ཨ་རིའི་རླུང་འཕྲིན་ཁང་གི་ངོ་དེབ་ཀྱི་ཁ་བྱང་།
https://www.facebook.com/voatibetan
དེ་རིང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ངོ་དེབ་སྒང་དུ་། བོད་ཆས་གྱོན་གི་མིན་པའི་སྐོར་གྱི་གསལ་བཤད་ཐུང་ཐུང་ཞིག་བཞག་འདུག གསལ་བཤད་ཐུང་ཐུང་དེ་འདི་རུ་ཐད་ཀར་བོད་བསྒྱུར་བྱས་ཡོད་ལ། མ་ཟིན་་དང་འབྲེལ་ཐག་རྣམས་ཀྱང་གཤམ་དུ་ཤན་སྦྱར་བྱས་ཡོད་།
ཉེ་བའི་ཆར་། ཀུན་གླེང་བོད་སྐད་སྙན་སྒྲོན་པ་དང་མགོ་འཛིན་ཚོས་བོད་ཆས་གྱོན་དགོས་བའི་ཁ་པར་མང་པོ་འབྱོར་བཞིན་འདུག ང་ཚོས་ཁོང་ཚོའི་རེ་སྐུལ་ལ་བརྩི་བཀུར་ཞུ་བ་དང་མཉམ་དུ་། དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན། ཐག་གཅོད་འདི་ལ་རྒྱུ་མཚན་མང་པོ་ཡོད་ཅིང་། དེའི་ཁོངས་སུ་བོད་ལ་དགའ་བ་དང་བོད་ཀྱི་རིག་གཞུང་ལ་དགའ་བའི་བསམ་གཞིགས་རྣལ་མ་དག་ཀྱང་ཚུད་ཡོད་། ཨ་རིའི་རྒྱལ་ས་ལྦ་ཞིན་ཀྲོན་ཏུ་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་ཚོར་བོད་ཆས་གྱོན་དགོས་བའི་བཀའ་གཏོང་བ་དེས་ང་ཚོའི་ལས་རིམ་ཡར་རྒྱས་མི་གཏོང་ལ་དཀའ་ངལ་གང་ཡང་སེལ་མི་ཐུབ། གནད་དོན་འདིའི་ཐད་ང་ཚོར་ཁ་པར་གཏོང་མཁན་ཚོར་། ང་ཚོས་ཁྱེད་ཚོའི་བསམ་ཚུལ་ལ་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཁྱེད་ཚོས་ཀྱང་ང་ཚོའི་ཐག་གཅོད་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད་།
མ་ཟིན་གཤམ་གསལ།
Lately VOA Tibetan’s Kunleng TV has been receiving repeated phone calls from some people demanding that our reporters and program hosts only wear traditional Chupas. While we appreciate their sentiment, we have made the decision not to impose a dress code that puts a prohibition on global modern dress. There are many reasons for this decision, and all of them involve serious thinking that is pro Tibet and pro Tibetan culture. Forcing news reporters working in Washington DC to wear brocade Chupas does not improve our programming nor solve any problems. To those who have been calling on this matter: We respect your views and we hope you will respect our ours. Satellite television time is valuable and a better use of call in time would be for people to participate in the discussions that are important to Tibetan society and culture. Thank you.
For your viewing pleasure, here are a few of the 44 language programming that Voice of America broadcasts in.
1) VOA Khmer http://www.youtube.com/watch?v=qhhdP5ph3tQ
2) VOA Azerbajani http://www.youtube.com/watch?v=l2XLp3_H_-o&list=UUragjy1e2_B2IJ9cM2yUpmg&index=5&feature=plcp
3) VOA Bangla http://www.youtube.com/watch?v=N8A1y0eC9uY&list=UUzMeQSfaUSSuA4MgZ2wlT1Q&index=3&feature=plcp
4) VOA Burmese http://www.youtube.com/user/voaclips
5) VOA Chinese http://www.youtube.com/voachina
6) VOA Indonesia http://www.youtube.com/voaindonesia
7) VOA Kurdish http://www.youtube.com/watch?v=QoIAaVMALBk&list=UUqSWDZhHebyjQCn9kM9mJSg&index=3&feature=plcp
8) VOA Afghanistan http://www.youtube.com/watch?v=VflcAWqeaxQ&list=UU6RAiJqLwCQgoedNP0a2qiw&index=1&feature=plcp
9) VOA Persian http://www.youtube.com/watch?v=QZk7VbyoW5s&list=UUttfDeGMwUxPjnlsKagcwKw&index=4&feature=plcp
10) VOA Somali http://www.youtube.com/user/VOASomalia
11) VOA Turkey http://www.youtube.com/watch?v=IHRVibbDM6s&list=UUb9LU12nWcmrXu3m3Dh0nEg&index=4&feature=plcp
12) VOA Urdu http://www.youtube.com/watch?v=tSV0SJrkveA&list=UUx8MbRAMH-KNJuFLKdsmZ_w&index=1&feature=plcp
ཡ་ད་དེ་འདྲ་ཞིག་རེད། ༼དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན། ༽ ཁྱོད་ཚོས་བོད་ཆས་གྱོན་པས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་ཡོང་གི་རེད་དམ། བོད་ལུགས་ཀྱི་ཆས་གོས་གྱོན་མཁན་དང་སྤྱི་ལུགས་ཀྱི་ཆས་གོས་གྱོན་མཁན་གྱི་གྲངས་ཚད། བོད་ཆས་ཀྱི་ཉེན་ཁ་དང་རྒྱལ་སྤྱིའི་ཆས་ཀྱི་ཉེན་ཁ། ད་དུང་བོད་པ་ཞིག་ལ་བོད་ཀྱི་རིག་གཞུང་དང་ཕྱི་ལུགས་ཀྱི་རིག་གཞུང་གང་ཞིག་སྲུང་སྐྱོབས་བྱེད་རྒྱུའི་འགན་འཁུར་ཆེ་བ། འདི་ཚོ་ལ་བསམ་གཞིག་གཏན་ནས་མ་བྱས་པ་ལ་དངོས་གནས་ཡིད་གཏིང་ནས་སྐྱོ་བྱུང་། ཁྱོད་ཚོའི་ནང་དུ་བསམ་བློ་བ་དང་རིག་གནས་པ། ད་དུང་བོད་ཀྱི་མཛངས་མ་སོགས་བོད་ཀྱི་ཉིང་ཁུའི་མི་སྣ་མང་པོ་ཞིག་ཡོད་པ་མིན་ནམ། བོད་ཆས་འདི་ཁྱོད་ཚོའི་ལས་རིམ་ཡར་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་བ་རེད་དམ། ཡང་ན་ཁྲིམས་ལུགས་ཀྱི་ཐད་ནས་ཚད་བཀག་ཐེབས་པ་རེད། ཐག་གཅོད་༼དེའིཁོངས་སུ་བོད་ལ་དགའ་བ་དང་བོད་ཀྱི་རིག་གཞུང་ལ་དགའ་བའི་བསམ་གཞིགས་རྣལ་མ་དག་ཀྱང་ཚུད་ཡོད་༽ན་ཆེས་ཡིད་དུ་འོང་བའི་བསམ་གཞིགས་རྣལ་མ་དེ་རྣམས་གསུངས་མི་ཐུབ་པ་གང་རེད། གཞན་དབང་འོག་གི་མཚོ་སྔོན་རླུང་འཕྲིན་ཁང་དང་རང་དབང་འོག་གི་ཨ་རིའི་རླུང་འཕྲིན་ཁང་གཉིས་ལ་མདོ་འཛིན་པ་དང་གསར་འགོད་པའི་སྤུས་ཚད་ཀྱི་ཆ་ནས་བསྡུར་ཐབས་མེད་རུང་། རང་དབང་གི་ཆ་ནས་ཁྱོད་ཚོར་ཁོང་ཚོ་ལྟ་བུའི་བཀག་རྒྱ་མེད་པ་མངོན་གསལ་རེད། དེ་ལྟར་ནའང་ཕྱོགས་དང་ཟུར་མང་པོ་མང་པོ་ཞིག་ནས་རྗེས་སུ་ལུས་དགོས་པ་འདི་ཅི་ཞིག་མ་ཉན་པ་རེད་དམ། མདོར་ན། ཁྱོད་ཚོའི་བསམ་གཞིགས་རྣལ་མ་དེ་དག་ལ་ཉན་འདོད་ཡོད།
བུད་མེད་ཚོས་བོད་ལྭ་གྱོན་འདུག ཕོ་གསར་ཚོས་གྱོན་གི་མི་འདུག དེ་གནད་འགག་མ་རེད། གཙོ་བོ་ཡིག་ནོར་མང་པ་དེ་གནད་འགག་རེད། ང་ནི་ཨ་རླུང་ཨེ་རླུང་གཉིས་ཀའི་ཡུན་རིང་གི་ཀློག་པ་པོ་ཞིག་ཡིན།
ང་ལ་ཁྱད་མེད། གཙོ་བོ་ལས་ཀ་ཡག་པོ་ཞིག་འཁྱོངས་དགོས་པ་གལ་ཆེན། དེང་སང་ཐམས་ཅད་ཀྱི་བོད་ལྭ་གྱོན་དགོས་ཟེར་བ་དེ་ལ་བརྩི་བཀུར་ལོས་དགོས།
དེ་ནི་ཨ་རིའི་ཁྲིམས་ཐོག་ནས་བོད་ཆས་མི་ཆོག་པའི་བཀག་རྒྱ་གང་ཡང་མེད་ཀྱང་མི་རིགས་ཀྱི་ལ་རྒྱ་དང་། འཇོན་སྟངས་མེད་ལ་དཔུང་དང་དབང་ཆ་ངོམ་ནས་སླེབས་པའི་མི་ངན་དེ་ཚོས་རང་གར་ཐག་གཅོད་བྱས་པ་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་མགྱོགས་མྱུར་སྒོ་རྒྱབ་རྒྱུར་གཏན་འཁེལ་པ་འདྲ། སོ་སོའི་མི་རིགས་ཀྱི་མཚོན་རྟགས་ཕྱུག་པ་ཙམ་ཡང་གྱོན་རྒྱུར་དཔའ་ཞུམ་ཀླད་མེད་དེ་ཚོར་ཡིད་ཆེད་གཏན་མེད། ངོ་མ་ངོ་ཚ།
དེང་རབས་ཀྱི་ཆས་གོས་སྟེང་དུ་བོད་ཆས་གཙང་མས་ལྷག་དུ་མཛེས་པའི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་མདོ་འཛིན་པ་རྣམས་ལ་ཅིག་གཟིགས་དང་། ཁོང་ཚོས་དེང་རབས་ཀྱི་ཆས་གོས་དང་བོད་ཆས་ཟུང་འབྲེལ་བྱས་ནས་གོན་སྟངས་འདི་མཐོང་བ་ཙམ་གྱིས་མིག་ལ་འཕྲོད་པ་ཞིག་མི་འདུག་གམ། འདི་དག་གི་མདུན་དུ་ཁྱེད་ཅག་ངོ་མི་ཚའམ། ཁྱེད་ཅག་གི་བྱེད་སྟངས་དེའི་ནང་དུ་བོད་ལ་དགའ་བ་དང་བོད་ཀྱི་རིག་གཞུང་ལ་དགའ་བའི་བསམ་གཞིག་རྣལ་མ་དག་ཀྱང་ཚུད་ཡོད་ཟེར་རྒྱུར་ངོ་གནོང་དགོས་པ་ཞིག་རེད་སྙམ།
མཛེས་མ་ཚེ་རིང་སྐྱིད་དང་འཕྲིན་ལས་ཆོས་སྒྲོན། བསོད་ནམས་དབྱངས་འཛོམས་གསུམ་འདི་དག་གྲས་སུ་མ་འཐེན་རོགས། ཁོང་ཚོས་ནམ་ཡིན་རུང་རང་ཉིད་བོད་སྐད་ཀྱིས་གསར་འགྱུར་སྒྲོག་སྦྱང་གནང་མཁན་གྱི་གསར་འགོད་པ་ཞིག་ཡིན་པའི་རྣམ་པ་རྩ་བ་ནས་འདོར་མྱོང་མེད་པ་ཀུན་ཀྱིས་ཤེས་གསལ་རེད། ད་དུང་པ་སངས་དབྱངས་སྐྱིད་ཀྱིས་ཀྱང་སྐབས་རེར་བོད་ཆས་གཙང་མ་གྱོན་གི་རེད། འོན་ཀྱང་མོ་ལ་ན་ཚ་འཕར་རྒྱུ་ཡོད་པས་དེ་འཕར་ནས་ཡོད་སྐབས་བོད་ཆས་ཀྱི་སྟེང་དུ་གཞན་ཞིག་གིས་བཀབ་ནས་མོ་རང་གིས་བོད་ཆས་གྱོན་པ་གཞན་ལ་སྟོན་རྒྱུར་ངོ་ཚ་བའི་རྣམ་པ་དང་བཅས་ཏེ་ཡོང་གི་རེད། རྒན་མོ་འདིས་གདོང་པ་ལ་ཚོན་འདྲ་མ་བྱུགས་པར་བོད་ཆས་གཙང་མ་ཞིག་གྱོན་ན་མཛེས་པ་ལ་སྙམ་པ་རྟག་པར་དྲན་གི་ཡོད།
མདོར་དེད་ན་བོད་ཆས་མི་གྱོན་པའི་ཐག་གཅོད་བྱེད་མཁན་གཙོ་བོ་དག་ནི། ནོར་བུ་བསམ་འཕེལ་དང་། རྡོ་རྗེ་ཚེ་བརྟན། པདྨ་རྡོ་རྗེ། རྣམ་རྒྱལ། རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་བཅས་ཡིན་ཞིང་། འདི་དག་རྒྱབ་ལོགས་ན་བརྙན་འཕྲིན་ལས་མཐོང་མི་ཐུབ་པའི་བཤད་ལ་དགའ་བའི་མི་སྐོར་ཞིག་ཀྱང་ཚུད་ཡོད་ངེས་པ་བཅས་རེད།
ཕྱུ་པ་གོན་དང་མ་གོན་ལ་ཁྱད་པར་གཅིག་ཀྱང་མི་འདུག ཁྱོད་ཚོའི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། བསམ་ཚུལ་འདོན་མཁན་ཚོར་ཆེ་མཐོང་བྱས་པའི་སྒོ་ནས་ལན་ཁ་གསལ་འདི་འདྲ་ཞིག་གནང་བ་འདིས། ཨ་རི་མང་གཙོའི་ཡུལ་དུ་བཞུགས་པའི་ཤེས་ཡོན་པ་ཞིག་གི་རྣམ་པ་མངོན་སུམ་དུ་མཚོན་འདུག་པས། ངོ་མ་རྗེས་སུ་ཡི་རངས་བྱེད་ཆོག་པ་ཞིག་འདུག
ཨ་རིའི་རླུང་འཕྲིན་ཁང་འདི་ལ་ཁྱད་ཆོས་ཡིན་ན་འདྲ། རླུང་རྟ་ག་རེ་རྒྱུག་ཡོད་པ་རེད་དམ་ཟེར་ན། བོད་ནང་གི་གཞིས་ལུས་དོན་གྱི་བདག་པོས་ལྟ་ཐུབ་ཀྱི་ཡོད་པ་དེ་རེད། དེའང་༧གོང་ས་མཆོག་གི་མཛད་འཕྲིན་གསར་འགྱུར་དང་འཛམ་གླིང་གི་གནས་ཚུལ་ཆེ་ཁག་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་དེ་རེད།
གཞན་ལས་བྱེད་ལུང་པ་གང་ཡོད་པ་རེད། བགྲོ་གླེང་སོགས་ཀྱི་སྐབས་སུ་དོན་ལ་འཇུ་སྟངས་ག་འདྲ་ཡིན་མིན་ཚང་མས་མཁྱེན་མཁྱེན་པ་ཡིན་སྟབས། ཧམ་པ་ལངས་དགོས་པ་ཞིག་ད་བར་ཕལ་ཆེར་བྱུང་མེད་ཚོད་ཡིན།
ལར་ནས། རླུང་འཕྲིན་ཁང་འདིས་དགོངས་བཞེས་ག་རེ་གནང་དགོས་ཀྱི་འདུག་ལབ་ན། གལ་སྲིད་དགག་བྱ་མེད་ན་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལེའུ་གསར་པ་ཞིག་སྒོ་འབྱེད་ཨེ་ཐུབ་ལྟ་དགོས་ཀྱི་འདུག དེ་མིན་ལེ་ཚན་ཆུང་རིགས་མི་དགོས་པ་དེ་དེ་འདྲ་ཡོད་པ་རེད། གང་ལྟར། གསར་འགྱུར་གཅིག་པུ་མིན་པར། ༧གོང་ས་མཆོག་གི་བདུན་རེའི་མཛད་འཕྲིན་ཟུར་དུ་ལེ་ཚན་ཞིག་བཟོས་ཏེ། བྱུང་ན་སྐར་མ་ ༡༥ ནས་ ༢༠ བར་གཟིགས་འབུལ་ཞུ་ཐུབ་ན། བོད་ནང་དུ་དེ་ལས་ལྷག་ཅིག་དང་བོད་ཀྱི་རྩ་དོན་ལའང་ཕན་ཐོག་གཞན་མེད་པ་རེད།
ད་ལྟའི་བགྲོ་གླེང་གི་ཆུ་ཚོད་རིང་པོ་ཕལ་ཆེར་འོས་ཤོག་གི་ལམ་ནས་མི་མང་ལ་བསམ་ཚུལ་འདོན་བཅུག་པ་ཡིན་ན། ཕལ་ཆེར་ཆུ་ཚོད་འཕྲོ་བརླག་འདྲ་བོར་ངོས་འཛིན་གནང་སྲིད་པ་རེད། གང་ཡིན་ཞེ་ན། བགྲོ་གླེང་ཁ་ཤས་མ་གཏོགས། ནང་དོན་ལྡན་པ། མགོ་སྔ་ཚང་བ་ཞིག་ཡོང་གི་ཡོད་པ་མ་རེད། ལྟ་མཁན་རྣམས་ཀྱིས་ཀྱང་གསར་འགྱུར་གཟིགས་ཚར་རྗེས། དྲི་བ་གཏོང་མཁན་དང་དྲིས་ལན་འདེབས་མཁན་གཉིས་ཀ་ཚད་ལྡན་མེད་དུས། བརྒྱུད་ལམ་གཞན་དུ་བརྗེ་བོ་རྒྱག་གི་ཡོད་པ་རེད། དེ་དག་ལ་ཉམས་ཞིབ་ཅིག་བྱ་ཐུབ་ན་ཡག་པོ་མེད་འགྲོ བྲེལ་སྟབས་ཀྱིས་ཤར་ཕྱོགས་པ་ངོ་མས།
༼ དེའི་ཁོངས་སུ་བོད་ལ་དགའ་བ་དང་བོད་ཀྱི་རིག་གཞུང་ལ་དགའ་བའི་བསམ་གཞིགས་རྣལ་མ་དག་ཀྱང་ཚུད་ཡོད། ༽ ད་བར་རྒྱལ་སྤྱིའི་གནས་ཚུལ་དང་བོད་ནང་གི་གནས་ཚུལ་རྣམས་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ནས་སྤེལ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་ན་བོད་རིགས་སྤུན་ཟླ་སྟོང་ཕྲག་མང་པོས་གཟའ་ཟླ་བ་གང་ཡིན་ལ་ཨ་རིའི་བརྙན་འཕྲིན་ལ་ལྟ་བཞིན་ཡོད། ཛ་དྲག་གི་སྐབས་འདིར་རྒྱལ་སྤྱིའི་གནས་བབས་དང་བསྟུན་ནས་བོད་ཆས་གྱོན་དང་མ་གྱོན་ལ་ཁྱད་པར་ཅང་མེད། བོད་ཀྱི་དུས་ཆེན་སྐབས་ལྟ་བུར་བོད་ཆས་གྱོན་ནས་སྲུང་བརྩི་ཞུ་གི་ཡོད་པ་རེད། ནམ་རྒྱུན་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོ་དང་TCV ་བོད་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཆས་མི་གྱོན་པ་ལྟ་བུ་རེད། དགག་བྱ་རྣམས་ལས་དགོས་པ་གཙོ་ཆེའོ།།
ངོས་རང་ལ་རེ་བསྐུལ་གཅིག་རང་ཞུ་རྒྱུ་ཡོད་པ་ནི།
ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་ངེས་པར་དུ་་་སྟོད་སྐད་་་འཇོག་དགོས་ཀྱི་འདུག། ང་བོན་པོ་ཞིག་ཡིན་པའི་ངོས་ནས་སྟོད་མངའ་རིས་འདི་ཤིན་ཏུ་གལ་ཆེན་ཡིན་པ་སེམས་ཀྱི་ཡོད། སྟོད་པའི་སྐད་གོ་རྒྱུ་མེད་དུས་བློ་བདེ་པོ་ཞིག་རྩ་བ་ནས་ཡོང་གི་མི་འདུག། སྟོད་མངའ་རིས་པ་ཚོས་འདིའི་དོན་ལ་ངེས་པར་དུ་ཤུགས་རྒྱག་རོགས་གནང་། གཏན་གཏན་གོ་སྐབས་རགས་ཐག་ཆོད་རེད། རེ་བསྐུལ་ཡིན།
༼དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན། ༽ ཨ་ཁ་ཁ། བོད་མི་རིགས་རང་གི་ཆས་གོས་གྱོན་ན་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་ག་འདྲ་ཐེབས་ཀྱི་ཡོད་ན།
བཙན་བྱོལ་བོད་མི་ཕལ་མོ་ཆེས་བོད་ཆས་གོན་འདོད་དང་བོད་ཡིག་སྦྱང་འདོད་མེད་པ་ཧ་ཅང་གསལ་པོ་རེད་ལ། ད་དུང་བོད་མི་ཚོ་ལུས་པོ་ཨ་རིར་ཡོད་ཀྱང་ཀླད་པ་སྔར་བཞིན་འཁྲེག་པོ་ཡིན་པས་འདི་ཚོ་ལ་རེ་སྐུལ་ཞུས་པ་དེ་མེས་ཚིག་པའི་ས་བོན་ལས་འབྲས་བུ་འབྱུང་བའི་རེ་བ་བྱས་པ་དང་གཅིག་པ་རེད།
