ཆུབ་སེམས་པར་སྐུ་རྩེད་དང་ལྷན་དུ་ཞུས་པ་ཡིན། དོན་ལ་ང་ཚོ་ཚང་མས་རྩ་བའི་ཆ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་གོས་གང་སྤྱིར་དོ་སྣང་དགོས་ནའང་ང་ཚོའི་ཐུན་མིན་གཙོ་བོ་གཞན་ལ་ངོམ་རིན་ཡོད་པའི་བོད་རྒྱུད་ནང་བསྟན་འདི་ལགས་ཤིང་དེ་དང་འགལ་བའི་བྱ་བར་བསྟོད་པ་ནི་་བསྟོད་མི་ཤེས་པས་བསྟོད་པར་འགྲོ་ཉེན་འདུག་སྙམས། མདོར་ན་རང་ཅག་དྲ་གྲོགས་ཚང་མ་བཤད་ཚུལ་མི་གཅིག་ཀྱང་བསམ་ཚུལ་གཅིག་གོ།