རྣམ་པ་ཚོར་རེ་སྐུལ་ཞུ་རྒྱུ་ཞིག་ལ་ངེས་པར་བོད་ཆས་གྱོན་ན་ལེགས་པར་མཐོང་། རྒྱུ་མཚན་ནི་གཞིས་ལུས་བོད་མི་རྣམས་གཞན་དབང་བཙན་གནོན་འོག་ཏུ་བཞུགས་དགོས་པའི་གནས་སྟངས་ཐབས་སྐྱོ་ཞིག་ཏུ་འགྱུར་ཡོན་ནའང་ཁོང་རྣམས་པས་མི་རིགས་ཀྱི་བསམ་བློ་འཛིན་ནས་བོད་ཆས་གྱོན་གྱི་ཡོད་པས་དེ་ནི་དགའ་བ་སྒོམ་དགོས་པ་ཞིག་ཀྱང་རེད་སྙམ། ང་ཚོ་རང་དབང་ལུང་པ་ནང་ཡོད་མཁན་རྣམས་ཀྱི་དུས་རྒྱུན་ནས་ཡུལ་དུས་ཀྱི་དབང་གིས་བོད་ཆས་གྱོན་མ་ཐུབ་ནའང་མཛད་སྒོ་དེ་འདྲའི་སྐབས་ལ་བོད་ཆས་གྱོན་ཐུབ་ན་ཤིན་ཏུ་ནས་མཛེས་སོ། བོད་ཆས་གྱོན་པ་ཙམ་ཞིག་གི་བོད་མི་རིགས་ལ་ལ་ཞེན་ཡོད་པ་མཚོན་ཐུབ་ཀྱི་མ་རེད་དེ། ཕྱི་ནང་ཀུན་གྱིས་མཐོང་སྣང་ལ་བོད་མི་རིགས་ཟེར་བར་སྐད་ཡིག་དང་ཆས་སོགས་ལོག་ཀ་འདུག་སྙམ་པ་འཚོ་སྣང་ཞིག་སྟེར་ཐུབ་ཀྱི་རེད་སྙམ་ལ། ང་ཚོའི་ན་གཞོན་རྣམས་ལའང་བོད་ཆས་གྱོན་རྒྱུར་དོ་སྣང་དང་དགའ་ཞེན་ཡོང་བའི་ཕན་ཐོགས་མེད་དམ་སྙམ། དེར་བརྟེན་ནས་རྣམ་པ་ཚོར་རེ་སྐུལ་ཙམ་ཞིག་ཡིན། མུ་མཐུད་ནས་བོད་མི་རིགས་ཀྱི་བདེན་དོན་སེལ་ཆེད་དུ་གསར་འགྱུར་མང་ཙམ་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་གནང་ཡོང་བ་ཞུ་རྒྱུ་དང་། ཡང་སྒོས་སུ་དྲི་བའི་དུས་ཚོད་ཉུང་ཙམ་དང་ལན་སྐྱོན་མཁན་ལ་དུས་ཚོད་མང་བ་གཏང་ཐུབ་ན་ཕན་ཐོག་མེད་དམ་སྙམ།
བོད་པས་བོད་ཆས་གོན་འདོད་མེད།།
བོད་པས་བོད་ཡིག་སྦྱང་འདོད་མེད།།
བོད་པས་བོད་སྐད་བཤད་འདོད་མེད།།
བོད་པའི་གཤེད་མ་བོད་པ་ཡིན།།
བོད་ཆས་གྱོན་པར་རྒྱལ་སྤྱིའི་སྒང་ནས་དེ་སྔར་སུས་ཀྱང་བཀག་འགོག་བྱས་མྱོང་མེད་ལ་ཕྱིས་ནས་ཀྱང་དེ་བས་བྱེད་མི་སྲིད། བོད་ཆས་གྱོན་མ་འདོད་པར་གཡོལ་ཐབས་ཁོ་ནས་འདི་འདྲའི་དགོད་སྤྲོ་བའི་སྐད་ཆ་ཤོད་དགོས་དོན་མེད་ཀི་་་་་བོད་ཆས་གྱོན་མིན་དེ་གནད་འགག་དེ་ཙམ་ཆེན་པོ་རང་མ་རེད་འདོད།
གསར་འགྱུར་བཤད་མཁན་ཞིག་ཡིན་ནངེས་པར་དུ་སྨྲ་བརྗོད་དག་པོ་ཡོད་པ་ཞིག་དགོས བོད་ཆས་གྱོན་མ་གྱོན་ལ་ཁྱད་པར་མི་འདུག ལྷག་པར་དུ་སྐྱེས་པ་ཚོས་བོད་ཆས་གྱོན་པ་ལས་མ་གྱོན་ན་མཛེས། གཙོ་བོ་བོད་སྐད་དག་མ་ཀུན་གྱིས་གོ་ཐུབ་པ་ཞིག་ལ་འབད་དགོས།
བོད་ཆས་གོན་དང་མ་གོན་ལ་ཁྱད་པར་ཞེ་དྲགས་མཐོང་གིན་མི་འདུག བོད་སྐད་གཙང་མ་ཅིག་ཤོད་དང་དེའི་འཐུས། བསམ་ཚུལ་ནི་བསམ་ཚུལ་ཙམ་ཡིན་པས་དེ་ལ་བརྩི་བཀུར་གྱིས་ལན་ཞིག་གནང་བ་ནི་མཐོང་ཆེན་བྱེད་པའི་རྟགས་རེད། དེ་ན་བོད་ཆས་གོན་དགོས་ཟེར་མཁན་དག་གིས་ཀྱང་ཉིན་རེའི་འཚོ་བའི་ནང་བོད་ཆས་གོན་དང་དེ་ཡང་སྙིང་རྗེ་བོ་ཞེ་དྲགས་ཡོད་རེད། གང་ལྟར་ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན་གཉིས་ཀྱི་ལས་བྱེད་དག་གི་བསམ་ཚུལ་ལ་རྒྱབ་སྐོར་ཡོད། མདོ་འཛིན་པ་དག་གིས་བོད་ཆས་གྱོན་དགོས་མིན་ཐད་ཆབ་མདོ་ཤེས་རབ་ལགས་ཀྱིས་བྲིས་བའི་བསམ་ཚུལ་འདི་ལ་བདེན་ཁ་འདུག་ཟེར་འདོད་བྱུང་། བསམ་དེར་བལྟ་འདོད་ན་དྲ་ཐག་འདིར་གཟིགས་དང་ http://www.sherab.org/?p=5577
མཚོ་སྔོན་བརྙན་འཕྲིན་ཁང་གཅིག་བུ་མ་ཡིན་པར་བོད་ལྗོངས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དག་གིས་ཀྱང་བོད་ཆས་གཙང་མ་གྱོན་གྱི་ཡོད་པ་མཐོང་གསལ་ཡིན། བོད་ཆས་གྱོན་པར་དཀའ་ངལ་ཡོད་ན་མ་གོན་ན་ཆོག ཀུན་གཟིགས་པན་ཆེན་པོ་ཆེ་མཆོག་གིས། བོད་ལ་གོན་པ་དང་བོད་སྐད་བཤད་པར་ངོ་ཚ་ན་འགྲིག་ཀྱང་། ཁྱེད་ཀྱི་ལུས་པོར་རྒྱུ་བའི་ཟུངས་ཁྲག་ཅི་ལྟར་བརྗེས་པོ་རྒྱག་གམ་ཞེས་གསུངས་པ་དེ་གའི་ལས་བྱེད་གཅིག་པོ་མིན་པར་ང་ཚོ་ཚང་མས་སེམས་བཅངས་སྙིང་བཅངས་ཞུ་རྒྱུའི་དྲན་བསྐུལ་བྱས་པ་ཡིན།
བོད་ཆས་གྱོན་མ་གྱོན་འདོད་པ་རེད། བོད་བཟས་ཟ་མ་ཟ་འདོད་པ་རེད། ཡིནའང་བོད་ཞེན་དང་ནང་ཆོས་ལ་བརྩི་བཀུར་ངེས་པར་དུ་དགོས།
༧གོང་ས་མཆོག་གི་བདུན་རེའི་མཛད་འཕྲིན་སྐོར་གྱི་ལེ་ཚན་ཞིག་ཡོད་ན་ཡག་པོ་རེད། བོད་ཆས་གྱོན་མིན་ལས་ཀྱང་བོད་དོན་གླེང་ཤེས་པ་གནང་རོགས། དྲི་བ་གཏོང་ཤེས་པ། ཉོག་བཤད་མེད་པ་གནང་དགོས་ཀྱི་འདུག ཁ་ལྕེ་དག་ན་ཡག་པོ་འདུག
ཚེ་བརྟན་ག་རེ་ཟ། ཅིག་ཅིག་ཟེར་བ་དེ་རྩོམ་སྒྲིག་པ་ཡིན་པ་འདྲ། ཁོང་ལ་གུས་བརྩི་ཡོད་ཀྱང། མདུན་དུ་ཐོན་རྒྱུ་མང་དྲག་འདུག དཔྱད་ཞིབ་ནང་ཁོང་གདན་འདྲེན་ཞུ་ཁུལ་གྱིས་ཅིག་བཤད་པ་དེ་སྨྲ་དག་རེད་མི་འདུག ཁོང་རང་སངངས་རྒྱས་གནང་རྒྱུ་མང་དྲག་འདུག
དྲ་སྣང་གི་བོད་ཟེར་བ་སོགས་ནི་ཆུ་ཚོད་འཕྲོ་བརླག་རེད། བུ་མོ་བསྟན་ན་ལྟ་མཁན་མང་རྒྱུར་ཕན་ཐོག་ན་མ་གཏོགས། རྒན་བྱིས་གཉིས་ལ་ཡོད་ཀྱང་མེད་ཀྱང་གཅིག་པ་རེད། དར་མ་ཚོ་ནི་རྟག་ཏུ་དྲ་ལམ་དུ་ཞུགས་བཞིན་པས་བསྐྱར་ལྡབ་འདྲ་དགོས་གལ་མི་འདུག
གཙོ་བོ། བགྲོ་གླེང་གནང་མཁན་གྱི་གཙོ་སྐྱོང་པས་བརྗོད་གཞིའི་སྟེང་ཉུང་མཐར་བདུན་ཕྲག་གཅིག་ལ་ཞིབ་འཇུག་གནང་སྟེ། འགོ་འཚོས་པ་གནང་ན། དྲི་བ་གནད་འགག་ཅན་ཐུང་ཐུང་ལས་གནང་གི་མ་རེད། དྲི་བ་གཏོང་སྐབས་རྒྱས་བཤད་འགྲེལ་བཤད་མང་དྲགས་ན་གླེན་རྟགས་རང་རེད་འདུག དྲི་བ་གཏོང་མཁན་གྱིས་གནད་འགག་གང་ཞིག་སེལ་དགོས་པ་དང་འབབ་ས་ཞིག་འཚོལ་དགོས་མིན་གཏན་འབེབས་བྱས་རྗེས། དྲི་བ་འདྲི་ཡུལ་གྱི་ལྟ་སྟངས་སྔོགས་ཐུབ་ན་ཡག་པོ་འདུག
དེ་མིན། ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ཀརྨ་རྒྱ་མཚོ་བཞིན་ཕོ་རོག་དཀར་པོ། སོ་སོ་སོ་སོར་སྣང་བ་དག་ནས་ཉ་ཉོག་ལུང་པ་གང་བཤད་སྡོད་པ་དེ་དངོས་གནས་སྐྱུག་བྲོ་བ་དང། སྙིང་རྗེ་བ་རེད་ལ། ཆུ་ཚོད་འཕྲོ་བརླག་ཀྱང་རེད།
ད་ཐེངས་ཇུས་གཏོགས་བྱས་པ་དགོངས་པ་མ་འཚོམ། ཡིན་ནའང། བོད་མི་མང་གི་བདེ་སྡུག་བགྲང་ནས་རླུང་འཕྲིན་ཁང་ལ་ལྟོ་རག་གི་ཡོད་སྟབས། མ་བཤད་ནའང་ལས་རྒྱུ་འབྲས་འགྲོ་ས་མ་རེད་བསམས་སོང། དེ་བས་ཨ་རི་གཞུང་གི་སྒྲོ་ལོར་ས་ཡ་མ་མང་པོ་དེ་བེད་སྤྱོད་ཡག་པོ་བཏང་ན། རང་གཞན་གཉིས་ཕན་རེད། དེ་མིན་ཚོར་བ་མེད་པ་འདྲ་བོ་ཞིག་གནས་པ་ལས་སྒོ་རྒྱབ་བཞག་ན། རོགས་སྐྱོར་དེ་རྒྱ་གར་ནང་སླེབས་ཐུབ་ན་ཡག་པོ་འདུག
གལ་ཏེ་བོད་ཆས་གྱོན་ན་བོད་བཟོའི་ཞྭ་དང་བོད་བཟོའི་ཕྱུ་པ་བོད་བཟོའི་འོག་འཇུག་བོད་བཟོའི་གུ་ཐུང་བོད་བཟོའི་ཟོན་པ་བཅས་གྱོན་དགོས་པ་རེད་་་་་་་་་དེ་ལས་བོད་གནས་གསར་འགྱུར་དེ་འཐུས་སྒོ་ཚང་བ་ཞིག་བྱུང་ན་དགེ་ཚན་ཆེའོ།
བོད་ལྗོངས་བརྙན་འཕྲིན་ཁང་ནི་ཆེས་ལྟ་མི་འདོད་པའི་བརྙན་འཕྲིན་དེ་རེད། དེས་བོད་ལྭ་རེ་གྱོན་ནས་ཁ་བྲལ་དང་ཏཱ་ལེ་ཟེར་བ་དེས་བོད་མི་ཚོས་མི་སེམས་ཚལ་བར་བརླག་གི་ཡོད།
བོད་ཆས་གྱོན་པར་རྒྱལ་སྤྱིའི་སྒང་ནས་དེ་སྔར་སུས་ཀྱང་བཀག་འགོག་བྱས་མྱོང་མེད་ལ་ཕྱིས་ནས་ཀྱང་དེ་བས་བྱེད་མི་སྲིད། བོད་ཆས་གྱོན་མ་འདོད་པར་གཡོལ་ཐབས་ཁོ་ནས་འདི་འདྲའི་དགོད་སྤྲོ་བའི་སྐད་ཆ་ཤོད་དགོས་དོན་མེད་ཀི་་་་་བོད་ཆས་གྱོན་མིན་དེ་གནད་འགག་དེ་ཙམ་ཆེན་པོ་རང་མ་རེད་འདོད།
བོད་ཆས་གྱོན་པར་རྒྱལ་སྤྱིའི་སྒང་ནས་དེ་སྔར་སུས་ཀྱང་བཀག་འགོག་བྱས་མྱོང་མེད་ལ་ཕྱིས་ནས་ཀྱང་དེ་བས་བྱེད་མི་སྲིད། བོད་ཆས་གྱོན་མ་འདོད་པར་གཡོལ་ཐབས་ཁོ་ནས་འདི་འདྲའི་དགོད་སྤྲོ་བའི་སྐད་ཆ་ཤོད་དགོས་དོན་མེད་ཀི་་་་་བོད་ཆས་གྱོན་མིན་དེ་གནད་འགག་དེ་ཙམ་ཆེན་པོ་རང་མ་རེད་འདོད།
བོད་ལྭ་གྱོན་མི་འདོད་ན་གྱོན་འདོད་མི་འདུག་ཅེས་ལབ་ན་འགྲིག་གི་རེད་པཱ
དེ་འདྲ་ཧམ་བཤད་བྱེད་དགོས་དོན་མི་འདུག་གོ
རྒན་འཛིན་བློ་བཟང་རྒྱ་མཚོ་བོད་ཀྱི་རིགས་གཞུང་ངོ་མ་ནང་ཆོས་ལ་དུག་ནང་བཞིན་བརྩི་བཞིན་ཡོད་པ་གོ་ཐོས་འབྱུང་། དེ་བཞིན་རྡོ་རྗེ་ཚེ་བརྟན་སོགས་ཁ་ཤས་ཞིག་ཀྱང་འདུག གོང་དུ་གསུངས་པའི་བསམ་ཚུལ་མི་འདྲ་བ་ཚང་མ་བདེན་པ་རེད། སྐད་ཡིག་དགོས་ལ་ཆས་གོས་ཀྱང་དགོས། དེ་གཉིས་ལས་ངེས་གཅིག་མ་གཏོགས་འདམ་ཀ་མེད་ན་སྐད་ཡིག་འདེམ་དགོས་པ་རེད་དེ། གཉིས་ཀ་ཐུབ་ན་ངེས་པར་གཉིས་ཀ་ལག་ལེན་དགོས་པ་གལ་ཆེན་པོ་རེད།
ཨ་རིའི་རླུང་འཕྲིན་ཁང་གིས་བོད་མི་མང་གི་བསམ་ཚུལ་ལ་ཉན་འཇོག་མི་བྱེད་པའི་མ་ཟད་ད་དུང་ངར་ངར་རྫིག་རྫིག་བྱེད་བཞིན་པ་འདི་ཧ་ལས་བའི་བྱེད་སྟངས་ཐབས་སྐྱོ་བོ་རེད་།
ལས་བྱེད་བུད་མེད་ཚང་མས་ད་ལྟ་བར་དུ་བོད་ཆས་གྱོན་སོང་་ལ་ཁོང་ཚོར་བོད་ཆས་གྱོན་རྒྱུའི་དཀའ་ངལ་འདུག་ཟེར་བ་གོ་མ་སོང་། ལས་བྱེད་སྐྱེས་བ་ཚོས་ད་བར་དུ་གྱོན་མ་སོང་བ་མ་ཚད་མི་མང་གིས་རེ་སྐུལ་ལ་ཡང་གཏམ་ལན་རྫིག་པོ་དེ་འདྲ་གནང་འདུག
ད་ནས་བཟུང་བོད་མི་རེ་སྐུལ་ཞུ་མཁན་ཚོས་རེ་སྐུལ་དེ་བོད་སྐད་སྡེ་ཚན་ལ་ཞུ་རྒྱུ་མཚམས་བཞག་ནས་ཐད་ཀར་ལས་ཁུངས་ཨ་མ་ལ་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཞུ་དགོས་རེད་། མི་འདི་ཚོའི་ཤ་གསེང་ན་རྒྱུ་བཞིན་པ་དེ་བོད་པའི་ཁྲག་མ་རེད་། ངོ་མས་ཡིད་སྐྱོ་སོང་ལ་ཐང་ཆད་སོང་། ལས་ཁུངས་འདི་སྒོ་བརྒྱབ་ནས་གསར་བ་ཞིག་སྒོ་ཕྱེས་མ་ཆོག་པ་ཡོད་མ་རེད་། ལས་ཁུངས་འདིའི་ལས་བྱེད་སུམ་ཅུ་གྲངས་ཡོད་པའི་ཁོངས་ཀྱི་མང་ཆེ་བ་ཁྱིམ་ཚང་དང་ཁྱིམ་མི་ཟླ་སྦྲེལ་རེད་། ད་དུང་ལས་ཁུངས་འདིའི་འགན་འཛིན་བློ་བཟང་རྒྱ་མཚོ་ཡང་སྐུ་དྲག་གི་རྒྱུད་པ་རེད་། ཁྱེད་ཚོས་བོད་མི་རིགས་དང་བོད་ཀྱི་གནད་དོན་ཁ་ལ་འཁྱེར་ནས་ལྟོ་གོས་སྒྲུབ་བཞིན་ཡོད་པ་མ་བརྗེད་རོགས་གནང་།
འདི་ལ་ངེས་པར་བསམ་བློ་གཏོང་དགོས། ཁ་རྒྱགས་པ་མ་བཤད་ལོ།
ནམ་མཁའི་སྐད་ཆ་ལ་རྒྱབ་སྐྱོར་ཡོད་་་་བདེན་པ་རེད་་་་་དེའི་ནང་ན་མང་ཆེ་བ་ཨ་ལགས་འཇིགས་མེད་ཡིན་ན་བླ་སྨྱོན་དེའི་ཉེ་གཞི་རྩ་ལག་རྐྱང་རེད་་་་་ཡང་ན་བླ་སྨྱོན་དེའི་ཁ་ལ་ཉན་མཁན་ཞིག་མིན་ན་་ལས་ཁུངས་དེར་འཇུག་ཁག་པོ་རེད་དོ།
སྤྱིར་བོད་ཆས་སམ་བོད་ལྭ་གོན་མ་གོན་ལ་གནད་འགག་ཆེར་མེད་ནའང་གསར་འཕྲིན་བརྒྱུད་སྒྲོག་པའམ་མདོ་འཛིན་པ་ཞིག་ཡིན་པའི་ཆ་ནས་ངེས་པར་བོད་ལྭ་གོན་དགོས་པ་ནི་གནད་འགག་ཅིག་ཏན་ཏན་རེད་བསམ་གྱི་འདུག་་་གང་ལ་ཟེར་ན་བོད་གཞིས་བྱེས་གཉིས་ཀྱི་རེ་བ་ལ་བོད་ལྭ་གོན་ནས་བོད་སྐད་ཤོད་བཞིན་བོད་ཀྱི་རིག་གནས་འདི་གཙང་མ་ཞིག་དང་དག་པོ་ཞིག་གཉེར་རྒྱུ་དེ་ཡིན་པས་ངེས་པར་བསམ་ཞིབ་ནན་མོ་གཏོང་དགོས་པར་སྙམ།
བོས་གོས་མ་གྱོན་པ་ལ་གུས་པས་དགག་བྱ་གང་ཡང་མེད་ གང་ལགས་ཞེ་ན་བོད་མི་རིག་ཞེས་པ་འདི་སྐད་དང་ཡི་གེ་ལ་བསྟེན་ནས་རྟག་པ་ཞིག་ལས་ཕྱུ་བ་རྩམ་པ་ཁོ་ན་ལ་རྟག་པ་ཞིག་མིན་ གལ་སྲིད་མ་འོང་པ་རང་མི་རིག་འདི་བོད་ཡིག་དང་བོད་སྐད་མི་ཤེས་མཁན་ཕྱུ་པ་གྱོན་པའི་མི་རིགས་ཞིག་ལ་གྱུར་ཚེ་དེ་དུས་མི་རིགས་དེ་ལ་བོད་པ་ཞེས་བརྗོད་སྲིད་དམ་བརྗོད་རུང་སྙིང་པོ་ཡོད་དམ།
དྲ་བརྙན་ལས་གསར་འགྱུར་བཤད་མཁན་ནི། གསར་ཚར་གྱི་སྤྱི་ཚོགས་ལ་ཆས་གོས་བསྒོས་ཚུལ་སོགས་ལ་ཤུགས་རྐྱེན་སྤྲད་མཁན་ཆེ་ཤོས་གྲས་གཅིག་ཡིན། ང་ཚོས་གསར་ཚར་བོད་རིག་རྣམས་གཞན་དང་མ་འདྲ་བའི་ཞ་ལུགས་གོས་སྟབས་ཡན་གྱིས་བོད་ཀྱི་ངོ་བོ་མཚོན་པ་ཞིག་གང་འཐད་ནས་མ་འབད་ན། འཆི་ནད་ཐེབས་པའི་ནད་པས་ཁ་ཟས་འཕྲོད་བསྟེན་ལ་དོ་སྣང་མ་སྤྲད་པ་དང་གཅིག་མཚུང་ཡིན། ད་ལྟ་ཨ་རིས་གཞུང་གིས་རོགས་དན་གྱིས་བོད་དོན་གསར་འགྱུར་བཤད་པ་འདི་ནི་བོད་ཕྱི་ནང་གཉིས་ཆར་བལྟ་ཐུབ་ཀྱི་ཡོད། དེར་བརྟེན། ང་ཚོས་བོད་ཀྱི་སྐད་ཡིག་གི་ཐོག་ནས་གསར་འགྱུར་བཤད་སྐབས་སུ་བོད་ཀྱི་ཆས་གོས་ངེས་ཅན་དུ་དགོས། མགོ་མིག་དཔེ་བལྟ་ས་ནས་བསྣོག་ན། འཇུག་ལ་གང་འདྲ་ཞིག་ཆགས་ཀྱི་ཡོད་བཤད་མ་དགོས་པ་རེད། གལ་སྲིད་ཨ་རིས་ཆབ་སྲིད་ཀྱིས་གནོད་ཤུགས་འོག་བོད་གོས་གྱོན་ན་འགྲིག་ཀྱི་མེད་ན་གནས་ཚུལ་གཞན། གཞན་དུ་ན་བོད་ཀྱི་ཆས་གོས་ལ་བརྩི་བཀུར་མ་ཞུས་པ་དང་། མཐོང་ཆུང་བྱས་རྐྱང་དུ་བརྩིས་རྒྱུ་ཡིན། ཁ་ཁོག་མ་མཚུང་པ་བརྩིས་རྒྱུ་ཡིན། གསར་འགྱུར་བཤད་མཁན་མདོག་ངན་དེ་དག་ཀྱང་བོད་གོས་དང་བོད་ཆས་སྤྲས་ཟིན་པའི་རྗེས་སུ་ཡིན་མདོག་ཁ་བོ་ཆགས་ཀྱི་འདུག ཁྱེད་རང་ཚོ་བལྟ་མཁས་མང་དགོས་ན་བོད་གོས་གྱོན། བོད་ལ་བསམ་ན་བོད་གོས་གྱོན།
རིག་པའི་རལ་གྲི་ཁྱོད་ད་དུང་ཀླད་པ་ལྗང་གུ་རང་རེད་འདུག་ འཛམ་གླིང་སྟེང་གི་མི་རིགས་ཚང་མ་ལོ་བརྒྱ་ཁྲག་སྔོན་དང་བསྡུར་ན་གྱོན་གོས་ལ་འགྱུར་བ་ཇི་ཙམ་ཕྱིན་འདུག་བལྟོས་དང་ བོད་མི་རིགས་འདི་དུས་ནམ་ཡང་ཟས་གོས་ལ་འགྱུར་བ་རྩ་བ་ནས་བཏོང་གི་མིན་ཞེས་ཨུ་ཙུག་རྒྱབ་དེ་སྡད་ན་དུས་ནམ་ཡང་འཛམས་གླིང་མི་རིགས་ཀྱི་བརྗེས་ཟིན་ག་ལ་ཐུབ།།
ཨ་རིའི་རླུང་འཕྲིན་ཁང་ནང་སྟོད་སྐད་བཞག་དགོས་ན་ཀོང་པོའི་སྐད་དང་།ལྷོ་ཁའི་སྐད།གཙང་སྐད།ཆབ་མདོའི་སྐད།ནང་ཆེན་གྱི་སྐད་བཅས་བོད་ཀྱི་ཡུལ་ལུང་བརྗོད་ཀྱི་མི་ལངས་བའི་སྐད་བཞག་དགོས་བྱེད་ཀྱི་རེད།ལུང་ཚན་བྱེ་བྲག་པའི་སྐད་ལ་གཙེགས་ཆེན་བྱེད་པ་དེ་ནི་བོད་ཀྱི་ཡིག་སྐད་ཉམ་གུད་དུ་གཏོང་བའི་གཞི་རྩ་འབའ་ཞིག་རེད།དེ་ཡོད་དེ་བས་ཆོག
ཁོ་ཚོའི་གསལ་བསྒྲགས་འདིའི་ནང་བོད་ཆས་གྱོན་པར་དཀའ་ངལ་འདི་དང་འདི་ཞེས་དོན་དངོས་དང་མཐུན་ཞིང་གནས་ལུགས་དང་འབྲེལ་བའི་ཟུར་དོན་འགྲེལ་བརྗོད་གང་ཡང་བྱས་མིན་འདུག་་་་ང་བལྟས་ན་ཁོ་ཚོ་བོད་ཆས་གྱོན་འདོད་མེད་པའམ།་་་ཡང་ན་བོད་ཆས་གྱོན་པར་ངོ་ཚ་བ་རེད་འདུག་་་ཨ་རིའི་བརྙན་འཕྲིན་སྡེ་ཚན་གཞན་ཁ་ཆེའི་གསར་འགྱུར་སྡེ་ཚན་སོགས་ཀྱི་ནང་གསར་འགོད་པས་རང་ཉིད་ཀྱི་ཡུལ་ལུང་གི་ཁྱད་ཆོས་མཚོན་པའི་ཆ་གོས་གྱོན་ནས་གསར་འགྱུར་ཤོད་མཁན་ཤ་སྟག་རེད་འདུག་་་་བོད་རང་ཉིད་ལ་ཐུན་མིན་གྱི་གྱོན་གོས་ཤིག་མི་རབས་ནས་མི་རབས་ཡོད་པ་དེ་གྱོན་ན་ཅི་མི་ལེགས།་་་ལྷག་པར་གཞིས་ལུས་བོད་མིའི་ངོས་ནས་ཀྱང་དེ་ལྟར་གྱོན་དགོས་པའི་རེ་བ་ལན་མང་བཏོན་ཡོད་བཟོ་འདུག་པས།་་་་རབ་བྱུང་ན་ལྷན་རྒྱས་ཀྱི་བོད་ཀྱི་རིག་གཞུང་གི་ཆག་འཇིག་ལ་བསམ་ནས་བོད་ཆས་བསྣམས་རོགས་ཞུ།
འགྱུར་བ་ལོས་གཏོང་དགོས་ཡིན་ན་ཡང་གཏོང་སྟངས་ངེས་པར་ཤེས་དགོས་པ་རེད།་་་ཁྱེད་ཀྱིས་བོད་ལྭ་མི་དགོས་ཟེར་ནས་རྒྱ་ཆས་གོན།་་་ངས་བོད་སྐད་མི་དགོས་ཟེར་ནས་དབྱིན་སྐད་བཤད།་་་ཁོས་ཡི་གེ་མི་དགོས་ཟེར་ནས་རྒྱ་ཡིག་འབྲི་་་་་ད་བོད་ངོ་མ་ཞིག་གང་ན་འདུག་་་སྤྱིར་གྱོན་ཆས་ནི་མི་རིགས་སམ་མི་དེ་གང་ཡིན་གྱི་ངོ་བོ་གསལ་བོར་སྟོན་པ་ལ་ངེས་པར་དུ་ཆས་གོས་ནས་ཐོག་དང་པོར་མཐོང་དགོས་པས་ཆས་གོས་མེད་ན་མི་རིགས་དེ་ཆས་གོས་ཡ་མ་བརླའི་མི་རིགས་ཤིག་ཏུ་མི་འགྱུར་རམ།་་་ཡང་གཅིག་བཤད་ན་གྲྭ་བ་ཡིན་པ་ལ་ཐོག་མར་གྲྭ་གཟན་ལ་བལྟས་ནས་མཐོང་དགོས་པ་མ་ཟད་གྲྭ་གཟན་གོན་མེད་པའི་གྲྭ་བ་ཞིག་སུས་ཁས་ལེན་བྱེད་ནུས་སམ།་་་དེར་བརྟེན་མི་རིགས་སམ་རིག་གཞུང་གི་ངོ་བོ་དེ་མཚོན་པ་ལ་ཆས་གོས་དེ་གལ་ཆེན་པོ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པས་དེ་མི་དགོས་ཟེར་ན་མི་དེ་མི་རིགས་དེའམ་དེ་དང་འབྲེལ་བའི་རིག་གཞུང་ལ་ཆ་རྒྱུས་མེད་པའི་རྟགས་རེད།
གོང་དུ་མཆན་འགོད་པ་འགས་གསུངས་པ་ལྟར།་་་དྲྭ་ནང་གི་བོད་ཅེས་པའི་ལེ་ཚན་དེ་དུས་ཚོད་ཆུ་ཟོས་སུ་གཏོང་བ་ཙམ་ལས་གཞིས་བྱེས་རྒན་དར་གསུམ་གསར་འགྱུར་ཉན་མཁན་དང་བལྟ་མཁན་སུ་འང་ཕན་པ་མི་འདུག་པས།་་་དེའི་ཚབ་ཏུ་གཞན་༸གོང་ས་མཆོག་གི་མཛད་རྣམ་སོགས་ངོ་སྤྲོད་ཀྱི་ལེ་ཚན་ཞིག་གཙོ་སྐྱོངས་བྱས་ན་དགོས་ཕན་ཆེན་པོ་ཡོད་པར་སེམས།
ང་ནི་བོད་ཆས་གྱོན་མིན་གལ་ཆེར་མཐོང་མ་སོང་།ཆས་གོས་ནི་མི་རིགས་ཀྱི་མཚོན་རྟགས་ཙམ་ལས་འཆི་གསོན་ལ་ཐུག་མེད།མི་རིགས་འཆི་གསོན་ནི་ཁོ་ཚོས་སྒྲོག་བཞིན་པའི་བོད་སྐད་དེ་ལ་ཐུག་ཡོད།
དེས་ན་གཙོ་བོ་བོད་སྐད་ཐོག་གི་ལེ་ཚན་དེ་དག་ཚགས་ཚུད་དང་།
དུས་ཐོག་གཏོང་སྤེལ་ཐུབ་པ།
ཕུན་སུམ་ཚོགས་པོ།
ཁུངས་དག་པོ།
མྱུར་པོ།
སྒྲ་གདངས་གསལ་པོ་བཅས་དགོས་རྒྱུ་གལ་ཆེ།
ང་ཚོའི་གནས་སྟང་དེ་འཛམ་གླིང་གཞན་པ་དང་འདྲ་མ་རེད། འཛམ་གླིང་གཞན་གྱི་མི་རིགས་སུ་དང་སུ་ཡིན་ན། སོ་སོའི་མི་རིགས་དེ། གཞན་གྱི་མི་རིགས་ཡིན་ཟེར་ནས་བཙན་གྱིས་སྒྲོག་ནས་བཙན་པོ་བྱེད་པ་ཉུང་ཉུང་རེད། ང་ཚོ་བོད་ནི། རྒྱའི་མི་རིགས་དང་ཞ་ལུགས་གོས་སྟབས། ཟ་ལུགས་འཐུང་སྟངས། བསམ་ལུགས་དྲན་ལུགས། འགྲོ་ལུགས་འདུག་སྟངས། ཟེར་ལུགས་བཤད་ལུགས། མཆོད་ལུགས་འབུལ་ལུགས། །ཆོས་དང་འཇིག་རྟེན་གང་ཐད་ནས་མི་འདྲ་བ་ཡིན་ནའང་། ཁོ་ཚོའི་མི་རིགས་རང་ཡིན་ཟེར་ནས་འཛམ་གླིང་སྐྱེ་བོའི་ཐོག་ཏུ་སི་སི་ཏི་ཝིས་ཀྱིས་མཁའ་ལྟར་ཁྱབ་སར་རླུང་ལྟར་སྒྲོག་ཀྱི་ཡོད་པ་དེས་རྐྱེན་པས། གསར་ཚར་གྱི་སྐྱེ་བོ་རྣམས་ལ། བོད་རྒྱའི་མི་རིགས་སུ་ཁ་ཞེ་གཉིས་མེད་ཀྱིས་འདོད་པའི་ཉེས་ཁ་ཤིན་ཏུ་ཆེ། དེ་དག་ལ་སྔོན་འགོག་གང་ཐད་ནས་བཟོ་དགོས་པས། ཀུན་གྱིས་བལྟ་སའི་གསར་འགྱུར་བཤད་མཁན་དེ་དག་གིས་བོད་གོས་གྱོན་དགོས་ཟེར་གྱི་ཡོད་མ་གཏོགས། སྔོན་དུས་ཇི་བཞིན་ད་དུང་དགོས་ཟེར་ཨུ་ཚུགས་ཞུས་པ་མིན།
ཨ་རིའི་རླུང་འཕྲིན་གྱི་བོད་པ་ཚོས་བོད་ལྭ་གྱོན་མ་གྱོན་ལ་ཁྱད་པར་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ལོ་གཅིག་གཉིས་ཀྱི་གོང་ནས་དྲི་བ་གཏོང་མཁན་ཁག་ཅིག་གཉིད་སད་པ་ལྟར་གཅིག་འཕྲོར་གཅིག་བྱས་ནས་སླེབས་སོང་། ད་རེས་ལན་འདེབས་གནང་བ་འདི་ཡག་པོ་མཐོང་སོང་།
བོད་ནང་གི་ལྷག་དཀར་ལས་འགུལ་གྱི་རྗེས་ནས་བཙན་བྱོལ་ནང་གི་གཉིད་ཧར་སད་ལྟ་བུ་བྱུང་ནས་སླེབས་སོང་། ངས་ཅིག་འདྲི། བོད་ནང་གི་ལྷག་དཀར་ལས་འགུལ་དེ་དཔེ་ཡག་པོ་རེད། རྒྱ་ཡང་ཆེ་ཙམ་རེད། དོ་སྣང་དང་ཁྱབ་བརྡལ་ལའང་འགྲོ་བཞིན་ཡོད་པ་རེད།
བཙན་བྱོལ་ནང་གི་ལྷག་དཀར་ལས་འགུལ་ནི་གཟའ་ལྷག་པར་བོད་ཆས་གྱོན་པའི་སྟེང་ན་ཡོད། རིང་པོ་འགོར་གི་མ་རེད། བོད་ལྭ་གྱིན་མཁན་ཞིག་མཐོང་ན། མཐོང་མཁན་དེས། ཝེ། དེ་རིང་གཟའ་ལྷག་པ་རེད་དམ། ཟེར་ནས་དྲི་བ་འདྲི་བའི་ཉི་མ་ཞིག་སླེབས་ཀྱི་རེད་འདོད། དེ་དུས་ང་ཚོ་བོད་ལྭ་དང་ཁ་བྲལ་འགྲོ་བའི་དུས་ཚོད་ཅིག་ད་ལྟ་ནས་མཐོང་གི་འདུག གཟའ་ལྷག་པར་བོད་ལྭ་གྱོན་པ་ལ་དགག་བྱ་མེད། ཡིན་ནའང་། བོད་ལྭ་འདི་བོད་ཀྱི་རྒྱུན་ལྭ་ཞིག་གི་ངོ་བོ་ནས་བེད་སྤྱོད་དང་དར་སྤེལ་གཏོང་དགོས་པ་མ་གཏོགས། གཟའ་ལྷག་པ་ཙམ་ལ་གྱོན་ནས་ཕན་ཐོགས་དེ་ཙམ་ཨེ་ཡོད་ན། ལྷག་དཀར་སྲུང་བརྩི་བྱེད་རྒྱུ་ཡིན་ན། བོད་ནང་གི་ལས་འགུལ་ཆ་ཚང་ལ་དཔེ་ལྟ་དགོས་པ་གལ་ཆེན་པོ་རེད།
གསར་འགོད་པ་ཚོས་བོད་ལྭ་གྱོན་དགོས་མི་དགོས་དང་། གྱོན་མི་གྱོན་ལ་ཁྱད་པར་མཐོང་མ་སོང་།
དྲྭ་ནང་གི་བོད་བཤད་མཁན་ནི། བོད་ཁམས་དང་ཨ་མདོ་སོགས་ཀྱིས་གོ་ལས་སླ་ཤོས་ཀྱི་ཁ་ཡིག་སྐད་ཤིག་རེད། ཧ་ཀྱང་གི་ལུང་ཚན་གྱི་སྐད་སྒྲོས་མིན་པ་ལ་གོ་ནི་ཐུབ་མཁན། འདི་དང་འདི་འདྲའི་སྐད་ཀྱིས་རིམས་གྱིས་ང་ཚོའི་ཁ་སྐད་གཅིག་བསྒྱུར་བྱེད་པའི་ནུས་པ་ཐོན་ཐུབ་བསམ། དྲྭ་སྣང་གི་བོད་གྱིས་དྲ་རྒྱ་ལ་དོ་སྣང་མེད་མཁན་དང་། བོད་ཡིག་བོད་སྐད་ཐོག་ནས་གློག་ཀླད་བེད་སྤྱོད་གཏོང་གི་མེད་ན། ཕན་མེད་ངོ་མ་རེད། གལ་སྲིད་བོད་ཡིག་བོད་སྐད་ཐོག་ནས་གློག་ཀླད་བེད་སྤྱོད་གཏོང་བ་དང་། དྲྭ་རྒྱ་སོགས་ལ་དོ་སྣང་དང་བལྟ་ཀློག་གནང་མཁན་ཡིན་ན་ཕན་ཐོག་ཧ་ཀྱང་གི་ཆེན་པོ་འདུག ས་ཆ་ག་གེ་མོ་ཞིག་གི་ཁ་སྐད་དང་མ་མཐུན་ན། ཐོས་ཀྱི་མི་འདུག་ཟེར་བ་ནི། བོད་ནང་ལ་ཐུགས་སྣང་མ་གནང་བའི་གནས་ཚུལ་རེད། གསར་འགྱུར་བཤད་མཁན་དེ་ལ་ལུང་ཚན་ག་གེ་མོ་ཞིག་གི་ཁ་སྐད་གཙང་མ་ཞིག་ལས། ཁ་སྐད་ཕན་ཚུན་ཅུང་ཟད་འདྲེས་ནས་སུས་ཀྱང་གོ་ཐུབ་པ་ཞིག་བཟོས་ཐུབ་ན་བོད་གཅིག་གྱུར་ཆགས་པའི་ཆ་རྐྱེན་གཙོ་བོ་རུ་འགྱུར་དེ། བོད་ས་ཆ་སྟོད་སྨད་ཀྱི་མི་ཕན་ཚུན་འཕྲད་པའི་ཚེར་རྒྱ་སྐད་བཀྱོན་མ་དགོས་ཙམ་ཡོང་གི་རེད་བསམ།
ཆབ་མདོ་ཤེས་རབ་ལགས་ཀྱིས་སྔོན་ཞིག་ནས་བསམ་ཚུལ་འདི་འདྲ་ཞིག་བྲིས་འདུག
བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པ་དང་རྒྱ་གཞས་གཏོང་བ་ནི་ཉེན་ཁ་རེད།
ང་རང་གིས་བསམ་བློ་ག་ནས་གཏོང་ན་ཡང་། མི་གཞན་གྱིས་བསམ་བློ་གཏོང་སྟངས་དང་། སྐད་ཅ་བཤད་སྟངས་གང་དུ་བལྟས་ཀྱང་། བོད་པས་བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པ་དང་རྒྱ་གཞས་གཏོང་བ་ནི། བོད་མི་རིགས་འདི་རྒྱ་རིགས་ལས་ལོགས་སུ་མེད་པའམ། ལོགས་སུ་མི་མངོན་པ་བྱེད་པའི་རྐྱེན་རྩ་ཆེས་ནུས་ཤུགས་ཆེན་པོ་ཞིག་རེད་འདུག་སྙམ། དཔེར་ན། བོད་མདོ་དབུས་ཁམས་གསུམ་ཆས་གོས་མི་འདྲ་ཡང༌། སྐད་ཡིག་ལ་བརྟེན་ནས་མི་རིགས་གཅིག་ཏུ་ངོས་འཛིན་བྱེད་པ་བཞིན། བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པ་དང་རྒྱ་གཞས་གཏོང་བ་ན། རྒྱུས་མངའ་མེད་པའི་ཕྱི་རྒྱལ་བ་དང་ཨ་ཅང་ཅང་། བོད་རིགས་དང་རྒྱ་རིགས་ཀྱི་ཕྲུ་གུ་ཆུང་ཆུང་དེ་ཚོའི་སེམས་ནང་དུ་ཡང་། བོད་རྒྱ་གཉིས་ནི་ཀོང་པོ་དང་ལྷ་ས་བ་བཞིན་ཆས་གོས་ཙམ་ལས་མི་རིགས་གཅིག་ཡིན་པའི་ཚོར་སྣང་ཞིག་སླེབས་ཀྱི་འདུག །དེས་ན། བོད་སྐད་བརྒྱབ་པར་བོད་ཆས་སྤྲད་དགོས་ཟེར་བ་ལས་བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པར་སྐྱོན་བརྗོད་བྱེད་མཁན་མེད་པར་ཡ་མཚན་སྐྱེས་བྱུང་།
བོད་སྐད་བརྙན་འཕྲིན་ནང་གསར་འགྱུར་བཤད་མཁན་གྱིས་ངེས་པར་དུ་བོད་ཆས་སྤྲད་དགོས་པའི་བསམ་ཚུལ་འབྲི་མཁན་དང་། ཀུན་གླེང་བརྙན་འཕྲིན་ཐད་གཏོང་སྐབས་ཁ་པར་བརྒྱུད་གསར་འགོད་པས་བོད་ཆས་སྤྲད་དགོས་པའི་འབོད་སྐུལ་བྱེད་མཁན་མང་པོ་འདུག་ལ། འགའ་ཞིག་གིས་ཁོང་ཁྲོ་བསྟན་ནས་ཁྱོད་ཚོས་བོད་ཆས་སྤྲད་མི་དགོས་པ་ཅི་ཡིན་ནམ་ཞེས་སྐད་ཅ་སྦོམ་པོ་བཤད་མཁན་ཡང་ཡོང་གི་འདུག །དེ་ཚོའི་ཁྲོད་བོད་པའི་གསར་འགོད་པས་བོད་ཆས་སྤྲད་དགོས་པའི་རྒྱུ་མཚན་ཡང་དག་པ་ཤོད་མཁན་ཞིག་ཕལ་ཆེར་མ་མཐོང་མོད། གང་ལྟར་དེ་དག་ཕལ་ཆེ་བ་ནི་རང་ངོས་ནས་བོད་ཀྱི་རིག་གཞུང་དང་ལ་རྒྱར་བསམས་ནས་ལྷག་བསམ་རྣམ་དག་གིས་བཤད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཁག་ཅིག་གིས་ཕྱོགས་ཡོངས་ནས་བསམ་གཞིགས་ཡག་པོ་ཞིག་མ་བྱུང་བར་ཤོད་ཀྱིན་འདུག་སྙམ་པ་ཡང་སྐབས་རེར་དྲན་ཡོང་གི་འདུག
བོད་ཆས་སྤྲད་དགོས་པའི་འདོད་ཚུལ་འཛིན་མཁན་མང་པོ་ཞིག་གི་བསམ་དོན་ནི། བོད་ཆས་སྤྲད་ན་ཐུན་མོང་མ་ཡིན་པའི་བོད་པའི་ངོ་བོ་དེ་འབུར་དུ་དོད་ཡོང་གི་རེད་སྙམ་པ་དེ་ཡིན་མོད། ཐོག་མར་ཤེས་དགོས་པ་ཞིག་ནི། རྒྱ་སྐད་དུ་ཞིས་ཀྲང་དང་ཨིན་སྐད་དུ་སུ་ཊི་(Suit)ཟེར་བ་འདི་ནི། འཛམ་གླིང་སྤྱི་དང་མི་རིགས་ཐུན་མོང་གི་གྱོན་ཆས་ཤིག་(གཤམ་དུ་འདི་ལ་སྤྱི་ཆས་ཞེས་བརྗོད་ཀྱི་ཡིན)ཡིན་པ་ལས། དེ་གྱོན་མཁན་དེ་མི་རིགས་འདི་མ་ཡིན་པ་དང་གཞན་ཞིག་ཡིན་པ་གང་ཡང་སྟོན་གྱིན་མེད་པ་དེ་ཤེས་དགོས་ཏེ། དཔེར་ན། སུད་སིའི་ཆུ་ཚོད་འདོགས་མཁན་དང། ཨ་རིའི་གློག་ཀླད་ཀམ་པུ་ཊར་སྤྱོད་མཁན་ལ་མི་རིགས་ཀྱི་ཁྱད་པར་འབྱེད་དུ་མེད་པ་བཞིན་ནོ།
སྤྱིར་གནའ་བོའི་དུས་སུ་མི་ཚང་མས་ཤིང་ལོ་གོས་སུ་གྱོན་པ་དང་(འདོམ་ཤིང་ལོས་བཀབ་པ་ལས་དེ་མིན་གྱི་ལུས་དམར་ཧྲང་ཡིན)རི་དྭགས་ཀྱི་པགས་པ་གྱོན་པ་ནས་མི་ཡི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་དར་རྒྱས་འགྲོ་བ་བསྟུན། མི་རིགས་ཚང་མ་ཐུན་མོང་མ་ཡིན་པའི་གྱོན་ཆས་སོ་སོར་དར་ཞིང་། མི་རིགས་དང་རྒྱལ་ཁབ་གཅིག་པ་ཡིན་ཀྱང་ས་ཁུལ་ནང་ཁུལ་ཆས་གོས་མི་འདྲ་བའི་ཁྱད་པར་ཆེན་པོ་བྱུང་ཡོད། གནའ་དུས་སུ་ཉི་ཧོང་དང་ཀོ་རི་ཡ། རྒྱ་ནག་སོགས་ཀྱིས་ཕྱུ་བ་ཕུ་ཐུང་ཁ་ཆེ་དེ་འདྲ་གྱོན་སྲོལ་ཡོད་པ་དང་། རྒྱ་གར་དང་ཡོ་རོབ། ཨ་རབ་པ་ཚོས་ལུས་ལ་གཟན་རིང་དཀྲི་བ་སོགས་ཡིན་མོད། དེང་སང་རྒྱལ་ཁབ་དེ་དག་གི་བརྙན་འཕྲིན་གསར་འགོད་པས་གནའ་བོའི་ཕྱུ་བ་གྱོན་པ་ཕལ་ཆེར་མཐོང་རྒྱུ་མེད་ཅིང་། གལ་སྲིད་གྱོན་ན་ཡང་མི་མང་གིས་དགའ་པོ་བྱེད་པའི་ངེས་པ་མེད་དེ། འགའ་ཞིག་གིས་དེ་ནི་རྙིང་ཞེན་དང་རྗེས་ལུས་ཀྱི་མཚོན་རྟགས་ལྟར་མཐོང་བས་སོ།
གལ་སྲིད་བོད་པའི་གསར་འགོད་པས་བརྙན་འཕྲིན་གསར་འགྱུར་བཤད་སྐབས་ཡིན་གཅིག་མིན་གཉིས་ཀྱིས་བོད་ཆས་སྤྲད་དགོས་ཀྱི་ཡོད་ན། བོད་ཀྱི་ལོ་རྒྱུས་ནང་། ཕོ་གཡུ་རྣ་ཅན་ལ་དགྲ་ལྷ་འཁོར་ཞེས་པ་ལྟར། རྣ་ཅོ་ལ་གཡུ་འདོགས་དགོས་པ་མ་ཟད། མགོ་བོར་སྐྲ་ཡང་འཇོགས་ཏེ་སྟོང་སྐུད་ཀྱི་ཛར་ལོ་དཀྲིས་ཤིང༌། ཁམས་པ་ཡིན་ན་ཝ་ཞྭ་དང༌། དབུས་པ་ཡིན་ན་ཚེ་རིང་ཞྭ་མོ། ཨ་མདོ་ཡིན་ན་ཕྱིང་ཞྭ་གྱོན་དགོས་པ་ཡིན་ནམ། བོད་ཆས་ཟེར་བ་ནི་ཕྱུ་བ་དང་སྟོད་ཐུང་ཙམ་ཞིག་གྱོན་པ་གཅིག་པུས་མི་འགྲིག་པར། གྱོན་ཆས་རྒྱན་ཆ་དང་བཅས་པ་གྱོན་སྟངས་འདོགས་སྟངས་ཚུན་ཆད་ལ་འབྲེལ་བ་ཡོད་པས་སོ།
སྤྱིར་མི་རིགས་ཀྱི་ངོ་བོར་མཚོན་པའི་ཆས་ཀྱི་ནང་ནས་གལ་ཆེ་བ་ཞིག་ནི་མགོ་ཡི་རྒྱན་ཆ་དང་འབྲེལ་བ་ཡོད་པ་འདྲ་སྟེ། རྒྱ་ནག་གི་ལོ་རྒྱུས་ནང་། རྒྱལ་རབས་སོ་སོའི་སྐབས་སུ་མགོ་ཡི་ཞྭ་དང་སྐྲ་འཇོག་སྟངས་ལས་མངའ་ཁོངས་དང་བདག་དབང་གི་དོན་མཚོན་པར་བྱས་པ་ཡང་ཡོད་ལ། དེ་བཞིན་ཧིན་དུ་དང་ནང་པ། ཇུ་ཤི་དང་ཁ་ཆེ། པན་ཇབ་དང་ཨ་རབ་སོགས་ཆོས་ལུགས་དང་མི་རིགས་གི་མཚོན་རྟགས་གཙོ་བོ་གཅིག་ནི་མགོ་ཡི་སྐྲ་འཇོག་སྟངས་དང་ཞྭ་གྱོན་སྟངས་ལས་རྟོགས་ཐུབ་པར་བཟོས་ཡོད། ང་ཚོའི་ཕ་ཡུལ་ལ་མཚོན་ན་ཡང་། དེང་སང་མཛད་སྒོ་དང་དུས་ཆེན་ཁག་ལ་མ་གཏོགས་ཕྱུ་བ་གྱོན་མཁན་ཉུང་དུ་ཕྱིན་འདུག་ཀྱང་། ལོ་བཅུ་གྲངས་ནས་རྒྱུན་དུ་མགོ་ལ་སྐྲ་གཞུག་སྒར་བ་དང་། བླ་མ་སོགས་མཐོང་སྐབས་སྐྲ་གཞུག་མར་གློད་དེ་གུས་ཞབས་མཚོན་པར་བྱེད་པ་སོགས་རྒྱ་རིགས་དང་མི་འདྲ་བའི་སྲོལ་ལུགས་ཤིག་སྤྱོད་བཞིན་འདུག
གསར་འགྱུར་བཤད་སྐབས་སྐྲ་གཞུག་དང་རྣ་ལོང་བཏགས་མི་དགོས་ཏེ་བདེ་པོ་དང་རན་པོ་མེད་པས་སོ་ཞེ་ན། ཕྱུ་བ་ལ་ཡང་མཚུངས་ཏེ། དེང་བཟོས་བོད་པའི་བུད་མེད་ཀྱི་ཕྱུ་བ་དེ་རྒྱུག་བཤར་དང་འཕགས་མཆོང་འགྲན་བསྡུར་ལྟ་བུ་འགའ་ཞིག་ཕུད། སྤྱིར་བཏང་གི་ལས་ཁུངས་ནང་མ་བདེ་བ་གང་ཡང་མེད་ཀྱང་། བོད་པའི་སྐྱེས་པ་ཚོའི་ཕྱུ་བ་དེ་ལས་ཁུངས་ནང་གྱོན་ན་བདེ་པོ་མེད་ལ། ལྷག་པར་ཡིག་འབྲི་དང་འཕྲུལ་ཆའི་ཐོག་ཕྱག་ལས་མང་པོ་གནང་དགོས་མཁན་གྱི་གསར་འགོད་པ་ལྟ་བུ་ལ་བདེ་པོ་རྩ་ནས་མེད། གལ་སྲིད་ཁ་གཅིག་པུས་སྐད་ཅ་བཤད་ནས་བསྡད་ཆོག་མཁན་ཞིག་དང་། ཕྱུ་བ་གྱོན་པ་དེས་ཕན་གནོད་ཆེན་པོ་ཞིག་འགྲོ་ཐུབ་ཀྱི་ཡོད་ན། གནའ་བོའི་རྒྱལ་བློན་ཚོགས་སྐབས་རྒྱལ་པོ་ལ་རྒྱན་གོས་གཡོག་པ་འདྲ་པོ་བྱས་ཀྱང་མི་ཆོག་རྒྱུ་ཅི་ཡོད།
འགའ་ཞིག་གིས་བོད་ནང་གི་གསར་འགྱུར་བཤད་མཁན་མང་པོས་བོད་ཆས་སྤྲད་བཞིན་ཡོད པ་ལ། རང་དབང་ལུང་པ་ནས་སྤྲད་མི་དགོས་པ་ཅི་རེད་ཟེར། ཏན་ཏན་རང་དབང་ཡོད་མེད་ཀྱི་ཁྱད་པར་ཡིན་རྒྱུ་རེད། བོད་ནང་གོང་རིམ་ནས་བཀའ་བཏང་ཕྱིན་མ་འདོད་ན་ཡང་ཁེབས་ཙམ་ཞིག་མ་གྱོན་ཀ་མེད་ཡིན་ལ། རྒྱུ་མཚན་དེས་བོད་ཆས་ཡ་མ་ཟུང་། ཁྲལ་སོད་ཙམ་འདྲ་པོ། དཔེར་ན། ཕྱུ་བ་བོད་ལུགས་དང་སྟོད་ཐུང་རྒྱ་ལུགས། སྐེ་ཆིང་(Tie)ཕྱི་རྒྱལ་ལུགས་སུ་བྱེད་པ་འདྲ་པོ་མཐོང་རྒྱུ་འདུག །ཆས་ཡ་མ་ཟུང་དེ་འདྲ་སྤྲད་པ་ལས་ག་རེ་ཡིན་ན་ཡང་སྤུས་གཙང་གཅིག་རང་སྤྲད་ན་དགེ་མཚན་ཆེ་སྙམ།
དེས་ན་སྤྱི་ཆས་སམ་དེང་དུས་ཀྱི་ཆས་གཙང་མ་ཞིག་སྤྲད་ནས་བོད་སྐད་གཤའ་མ་ཞིག་བརྒྱབ་པ་ཡིན་ན། ཆས་གོས་ལ་བལྟས་ནས་མི་དེ་དེང་དུས་ཀྱི་ཤེས་ཡོན་ཅན་ཞིག་ཡིན་པའི་མཐོང་སྣང་འབྱུང་བ་དང་། སྐད་ཡིག་ལ་བལྟས་ནས་བོད་སྐད་དང་བོད་ཡིག་ནི་དྲ་རྒྱ་དང་བརྙན་འཕྲིན་བརྒྱུད་ལམ་ནང་སྔོན་ཐོན་སྐད་ཡིག་གཞན་དང་འདྲ་མཚུངས་སྤྱོད་ཐུབ་ཀྱི་ཡོད་པ་ཤེས་ཤིང་། དེ་གཉིས་ལ་བལྟས་ནས་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་རིག་གཞུང་ལ་གདེང་འཇོག་ཐོབ་པའི་རྒྱུ་རུ་འགྱུར་བ་ལས་གནོད་མི་སྲིད་ལ། དེ་མིན་ཉིན་རེར་བོད་ཆས་ཐེངས་དགུ་གྱོན་ཀྱང་སྐད་དེ་བོད་སྐད་རྩ་ཚང་ལ་མ་ཚང་ཞིག །རྒྱ་དང་ཨིན་ཇི་བས་བོད་སྐད་བརྒྱབ་པ་ལྟར་བཤད་པ་ཡིན་ན་མི་རིགས་ཀྱི་སྲོག་རྩ་ལ་གནོད་ཚབས་དེ་བས་ཆེ་སྙམ།
དེང་སང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བའི་ཐབས་ཤེས་སྒོ་གང་ཡོད་ནས་བྱེད་བཞིན་ཡོད་ཀྱང་། བོད་པར་བོད་ཆས་གང་རྫིག་སྤྲད་བཅུག་པ་དང་། བོད་ཀྱི་དཔེ་དེབ་གང་མང་མང་པར་སྐྲུན་བྱེད་བཅུག་གི་ཡོད། དེས་ག་རེ་གསལ་བཤད་བྱེད་པ་རེད་དམ་ཞེ་ན། བོད་ཆས་དང་བོད་ཡིག་དཔེ་ཚོགས་ནི་ཕྱི་ཚུལ་ཙམ་ལས། དོན་ལ་དེས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་མི་ཐུབ་པ་དེ་ཡིན་ལ། དོན་ལ་བོད་ནང་བོད་སྐད་རྒྱག་མཁན་དང་བོད་ཡིག་ཀློག་ཤེས་མཁན་མེད་པར་གྱུར་ན། བོད་ཡིག་དཔེ་ཚོགས་རི་ལྟར་སྤུངས་ཀྱང་དེ་ནི་བདེ་སྤྱོད་མེད་པའི་གད་རྙིགས་ཀྱི་ཕུང་པོ་ཞིག་དང་། བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་མཁན་ཞིག་གིས་བོད་ཆས་རིན་ཆེན་རྒྱན་ཆ་ཆ་ཚང་ཞིག་སྤྲད་ཀྱང་དེ་ནི་རྒྱ་མིས་བོད་ཆས་གྱོན་པ་དང་ཁྱད་པར་གང་ཡང་མེད།
ད་སྐབས་བོད་ཕྱི་ནང་གཉིས་ནང་བོད་སྐད་རྒྱག་པ། བོད་ཆས་གྱོན་པ། བོད་ཟས་ཟ་བ་སོགས་བོད་པའི་ངོ་བོ་མ་བརླག་པའམ། ཡང་ན་འབུར་དུ་ཐོན་ཐབས་སུ་ལྷག་དཀར་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དགའ་འོས་པ་ཞིག་ཡིན་ཀྱང་། བོད་སྐད་རྒྱག་པ་ནི་གཞན་གཉིས་ལས་གལ་ཆེ་བ་དང་། བོད་སྐད་རྒྱག་པ་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་ལ་ནང་བྱན་ཆུབ་པའི་སྦྱང་པ་བྱེད་རྒྱུ་དེ་བས་གལ་ཆེ་བར་ཤེས་དགོས། དེས་ན། བོད་ནང་སྔར་རྗེས་བྱུང་བའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་དག་ནི་གནད་ལོན་པ་དང་གནད་ལ་ཁེལ་བའི་ལས་འགུལ་ཞིག་ཡིན་ལ། བོད་མི་རིགས་ཀྱི་སྲོག་རྩ་ལ་རྒོལ་བའི་རྒྱ་ནག་གི་སྲིད་ཇུས་(བོད་ཀྱི་སློབ་གྲྭ་ཁག་ནང་སློབ་ཚན་ཚང་མ་རྒྱ་ཡིག་ཐོག་བསླབ་དགོས་པ་སོགས་བོད་སྐད་ཡིག་བེད་མེད་བཟོ་བའི་སྲིད་ཇུས)དང་ཐད་ཀར་མདུང་རྩེ་ཁ་གཏད་བྱས་པ་ཞིག་ཀྱང་རེད།
མི་རིགས་ཤིག་གི་ངོ་བོ་ལ་མཚོན་ནས་བཤད་ན། སྐད་ཡིག་གཉིས་ནི་ཐམས་ཅད་ལས་གལ་ཆེ་བ་ཡིན་ལ། དེ་ཡང་སྐད་ཅ་བཤད་པ་ཙམ་དང་། སྔར་ཡོད་ཡིག་རྙིང་པར་སྐྲུན་བྱེད་པ་ཙམ་མ་ཡིན་པར། སློབ་གྲྭ་ཁག་གི་སློབ་ཚན་དང་བཅས་པ་བོད་ཀྱི་སྐད་ཡིག་ནང་སྦྱང་ས་ཞིག་དང་། སྦྱངས་ནས་སྐད་ཡིག་དེ་བེད་སྤྱོད་བྱེད་སའི་ཁོར་ཡུག་ཅིག་དགོས་པ་ནི་མེད་དུ་མི་རུང་བ་ཡིན་སྟབས། བོད་སྐད་ཡིག་དེ་བོད་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་སོ་སོའི་གཞུང་འབྲེལ་གྱི་སྐད་ཡིག་དང་པོ་དེ་ཆགས་པར་རྩོད་ལེན་བྱེད་རྒྱུ་ནི་གལ་ཆེ་བའི་ནང་གི་ཆེ་ཤོས་དེ་རེད་སྙམ། དེ་མིན་ལས་ཁུངས་ཤིག་ནང་སྙན་ཞུ་ཐུང་ཐུང་ཞིག་ཕུལ་དགོས་ན་ཡང་རྒྱ་ཡིག་ཡིན་དགོས་པ་དང་། ཚོགས་འདུ་ཆུང་ཆུང་ཞིག་ཚོགས་ན་ཡང་རྒྱ་སྐད་བརྒྱབ་དགོས་པའི་གནས་སྟངས་དེའི་འོག །མཚོ་མོ་སྐམ་ན་ཉ་མོ་གསོན་ཐབས་མེད་པ་བཞིན་བོད་ཡིག་སྤྱོད་སའི་ཁོར་ཡུག་མེད་ན་རང་བཞིན་གྱིས་རྩ་མེད་འགྲོ་རྒྱུ་ཉག་ཅིག་རེད།
བཙན་བྱོལ་ནང་དུ་ཆ་མཚོན་ན། སྤྱིར་གོང་ས་མཆོག་གི་རླབས་ཆེན་གྱི་ལམ་སྟོན་དབུ་ཁྲིད་དང་། ལྷག་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་གནང་བ་ནས་བཟུང་། གཞུང་འབྲེལ་སྐད་ཡིག་བོད་སྐད་ཡིག་དང་། བོད་པ་དང་ཡིག་འབྲེལ་ཚང་མ་བོད་སྐད་ཡིག་ཐོག་བྱེད་པའི་སྲོལ་གཏོད་གནང་བ་ནི། བོད་སྐད་ཡིག་སྤྱོད་སའི་འཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། བོད་སྐད་ཡིག་སྦྱང་མཁན་ལ་མདུན་ལམ་ཡོད་པའི་སྤྲོ་སྣང་ཞིག་ཀྱང་སྦྱིན་སྟབས། བོད་སྐད་ཡིག་ལ་སྦྱང་མཁན་རང་བཞིན་གྱིས་ཇེ་མང་དུ་ཕྱིན་ཡོད། དེ་སྔོན་བོད་གཞུང་གི་ཡིག་འབྲེལ་སྐད་ཡིག་(Official Language)ཨིན་ཇི་ཡིན་པ་དང་། ལོ་རབས་དགུ་བཅུ་པའི་ནང་ང་ཚོ་བོད་ནས་གསར་འབྱོར་རྣམས་མཚན་གཞུང་ལྟར་བང་སྒྲིག་ནས་གོང་ས་མཆོག་མཇལ་ཁ་གཏོང་སྐབས། ང་ཚོའི་མཚན་གཞུང་དེ་ཨིན་ཡིག་ནང་བྲིས་ཡོད་པ་དང་། ཀློག་མཁན་གྱིས་བསྟན་ནོར་ལ་ཊེན་ནོར་དང་། ལྷག་པ་ལ་ལག་པ་སོགས་ལབ་ནས་གོ་བརྡ་མ་འཕྲོད་པའི་བཀའ་ངལ་མང་པོ་བྱུང་སོང་།
མཐར་དོན། ཉ་བཤད་ཉོག་བཤད་མང་པོ་བྱས་པའི་སྙིང་དོན་ནི། བོད་པས་བོད་ཆས་མ་སྤྲད་པར་བོད་སྐད་བརྒྱབ་པ་དེ་ཉེན་ཁ་མ་ཡིན་པར། བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པ་དང་རྒྱ་གཞས་གཏོང་བ་དེ་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དེ་རེད། དཔེར་ན། ཀོང་པོའི་ཆས་དེ་བོད་ས་གང་གི་ཆས་དང་མི་འདྲ་ཡང་། སྐད་ཡིག་ལ་བརྟེན་ནས་བོད་རིགས་སུ་ངོས་འཛིན་བྱེད་པ་བཞིན། ཚང་མས་དོ་སྣང་བྱེད་སའི་མཛད་སྒོ་དང་སྡེངས་ཆ་དེ་འདྲའི་སྟེང་དུ་བོད་ཆས་སྤྲད་ནས་རྒྱ་སྐད་བརྒྱབ་པ་དང་རྒྱ་གཞས་གཏོང་བ་ན། རྒྱུས་མངའ་མེད་པའི་ཕྱི་རྒྱལ་བ་དང་ཨ་ཅང་ཅང་། བོད་རིགས་དང་རྒྱ་རིགས་ཀྱི་ཕྲུ་གུ་ཆུང་ཆུང་དེ་ཚོའི་སེམས་ནང་དུ་ཡང་། བོད་རྒྱ་གཉིས་ནི་ཀོང་པོ་དང་ལྷ་ས་བ་བཞིན་ཆས་གོས་ཙམ་ལས་མི་རིགས་གཅིག་ཡིན་པའི་ཚོར་སྣང་ཞིག་སླེབས་ཀྱི་འདུག་ན། སླད་ཕྱིན་ནས་བོད་མི་སུ་ཞིག་གིས་དེ་ལྟར་མི་གནང་བའི་གསོལ་བ་འདེབས་རྒྱུ་ཡིན། དེ་མིན་བོད་པས་བོད་ཆས་གྱོན་ལོས་དགོས་ཤིང་། དུས་ཆེན་དང་ཆང་ས། མཛད་སྒོ་ཁག །ལྷག་པར་བོད་ཀྱི་གཞས་ཞབས་བྲོའི་སྐབས་སུ་ངེས་པར་གྱོན་རོགས་ཞུ།།
http://www.sherab.org/?p=5577&cpage=1#comment-39611 ཁོང་གི་དྲ་ཚིགས་ལ་བལྟ་འདོད་ན་དྲ་བྱང་གོང་གི་འདི་རེད།
དང་པོ་བོད་ཆས་མི་གྱོན་དེ་རྗེས་བོད་སྐད་མི་བཤད་འདི་ལྟར་རྒྱུད་མཐུད་དུ་སོང་ན་བོད་མི་རིགས་ཀྱི་ངོ་བོ་སུ་ཞིག་གིས་བདག་པོ་རྒྱག གསར་འགོད་པ་ཚོས་བསམ་བློ་རྣལ་མ་ཞིག་གཏོང་དགོས་རྒྱུ་རེད། ???????????????
དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་མིའི་གྱོན་གོས་ལ་འགྱུར་ལྡོག་འགྲོ་རྒྱུ་ཆོས་ཉིད་རེད་ལ།སོ་སོ་ལ་རྒྱལ་ཁབ་དང་རང་དབང་ཡོད་མཁན་མི་རིགས་ཚོར་རང་གི་གྱོན་ཆས་གོན་མིན་གྱིས་དེ་ཙམ་ཁྱད་པར་མི་འགྲོ།འོན་ཀྱང་།བོད་ནང་གི་བོད་མི་སྒྱུ་རྩལ་པ་དང་ཤེས་ཡོན་ཅན།གཞུང་གི་གནད་ཡོད་མི་སྣ་ཚུན་ཆད་ཇི་ཙམ་མང་པོ་ཅིག་གིས་སོ་སོའི་མདུན་ལམ་དང་ཉེན་ཁ་ཐམས་ཅད་རྒྱབ་ཏུ་དོར་ཏེ་ཨུ་ཚུགས་ཀྱིས་རྒྱ་དམར་གྱི་སྔོན་ན་བོད་ཆས་གྱོན་བཞིན་བོད་མིའི་རང་ཚུགས་བཟུང་ཡོད་པ་མ་བརྗེད་ཨ།
ཐ་ན་བོད་ནང་སློབ་གྲྭ་མང་པོར་སྒྲིག་ཆས་ཚུན་ཆད་བོད་གོས་གཙང་མ་རེད་འདུག་ག།ད་ང་ཚོ་ཕྱི་རྒྱལ་ཅིག་ཏུ་སླེབས་སོང་དུས་སངས་རྒྱས་སོང་པ་འདྲ་བོ་ཅིག་གི་རྣམ་པས་བོད་ཆས་གྱོན་པ་རྗེས་ལུས་ཡིན་མདོག་དང་།སྔར་མེད་གསར་སྤྲོས་དེང་རབས་གོན་པ་གྱོན་དགོས་ལུགས།བོད་མི་ཚོས་རེ་སྐུལ་ཞུས་པ་ཁོང་ཚོ་ལ་བཙན་བཀའ་བཏང་མ་ཡོང་མདོག་མདོག་བཤད་དེ་(ཨ་རིའི་རྒྱལ་ས་ལྦ་ཞིན་ཀྲོན་ཏུ་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་ཚོར་བོད་ཆས་གྱོན་དགོས་བའི་བཀའ་གཏོང་བ་དེས་ང་ཚོའི་ལས་རིམ་ཡར་རྒྱས་མི་གཏོང་ལ་དཀའ་ངལ་གང་ཡང་སེལ་མི་ཐུབ།)སྐད་ཆ་འདི་འདྲ་སོ་སོ་རང་དབང་རྒྱལ་ཁབ་ཏུ་ཡོད་པ་རང་དབང་མེད་པའི་བོད་མི་ཚོར་ངོམས་སོ་དང་མིག་སྐྲང་སྟེང་ལ་ཁུ་ཚུར་བྱེད་པ་ངོ་མ་ཁྲེལ་དང་ངོ་ཚ་ཡོད་མཁན་མི་ཞིག་གིས་བཤད་སྟངས་མ་རེད་ད།
ཁྱེད་ཚོ་གསར་འགོད་པ་ཡིན་པ་དང་འཛམ་གླིང་གི་རྒྱལ་ཁབ་རང་དབང་དང་མང་གཙོ་ཆེ་ཤོས་ཀྱི་ལུང་པར་བསྡད་ཡོད་པ་བདེན་པ་རེད།འོན་ཀྱང་།ཁྱེད་ཚོ་བོད་མི་ཅིག་ཡིན་པ་བརྗེད་མི་ཉན་ཡ།བོད་ནང་གི་བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་བློས་གཏོང་གིས་རྩོམ་པ་པོ་ཚོ་བཙོན་དུ་བཅུག།གཞོན་སྐྱེས་ཚོ་མེ་དང་ཆུ་ལ་མཆོངས།ཚོང་པ་ཚོས་སྒྲོ་ལོར་ས་ཡ་སྟོང་ཕྲག་མང་པོ་བློས་གཏོང་གིས་བཙོན་དུ་འཛུལ།ཐ་ན་ལོ་བརྒྱད་དགུའི་ཕྲུ་གུ་ཚོས་ཀྱང་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་འདི་སུའི་ཆེད་རེད།འདི་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་ཆེད་རེད་མ་གཏོགས།ཁོ་རང་ཚོས་ལྟོ་གོས་གཏམ་གསུམ་མ་སོང་བ་མ་རེད་ད།
ལར་ཨ་རིའི་རླུང་འཕྲིན་ནང་གི་བོད་མི་ཚོར་བོད་ཡིག་བཀའ་དྲིན་ལ་ལས་ཀ་དེ་འདྲ་རག་རེད་མ་གཏོགས་ཁྱེད་ཚོའི་ནང་སྐད་ཡིག་གཞན་གྱི་ཐོག་ནས་གསར་འགོད་པ་བྱེད་ཐུབ་མཁན་ཅིག་མེད་པ་ཟུར་བལྟས་ལེབ་མཐོང་རེད།
རྟག་ཏུ་བོད་ཀྱི་ཆས་གོས་མ་གྱོན་པ་ལ་སྐྱོན་ཆེར་མེད། ལྷ་དཀར་ཉིན་མོ་མ་གྱོན་པར་བློ་ཕམ་ཆེན་་པོ་ཡོད། དེ་ལས་ཀྱང་བློ་ཕམ་ཆེ་བ་ནི་ག་དུས་ཡིན་ཡང་ཡིག་གེ་མ་དག་ལ་མང་པོ་བྲིས་པ་དེ་ཡིན།་གཅིག་བྱས་ན་ཁོ་ཚོས་བོད་ཆས་གྱོན་ན་ངོ་ཚ་ཡི་ཡོད་པ་རེད། དེ་འདྲ་ཡིན་ན་དང་པོ་ནས་བོད་པར་མ་སྐྱེས་ན་་་ཧ་་ཧ་་ཧ་་།།
ཉེ་ཆར་ཀུན་གླེང་སྒོ་རྒྱག་མིན་གྱི་གནས་ཚུལ་ཞིག་བྱུང་ཐལ། ཡང་དེ་རིང་དེའི་འགོ་འཛིན་པའི་སྐྱེས་པ་ཚོས་བོད་ལྭ་གྱོན་མིན་ཐད་རྙོག་དྲ་བྱུང་འདུག
བོད་གོས་གོན་མ་གོན་ལ་ཁྱད་པར་གང་མེད། གཙོ་བོ་བོད་གཙང་མ་ཞིག་རྒྱག་རྒྱུར་གལ་ཆེ། ཁྱེད་ཚོའི་ཁམས་སྐད་སྡེ་ཚན་གྱི་ཁམས་སྐད་རྫུན་མ་དེ་མེད་པ་བཟོ་རོགས་གནང་། དེ་ནི་ས་དམིགས་བཀག་བྱེད་རང་རེད་འདུག ང་ཁམས་པ་ཡིནཡང་དེ་འདྲའི་ཁམས་སྐད་དེ་གོ་ཐུབ་ཀྱི་མི་འདུག གཞན་པའི་ཁམས་པ་མང་པོས་དེ་འདྲ་རང་གསུང་བཞིན་འདུག གལ་སྲིད་ཁམས་སྐད་དགོས་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་ལྟ་བུ་ཁམས་སྐད་གཙང་མ་ལྷད་མེད་པཞིག་རྒྱག་གནང་རོགས་ཞུ།།
བོད་ཆས་མི་་གྱོན་མི་གྱོན་པར་ཐག་ཆོད་བྱས་པ་བཟང་དོན་ཞིག་མིན་ན་ཐང་ཏེ། དེ་བས་སྟོང་འགྱུར་གྱི་ནག་ཉིས་ཞིག་ཡོད་པ་ནི། རྒྱུ་མཚན་ཡང་དག་མེད་པར། རྒྱུ་མཚན་ལྟ་སྣང་ཞིག་གིས་ང་རྒྱལ་དང་བཅས་དེ་སྐད་ཆ་བཤད་འདུག་པ་ནི་ཁོང་ཚོ་་རིན་ཐང་ཞན་པའི་མཚོན་རྟགས་ཞིག་མ་རེད་དམ། དོན་དུ་སྣང་ཆུང་ཁྱད་གསོད་དང་། ད་དུང་དོན་ལ་མི་གནས་པའི་རྫིན་ཚིག་བསྒྲགས་པ་མ་རེད་དམ། ང་ཧང་སང་སོང་། འགྲེལ་བཤད་ཡག་པོ་ཞིག་མེད་བཞིན་དུ་ཐག་ཆོད་སྐཡོ་བོ་དེ་བྱས་པ་འདིའི་དངོས་གནས་བཤད་ན་ངོ་ཚ་ཁྲེལ་མེད་གྱི་བྱ་བ་ཞིག་མཚོན་པ་མ་རེད་དམ།
དངོས་གནས་དྲ་འབུ་ནི་དྲ་འབུ་རང་རེད།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་སྤེལ་བའི་བོད་ཆས་གྱོན་མིན་ཐད་ལ་གསལ་བཤད་ཐུང་ངུ་ཞིག་བྱས་འདུག་པ་འདིས། རེ་སྐུལ་པ་ཚོའི་བསམ་བློར་འཚམས་པའི་ལན་ཞིག་ཐེབས་མིན་ལ་མ་ལྟོས་པ་དམངས་ཀྱི་བསམ་ཚུལ་ལ་སྣང་འཇོག་བྱས་པའི་བཟང་སྤྱོད་ཀྱི་ཆ་ཤས་ཤིག་ཡིན་པར་སྙམ། སྤྱིར་མི་རིགས་སུ་ཡིན་ཡང་མི་རིགས་དེའི་ཁྱད་ཆོས་རྒྱུད་འཛིན་དར་སྤེལ་གཏོང་དགོས་པ་དེ་མི་རིགས་དེ་ཉིད་ཀྱི་ངོ་བོ་ཡུན་གནས་ཐུབ་མིན་གྱི་གཞི་རྩའི་གྲུབ་ཆ་ཞིག་ཡིན་པ་བཞིན་ང་ཚོས་ཀྱང་དེ་ལྟར་བྱ་དགོས་པ་གོར་མ་ཆག མ་ཟད་ཁྱེད་ཚོས་ཐག་གཅོད་འདི་ལ་རྒྱུ་མཚམ་མང་བོ་ཡོད་ཅེས་གསུངས་པ་དེ་ཡང་དེ་ལྟར་དུ་དགོས་པ་རྒྱུ་མཚན་མི་འདྲ་བ་ཡོད་པའི་རེ་བ་ཆེ། གང་ལྟར་ང་ཚོའི་མིག་མདུན་དུ་མངོན་པའི་ཚིག་དུམ་འདིས་ཁྱེད་ཚོའི་དགོངས་བཞེས་དེ་རྟོགས་དཀའ་སྟེ། བོད་ཆས་མི་གྱོན་པ་དེ་རྒྱལ་སྤྱིའི་ཆས་གོས་ལ་བཀག་འགོག་མི་ཡོང་བའི་ཆེད་དུ་ཡིན་ཞེས་པ་དེ་རྒྱུ་མཚན་གནད་ལ་འཕིགས་པ་ཞིག་མ་ཡིན་སྙམ། གང་ལགས་ཞེ་ན། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་སྙན་སྒྲོན་པ་བུ་མོ་ཚོས་ནམ་རྒྱུན་ཀུན་གླེང་ལས་རིམ་ཁྲོད་དུ་བོད་ཆས་རང་བཞིན་གྱིས་གྱོན་དགོས་པ་ཞིག་དང་། སྙན་སྒྲོན་པ་ཕོ་ཚོས་དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཆས་གོས་ཆེད་དུ་རང་ཆས་རང་བཞིན་གྱིས་དོར་དགོས་པའི་གནད་འགག་འདི་ཨ་རིའི་རླུང་འཕྲིན་ཁང་གི་གཞི་རྩའི་སྒྲིག་ལམ་ཞིག་ཡིན་ན་ཁྱེད་ཚོར་ཐུགས་ཁག་མེད། ང་ཚོས་ནམ་རྒྱུན་བོད་ནང་དུ་རང་དབང་མི་འདུག་ཅེས་ཁ་ནས་བཤད་སླ་ཡང་དོན་དུ་རང་དབང་ཡུལ་ལུང་དུ་སླེབས་པའི་བོད་མི་མང་བོ་ཞིག་གིས་མིང་དང་ཐོབཐང་གཙོ་གནད་དུ་འཛིན་པ་ལས་སོ་སོའི་རྒྱལ་ཁབ་དང་མི་རིགས་དེའི་རིག་གཞུང་བཅས་ཀྱི་ཆེད་དུ་འགན་འཁྲིའི་འདུ་ཤེས་ཡོད་པ་ཤིན་ཏུ་ནས་ཀྱང་ཉུང་བ་མངོན། དཔེར་ན་བོད་ནང་ལ་ཆ་བཞག་ན་ལྷ་སའི་བོད་སྐད་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་སོགས་ཀྱི་ནང་དུ་ཕོ་མོ་དབྱེར་མེད་ཀྱི་སྒོ་ནས་ལེའུ་ཚན་གཙོ་སྐྱོང་བ་དང་སྙན་སྒྲོན་པ་དག་གིས་བོད་སྐད་གཙང་མ་དང་བོད་ཆས་སྤུས་དག་སོགས་གང་ཐུབ་བཀོལ་སྤྱོད་གཏོང་གི་ཡོད་པ་ལས་ཡོད་ཚད་གཞན་དབང་སྟབས་བསྟུན་རེད་ཅེས་བཞག་མི་འགྲིག་པར་མཐོང་ནས་གོ་སྐབས་ནམ་ཡོད་ལ་རྩོད་ལེན་བྱེད་ཀྱིན་ཡོད། དེ་ལུགས་ལ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་འགན་འཛིན་དང་ལས་བྱེད་ཡོངས་ནས་དགོངས་འཇགས་གནང་རོགས་་་་་
བོད་མི་རིག་ཀྱི་ངོ་བོ་མཚོན་བྱེད་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆས་གོས་སོགས་ཚང་མ་ཡིན་པ་ལས་གང་རུང་གཅིག་མིན། དེས་ན་གང་རུང་གཅིག་མེད་སོང་ན་ཟུར་གཅིག་ཉམ་སོང་བ་རེད། དེས་ན་མི་རིགས་ཀྱི་ངོ་བོ་གནས་པར་བྱེད་པ་ལ་སྐད་ཡིག་གལ་ཆེན་ཡིན་པ་ལྟར་ཆས་གོས་ཀྱང་གལ་ཆེན་རེད། ད་དུང་བཤད་རྒྱུ་ཞིག་ལ་ཆས་གོས་ལ་འགྱུར་བ་འགྲོ་ཆོག་ན་ཡང་བོད་རང་གི་ཆས་གོས་ཀྱི་རྩ་བའི་སྒྲོམ་གཞི་མ་བརླག་པའི་ཐོག་ནས་འགྱུར་བ་གཏོང་ཆོག་པ་ལས་ཡིན་གཅིག་ནུབ་ཕྱོགས་པའི་ཆས་གོས་གོན་དགོས་རྒྱུ་ཅི་ཡོད།
ཡར་ཀླུངས་ཕུགས་ནས་བསྡད་ན་ཡར་ཀླུངས་མཁན་པོ་བསྟུན་དགོས་པས།
མདོ་འཛིན་པ་ཚོའང་ནུབ་ཕྱོགས་ཨ་རི་ན་ཡོད་པ་ན། ཁོར་ཡུག་དང་སྤྱི་ཚོགས་ལ་བསྟུན་དགོས་པ་གང་ཞིག་བོད་ལ་གྱོན་མ་གྱོན་པ་དེ་བོད་ཀྱི་རྩ་དོན་ལ་རེག་ལས་ཡོད་ན།
གཙོ་བོ་དེ་སོ་སོར་དཔེ་ལངས་ནས་སྐད་ཆ ཤོད་དང། དྲ་གྲོགས་རྣམས་ཀྱིས་ལྷག་དཀར་དང་ལས་ཁུངས་ལ་བོད་ལ་གྱོན་གྱི་ཡོད་ན། དེ་མེད་ན་ཨ རིའི་རླུང་འཕྲིན་གྱི་འདོ་འཛིན་པ་རྣམས་ལ་སྐད་ཆ་བཤད་ཡ་ཞིག་མི་འདུག
གཅིག་ཡོད་པ་ནི་ཀུན་གླེང་སྐོར་རེད། དྲི་བ་དང་དྲིས་ལན་མང་ཆེ་ཤོས་ཀྱིས་ཉོན་སྣང་སྤྲད་ཀྱི་འདུག དེ་ལས་ཀུན་གླེང་ལེ་ཚན་དེ་ཡག་རུ་གཏོང་དགོས་པའི་སྐུལ་མ་འདྲ་བཏང་ན་ཡག་པོ་མི་འདུག་གམ
དྲ་སྣང་གི་བོད་ཟེར་བ་དེ་དགོས་ཡག་མི་འདུག དེས་ཕན་ལས་གནོད་ཆེ་བ་འདུག དེས་བོད་ནང་གི་ལ་རྒྱའི་གཞས་གཏོང་མཁན་དང་རྒྱ་དམར་གྱིས་ལག་པ་འཇུ་ས་རེག་ནས་ཡོད་པའི་བོད་དོན་ལས་འགུལ་པ་མང་པོ་འཇོན་མདོག་གིས་ཁྱབ་བསྒྲགས་བྱས་ཏེ་འཛིན་བཟུང་བྱེད་འཇུག་གི་འདུག མདོར་བསྡུས་ན། དྲ་སྣང་གི་བོད་ཅེས་པ་དེས་རྒྱ་དམར་གྱི་སོ་བའི་ལས་ཀ་བྱེད་ཀྱི་འདུག དེ་མེད་པ་བཟོས་ཏེ་དེ་ཚབ་ཏུ་གོང་ནས་དྲ་གྲོགས་ཁ་ཤས་ཀྱིས་བཤད་པ་ལྟར་༧གོང་ས་མཆོག་གི་བདུན་རེའི་མཛད་འཕྲིན་ཕྱོགས་བསྡུས་ཀྱིས་སྟོན་ཐུབ་ན་དངོས་གནས་དགེ་ཕན་ཆེ་བ་འདུག
བོད་ལྭ་གྱོན་མི་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་པ་དེ་གཙོ་བོ་བོད་དོན་ཁྱབ་བསྒྲགས་བྱེད་མཁན་ཞིག་ལ་མཚོན་ན་སྤྱོད་ལམ་གང་ཅིའི་ཐད་ནས་བོད་པ་འདིའི་གྱོན་གོས་ཡན་ཆད་ནས་འཛམ་གླིང་མི་མང་གི་མིག་མདུན་དུ་བསྟར་ཐུབ་པ་བྱུང་ན་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུར་ནུས་པ་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་པས་རེད། གང་ཡིན་ཅེ་ན་བོད་སྐད་མི་ཤེས་མཁན་ཞིག་ལ་མཚོན་ན་གསར་འགྱུར་དེ་བོད་དོན་ཡིན་པ་དང་། བོད་ལ་འདི་འདྲའི་དཀའ་ངལ་ཕྲད་ཡོད་པ་སོགས་ཐོག་མར་ངོས་འཛིན་བྱེད་ཀྱི་རྟགས་དང་མཚན་མ་གཙོ་བོ་དེ་བོད་ལྭ་གྱོན་མཁན་གྱི་བོད་པའི་གསར་འགྱུར་བརྒྱུད་སྒྲོགས་བྱེད་མཁན་གྱི་ཆ་ལུགས་ལ་བལྟ་མཁན་མི་ཉུང་བ་ཞིག་ཡོད་པ་སྨོས་མེད་རེད། ཕྱོགས་གཞན་ཞིག་ནས་བཤད་ན་བོད་ལྭ་གྱོན་པ་དེ་ཡང་ལས་འགུལ་ཞིག་རེད།
དེ་མིན་ད་རེས་ཨ་རིའི་རླུང་འཕྲིན་ཁང་ནས་སྐད་སེང་མཐོན་པོས་བོད་ལྭ་གོན་གི་མིན་ཅེས་པ་དེ་ཅུང་ཧ་ལས་དགོས་པ་ཞིག་རེད། འདི་ལྟར་བོད་ལྭ་གྱོན་རོགས་ཀྱིས་ཟེར་མཁན་ཚང་མ་གསར་འགྱུར་ལ་དོ་སྣང་ཡོད་མཁན་གྱི་བོད་མི་ཤ་སྟག་རེད། འདི་བཞིན་བོད་ནང་དུའང་རེ་བ་བཤད་མཁན་མང་པོ་བྱུང་། དེའི་ཕྱིར་འདི་ལ་ཉན་འཇོག་ཕྲན་བུ་བྱེད་དགོས་ཡོད་ཀྱི་རེད་བསམ་གྱི་ཡོད།
ཨ་རིའི་བོད་སྐད་རླུང་འཕྲིན།
༧རྒྱལ་བའི་མཛད་འཕྲིན་ཕྱོགས་བཞིར་བསྐྱལ་བའི་ཕོ་ཉ།
རྒྱལ་སྤྱིའི་གལ་གནས་གསལ་པར་སྟོན་པའི་མེ་ལོང་།
བོད་ཀྱི་བདེན་དོན་རྒྱང་ལ་སྒྲོག་པའི་དུང་ཆེན།
བོད་མིའི་རྣ་དབང་སྙན་པར་གསོ་བའི་པི་ཝང་།
ཨ་རིའི་བོད་སྐད་རླུང་འཕྲིན།
རླུང་འཕྲིན་འདིའི་ལས་དོན་ཆེ་ཕྲ་མཐའ་དག་རླུང་འཕྲིན་ཁང་རང་ཉིད་ནས་ཐག་གཅོད་བྱེད་པ་ཤིན་ཏུ་ལེགས། རླུང་འཕྲིན་ཁང་འདིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་གཞིས་བྱེས་བོད་མི་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་ཀུན་གླེང་སོགས་བརྙན་འཕྲིན་སྡེ་ཚན་ནི་རྒྱ་ཆེ་བོད་མི་ལྟ་མཁན་ཡོངས་ཀྱིས་བསྟོད་བསྔགས་དང་རེ་བ་ཆེན་པོ་ཐོབ་ཡོད།
གསར་འགྱུར་ཤོད་མཁན་གྱི་མདོ་འཛིན་པའི་བོད་ཆས་གྱོན་མིན་ཐད་ལ་གནད་འགག་ཆུང་ཆུང་དང་། སྐབས་སུ་བབ་པའི་གལ་ཆེ་བའི་ཆ་རྐྱེན་གང་ཡང་མ་རེད། གལ་འགངས་ཧ་ཅང་ཆེ་བའི་ལས་དོན་ནི་ཁྱེད་རླུང་འཕྲིན་ཁང་གི་བརྙན་འཕྲིན་སྡེ་ཚན་སྔར་ལས་དུས་ཡུན་རིང་དུ་དང་ཚན་ཆུང་མང་དུ་གཏོང་ཐུབ་པ་བྱས་ནས་ཀུན་གྱིས་བསྔགས་པར་འོས་པའི་རྒྱལ་སྤྱི་ཅན་འགྱུར་ཐབ་པ ་བྱེད་རྒྱུ་དེ་རེད།
ཁྱི་རྒྱག་གནམ་གྱི་སྐར་མར་ཟུག་པ་ལ་རྒྱུ་མཚན་ཡོད་མེད་ལྟ་དགོས་གི་རེད། རི་བོང་གྱལ་འདྲོགས་ཚོ་ཡང་དེ་དེ་བཞིན་ཡིན། ཁྱེད་རླུང་འཕྲིན་ཁང་གི་རླུང་རྟ་ཡར་ལ་བསྟོད།
ཁྱེད་ཚོས་བོད་ཆས་གྱོན་པར་ཨ་རི་གཞུང་ནས་གནོད་ཤུགས་སྤྲད་པར་དོག་པ་ན་ཁག་མི་འདུག ཡིན་ནའང་རྒྱ་ཆེ་སར་བསམ་བློ་གཏོང་དགོས།
ཁྱེད་ཚོས་བོད་ཆ་གྱོན་པར་ཨ་རི་གཞུང་ནས་གནོད་ཤུགས་སྤྲད་ཀྱིན་ཡོད་ན་ཁག་མི་འདུག་་་་་་ཡིན་ནའང་རྒྱ་ཆེ་སར་བསམ་བློ་གཏོང་དགོས།
༼དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན། ༽ཟེར་བ་འདི་ཅོལ་ཆུང་པའི་གཏམ་རེད། ཁྱེད་རང་ཚོ་བོད་ཆས་ཀྱིས་བཀག་འགོག་ཡོང་ན་ཁྱེད་རང་ཚོས་བྲིས་པའི་གསར་གནས་ཕྱེད་ཡིག་ནོར་ཅན་དེ་ཚོས་བཀག་འགོག་ཅིས་མི་ཡོང་། གང་ལྟར་བོད་ཀྱི་ལོ་རྒྱུས་ནང་སྔོན་བྱུང་མ་མྱོང་པའི་ཐག་གཅོད་ཅིག་བྱུང་འདུག ད་ཡིན་ན། ག་ལེར་བོད་སྐད་མི་བཤད་རྒྱུ་ཐག་ཆོད་བྱོས།
གཙོ་བོ་ཁྱེད་ཅག་བོད་ཆས་གྱོན་པར་ངོ་ཚ་མི་དགོས་ལ། ནུབ་ལྭ་རྫིག་པོ་གོང་འཛིན་བཏགས་ནས་གསར་གནས་ལ་ཡིག་ནོར་རྐྱང་རྐྱང་དང་། ཐོན་མིས་གསར་མ་བཏོད་པའི་ཡི་གེ་དོ་ཚོ་ངོ་ཚ་དགོས།
ཤར་ཕྱོགས་ཁུག་རྟས་བཤད་ལ་པ་རྒྱབ་ཡོད། དེ་མིན་མང་པོ་ཞིག་གིས་ཀྱང་བཤད་ཀྱིན་འདུག གཙོ་བོ་བོད་སྐད་དག་མ་ཞིག་བཤད་ན་དགེ་མཚན་ཆེ་བར་སེམས། ཨོ་རེད་དྲ་ནང་གི་བོད་ཟེར་བ་དེ་མི་དགོས་པ་རང་རེད། དུས་ཚོད་འཕྲོ་བརླགས་རེད་འདོད་དེ་ལས་ཤར་ཁུག་གིས་བཤད་དགོངས་ཚུལ་བཞིན་༧་གོང་ས་མཆོག་གི་སྐོར་གྱི་ལེ་ཚན་ཞིག་བྱུང་ན་ཧ་ཅང་བཟང་། བོད་ཕྱི་ནང་གཉིས་ན་རེ་བ་ཆེ། བོད་ནང་ནས་བལྟ་ས་གཙོ་བོ་གསར་འགྱུར་མདོ་བསྡུས་རེད། རྒྱུ་མཚན་༧སྐྱབས་མགོན་རིན་པོ་ཆེའི་སྐོར་ཅུང་ཙམ་རེ་མཇལ་ཨེ་ཐུབ་ཀྱི་རེ་བ་རེད་འདི་ནི་བོད་ནང་མི་ཞིག་གིས་ང་ལ་ངོས་སུ་བཤད་པ་ཡིན།
ཡག་པོ་འདུག།མུ་མཐུད་ནས་འབད་པ་བྱོས།
ལས་མེད་དང་ཁ་ཁོམ་འགའ་ཤས་ལ་ཉན་དགོས་དོན་མེད། ཨ་རིའི་རླུང་འཕྲིན་ལས་མི་ཡོངས་ནས་ནོར་སོང་བ་གཅིག་ཀྱང་མཐོང་མ་སོང་། དེ་ནི་ཁོང་ཚོས་འཇོན་ཐང་། རླུང་འཕྲིན་འདི་བརྒྱུད་བོད་ཕྱི་ནང་གཉིས་ལ་ཕན་ཐོགས་བྱུང་ཡོད། མ་འོང་བ་བྱུང་བས་རེ་བ་ཡོད།
༼དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན། ཞེས་པ་འདི་གསལ་བར་བཤད་ན་བོད་ཆས་གྱོན་རྒྱུར་ངོ་ཚ་གི་ཞེས་པ་ལས་མ་འདས་སོ། ། དེའི་ཕྱིར་ཁོ་ཚོས། པཎ་ཆེན་སྐུ་གོང་མས། ཁྱེད་ཚོས་བོད་ཆས་གྱོན་རྒྱུར་ངོ་ཚ་ན་མ་གྱོན་ན་ཆོག བོད་སྐད་བཤད་རྒྱུར་ངོ་ཚ་ན་དེའང་མ་བཤད་ན་ཆོག འོན་ཀྱང་ཁྱེད་ཚོའི་ཤ་དང་རུས་པ་གང་ལ་སྦས་རྒྱུ་ཡིན། ཞེས་པའི་གསུང་འདི་ཁ་ཐོན་བྱེད་རན་འདུག
འདོད་ཆུང་ཆོག་ཤེས་བྱེད་དགོས་དང་། ཨའོ་ཙམ་ཡོང་། ད་འགྲིག་ཡོང་། སྐྱེ་བ་སྔོན་མའི་ལས་རེད། ཟེར་བཞིན་ལོ་ངོ་བརྒྱ་ཕྲག་ཁ་ཤས་བསྐྱལ་ཟིན་པ་རེད། མཐའ་མ་ཚིག་དེ་དག་གི་འོག་ནས་བོད་རྒྱལ་ཁབ་འདིའང་དགྲ་ལག་ཏུ་ཤོར་བ་རེད།
ད་ལྟ་ནུབ་ཕྱོགས་པའི་གོན་ཆས་ལ་དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་བཀག་འགོག་མི་ཡོང་བའི་ཆེད་ཟེར་ནས་བོད་ཆས་མི་གྱོན་པའི་རྒྱུ་མཚན་གསུངས་མཁན་འདི་ཚོས། ཉིན་གཅིག་དབྱིན་སྐད་ཡང་རྒྱལ་སྤྱིའི་སྐད་ཡིག་ཡིན་ཟེར་ནས་བོད་སྐད་ཤོད་རྒྱུ་མཚམས་འཇོག་བྱེད་ངེས་རེད།
ངོ་མ་ཡག་རྟགས་མི་འདུག འདི་ཚོར་སོ་སོའི་མི་རིགས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལ་རྒྱ་ཟེར་བ་རྩ་བ་ནས་མེད་ཚོད་རེད།
༧པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་སློབ་དུམ་བུ་ཞིག་གི་ནང་དུ། ངས་རྒྱ་གཏིང་ཚ་བའི་དཀྱིལ་དུ་བོད་ཆས་གྱོན་ནས་སྡོད་ཐུབ་སར། ཁྱོད་ཚོས་བོད་ཆས་གྱོན་མི་ཐུབ་པ་ཅི་ཡིན། ཁྱོད་ཚོས་ཕྱོགས་ཡོངས་ནས་སོ་སོའི་མི་རིགས་ཀྱི་འགན་སྲུང་བྱེད་དགོས་པ་ཤེས་དགོས་གསུངས་འདུག
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ལས་བྱེད་པ་བུད་མེད་ཚོས་བོད་ཆས་གྱོན་བགྱིད་འདུག་པས། བོད་ཆས་མ་གྱོན་པ་ཡང་མ་རེད། སྐྱེས་ཕོ་ཚོས་བོད་ཆས་མ་གྱོན་ཡང་། རང་གི་རིག་གཞུང་ལ་མཐོང་ཆུང་བྱས་པ་ཡང་མིན། གལ་ཆེ་ཤོས་དེ་ན། བོད་སྐད་ཨང་དང་པོར་ཤེས་དགོས་ལ། དེ་ཡང་ཚོག་གསར་མང་པོ་ཁ་ཡོད་ལག་ཞབས་འདེགས་ཞུ་བཞིན་འདུག་པས་རྗེས་སུ་ཡི་རང་ཡང་ཡོད་ལགས།
མ་གཞི་བོད་ལྭ་གྱོན་ཐུབ་ན་ཡག་པོ་འདུག
བོད་ལྭ་ནི་བོད་ཡིན་པའི་མཚོན་བྱེད་ཅིག་རེད་ལ།
བོད་ལྭ་ནི་རྒྱ་དམར་གྱི་གྱོན་ཆས་དང་མི་གཅིག་པ་ཡིན་པས། ༡ རང་བཞིན་གྱིས་བོད་རྒྱ་གཅིག་མིན་པའི་གསལ་བཤད་གནང་ཐུབ ༢ མེས་བོའི་གྱོན་ཆས་ལ་བརྩི་བཀུར་གནང་པ། ༣ ཪང་གི་མི་རིགས་ལ་དགའ་ཞེན་ཡོད་པ། ༤ ལོ་སྒྱུས་ལྡན་པའི་མི་རིགས་ཤིག་གི་གྱོན་ཆས་ཡིན་པ། ༥ རྒྱལ་སྤྱིའི་གྱོན་ཆས་དང་མི་འདྲ་བའི་ཁྱད་ཆས་ཡོད་པ་རེད། ད་དུང་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཁོང་ལ་དབང་རང་དོག་ཙམ་ཡོད་པ་ནས་ཁོང་གིས་བོད་ལྭ་གྱོན་གནང་གི་ཡོད་པ་རེད། དེ་བས་ཕྲན་གྱིས་ཁོང་རྣམ་པས་བོད་ལྭ་གྱོན་གནང་པ་ཐུབ་ན་ཡག་པོ་འདུག་བསམ་པའི་རེ་བ་ཡོད།
སྔོན་ཐོན་ཅན་གྱི་མི་རིགས་ཚོས་བྱེད་སྟངས་ལ་གཟིགས་ཐུབ་ན་ཡག་པོ་རེད། ཨ་རི་རླུང་འཕྲིན་འདི་ནང་བོད་པ་གཅིག་པོ་མ་རེད། མི་རིགས་འདྲ་མིན་ཡོད་རེད་དེ་ཚོས་གང་འདྲ་བྱེད་ཀྱིས་འདུག བོད་ཆས་གོན་མི་ཆོག་པ་རྩ་བ་ནས་རེད་མི་འདུག བོད་ནང་གསར་འགྱུར་འགོད་པ་པོ་རྣམས་ཨ་ཚུགས་ཀྱིས་བོད་ཆས་གྱོན་གྱི་འདུག་ན། ང་ཚོ་རང་དབང་ལུང་པར་ཡོད་པ་ཚོར་སུས་བཙན་དབང་གཏང་བ་རེད་དམ།
དགོངས་དག
གྱོན་གནང་པ་ཐུབ་ན་ཞེས་པ་གྱོན་གནང་ཐུབ་ན་ཞེས་བཟོ་བཅོས་བྱེད་རོགས།
དྲ་གྲོགས་ཚོ། བོད་ཆས་གྱོན་མཁན་བུད་མེད་དེ་ཚོར་བོད་ཆས་གྱོན་རོགས་ཟེར་བསམ་འཆར་བཏང་བ་མ་རེད།
བོད་ཆས་མ་གྱོན་མཁན་ཁ་ཤས་ཡོད་པ་དེ་ཚར་མི་མང་གིས་བསམ་འཆར་བཏང་བ་རེད།
ཁོང་ཚོ་ནི་མི་མང་བྱིངས་དང་མི་འདྲ་བར་ཨ་རིའི་དྲ་བརྙན་སྟེང་ནས་འཛམ་གླིང་ནང་བོད་མིའི་ཚབ་མཚོན་རྣམ་པ་ཡོད་པས། ཚང་མས་བོད་ཆས་ན་བཟའ་བཞེས་ན་བོད་མིའི་རྣམ་པ་དེ་བས་ཤུགས་ཆེ་བ་མཚོན་ཐུབ་རེ་གནང་ནས་དགོངས་འཆར་ཞུས་པ་ཞིག་རེད།
འོན་ཏང་། ཁོང་ཚོའི་ལྷག་བསམ་དང་སེམས་ཤུགས་ལ་གཡོ་བ་མེད་ཀྱང་ད་རེས་ལན་འདེབས་དེ་ཅུང་མི་བདེ་བ་ཞིག་འདུག
དེང་རབས་རྒྱལ་སྤྱིའི་གྱོན་གོས་ཟེར་ན། དེ་མཚུངས་དབྱིན་སྐད་ཀྱང་དེང་རབས་རྒྱལ་སྤྱིའི་སྐད་ཡིག་ལ་འདོད་མཁན་མང་བས་ང་ཚོས་དབྱིན་སྐད་བཤད་ན་ཆོག་པས་ཧ་ཅང་ཐལ་སོང་བ་རེད།
རྒྱལ་ས་ཝ་ཞིན་ཀྲོན་གྱི་གནམ་རྡིབ་སོང་རུང་། བརྙན་འཕྲིན་པ་རྣམས་ཀྱི་ངེས་པར་དུ་བོད་ཆས་གོན་དགོས་ཀྱི་ཡོད། དུམ་པ་བཅུ་གཉིས།
བོད་ལྭ་གྱོན་ན་རབ་རེད་འོན་ཀྱང་དེང་རབས་སྤྱི་ལུགས་ཀྱི་གྱོན་གོས་ལ་བཀག་འགོག་མི་འོས།
ཨ་རི་རླུང་འཕྲིན་ཁང་ཟེར་བ་འདི་མི་སྒེར་ལ་དབང་བ་ཞིག་ཡིན་ཚོད་མ་རེད། རྒྱུ་མཚན་དེས་ན་བོད་ཀྱི་མིང་ཁུར་ནས་འཛུལ་ཞུགས་བྱས་ཡོད་པ་ནི་གོ་མ་ཆག། རླུང་འཕྲིན་པ་བོད་པ་ཡིན་ན་བོད་གོས་གྱོན་དགོས་པ་ནི་སྨྲོས་ཅི་དགོས། ལྷག་པར་དུ་བོད་གཞིས་བྱེས་ཡོངས་ནས་ལྷག་དཀར་སྲུང་བརྩི་བྱེད་དུས། རླུང་འཕྲིན་པས་ར་མིན་ལུག་མིན་ཡ་མ་ཟུང་གིས་གྱོན་པ་གྱོན་ན་ང་མོས་མཐུན་མེད། རླུང་འཕྲིན་པར་ཞུ་རྒྱུར། རླུང་འཕྲིན་གཏོང་བའི་སྐབས་ཡུལ་ལུང་གཞན་པས་སོ་སོའི་ལུང་པའི་ཆས་སྤྲས་ནས་རླུང་འཕྲིན་གཏོང་གི་ཡོད་པ་ཧ་གོ་ཚོད་རེད། ང་ཚོའི་ཡུལ་ཤོར་ཀྱང་ཡུལ་མི་ད་དུང་གསོན་པོ་གནས་ཡོད་པར་ཧ་གོ་བ་བྱོས། ལྷག་དཀར་སྲུང་བརྩི་གི་ཆེད་དུ་བོད་པ་ག་ཚོད་མནར་གཅོད་དང་ཚེ་སྲོག་ཤོར་ཡོད་པ་ནི། འོན་པ་མིན་པས་ཧ་གོ་ཚོད་དང། ལོང་བ་མིན་པས་མཐོང་ཡོད་ཚོད་རེད། རྒྱུ་མཚན་དེས་ན་རླུང་འཕྲིན་པས་བོད་ཆས་གྱོན་རོགས། གལ་སྲིད་བོད་ཆས་གྱོན་ཆོག་གི་མེད་ན་བོད་མོ་དེ་ཚོས་ཀྱང་རྒྱ་ཆས་སྤྲས་ནས་ཡོང་རོགས། དངོས་གནས་ཡིན། བོད་ཆས་མ་གྱོན་ན་བོད་སྐད་དེ་ཡང་མ་བཤད་རོགས་ཟེར་ནས་རེ་བ་ཞུ་གི་ཡོད།
ཨ་རིའི་བོད་སྐད་རླུང་འཕྲིན་ལ། །
ཆས་གོས་མི་གཙོ་གསར་འགྱུར་གཙོ། །
གསར་འགྱུར་དུས་ཐོག་སྤེལ་པ་གཙོ། །
ཨ་རིའི་བོད་སྐད་རླུང་འཕྲིན་ལ། །
བོད་ལྭ་མི་གཙོ་བོད་སྐད་གཙོ། །
བོད་སྐད་དག་མའི་བརྗོད་པ་གཙོ། །
ལེ་ཚན་མདོ་འཛིན་གསར་འགོད་པས། །
གཙོ་ཕལ་གང་ཡིན་ངེས་བཟུང་ནས། །
རང་གི་ལས་ལ་འབད་པར་རིགས། །
བོད་ཆས་གྱོན་རོགས་ཟེར་ནས་རེ་འདུན་ཁྲི་འབུམ་ཞུ་བཞིན་ཡོད།
བོད་ཆས་མ་གྱོན་པར་ངོ་རྒོལ་མེད། བོད་སྐད་བོད་ཡིག་ལ་གཟབ་ནན་གནང་ཐུབ་ན་རྗེས་སུ་ཡིད་རིང་ངོ་།
སྔོན་ཞིག་ཤར་ཁུག་གིས་བཀའ་བློན་ཚོའི་ང་ལ་པན་ཆེན་རིན་པོ་ཆེ་དྲན་དུ་ཆུག་སོང་ཞེས་རྩོམ་ཡིག་སྤེལ་ནས་ལབ་གླེང་མང་པོ་བྱུང་སོང་། ད་རེའི་ཡིན་ན་དངོས་གནས་པན་ཆེན་རིན་པོ་ཆེ་དྲན་ཆུག་སོང་། ཁྱོད་ཚོའི་བོད་ལ་མ་གྱོན་ན་ཆོག བོད་ཟས་མ་བཟོས་ཀྱང་ཆོག ཁྱོད་ཚོའི་ལུས་ན་ཡོད་པའི་བོད་ཀྱི་ཤ་དང་ཁྲག་ཅི་ལྟར་བྱེད་ཀྱི་ཞེས་པ་ཡང་ཡང་དྲན་དུ་ཆུག་སོང་།
ལོ་ཁ་ཤས་སྔོན་དུ་ལ་དྭགས་གླེ་ཚོང་ཁང་ཆུང་ཞིག་ནང་ན། ལ་དྭགས་གཤམ་ཕྱོགས་ཀྱི་འབྲོག་པའི་བུ་མོ་ཞིག། རྒྱ་གར་པན་ཇབ་ཀྱི་གོས་གྱོན་པས་ཚོང་ལས་བྱེད་ཡོད་པ་ལ་འབྲོག་མོའི་ཆས་གྱོན་ན། མི་མང་པོས་ཁྱེད་ལ་ལྟ་བར་འོང་། དེ་ཡིས་ཚོང་མང་དུ་འགྲོ་ཞེས་སྨྲས། མི་རིགས་དེ་ལ་འབྲོག་པ་ཟེར་བ་མ་གཏོགས། དིང་སང་མི་རིགས་དེ་དག་གིས་གཙོ་བོར་ཞིང་ལས་དང་། ཤིང་ཏོག་མང་པོ་སྐྱེད། དང་པོ་དེ་རྣམས་འབྲོག་པ་ཡིན་པ་གནས་གཅིག་ནས་གཅིག་ཏུ་སྤོ། ད་ལྟ་མི་རིགས་དེ་དག་ཕྱུག་པོར་གྱུར་ཏེ། ཕོ་མོ་གང་ཡིན་གྱི་ཆས་གོས་ནི་ལོ་གསར་སོགས་སུ་གྱོན་པ་ཡོད་ན་མ་གཏོགས། གྱོན་པ་ཞིག་མེད་འདུག སའོ་གོ་ལའི་སྟེང་ཡོད་པ་མི་རིགས་ཚང་མའི་ཆས་གོས་དེ་འགྱུར་འགྲོ ལ་དྭགས་པའི་ཞྭ་མོ་དེ་ཡང་མི་རྒན་འགའ་རེས་མ་གཏོགས་མི་གྱོན། དེ་ཡང་ལོ་བརྒྱ་དང་བརྒྱད་ཅུའམ་དགུ་བཅུའི་སྔོན་དུ་དར་བའི་ཞྭ་མོ་དེ་ལ་གོན་དགྲ་ཟེར། དེ་ཡང་ཞྭ་མོ་དེ་གྱོན་པ་དང་སིང་པའི་སིང་དམག་གི་དགྲ་འོངས་པས། ཞྭ་མོ་དེ་ལ་གོན་དགྲ་ཟེར་བ་རྣམ་རྟོག་གི་དབང་ལས་བྱུང་། སིང་པའི་དམག་གི་སྐབས་སུ་ལ་དྭགས་ཡུལ་དུ་དཀའ་ངལ་བྱུང་ཡང་། ཕྱིས་སུ་གུ་ཡངས་བྱུང་། ངའི་ནང་མིའི་ཨ་ཕྱི་ཆོས་འཛོམས་ཀྱིས་བཤད་དོན་ལ། རྒྱལ་པོའི་སྐབས་སུ་ཁྲལ་འཇལ་དགོས་པ་སོགས་དཀའ་ངལ་ཡོད། ད་ལྟ་ཁྲལ་སོགས་ཡང་བར་སོང་ཟེར། དེ་ལས་ཀྱང་རྒྱ་གར་ལ་རང་དབང་ཐོབ་རྗེས་ལ་དྭགས་སོགས་རྒྱ་གར་ཡུལ་གྱི་མཐའ་མཚམས་དག་ཏུ་ཁྲལ་ལྕི་བ་མེད། དེ་ལྟར་རྟག་ཏུ་གནས་པར་གྱུར་ཅིག །
ལྟ་བ་ཡངས་མདོག་དང་ཤེས་ཡོན་མདོག་དྲ་འབུ་འགས་བོད་ཆས་གྱོན་དང་མ་གྱོན་ཁྱད་པར་མི་འདུག་ཅེས་ཁ་སྦོམ་དང་ཚིག་སྦོམ་རེ་བཤད་པ་འདི་ནི་དངོས་གནས་ཁྱད་མཚར་རེད། མི་རིགས་ཤིག་གི་འཚོ་གནས་དང་མི་རིགས་ཤིག་གི་རིག་གནས་སོགས་གསོན་གནས་དགོས་ན། མི་རིགས་ཀྱི་ཁྱད་ཆོས་ཆུང་ཆུང་རེ་ནས་གཅེས་འཛིན་དགོས་པ་ནི། ངེད་ཅག་གིས་འབྲུག་ཡུལ་ནས་ལེགས་ཆ་ལེན་ཆོག འབྲུག་ཡུལ་ལ་མཚོན་ན་མི་འབོར་འབུམ་གཉིས་ཙམ་ལས་མེད་ཀྱང་། སྟོབས་ཆེ་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སོགས་གང་གིས་ཀྱང་ཤུགས་རྐྱེན་མེད་པར་མི་རིགས་ཀྱི་སེམས་ཁམས་དང་མཐུན་པའི་རིག་གནས་གཅེས་འཛིན་གྱིས་རྒྱལ་ཁབ་བསྐྱངས་ནས་གནས་ཡོད། ཨ་རིའི་གཞུང་གི་ཁྲིམས་ལུགས་ཀྱི་བཀག་རྒྱ་མེད་ན། བོད་རིགས་རྒྱ་ཆེན་མི་མང་གི་བསམ་འཆར་ལ་བརྩི་འཇོག་བྱས་ཏེ་ངེས་པར་བོད་ཆས་གྱོན་དགོས། གལ་ཏེ་ད་དུང་ཡང་འུ་ཚུགས་ཀྱིས་མ་གྱོན་ན། བྱེད་ཐབས་མང་པོ་ཡོད་ཀྱང་། གནས་སྐབས་རེ་སླར་ཡང་བསམ་འཆར་གྱི་ལམ་ནས་གོ་བསྐོན་གནང་དགོས་ལ་།་་་་་གནང་བཞིན་ཡང་ཡོད།
ཡ། བོད་ཆས་གྱོན་དགོས་ཟེར་ནས་མིད་པ་སྐམ་རག་བར་དུ་སྐད་རྒྱག་མཁན་བོད་ཞེན་ཅན་ཁྱེད་རྣམ་པས་བོད་ཆས་ལ་དོ་སྣང་དང་རྟག་པར་བོད་ཆས་སྤྲས་ནས་ཡོད་པའི་རེ་བ་ཡོད།
ད་རིང་ཞོགས་པར་བྲེལ་འཚུབ་ཀྱིས་རྒྱུན་དུ་ཨ་རིའི་རླུང་འཕྲིན་ཁང་དང་འབྲེལ་བའི་བསམ་གཞི་ཞིག་དྲ་ངོར་འདིར་བྲིས་བཞག་པ་ཡིན། དོ་དགོང་ལས་ཀ་ཚར་མཚམས་བསྐྱར་མིག་ཅིག་འཕེན་སྐབས། དྲ་འབུ་མང་པོ་སླེབས་ནས་བསམ་ཚུལ་མང་པོ་བཏོན་པ་མཐོང། བོད་མི་ཞིག་དང། ལྷག་ཏུ་བོད་མི་ཤེས་ཡོན་པའི་གྲལ་དུ་རློམ་པ་ཞིག་ལ་བོད་ལྭ་གྱོན་དགོས་པ་དང་བོད་སྐད་བཤད་དགོས་ཞེས་སྐུལ་ལྕགས་གཏོང་དགོས་པ་ཞིག་ནམ་ཞར་དུ་མཐོང་མ་སོང་བས། བོད་ལྭ་གྱོན་མིན་ཐད་ཡི་གེ་ན་གཅིག་འཕྲོ་བརླག་ལ་གཏོང་གི་མིན།
ཡིན་ནའང། གསལ་བོར་ཞུ་འདོད་པ་ཞིག་ནི། ཨ་རིའི་རླུང་འཕྲིན་ཁང་གིས་ད་བར་བགྲོ་གླེང་མང་པོ་གནང་ཡང་དོན་དངོས་ཅི་ཙམ་འཁྱོང་ཡོད་མེད་འཛམ་གླིང་ཀུན་གསལ་ཡིན་སྟབས། ཆུ་ཚོད་དེ་འདྲ་རིང་པོ་ཞིག་བགྲོ་གླེང་གཅིག་པུར་གཏོང་རྒྱུ་ལས། མཛའ་དཀའ་མེད་ན་བགྲོ་གླེང་གི་ཚུ་ཚོད་ནས་གསར་འགྱུར་ལ་ཁ་སྣོན་ལྟ་བུར ༼ བདུན་རེའི་༧གོང་ས་མཆོག་གི་མཛད་འཕྲིན༽ལེ་ཚན་ཞིག་སྒོ་འབྱེད་ཐུབ་ན་བསམས་པ་དེ་ཡིན། ཉུང་མཐར་སྐར་མ་ཉི་ཤུ་ནས་གསུམ་བཅུ་ལེན་ཐུབ་པ་ཡིན་ན་རྩེ་གྲལ་རེད།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་རླུང་འཕྲིན་ཁང་འདི་གཉིས་ཀྱིས་བོད་ནང་དུ་བཙན་བྱོལ་བོད་མིའི་གནས་ཚུལ་མཁོ་འདོན་བྱས་པར་དངོས་གནས་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་རེད། བོད་ཀྱི་ཁ་སྟབས་སྐྱོ་བོས་རླུང་འཕྲིན་ཙམ་ལ་བརྟེན་པ་མ་གཏོགས་བོད་ནང་དུ་ཐད་འབྲེལ་བརྒྱུད་ལམ་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་། བོད་ནང་དུ་བཙན་བྱོལ་བོད་མིའི་གནས་ཚུལ་མཁོ་འདོན་བྱ་ཕྱོགས་ནས་བཤད་ན། བརྒྱུད་རིམ་ཡོད་པ་ཞིག་ད་བར་བྱུང་ཐུབ་ཡོད་པ་མ་རེད། དེ་བས་༼ བདུན་རེའི་༧གོང་ས་མཆོག་གི་མཛད་འཕྲིན་༽སྒོ་འབྱེད་ཐུབ་པ་ཡིན་ན། བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུ་ལྷག་གི་གནས་ཚུལ་འཐུས་ཚང་ཞིག་ཞིབ་ཚགས་པོས་བོད་ནང་དུ་གཟིགས་འབུལ་ཞུ་ཐུབ་ཀི་རེད་འདོད། དང་པོ་གཞིས་ཆགས་དང་དགོན་སྡེ་ཚུགས་རིམ། བཙན་བྱོལ་བོད་མིའི་ཆབ་སྲིད་འཐབ་རྩོད་དང་མང་གཙོའི་འཕེལ་རིམ་བཅས་ལོ་ཚིགས་པང་རིམ་སྒྲིག་ནས་གཟིགས་མོར་བསྟར་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་ལ་དེ་ལས་ལྷག་ཅིག་བྱེད་ཡ་མེད་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་བརྒྱ་ཆ་༧༠ བཙན་བྱོལ་བོད་མིའི་གནས་བབ་གསལ་བོ་མཁྱེན་པ་ཡིན་ན། སྐབས་དེར་བོད་ཕྱི་ནང་གཉིས་ཀྱི་ནུས་པ་རང་བཞིན་གྱིས་ཆིག་སྒྲིལ་ཡོང་ངེས་ཤིང་། བོད་ཀྱི་རྩ་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བའི་ཚ་རླབས་འཕྱུར་རྒྱུ་ནི་གདོད་མི་ཟ་བ་རྒྱུན་དུ་བསམས་པས། ལེ་ཚན་འདི་སྒོ་འབྱེད་ཨེ་ཐུབ་འབྲེལ་ཡོད་ནས་གཟིགས་རོགས་ཞུ།
ཞོར་འཕྲོས་ཤིག་ལ། ༼ དྲ་སྣང་གི་བོད་༽ཅེས་པ་དགོས་ཀྱི་མེད་པར་འདོད་པ་དེ་ཡང་དག་མ་རེད། སྤྱིར་བཏང་དྲ་སྣང་གི་བོད་ཅེས་ན་བོད་སྐད་ཡིན་མིན་མི་ཤེས་ཀྱང། དེང་དུས་དྲ་རྒྱའི་ནང་བོད་དོན་གླེང་སློང་གི་ཚད་གང་དུ་སླེབས་ཡོད་མེད་བདུན་རེར་ཕྱོགས་བསྡུས་ཀྱིས་གསར་འགྱུར་གྱི་རྣམ་པར་བཤད་ན་དེས་ཕན་གྱི་རེད་བསམས།
དགེ་ཆོས་ཀྱིས།
འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་། །
གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས། །
མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །
འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། །
ཅེས་པ་ལྟར་ཁོང་ཚོས་གྲོས་ཆོད་ཚུན་ཆད་བཞག་ཟིན་པ་ཞིག་ལ་བཙན་བསྐུལ་བྱ་བ་དོན་སྒོ་ཆུང་ལ། ལར་ནས་མི་རྣམས་ཀྱིས་མི་འདོད་པའི་ལས་དོན་གང་ཡིན་རུང་ཨུ་ཚུགས་ཀྱིས་སྒྲུབ་ཏུ་བཅུག་ན་ནུས་པ་མི་ཐོན་པའི་ཁྲལ་ཙམ་དུ་འགྱུར་བ་མཐོང་ཆོས་ཡིན།
ཨ་རིའི་རླུང་འཕྲིན་ལས་བྱེད་རྣམས་ལ་དུས་རྟག་ཏུ་བོད་གོས་གོན་རོགས་ཤེས་འབོད་སྐུལ་ཞུས་པ་མ་རེད། རླུང་འཕྲིན་བཤད་པའི་གནས་སྐབས་ཀྱི་ཆུ་ཚོད་ཅིག་གཉིས་ཙམ་ལ་བོད་གོས་གོན་དགོས་པའི་རེ་སྐུལ་ཞུས་པ་རེད། ཁྱེད་ཚོས་བསམ་བློ་ཐོང་དང་ཐ་ན་ཆུ་ཚོད་རེ་གཉིས་ལ་ཡང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆས་གོས་གོན་འདོད་མེད་པ་དེས་ཅི་ཞིག་མཚོན་འདུག ད་དུང་དེང་དུས་རྒྱལ་སྤྱིའི་གྱོན་ཆས་ལ་བཀག་འགོག་མི་ཡོང་ཆེད་བོད་གོས་གོན་རྒྱུ་མིན་ཟེར། སྐད་ཆ་འདི་ནི་ཇི་འདྲའི་སྐྱུག་བྲོ་བའི་སྐད་ཆ་ཞིག་རེད། མི་འདི་ཚོའི་རྩ་ལམ་ན་བོད་པའི་ཁྲག་ཞིག་རྒྱུ་བཞིན་ཡོད་དམ། ངས་རླུང་འཕྲིན་ལས་བྱེད་རྣམས་ལ་འད྄ི་རྒྱུ་ཞིག་ལ་ཁྱེད་ཚོས་སྲུང་སྐྱོབས་བྱེད་དགོས་རྒྱུ་དེ་རྒྱལ་སྤྱིའི་གྱོན་ཆས་རེད་དམ་བོད་པའི་གྱོན་ཆས་རེད།
རྒྱ་དམར་གུང་ཁྲན་གིས་གཡོ་རྒྱུ་བྱས་ནས་རྒྱ་མི་ལ་བོད་ཆས་གྱོན་གཅུག་སྟེ་འཁྲབ་སྟོན་ཡག་པོ་བྱེད་གི་འདུག་བ། ད་དངོས་གནས་དེ་དོན་ལ་བབས་ཡོད་པར་འདྲ། བོད་པས་བོད་ལྭ་མ་གྱོན་ན་དབྱིན་ཇི་མྱི་རྒན་དང་མ་རྒན་བོད་པའི་ཕོ་སར་མཉམ་དུ་དང་མོ་སར་མཉམ་དུ་གཉེན་སྒྲིགས་བྱས་པ་དེ་ཚོས་ལག་རྩེད་བྱེད་ས་དང་རྒྱ་རྒན་ཁ་ཤས་གི་བོད་ལྭ་གྱོན་ནས་བོད་པ་ཡིན་ཁུལ་གྱི་གུང་ཁྲན་ལ་དགའ་བའི་བསྟོད་སྔགས་བྱས་སྟེ་འཛམ་གླིང་ལ་ཁྱབ་སྒྲགས་ག་ཚད་བྱེད་གི་འདུག། དངོས་གནས་རླུང་འཕྲིན་པ་ཚོ་ངོ་ཚ་དགོས་རྒྱུ་རེད། དུས་རྒྱུན་དུ་བོད་ལྭ་གོན་མ་ཐུབ་ནའང་བདུན་ཕྲག་རེའི་ནང་ཐེངས་མ་གསུམ་གཅིག་པུ་གྱོན་མ་ཐུབ་ན་ལྟས་ངན་རེད། ཁྱེད་ཚོ་ཨ་རི་སླེབས་པ་དང་ལྷ་ཡུལ་སླེབས་སོང་བསམ་གི་འདུག་བས། ཁྱེད་ཚོ་མི་ཁ་ཤས་དེ་ཚོ་གལ་ཆེན་པོ་ཆགས་པ་མ་རེད། ཡིན་ན་ཡང་བོད་ལྭ་དེ་ཁྱེད་ཚོ་ལས་ཀྱང་གལ་ཆེ་བར་བརྩི་གི་ཡོད། ས་ཆ་གང་ཡིན་སྐད་གི་ཤེས། ཡུལ་ལུང་གང་ཡིན་ཆས་གི་ཤེས། ཟེར་བ་དེ་དངོས་གནས་བདེན་པ་མཐོང་གི་འདུག། ད་ངས་ཁྱེད་ཚོར་རེ་བ་ཞུ་གི་མིན། བོང་བུའི་རྣར་གསེར་བླུགས་པ་དང་གཅིག་པ་རེད། ཁྱེད་ཚོར་ངོ་ཚ་རྒྱུ་ཡོད་ན་བོད་ལྭ་གྱོན་དགོས། མེད་ན་
གཉིས་མེད་སེངྒེ་རང་རེད། ལས་དོན་གང་ཡིན་གྲུབ་པར་ཞི་དྲག་གཉིས་ཀ་དགོས་པ་མཐོང་ཆོས་རེད། དྲག་པོ་དེ་བཙན་པོར་ཟེར། གལ་ཆེ་གནད་དོན་ཡོད་ལ་ཞི་དྲག་གཉིས་ཀ་དགོས། ད་བར་འདོད་པ་གང་ཡོད་ལ་བཞག་ནས་བྱེས་སུ་འགྱར། ད་དུང་་་་ འགན་མེད་སྐད་ཆ་རང་རེད།
ངོ་གདོང་སྐྱ་ཐང་ཐང་་་་སེམས་པ་གྲང་ཤུལ་ཤུལ།
ཤར་ཕྱོགས་ཁུག་རྟ་ལགས། རྟ་བཤད་དུས་བོང་བུ་མ་ཤོད་རིགས། རྣམ་དཔྱོད་ཡོད་ན། བརྗོད་གཞིའི་ཐོག་ལ་བབས་ནས་བཀའ་མོལ་གནང་རོགས། ད་དུང་མི་གཞན་ལ་དྲ་འབུ་ཞེས་འཕྱ་སྨོད་ཀྱི་ཚིག་མཚོན་འཕངས་པ་དངོས་གནས་ངོ་ཚ་གི་མི་འདུག་གམ། དྲ་འབུ་དངོས་གནས་ཁྱེད་རང་རེད། དྲ་ཐོག་ཏུ་འཁྱམ་མྱུལ་ཙམ་ལས་། བརྗོད་གཞི་ཡང་ངོས་འཛིན་མི་ཐུབ་པ་།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པ་དང་བརྙན་སྒྲོན་པ་ཚོར་གསལ་འདེབས་བྱེད་རྒྱུ་ཞིག་ལ། ཁྱེད་ཅག་གིས་ངན་སྤྱོད་རྒྱན་དུ་ངོམ་པའི་ཐག་གཅོད་དེ་གསང་རྒྱ་བྱེད་རྒྱུ་ལས་ཁྱབ་བསྒྲགས་མ་བྱེད་རོགས་གྱིས། གང་ཡིན་ཟེར་ན། ཕྱི་རྒྱལ་མགོ་སེར་ཚོས་གོ་ན་གད་མོ་ཤོར་ས་རེད་ལ། རྒྱ་དམར་གུང་ཁྲན་ཚོས་གོ་ན་དགའ་སྤོབས་སྐྱེ་ས་རེད། བོད་རིགས་སྤུན་ཟླ་ཚོས་གོ་ན་བློ་ཕམ་དང་ཡི་ཐང་ཆད་ས་རེད། ངའི་སྐད་ཆ་དེ་སེམས་གཏམ་ངོ་མ་ཞིག་ཡིན། དེ་འདྲ་ཨེ་རེད། རང་དབང་ལྡན་པའི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཚོས་མནོ་བསམ་ཞིག་གཏོང་རོགས།
བོད་ཆས་གྱོན་པ་དཀའ་ངལ་ཡོད་ན་མ་གྱོན་།བོད་སྐད་བཤད་པ་ཁག་པོ་ཡོད་ན་མ་བཤད་།བོད་ཟས་ཟ་ན་བྲོ་བ་མེད་ན་མ་ཟ་།འཇུ་རྟ་རྟིང་ཀ་མཐོ་གང་ཅན་དེ་གོན་།སྐད་རིགས་གང་ཤེས་ཚང་མ་མཉམ་བསྲེས་གྱིས་།དབུགས་ཐོག་སྲོག་ཆགས་ཀུན་གྱི་ཤ་དེ་ཟོ་།
ཐག་གཅོད་ལ་རྒྱབ་སྐྱོར་ཡོད། ཨ་རི་རླུང་འཕྲིན་ཁང་ལ་གུས་བརྩི་ཞུ། དགོས་རྒྱུ་གསར་འགྱུར་དང་བོད་ཀྱི་གནས་ཚུལ་དུས་ཐོག་ཐད་གཏོང་གནང་རྒྱུ་དེ་རེད། ངོ་མ་དྲྭ་གྲོགས་རང་ཉིད་མེ་ལོང་དུ་བལྟས་ནས་བོད་ཆས་གྱོན་མིན་བལྟོས་ཤིག ཐམས་ཅད་གཞན་ལ་སྐྱོན་བརྩལ་བའི་སྲོལ་ངན་ཞིག་འདུག་པས་མྱུར་དུ་སྤོང་ཐབས་མཛོད།
དྲ་གྲོགས་རྣམ་པ་་བོད་ཆས་གྱོན་མི་གྱོན་གནད་ཆེན་པོ་གང་ཡང་མ་རེད་་སྐབས་འབབས་གསར་འགྱུྲར་དང་བོད་དོན་་སྐོར་་གོང་ས་མཆོག་གི་་མཇད་མཁྲིན་བཅས་་དུས་ཐོག་གསལ་སྟོན་གནང་ཐུབ་ན་དགེ་མཚན་ཆེ་་་་་ད་བར་ཕྱག་ལས་ཡག་པོ་གནང་སོང་་ཐུགས་རྗེ་ཆེ་་་་་གོང་དུ་སྐྱུྲ་རྩི་ཟེརབ་་ཞིག་ནས་་རླུང་འཁྲིན་་ཁང་སྒོ་རྒྱབ་ན་ལེགས་པ་བརྗོད་པ་དེ་ནི་ཀུན་གྱི་ཁ་ལྟ་ས་དེར་རྒྱབ་སྟོན་མཁན་ཞིག་ཡིན་པ་ཐག་ཆོད་་མི་དེརྩ་མ་ཚངབ་ཞིག་ཡིན་པ་ཐག་ཆོད་་་་་་་་་་
ངས་བལྟས་ན་མདོ་འཛིན་པའམ་གསར་འགྱུར་ཤོད་མཁན་ཚོས་བོད་ལྭ་གོན་རྒྱུ་དེ་གཙོ་བོ་མ་རེད། རླུང་འཕྲིན་ཁང་འཛུགས་དགོས་པའི་རྒྱུ་མཚན་ག་རེ་རེད། དེའི་ཐོག་ལ་བསམ་གཞིག་གིས་བསམ་འཆར་འདོན་དགོས་པ་རེད་སྙམ། གལ་སྲིད་བོད་ལྭ་ངེས་པར་དུ་གོན་དགོས་པའི་བསམ་ཚུལ་འདོན་དགོས་ཚེ། མི་སེམས་ལ་རྨ་ཁ་བཏོད་བྱེད་ཀྱི་ཚིག་མཚོན་བཏབ་ན་ཡག་པོ་མི་འདུག དེས་ཕན་ལས་གནོད་ཆེ། འདི་ངའི་དྲན་ཚུལ་ཙམ་ཡིན།
ཆས་གོས་ག་རེ་གྱོན་ཡང་ཁྱད་པར་གཏན་ནས་མི་འདུག་ བོད་ཆས་གྱོན་ནས་བོད་པ་འཚོང་མཁན་འདུག་
བོད་ཆས་གྱོན་ནས་བོད་པ་དཀྲུགས་མཁན་འདུག་ གང་ལྟར་གསར་འགྱུར་གསར་པ་དང་དུས་ཐོག་ཏུ་རྒྱང་བསྲིངས་གནང་ཐུབ་ཚེ་དེ་གས་འགྲིག ཆས་གོས་ཁྱབ་བསྒྲགས་གཏོང་མཁན་ནི་མ་རེད་ རྒྱ་མིའི་གསར་འགྱུར་བཤད་མཁན་ལ་བལྟ་རྒྱུ་མེད་ དེ་ཚོས་བོད་ཆས་གྱོན་པ་དེ་ཚོང་ལས་ཆེད་དུ་རེད་མ་གཏོག་ བོད་ཀྱི་རིག་གཞུང་ཆེད་དུ་མིན་པ་ཁོང་ཚོའི་ཆས་གོས་མཁོ་སྤྲོད་བྱེད་མཁན་ཚོར་བལྟས་ན་ཤེས་ཐུབ
གསར་འགྱུར་བཤད་ཚེར་བོད་གོས་གྱོན་ན་ལེགས། རྒྱུ་མཚན་ནི་དྲ་གྲོགས་རྣམས་ཀྱིས་ཆར་བསྙིལ་བ་ནང་བཞིན་བྱས་འདུག
དྲྭ་སྣང་གི་བོད་ཀྱིས། གསར་འགྱུར་མང་པོ་འཁོ་སྤྲོད་བྱེད་ཀྱིན་་འདུག ལྷག་པར་བོད་ནང་གི་གནས་ཚུལ་དྲྭ་ཐོག་ཏུ་ཡོད་པ་རྣམས་གང་འཚམ་འཁོ་འདོན་ཐུབ་ཀྱིན་འདུག་སྙམས།
ལེ་ཚན་དེར་། བོད་ཀྱི་བརྡ་མི་རྒད་པོ་ཞིག་གིས། དྲྭ་སྣང་གི་བོད་ཅེས། ཆུ་གཅུའི་དོན་བྱེད་ནུས་པ་ཞིག་ལ་བུམ་པ་ཞེས་ཐོག་པ་ནང་ཐོག་ཟིན་པ་ཡིན་དུས། བུམ་པ་ཟེར་བ་བོད་སྐད་ཡིན་ན། དྲྭ་སྣང་གི་བོད་ཅེས་པ་བོད་སྐད་ཡིན་མི་ཆོག་པ་སུས་ཀྱང་བཤད་མི་ཐུབ། མ་ཤེས་ན་སྨྲ་བ་ཉུང་ན་ལོས་མཛེས།
མིང་དེ་ལ་དེ་ཙམ་ཞིག་དགའ་བོ་མེད། དྲྭ་ནང་གི་བོད་ཅེས་བཏགས་ན་འཚམས་པོར་མངོན་ན་ཡང་། དོན་གྱི་ངོ་བོ་གོ་ཐུབ་ན་མིང་གི་ལས་ཀ་འགྲུབ་པ་རེད།
ཨ་རིའི་བོད་སྐད་གསར་འགྱུར་གཏོང་ལེན་པར་མི་མང་ནས་བོད་གོས་གྱོན་སྐུལ་ལ་དཀར་ནག་གོ་ལྡོག་གིས་ལན་ཞིག་འདུག་པས་དེར་འདི་ཞུ་ན་འདོད། བོད་མི་རྣམས་ཀྱིས་ཁྱེད་ཚོར་བོད་གོས་གྱོན་སྐུལ་ནི། མི་རིགས་ཀྱི་ལ་རྒྱའི་ཆེད་དུ་སྐུལ་བ་ལས་ཆགས་སྡང་གིས་སྐད་ཆ་ཞིག་མིན་པར་ཞུ་མི་དགོས། དེས་ན་མི་རིགས་ཀྱི་ལ་རྒྱ་ནི། རང་མི་རིགས་ཀྱི་སྐད་ཡིག། རང་མི་རིགས་ཀྱི་ཆས་གོས། རང་མི་རིགས་ཀྱི་ཡུལ་སྲོལ། རང་མི་རིགས་ཀྱི་གོམས་གཤིས། རང་མི་རིགས་ཀྱི་བསམ་བློའི་འཁྱེར་སྲོལ་སོགས་མི་རིགས་རང་ལ་འཚམ་པའི་མཁོ་དགུའི་བྱ་བཞག་ཡོད་ཚོད་བསྲུང་འཛིན་དགོས་པ་ལས། སྐད་ཡིག་གཅིག་པུ་ཙམ་མིན་པས་ཕྱོགས་ཚང་མར་བདག་པོ་རྒྱབ་དགོས། གསར་འགྱུར་ལས་རིགས་ནི། དྲིལ་བསྒྲགས་ཀྱི་ཚན་པ་ཞིག་ཡིན་པས། རང་མི་རིགས་ཀྱི་ངོ་བོ་དང་རྣམ་པ་སྟོན་པའི་ཆེད་དུ་སྐད་ཡིག་དང་ཆས་གོས་ཟུང་དུ་སྤྱོད་པ་ནི་གལ་ཆེ། གསར་འགོད་པས་སྐད་ཡིག་དང་བྱ་སྤྱོད་སོགས་ཀྱིས་སྒྲོགས་བྱའི་དམིགས་ཡུལ་རྣམས་གཞན་གྱི་མིག་ལམ་དུ་སྟོན་པ་ནི་གསར་སྒྲོགས་པ་རྣམས་ཀྱིས་དགོས་དམིགས་རེད། དེ་བཞིན། བོད་མི་རིགས་ཀྱི་ཆེད་དུ་གསར་འགྱུར་ལས་རིགས་པ་རྣམས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་རྣམ་པ་གཞན་ལ་སྟོན་དགོས་པ་ནི་འབྲེལ་ཡོད་ཁྱེད་རྣམ་པས་ལས་འགན་རེད། མི་རིགས་ག་གེ་མོ་ཞིག་གི་ལས་ཚབ་ཀྱི་མི་བུ་དག་གིས་མི་རིགས་དེ་དག་གིས་རེ་འདུན་སྒྲུབས་དགོས་པ་ཡང་མི་བུ་དེ་དག་གི་ལས་འགན་རེད། བོད་མི་རྣམས་ཀྱིས་ཞན་སྐུལ་ལ་ཁྱེད་དག་གིས་དངས་ལེན་མི་བྱེད་པར་ངས་ཤེས་ཀྱི་ཡོད། ཁྱེད་གསར་འགོད་པ་དག་གིས་མི་རིགས་ཀྱི་བྱ་བཞག་ཐོག་ཕན་རླབས་ཡོད་མེད་གང་ལྟར་ཡང་། ཁྱེད་དག་གི་ལྟོ་རྒྱབ་དང་འབྲེལ་བའི་མི་ཚེའི་སྐྱིད་ཉལ་གྱི་ལོ་ཟླ་སོང་བ་ཡང་བོད་མི་རིགས་འདིས་བཀྲིན་ཡིན་པར་རྗེད་མི་ཉེས།
ངས་ཁྱེད་རྣམས་ལ་གསར་འགྱུར་གཏོང་ལེན་པ་ཞིག་ཞུ་བཞིན་ཡོད། ཨ་རི་བོད་སྐད་གསར་འགྱུར་ལས་ཁག་གཉིས་ནི་བོད་མི་རིགས་ཀྱི་ངོ་བོ་ཆག་འཇིག་དང་རང་དབང་སོགས་དང་ཐད་ཀར་འབྲེལ་བའི་གསར་འགོད་ཀྱི་ལས་རིགས་ཞིག་རེད། འོན་ཀྱང་། ད་ལྟའི་བར་དུ་དེ་ནས་ཆེད་གཉེར་བོད་ཀྱི་དཀའ་སྡུག་གི་གནས་ཚུལ་རྒྱུད་སྒྲགས་བྱས་པ་ཡོད་ཚོད་བོད་མི་གཞན་གྱིས་ཁྱེད་རྣམ་པར་ཕར་འཁོར་སྤྲོད་བྱས་པ་ལས་ཁྱེད་དག་གིས་ཐད་ཀའི་བོད་ནས་གསར་འགྱུར་མཁོ་སྒྲུབས་བྱས་པ་རྒྱ་ཆ་གཅིག་ཙམ་ལས་མེད། དེས་ཕྱིར་ཁྱེད་དག་གསར་འགོད་པ་ཞིག་མི་འབོད། དོན་དངོས་ཀྱི་དེ་གའི་གསར་འགོད་པ་ནི་ཀི་རྟིར་བྱས་པ་གྲྭ་ཚང་གི་འགྲིན་ཚབ་པ་བློ་བཟང་ཡེ་ཤེས་དང་ལི་ཐང་ཨ་འབྲུག་ཚེ་བརྟན་སོགས་བོད་ནས་གསར་དུ་འབྱོར་བའི་གྲྭ་ས་དང་ཕྱོགས་མཐའ་ཁག་ཏུ་གནས་པའི་ལས་མེད་དག་རེད།
༼ཉེ་བའི་ཆར་། ཀུན་གླེང་བོད་སྐད་སྙན་སྒྲོན་པ་དང་མགོ་འཛིན་ཚོས་བོད་ཆས་གྱོན་དགོས་བའི་ཁ་པར་མང་པོ་འབྱོར་བཞིན་འདུག ང་ཚོས་ཁོང་ཚོའི་རེ་སྐུལ་ལ་བརྩི་བཀུར་ཞུ་བ་དང་མཉམ་དུ་། དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན།༽
༡ བོད་ཆས་གྱོན་ན། རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་ཇི་ལྟར་འགྱུར་བ་ཡིན་ནམ། བོད་ཆས་གྱོན་སྐུལ་གྱིས་རྒྱལ་སྤྱིའི་ཆས་གོས་གྱོན་མི་ཆོག་པས་གནས་ལུགས་ཇི་ལྟར་འགྲེལ་བཤད་རྒྱབ་བམ། འོ་ན། བོད་སྐད་བཤད་པས་རྒྱལ་སྤྱིའི་སྐད་ཡིག་སྤྱོད་མི་ཆོག་པས་གནད་ལུགས་ཞིག་བཤད་རྒྱུ་ཡོད་དམ། དེ་ནི་ཞྭ་དཔེ་ལྷམ་ལ་འཇོག་པ་ཞིག་ལས་མ་འདས།
༼ཐག་གཅོད་འདི་ལ་རྒྱུ་མཚན་མང་པོ་ཡོད་ཅིང་། དེའི་ཁོངས་སུ་བོད་ལ་དགའ་བ་དང་བོད་ཀྱི་རིག་གཞུང་ལ་དགའ་བའི་བསམ་གཞིགས་རྣལ་མ་དག་ཀྱང་ཚུད་ཡོད་།༽
༢ བོད་ཆས་མི་གྱོན་པས་བོད་དང་བོད་ཀྱི་རིགས་གཞུང་ལ་དགའ་བ་དང་དེར་བསམ་གཞིགས་རྣལ་མ་་ཞིག་ཇི་ལྟར་ཡོད་དམ། རྒྱ་དམར་གྱིས་སྤྱོད་ཚུལ་ལྟར་རྙིང་གཏོར་གསར་འཛུགས་ཀྱིས་བསམ་གཞིགས་ཤིག་ཡིན་ནམ། ཡང་ན་བོད་ཀྱི་ཡུལ་གོམ་གཤིས་ལུགས་ལ་ཞན་ལོག་གིས་བསམ་གཞིགས་ཤིག་ཡིན། བོད་མིས་བོད་ཆས་མི་གྱོན་པས་བོད་དང་བོད་ཀྱི་རིགས་གཞུང་ལ་དགའ་་ཕྱོགས་སུ་གྱུར་པ་ནི་ཤིན་ཏུ་ནས་ངོ་མཚར།
༼ཨ་རིའི་རྒྱལ་ས་ལྦ་ཞིན་ཀྲོན་ཏུ་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་ཚོར་བོད་ཆས་གྱོན་དགོས་བའི་བཀའ་གཏོང་བ་དེས་ང་ཚོའི་ལས་རིམ་ཡར་རྒྱས་མི་གཏོང་ལ་དཀའ་ངལ་གང་ཡང་སེལ་མི་ཐུབ།༽
༣ བོད་ཆས་གྱོན་ན་ཁྱེད་རྣམས་ཀྱི་ལས་རིམ་ཡར་རྒྱས་མི་འགྲོ་བའི་རྒྱུ་མཚན་གང་ཡིན་ནམ། བོད་ཆས་འདིས་ཁྱེད་དག་གི་ལས་རིམ་ལ་ཕན་གྲོགས་སུ་མ་གྱུར་ཡང་དེར་འགོག་རྐྱེན་ཡོང་དགོས་དོན་གང་ཡིན་ནམ། དེ་གའི་བོད་མོ་ཚོས་བོད་ཆས་གྱོན་པས་ཁྱེད་དག་གི་ལས་རིམ་དེ་མཚམས་འཇོག་གི་གསལ་བརྡ་བཏང་བ་རེད་དམ། མི་རིགས་གཞན་དག་གིས་སོ་སོའི་ཆས་གོན་གྱོན་ནས་གསར་འགྱུར་སྙན་སྒྲོགས་གནང་མཁན་ཚོའི་ལས་རིམ་རྣམས་མུ་མཐུད་རྒྱུན་སྐྱོངས་ཀྱི་ལས་གཞི་འགྲོ་བཞིན་པ་ལས་དེས་འཚམས་འཇོག་དགོས་པས་རྐྱེན་རྩ་བྱས་ཚུལ་ཞིག་ད་ལྟ་བར་དུ་བྱུང་མི་འདུག། གནད་ལུགས་མེད་པའི་ལོག་བཤད་རང་རེད།
༼གནད་དོན་འདིའི་ཐད་ང་ཚོར་ཁ་པར་གཏོང་མཁན་ཚོར་། ང་ཚོས་ཁྱེད་ཚོའི་བསམ་ཚུལ་ལ་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཁྱེད་ཚོས་ཀྱང་ང་ཚོའི་ཐག་གཅོད་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད་།༽
༤ ཁྱེད་རྣམ་པས་བོད་ཆས་མི་གོན་རྒྱུ་བྱས་པ་དེས། ཡིག་ངག་གཉིས་ཐོག་ནས་ཁྱེད་དག་ལ་བོད་ཆས་ཞན་སྐུལ་བ་ཚོའི་བསམ་ཚུལ་ལ་བརྩི་འཇོག་བྱས་པ་རེད་དམ། གོ་ལྡོག་གིས་ལོག་བཤད་ཟེར་བ་དེ་རང་རེད།
བོད་ཀྱི་ཆས་གོས་སྤྱོད་དགོས་ཞུ་བ་ཡང་ཞིང་འབྲོག་བོད་མིའི་རྒྱུན་སྤྱོད་ཀྱི་བོད་ཆས་སམ་བོད་པའི་ལས་གོས་ཞིག་ལ་ཞུ་བ་ཡིན་པ་ལས། གཟབ་མཆོར་སྤྲས་པའི་རྒྱན་གོས་ཞིག་སྤྱོད་དགོས་པར་བཤད་ཀྱི་མེད་པའང་ཤེས་དགོས། གང་ལྟར་བོད་ཀྱི་གོས་ལུགས་འདིས་མི་རིགས་ཀྱི་ངོ་བོ་མཚོན་པར་ཕན་གྲོགས་སུ་འགྱུར་བ་ལས། དེས་འགོག་རྐྱེན་བཟོས་པའི་ལོ་རྒྱུས་མེད།
ད་ལྟའི་བར་དུ་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཚོས་གཞིས་ལུས་མི་མང་གི་ལུས་སྲོག་གི་བློས་གཏོང་འདི་དག་འཛམ་གླིང་ལ་བསྒྲགས་ནས་ལྟོ་གོས་རག་ཡོད་པ་རེད་ལ། དེ་བཞིན་ཁོང་ཚོའི་གནས་ཚུལ་རྣམས་གསར་འགོད་པ་ཚོར་སྤྲོད་མཁན་གསར་འབྱོར་རྣམས་གཙོས་པའི་བོད་མི་ཚོར་རེད། གང་ལྟར་ཁོང་ཚོའི་ལྟོ་གོས་ཀྱི་འབྱུར་ཁུངས་ནི་བོད་མི་ཁོ་ན་རེད།
ཡིན་ནའང་བོད་མི་ཚོས་ཁོང་ཚོར་བོད་གོས་གྱོན་རོགས་ལབ་ནས་ཞུ་འབོད་ཡང་ཡང་བྱེད་དུས། ཁོང་ཚོས་གཏམ་རྫིག་པོ་ཞིག་བཤད་ནས་ཐུབ་ཚོད་དང་། བསམ་ཚུལ་དང་འབོད་བསྐུལ་ཁྱད་གསོད་བྱས་ན། དེ་འདྲའི་གུང་ཁྲན་ཏང་དང་འདྲ་བའི་གསར་འགོད་པ་དེ་འདྲ་ཞིག་ཡོད་པ་ལས་མེད་ན་འགའ་བས། ཉེ་ཆར་ཨ་རིའི་གཞུང་གིས་སྒོ་རྒྱག་འཆར་དེའང་བོད་མི་ཚོར་ཁྱད་གསོད་བྱེད་སྟངས་དང་འབྲེལ་ཡོད་སྲིད་པས། སྒོ་རྒྱག་རོགས་གྱིས་ཟེར་གྱིན་ཡོད།
བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། ལུང་པ་སོགས་ཀྱི་དོན་དུ་ལུས་སྲོག་གི་འགྲོ་སོང་གཏོང་གིན་ཡོད། ཡིན་ནའང་གསར་འགོད་པ་འདི་ཚོས་དེ་ལ་རྩིས་མེད་ཀྱིས། ག་དུས་ཀྱང་སྐད་ཆ་རྫིག་པོ་རེ་བཤད་ཀྱི་འདུག་པས། ངོ་རྒོལ་ཡོད། ཁོང་ཚོས་བོད་མི་ཚོར་བོད་གོས་མི་གྱོན་པའི་འཕྲིན་ཐུང་གསལ་བསྒྲགས་འདིའང་བོད་ཡིག་ཐོག་ག་རེ་བྱས་ནས་མ་བྲིས་པ་རེད།
གནས་སྟངས་འདི་ཚོ་ལ་བལྟས་ནས། བོད་མི་གསར་འགྱུར་བརྒྱུད་སྤྲོད་བྱེད་མཁན་ཚོས། རྗེས་མ་ནས་བསམ་བློ་གཏོང་དགོས། གསར་འགྱུར་རྣམས་ཨེ་ཤི་ཡའི་གསར་ཁང་དུ་སྤྲད་ནས། ཁོང་ཚོ་ལ་མ་སྤྲོད་རོགས། དེ་བཞིན་གལ་སྲིད་ཁོང་ཚོས་སྤྲོད་རོགས་སྐུ་མཁྱེན་ལབ་ཀྱིན་འདུག་ན། བོད་གོས་གྱོན་རྒྱུ་དང་། བོད་སྐད་གཙང་མ་རྒྱག་རྒྱུ། བོད་ཡིག་འབྲི་རྒྱུ་བཅས་ཀྱི་ཁས་ལེན་བྱེད་བཅུག
ཁོང་ཚོས་དེ་སྔོན་བར་གསར་འགྱུར་རྣམས་རིན་པ་སྤྲོད་མི་དགོས་པའི་ཐོག་ནས་རག་གིན་ཡོད་པ་རེད། ཁོང་ཚོས་གསར་འགྱུར་རེར་ཨ་སྒོར་༨༠ རེ་ཟ་གིན་ཡོད། འོན་ཀྱང་ཁོང་ཚོས་གསར་འགྱུར་སྤྲོད་མཁན་ཚོར་ཕྱིར་གཏམ་རྫིག་པོ་རེ་ཤོད་ཀྱིན་ཡོད་པ་འདིས། ང་ཚོའི་སེམས་ལ་ན་ཟུག་མང་པོ་ཞིག་བསགས་ཟིན་ཡོད་པ་དེ། གདོང་ལེན་བྱེད་ཐབས་ཐད་ཚང་མས་གསར་འགྱུར་སྤྲོད་དུས་གོ་སྐབས་མ་བརླག་པར་གྱིས། གོང་དུ་བཤད་པ་ལྟར། བོད་གོས་གྱོན་རྒྱུ་དང་། བོད་ཡིག་འབྲི་རྒྱུའི་ཁས་ལེན་བྱེད་བཅུག
བཀའ་བློན་བློ་སེང་གི་གཞུང་འདི་ཡིས་ལོ་ལྔ་ཡི་ནང་ཚུད་དུ་བརྙན་འཕྲིན་གསར་འགྱུར་ཉིན་ལྟར་མ་བྱུང་ནའང་བདུན་རེར་ལན་གཅིག་སྟོན་ནུས་པའི་”བོད་ཀྱི་བརྙན་འཕྲིན་ཁང”་གསར་དུ་བཙུག་ཐུབ་ན་དེས་དགེ་ཚན་ཆེ།
བོད་གོས་གྱོན་དགོས་པ་འདི་གནད་འགག་མ་རེད་གསུང་མཁན་མང་པོ་འདུག ཁྱེད་རྣམ་པར་དྲི་བ་ཡིན། ཨ་རིའི་གཞུང་གི་ཁྲིམས་ཐོག་ནས་འགོག་རྐྱེན་མེད་ན། བོད་གོས་གྱོན་མི་དགོས་པའི་དཀའ་ངལ་དང་རྒྱུ་མཚན་གང་དུ་ཐུག་ཡོད་དམ། བསམ་གཞིགས་ནན་པོའི་ཐོག་ནས་བཀའ་མོལ་གནང་རོགས། བོད་མི་རིགས་དང་སྤྱི་ཚོགས་གཞི་རྩར་བཟུང་ནས་བཀའ་མོལ་གནང་རོགས། རང་ཉིད་ཀྱི་དགའ་གཉེན་སྤུན་མཆེད་ཀྱི་རྒྱབ་ཏུ་ལངས་ཤིང་བོད་མི་རིགས་ཀྱི་འགན་འཁྲི་གཡང་དུ་མ་གཡུགས་རོགས་་་་
xxxxxxx
གསར་འགྱུར་ལས་རིག་མི་སྣའི་མཚན་ཉིད་གྱོན་ཆས་ཀྱི་སྟེང་ནས་བཞག་གི་མེད་སྟབས། བོད་གོས་མ་གྱོན་པས་གསར་འགྱུར་ལས་རིག་པར་མི་རུང་བ་ལྟ་བུའི་ལྟ་ཚུལ་བཟུང་ན་ནོར་བ་རེད། བསམ་ཚུལ་ཤོད་ན་ཁོང་ཚོས་གསར་འགྱུར་ཤོད་སྟངས་དང་བརྗོད་ཚིག་བེད་སྤྱོད་བྱེད་སྟངས། བགྲོ་གླེང་བྱེད་སྟངས། གསར་འགྱུར་མཁོ་སྒྲུབ་བྱེད་སྟངས་སོགས་གསར་འགོད་ལས་རིག་གི་མཚན་ཉིད་གང་གི་སྟེང་ནས་ཚང་མིན་བལྟ་སའི་དོན་དག་ཁག་འཐུས་ཚང་བསྒྲུབ་ཀྱི་ཡོད་མེད་སྐོར་བཤད་ན་ཡག་པོ་རེད།
པདྨ་རྡོ་རྗེ་ལགས་ལྟ་བུ་གསུང་སྐད་ཀྱི་རང་བཞིན་ཐད་ནས་ཉན་སྤྲོ་པོ་མེད་པ་དང་རྣར་འཇུག་པོ་མེད་པ། མིའི་སེམས་ལ་སྤྲོ་སྣང་དང་དང་ག་འབྱེད་པའི་ནུས་པ་མེད་པ། ཐོས་པ་ཙམ་ནས་སུན་སྣང་སྐྱེ་དགོས་པའི་རིགས་དེ་ཚོ་གསར་འགྱུར་ལས་རིགས་མི་སྣའི་སྐྱོན་ཆ་རེད།
རྣམ་རྒྱལ་ཤཱསྟྲི་ལགས་ལྟ་བུ་བགྲོ་གླེང་དང་དྲི་བའི་རིགས་ལ་ནམ་མཁར་བྱ་འཕུར་བ་དང་ཆུ་ནང་དུ་ཉ་རྒྱུ་བ་ལྟ་བུའི་འཇུག་པ་བདེ་པོ་མེད་པ། ཞྭ་བོ་འཐེང་འགྲོས་རྒྱག་པ་ལྟ་བུའི་ཐོག་རྡུག་ཧ་ཅང་མང་བའི་སྐྱོན་ཆ་ཅན་འདི་ཚོ་སྐྱོན་ཆ་ཆེན་པོ་རེད།
བྱང་ཆུབ་སྒྲོལ་མ་ལགས་བསམ་འཆར་མང་པོ་བྱུང་སྟབས་རྐུབ་སྟེགས་ལས་བུད་ཟིན་པ་རེད།
པ་སངས་དབྱངས་སྐྱིད་ལགས་ཀྱིས་ཀྱང་གཟབ་དགོས་པའི་ཆ་ཁ་ཤས་ཡོད་པར་གཞན་དག་གིས་གླེང་གི་འདུག འོན་ཀྱང་ང་ལ་དོ་སྣང་དེ་ཙམ་མ་བྱུང་།
རྡོ་རྗེ་ཚེ་བརྟན་ལ་བསམ་འཆར་ཞུ་དགོས་པ་གང་ཡང་མེད། ཁོ་རང་གི་སྐད་དེ་ཆོལ་ཁ་གསུམ་ཀས་གོ་གི་འདུག་ལ། བགྲོ་གླེང་སྐབས་དྲི་བ་ཡང་གནད་ལ་འཁེལ་བ་དང་ཐོག་རྡུག་མེད་པ། ཚ་གི་ཚི་གི་མེད་པ། ཡག་པོ་འདུག
འཕྲིན་ལས་ཆོས་སྒྲོན་ལགས་ཀྱི་གསར་འགྱུར་ཤོད་སྟངས་དང་འབད་བརྩོན། རྣམ་པ་སོགས་ལ་ཞུ་དགོས་ཡག་གང་ཡང་མི་འདུག ཧ་ཅང་ཡག་པོ་འདུག ཤེས་ཚད་ཀྱི་ཆ་ནས་བཤད་ན་ད་ལྟའི་ཆར་དཔྱད་ཞིབ་ཀྱི་ལེ་ཚན་གཉེར་རྒྱུའི་ཚད་ལ་བསླེབ་མི་འདུག དཔྱད་ཞིབ་ཀྱི་ལེ་ཚན་ནང་དང་པོ་ནས་བློ་འཛིན་བཏང་བཞག་པའི་བཟོ་འདྲ་པོ། ཡང་ན་བསམ་ཚུལ་ལྟ་ཞོག་དྲི་བ་ཁག་ཀྱང་སྐུལ་ཐུབ་ལ་མི་ཐུབ་ལའི་གནས་སྟངས་དེ་ཚོ་སྐྱོན་ཆ་ཆེན་པོ་རེད། དཔྱད་ཞིབ་ཟེར་དུས་དོན་དག་ཀྱང་གལ་ཆེན་རིགས་ལ་གླེང་གི་ཡོད་ཅིང་གླེང་སྟངས་ཀྱང་བརྗོད་བྱར་ནང་རྒྱུས་ལོན་པའི་ཐོག་ནས་དང་དེ་ཡང་རྟོག་དཔྱོད་ཀྱི་རིགས་ལམ་རྣོན་པོ་ཡོད་པའི་ཐོག་ནས་གླེང་དགོས་རྒྱུ་ཞིག་ཡིན་སྟབས་ཚེ་བརྟན་དབང་ཕྱུག་གིས་གནས་སྐབས་གླེང་རོགས་གཞན་ཞིག་གདམ་ན་ཡག་ག་འདུག
ཀུན་གླེང་ལེ་ཚན་ནང་ག་དུས་ཡིན་ཡང་ཆེད་མཁས་མི་སྣ་ལྟ་བུ་དང་ཡོངས་གྲགས་ཡིན་བསྡད་པའི་མི་སྣ་ལྟ་བུ་རྐྱང་མིན་པར་ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་དང་འཚོ་བ་སྐྱེལ་བཞིན་པའི་བོད་མི་ལོ་ཆུང་དང་གཞོན་སྐྱེས་ཀྱི་རིགས་སོགས་ལ་ཀུན་གླེང་ལེ་ཚན་དུ་མཉམ་ཞུགས་ཀྱི་གོ་སྐབས་སྤྲོད་ཐུབ་པ་ཡིན་ན་རྒྱ་ཆེ་སའི་ཕྱོགས་མང་པོ་ཞིག་ལ་ཕན་ཐོག་ཡོང་བའི་རྣམ་པ་གསལ་པོ་འདུག་པས་དེ་དོན་དགོངས་འཇགས་ཡོད་པ་གནང་རོགས།
གོང་དུ་ཞུས་པའི་རང་རེའི་གསར་འགྱུར་ལས་རིག་པ་ཁོང་ཚོས་ད་ལྟ་བར་སོ་སོའི་ལྟོ་གོས་དང་སྤྱི་ཚོགས་ཀྱི་ཕན་བདེའི་ཕྱོགས་གཉིས་ཀར་ལེགས་སྐྱེས་ཕུལ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་ཐེངས་འདིར་འགའ་ཞིག་ལ་ལྷག་བསམ་གཙང་མའི་ཐོག་ནས་འཐུས་ཤོར་དང་ཞན་ཆ་ཡོ་སྲང་ཡོང་དོན་དུ་སྐྱོན་ཆའི་ཕྱོགས་འགའ་ཞིག་བཤད་པར་ཐུགས་ཕམ་མི་གནང་བའི་རེ་བ་ཡོད།
བཙན་བྱོལ་བོད་མི་མང་པོ་ཞིག་ལ་རང་ཉིད་ནུབ་ཕྱོགས་སུ་འགྲོ་ཐུབ་ཅིང་སྒྲོ་ལོར་སྔོན་པོ་བསགས་ཐུབ་ན་མི་རིགས་ཀྱི་སྐད་ཡིག་དང་རིག་ཞུང་ཆས་གོས་སོགས་ཡོད་ཚད་བློས་གཏོང་ཐུབ་པའི་ངོ་ཚ་ཁྲེལ་མེད་ཀྱི་སྙིང་སྟོབས་ཤིག་ཡོད་པ་རེད་ལ། དེ་རིང་གི་གནས་ཚུལ་འདི་ཡང་དེ་འདྲའི་འོག་ནས་བྱུང་བ་ཞིག་རེད། དེས་ན་རྗེས་ཕྱོགས་ནས་ང་ཚོའི་ན་གཞོན་ཚོར་ཡ་རབ་བཟང་སྤྱོད་ཀྱི་སློབ་གསོ་མང་ཙམ་སྤྲོད་རྒྱུ་གལ་ཆེ།
གསར་འགོད་པ་ཚོའི་ཐད་ནས་འཇིགས་མེད་བློ་གྲོས་ཀྱི་སྐད་ཆ་མང་ཤོས་དང་བསམ་ཚུལ་མཐུན་སོང་། འོན་ཀྱང་བོད་གོས་མི་དགོས་ཟེར་བ་ངོ་རྒོལ་རང་ཡིན། གལ་སྲིད་ལུས་ཁུངས་རེ་རེ་བོད་གོས་གྱོན་མི་དགོས་ཟེར་ནས་སོང་ན། ང་ཚོའི་བོད་གོས་གྱོན་མཁན་ཞིག་གང་ནས་ཡོང་གི་རེད། རྗེས་མ་གྲོས་ཚོགས་ནང་དུའང་དེ་ལྟར་མི་ཡོང་པའི་ངེས་པ་སུ་ལ་ཡོད།
ཨ་རིའི་ལས་ཁུངས་ཀྱི་གསར་འགོད་པ་འདི་ཚོ་ཨེ་ཤི་ཡའི་གསར་འགོད་པ་ཚོར་བསམ་ན་ཧ་ཅང་ཡག་པོ་རེད། དཔེར་ན་ཨེ་ཤི་ཡའི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ཟེར་བ་དེས་ཁོ་རང་གིས་ཕྱོགས་གཏོགས་དང་གྲོགས་པོ་རང་བསྡུ་བཀོང་གིས་གསར་འགོད་པ་བཟོས་ཡོད། བྱེད་སྟངས་དེ་ཚོས་ཁམས་སྐད་ཤོད་མཁན་ཞིག་ཡིན་ན། ཡིག་ངོ་ཡག་པོ་མི་ཆོད་པ་དང་། རྒྱལ་སྤྱིའི་གནས་སྟངས་པར་ཞོག བོད་ནང་གི་གནས་སྟངས་ཚོའང་དུས་ཐོག་མི་ཤེས་པ་དེ་འདྲ་རེད།
ཁོང་ཚོས་བོད་ནང་གི་གནས་ཚུལ་འགའ་རེ་བསྒྲག་པ་ནི་པར་དང་སྒྲ་རྫུན་མ་རང་བཟོས་ནས་སྒྲོག་གི་འདུག དེ་ཚོ་ཞབས་འདྲེན་རེད། སོ་སོའི་དངུལ་དང་སོ་སོའི་གྲོད་ཁོག་ཁོ་ནའི་ཆེད་རེད། ལས་ཁུངས་ཨ་མ་དང་ཡན་ལག་མང་ཤོས་ནང་གི་གསར་འགོད་པ་རྣམས་དེ་འདྲ་རེད། དེ་ཚོས་མཚམས་རེ་རྒྱུགས་སྤྲོད་འདྲ་གཏོང་གིན་ཡོད་པ་འདུག་ཀྱང་། ཁོ་རང་ཚོའི་ངོ་ཤེས་རྣམས་ལ་དྲི་བ་སྔོན་ནས་བསྟན་ཏེ་ཡར་འཐེན་གྱིན་ཡོད་རེད།
ཁ་ལ་མི་རིགས་ལ་རྒྱའི།
མེ་ཆེན་ལྷང་ལྷང་འབར་ཡང།
ལག་ལེན་འཁྱགས་པས་བསྡམས་ནས།
ལུས་ལ་གྲང་ཤུར་བརྒྱབ་ཀྱིས།
བོད་ཀྱི་ཆོས་རིག་གོམས་སྲོལ་ཅིའི་ཐད་ནས་འཇིག་ཉེན་གྱི་གཉན་འཕྲང་གི་དུས་ཚོད་འདིར་བོད་པ་ངོ་མ་ཡིན་ལ་འཛམ་བུ་གླིང་དུ་ཁྱབ་པའི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་གི་གླེང་སྟེགས་ཐོག་ཏུ་འགྱིང་བཞིན་པའི་བོད་པའི་ཞབས་འདྲེན་ཚོས་བོད་ཆས་མི་གོན་པའི་ཐག་གཅོད་བྱས་ཡིན་ཟེར་འདུག་པ་འདི་ཆེས་བློ་ཕམ་དང་ཆེས་ངོ་རྒོལ་མཐའ་གཅིག་ཏུ་རྒྱག་རྒྱུ་ཡིན།
ཧ་ཧ་ཧ་བོད་མི་རིགས་ཀྱི་ཞབས་འདྲེན་ཚོ་་ད་ཉིན་མ་གཅིག་ལ་བོད་སྐད་མི་རྒྱག་རྒྱུའི་གྲོས་ཆོད་ཀྱང་འཇོག་ས་རེད་་བླ་བཙོང་ཚོ་ཁྱོད་ཚོ་ཀུན་གླེང་བཤད་སྐབས་བདེ་མོ་བཤད་འཇུག་གི་ཨེ་འདུག་ལྟོས་ཨ།
ཨ་སྒོར་རག་ན་བོད་གོས་སྤངས།
ཧ་ལམ་རྒྱ་སྒོར་རག་རྟགས་རེད།
ས་སྟེང་བོད་མི་ཡོངས་རྫོགས་ལ།
ཤ་ཚ་མེད་པའི་ལྟས་ངན་ཚོ།
ཞབས་འདྲེན་རེད་་་་་་ངོ་མ་བློ་ཕམ་བྱུང་་་་་་
ངོ་མ་ཐབས་སྐྱོ་བོ་རང་རེད། དུས་རྒྱུན་བོད་ལྭ་གྱོན་མ་ཐུབ་ནའང་ཆུ་ཚོད་གཅིག་གི་རིང་ལ་གྱོན་མི་ཐུབ་དེ་བོད་མི་རིགས་ལ་མཐོང་ཆུང་རང་རེད། བོད་མི་རིགས་ལ་ཤ་ཚ་ཡོད་མདོག་མདོག་དང་ལ་རྒྱ་ཡོད་མདོག་མདོག དོན་ངོས་ཐོག་གང་འདྲ་ཞིག་ལ་སླེབས་སོང་། ཁྱེད་རང་ཚོར་ངོ་མ་བོད་པའི་དྲི་མ་ཙམ་ཡང་མེད་པ་ཐག་གིས་ཆོད་ལ། ད་བར་གསར་འགྱུར་བཤད་ཁུལ་བྱེད་པ་དེ་ཡང་བོད་དོན་མིན་པར་(dollar)ཨ་སྒོར་ཡིན་པ་ཤེས་སོང།
ངོ་མ་བོད་དོན་ཡིན་ན་བོད་སྐད་དག་མ་ཞིག་དང་། བོད་ལྭ་གཙང་མ་ཞིག་འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་རྒྱུ་ལས་ཞོར་ཙམ་ལ་ཡང་མི་ནུས་པ་དེས་གསལ་བཤད་བྱས་འདུག ཡག་པོ་རེད། ནམ་ཞིག་ཁྱོད་ཚོར་ཐུག་གི་རེད།དེ་དུས་ཅི་ཞིག་གིས་གསལ་བཤད་བྱེད་རྒྱུ་ཡིན་པ་ཤེས་ངེས་རེད། རྗེས་མ་འགྱོད་པ་རྟ་ཡིས་མི་ཟིན་པ་ཞིག་སྐྱེས་སུ་འཇུག་མ་ཐུབ་ན་ལྟ་ཤོག་ཨ།
སྤྱིར་ཁྱེད་ཅག་གི་བོད་གོས་མ་གྱོན་རུང་བོད་ཡིག་ཀྱང་ཤེས་གྱི་མེད་མོད་་བདེན་མིན་མཚོ་སྔོན་མདོ་འཛིན་པ་ཚོ་ལ་གཟིགས་དང་་་་་་་་ཞབས་འདྲེན་ཚོ་་་ཁྱེད་ཚོ་ཉིན་གཅིག་ཚང་མ་ཕུད་ཀྱི་ཡིན་་་་་་ཁྱེད་ཅག་གིས་བོད་གོས་མི་གྱོན་་་ད་དུང་་་བོད་དར་བསྐུང་་་་་་་་
རང་བཙན་དགག་་་་་་་
འཇིགས་མེད་བློ་གྲོས་ལྟར་མི་ལ་མཛུབ་མོ་བཙུགས་རང་རང་གི་བསམ་ཚུལ་བཤད་པ་ཡིན་ན། བསམ་ཚུལ་སྣ་ཚོགས་ཡོང་གི་རེད། མི་གོ་བརྒྱ་དང་གོ་མཁན་སྟོང་ཞེས་ཞིབ་འཇུག་གིས་བཤད་དགོས་ཚེ། རྩོད་པ་ཚར་གི་མ་རེད། དེ་བས་ཞལ་གསུང་དེ་འདྲ་མ་གནང་བར་ཁ་བཙུམས་བསྡད་ན་ཡག་གི་རེད་འདོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྟེ་གནས་རྒྱ་གར་རྡ་ས་གངས་སྐྱིད་ལ་ལྟོས་དང་། མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་གང་ལ་བལྟས་ཀྱང་བོད་ཀྱི་བུད་མེད་ལས་བྱེད་རྣམས་མ་གཏོགས་བོད་གོས་གྱོན་མཁན་ཆེས་དཀོན་པོ་འདུག ཁོ་ཚོར་དྲིས་པས་བོད་ཀྱི་བུད་མེད་ཚོ་མ་གཏོགས་བོད་ཀྱི་ལས་བྱེད་སྐྱེས་པ་ཚོས་བོད་ཆས་གྱོན་མི་དགོས་པར་ཅི་རེད་ཞུས་པས་ཕར་ལྟ་ཚུར་ལྟ་འདྲ་བྱེད་དེ་གད་མོ་དགོད་ནས་ལན་ཅི་ཡང་རྒྱག་གི་མི་འདུག དེར་བརྟེན་ངས་བལྟས་ན་ཀུན་གླེང་བོད་སྐད་སྡེ་ཚན་གྱི་ལས་བྱེད་པ་ཚོས་ཀྱང་དེར་མིག་དཔེ་བལྟས་ཡོད་ས་རེད། གང་ལགས་ཤེ་ན་བུད་མེད་ཚོས་བོད་ཆས་གྱོན་གྱི་འདུག་པ་སྐྱེས་པ་ཚོས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་རྡ་ས་གངས་སྐྱིད་མང་གཙོའི་ཀ་བ་གསུམ་གྱི་དབུས་ལས་ཁུངས་ཁག་གི་ལས་བྱེད་བོད་ཀྱི་ཕ་སྐྱེས་ཚོས་བོད་གོས་མ་གྱོན་བར་དུ་བོད་ཆས་མི་གོན་པའི་ཐག་གཅོད་བྱས་ཡོད་པར་སྙམ།
དེ་མིན་བོད་པས་བོད་ཆས་མི་གོན་པའི་ཐག་གཅོད་བྱས་ན་བློ་ཡུལ་ལས་འདས་པའི་བོད་པའི་ཞབས་འདྲེན་ལོས་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་གསལ་བསྒྲགས་འདིས་ག་རེ་སྟོན་གྱི་འདུག་ཟེར་ན། མང་ཚོགས་ལ་དྲང་པོ་བྱེད་ཀྱི་མེད་པ་དེ་སྟོན་གྱི་འདུག
དང་པོ།
ཁ་སྔོན་ཨ་རིའི་རླུང་འཕྲིན་ཁང་ལས་ཁུངས་ཨ་མ་ནས་རླུང་འཕྲིན་ལེ་ཚན་སྒོ་རྒྱག་གི་ཡིན་དང་བརྙན་འཕྲིན་ལེ་ཚན་རྒྱ་ཆེ་རུ་གཏོང་གི་ཡིན་པའི་ཐག་གཅོད་བྱུང་བའི་སྐབས་སུ་ཡང་། ཨ་རིའི་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱིས་བོད་མི་མང་ལ། རླུང་འཕྲིན་ལེ་ཚན་གཅིག་པོ་སྒོ་རྒྱག་གི་ཡོད་པ་དང་བརྙན་འཕྲིན་ལེ་ཚན་རྒྱ་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་དངོས་ཡོད་དེ་མ་བཤད་པར། ལས་ཁུངས་ཁོ་རང་སྒོ་རྒྱག་གི་ཡོད་པའི་སྐད་ཆ་རྫུན་སྒྲིག་བྱས་ནས་བཤད་གི་འདུག་པ་མ་ཟད་། ད་དུང་བོད་མི་མང་གིས་རོགས་རམ་འཚོལ་ཐབས་བྱས་སོང་། དེ་ཐབས་སྡུག་པའི་ལས་ཀ་གཅིག་རེད་།
གཉིས་པ།
བརྙན་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་དང་མདོ་འཛིན་པ་ཚོས་བོད་ཆས་གྱོན་དགོས་བའི་བསམ་ཚུལ་མང་པོ་བྱུང་བའི་སྐབས་སུ། ལས་བྱེད་སྐྱེས་པ་ཚོས་བོད་ཆས་གྱོན་འདོད་མེད་པ་དེ་དྲང་པོར་མི་བཤད་པར་། དེ་སྦས་གང་ཐུབ་དང་བོད་ཆས་མི་གྱོན་པ་དེ་ལས་ཁུངས་ཀྱི་ཐག་གཅོད་ཡིན་པའི་བཟོ་འདྲ་བོ་དང་ད་དུང་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་སྐད་ཆ་བྱབ་ཆུང་དེ་འདྲ་བཤད་འདུག མདོར་བསྡུས་ན། ལས་ཁུངས་འདིས་ལས་དོན་ཆུང་ཚགས་ཀྱི་ཐོག་ནས་བོད་མི་མང་ལ་མགོ་སྐོར་གཏོང་གི་འདུག
བོད་མི་ཚོས་མཁྱེན་དགོས་བ་ཞིག་ལ། ལས་ཁུངས་འདི་བོད་རྒྱ་ཆེའི་མི་མང་དང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙུགས་པ་ཞིག་རེད་མ་གཏོགས་ནང་མི་ཁ་ཤས་ཀྱི་ལྟོ་གོས་སྒྲུབ་ཐབས་ལ་བཙུགས་པ་ཞིག་གཏན་ནས་མ་རེད་། ཨ་རིའི་བོད་སྐད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་རིགས་ལ་ཞིབ་འཇུག་གཏིང་ཟབ་ནས་བྱས་ནས་ལས་ཁུངས་ཨ་མར་ཡི་གེ་གཏོང་ཁོ་ཐག་ཡིན།
Bonpo ལགས། ཁྱེད་རང་གི་མཆན་ཨང་༩ པའིནང་། ཨ་རིའི་བོད་སྐད་རླུང་འཕྲིན་ནང་སྟོད་མངའ་རིས་ཀྱི་སྐད་ཞིག་དགོས་པ་གསུངས་འདུག དེ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་བོན་པོ་ཞིག་ཡིན་པའི་ངོས་ནས་སྟོད་མངའ་རིས་གལ་ཆེན་པོ་ཡིན་ཚུལ་ཞིག་གསུངས་འདུག དེ་ག་འདྲ་ཡིན་མིན་གསུངས་རོགས།
ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡའི་རླུང་འཕྲིན་ཁང་གཉིས་ཀྱི་གྱོན་ཆས་ཀྱི་ཐོག་ལ་དགག་བྱ་གང་ཡང་མེད། གཙོ་བོ་ནི་གསར་འགྱུར་དྲང་པོ་དང་ཕྱོགས་ལྷུང་མེད་པ། སྣ་ཁ་འཛོམས་པོ་བཅས་ནི་མེད་མི་རུང་གི་ཁྱད་ཆོས་ལྡན་དགོས་པ་དེ་ཡིན།
དེ་ནས་འགའ་ཞིག་གིས་གསར་འགྱུར་བརྒྱུད་ལམ་གྱི་ཁོངས་སུ་སྟོད་སྐད་དམ་སྟོད་མངའ་རིས་ཀྱི་སྐད་མདངས་དགོས་ཀྱི་འདུག་ཟེར་བ་ལ་རྒྱབ་སྐྱོར་ཡོད། མ་གཞི་ནས། སྟོད་སྐད་འདི་ནི་སྟོད་མངའ་རིས་སྐོར་གསུམ་སྟེ། སྤུ་ཧྲེངས་གངས་ཀྱིས་བསྐོར། གུ་གེ་གཡའ་ཡིས་སྐོར། མང་ཡུལ་མཚོ་ཡིས་བསྐོར་བ་བཅས་དང་། བལ་ཡུལ་གྱི་ས་མཚམས་དོལ་པོ་དང་གློ་སྨོན་ཐང་། དེ་བཞིན་ལ་དྭགས་བཅས་ལ་ཡང་ཁྱབ་ཡོད་པས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་བཀོལ་སྤྱོད་བྱེད་མཁན་མང་དག་གཅིག་ཡོད། བྱས་ཙང་། བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་མི་ཉམས་བརྒྱུད་འཛིན་དགོས་པ་བཞིན་དུ་སྟོད་སྐད་དེ་ཡང་བོད་པས་བརྒྱུད་འཛིན་དགོས་པར་སེམས། དེ་ཡང་གསར་འགྱུར་བརྒྱུད་ལམ་ནི་སྐད་ཡིག་བརྒྱུད་འཛིན་བྱེད་རྒྱུའི་ལམ་ཁ་གལ་ཆེ་ཤོས་དེ་ཡིན། བྱས་ཙང་། ཕྱིས་འབྱུང་ལ་དེའི་ཐོག་ལ་བསམས་གཞིགས་དགོས་པར་སེམས།
༼ང་ཚོས་ཁྱེད་ཚོའི་བསམ་ཚུལ་ལ་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཁྱེད་ཚོས་ཀྱང་ང་ཚོའི་ཐག་གཅོད་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད་།༽
ཁ་དང་སྣ་ཁུག་བར་ལའང་འགོ་མི་ཐུག་པའི་ཧམ་རྫུན་དམར་རྗེན་བཤད་ཀྱི་འདུག་ གཏམ་གླེང་གི་ཁ་དཔར་ཐོག་བསམ་ཆར་མང་པོ་མཐོས་གསལ་དང་ གོང་གི་ཆན་མང་ཆེ་བ་ནས་མཐོང་གསལ་ལྟར་བོད་ཕྱི་ནང་མི་མང་གི་བསམ་ཚུལ་དང་རེ་བ་དེ་བོད་སྐད་རླུང་འཕྲིན་ལས་བྱེད་པ་ཁྱེད་ཚོས་གསར་འགྱུར་ལས་རིམ་བཤོད་སྐབས་བོད་མི་རིགས་ཀྱི་ཁྱད་ཆོས་གཙང་པའི་བོད་ཆས་གཟི་བརྗིད་ལྡན་པ་དེ་གྱོན་ནས་ལས་རིམ་མཐོང་འདོད་པ་དེ་རེད་ མི་མང་གི་བསམ་ཚུལ་དེ་ལ་བརྩི་འཇོག་བྱེད་ཀྱི་ཡོད་ན་ བོད་ཆས་གྱོན་དགོས་ཀྱི་རེད་ བོད་ཆས་གྱོན་གི་མིན་ཟེར་ན ལས་རིམ་གསན་གཟིགས་པ་རྣམས་པའི་རེ་སྐུལ་དང་བསམ་ཚུལ་དེར་བརྩི་འཇོག་མེད་པར་རྩིས་མེད་རྡོག་རོལ་བཏང་བ་མ་རེད་དམ་།
༼་་་་་ གསར་འགོད་པ་ཚོར་བོད་ཆས་གྱོན་དགོས་བའི་བཀའ་གཏོང་བ་དེས་ང་ཚོའི་ལས་རིམ་ཡར་རྒྱས་མི་གཏོང་ལ་དཀའ་ངལ་གང་ཡང་སེལ་མི་ཐུབ།༽ཟེར་ རླུང་འཕྲིན་ལས་རིམ་ཡར་རྒྱས་གཏོང་རྒྱུ་དང་ དཀའ་ངལ་སེལ་རྒྱུ་དེ་ཁྱེད་ཚོས་འཚོ་བརྟེན་གྱི་ལས་འགན་ཡིན་ཙོང་ཁྱེད་ཚོས་བྱེད་དགོས་པ་ལས་མི་མང་གི་བཀའ་གང་བཏང་ ལར་ནས་མི་མང་གིས་རེ་བསྐུལ་ཞུ་བ་མ་ཏོག་བཀའ་བཏོང་ཁན་སུ་ཡང་ཡོད་མ་རེད་ གསར་འགོད་པ་ཟེར་བ་དེ་གནས་ཚུལ་དྲང་བདེན་བཤོད་དགོས་མ་ཏོག་ མི་མང་གིས་རེ་བསྐུལ་ཞུས་པ་དེར་ བཀའ་བཏང་གི་ཡོད་ལུགས་སོགས་ཁྱོག་བཤད་བཟོས་ན་ དེས་ཁྱེད་ཚོས་ལས་རིམ་ཡར་རྒྱས་མི་གཏོང་ལ་ རླུང་འཕྲིན་ཁང་དང་མི་མང་དབར་ཡིད་མཆེས་དང་ ཆེས་མཐོང་ལའམ་གནོད་སྲིད། བོད་ནང་རང་རིག་གཞུང་དོན་དུ་གཅེས་པའི་ལུས་སྲོག་ཀྱང་བློས་གཏོང་གནང་བཞིན་པ་ཁོ་ཚོར་ཐ་ན་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་ ཁོ་ཚོའི་ཡིད་ལ་དགའ་སྤྲོའི་ཚོར་སྣང་ཕྲན་བུ་སྟེར་ཆེད་ཁྱེད་ཚོས་ལས་རིན་ཚོུད་གཅིག་རིང་བོད་ཆས་གྱོན་པར་དཀའ་སྡུག་གང་ཞིག་ཡོད་དམ་ རླུང་ཕྲིན་ལས་བྱེད་བུད་མེད་རྣམས་པ་ཚོས་རྒྱུན་ལྡན་ནས་བོད་ཆས་གྱོན་ནས་མཛེས་སྡུག་ལྡན་ཞིང་ ཉམས་དོད་པོ་ ཡིད་ཕྲོག་པ་ དགའ་མགུ་ཡིད་རང་གནང་ཞིང་འདུག་པར་བུད་མེད་ལས་རིམ་བཏང་འཛིན་པ་རྣམས་པར་སྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་། མི་མང་གི་བསམ་ཚུལ་མང་དག་གོང་གི་ཆན་ལྟ་བུའི་ཡིག་ཐོག་དང་ ཀུལ་གླེང་གི་ཁ་དཔར་ལས་རིམ་ལྟ་བུར་ངག་ཐོག་ནས་མང་པོས་རེ་བསྐུལ་ཞུས་ཀྱང་ཡ་མེད་གཏོང་བ་དང་ ཀུན་གླེང་ཁ་དཔར་ཐོག་ལས་རིམ་གསན་མཁན་མང་པོས་བསམ་ཚུལ་བཤོད་སྐབས་བརྗོད་བྱ་དང་མཐུན་མིན་ལ་ཁ་དབྱར་ཏེ་བསམ་ཚུལ་བཤོད་མི་འཇུག་པ་བཀག་འགོག་བྱེད་ཀྱང་བྱེད་པ་དེ་དག་ནི་བྱེད་སྟངས་ཆེས་ཡ་ཚན་རེད་། དེ་ཡང་ཨ་རི་རང་དབང་ཡར་ཐོན་མང་གཙོའི་རྒྱལ་ཁབ་མིག་དཔེ་ཡར་བལྟ་བྱེད་ས་ཡག་ཤོས་ཡོད་པ་ཞིག་གི་ནང་།
ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་ལས་བྱེད་ཚོས་བོས་ཆས་གྱོན་མི་ཐུབ་པའི་གསལ་བཤད་གནང་བའི་ཁྲོད་ཆེས་སྣང་བར་མི་འགྲོ་ཚིག་དུམ་གཉིས།
༡ དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་བ་ཡིན།
༢ ཨ་རིའི་རྒྱལ་ས་ལྦ་ཞིན་ཀྲོན་ཏུ་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་ཚོར་བོད་ཆས་གྱོན་དགོས་བའི་བཀའ་གཏོང་བ་དེས་ང་ཚོའི་ལས་རིམ་ཡར་རྒྱས་མི་གཏོང་ལ་དཀའ་ངལ་གང་ཡང་སེལ་མི་ཐུབ།
དེ་གའི་སྒྲིག་འཛུགས་ཀྱི་ངོས་ནས་དགག་བྱ་ཡོད་ན་བཤད་རྒྱུ་ཅི་ཡང་མེད་མོད། དེ་ལས་གཞན་པའི་གསལ་བཤད་ཅིག་བདག་ལ་གཏན་ནས་མི་དགོས། ལྷག་པར་དེ་གའི་གསར་འགོད་པ་མང་དག་ཅིག་རྒན་པོ་རེད་འདུག སྨྲ་དག་ལ་བརྗོད་མཁས་པ། རྣམ་པ་རྫིག་ལ་དྲང་ཤ་དོད་པའི་གཞོན་སྐྱེས་མང་པོ་ཞིག་གསོ་སྐྱོང་བྱ་ཐུབ་ན་ཕྱི་ནས་ལྟོས་ན་གཙང་མ་མཐོང་གི་རེད། ད་དུང་མི་རབས་གསར་པ་ཚོར་འགན་ཞིག་ཀྱང་ཁུར་ཡོད་པ་མཚོན་ཡོད། འདི་ངའི་བསམ་ཚུལ་དང་ལྟ་ཚུལ་ཙམ་ཡིན།
གཙང་གཞིས་རྩེ་ཁུལ་ལ་རྫོང་བཅོ་བརྒྱད་ཡོད་རྫོང་རེར་སྐད་མི་འདྲ་བ་བཤད་མཁན་ཡིན། དེའི་ཁུལ་གྱི་སྐད་ཡིག་མ་ཉམས་པ་བྱ་གལ་ཆེ་བས་ངེས་པར་དུ་་གཙང་སྐད་་་ཧ་་ཧ་་ཧ་་རླུང་འཕྲིན་ཁང་ནང་མི་མང་པོ་དགོས་པ་འདུག
སྔོན་ལ་རླུང་འཕྲིན་ཁང་རྒྱ་བསྐྱེད་གཏོང་དགོས་འདུག། །།
ལ་རྒྱའི་བདག་པོ་ལ་སོགས་པའི་དྲྭ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། སྐུ་ཆེ་ངས་ནམ་ཡང་ཁ་ནས་འདོན་མྱོང་མེད་པའི་ཚིག་བཙོག་དེ་དག་གིས་དྲྭ་ངོས་བལྟ་ཀློག་བྱེད་འདོད་མེད་པ་མ་བྱེད་རོགས།
ཁྱེད་ཀྱི་མཆན་༦༢ ལ་ལན་ཐོབ་ཟེར་བཙན་བཀའ་ཚ་ཐག་ཆོད་གཅིག་གནང་འདུག་པར། བགྲོ་གླེང་ཚུལ་དུ་བསམ་ཚུལ་ཤེས་ཚོད་འགའ་བྲི་འདོད་སྐྱེས།
དང་པོ། ཡང་སྲིད་ངོས་འཛིན་བྱས་པ་སུ་གང་ལ་ངོས་འཛིན་བྱས་པ་ཙམ་གྱིས། དངོས་རྫུན་ཡིན་མིན་དུ་ཁོ་བའི་མཛད་སྤྱོད་ཐུགས་ཡོན་ལ་མ་བལྟོས་པར་ཡིད་ཆེས་བྱེད་རྒྱུ་སྔ་མོ་ཞིག་ནས་བརླགས་སོང་། རྒྱ་མིས་བཟོས་པའི་པན་ཆེན་གྱིས། སྐུ་གོང་མའི་མཛད་རྗེས་ནང་བཞིན་ཞིག་མཛད་བྱུང་ན། སྐུ་གོང་མ་དང་ཁྱད་པར་གང་ཡང་མེད། ཡིན་ནའང་བལྟ་རྒྱུ་ལས་སུས་ཀྱང་ད་ལྟ་བཤད་མི་ཐུབ། གང་ལྟར་ཁོ་ཡང་བོད་གངས་ཅན་པའི་ཕྲུག་གུ་དཀྲུས་ན་མ་དག་པ་དེ་རེད་ལ། ཁོ་ལ་བོད་བཙན་པོའི་ཤ་ཁྲག་ལས་ཆད་པའི་རྒྱུན་དེ་ནམ་ཞིག་སྨིན་ནས་པན་ཆེན་སྐུ་གོང་མ་ཞིང་གཤེགས་ཁར་ནང་བཞིན་ཞིག་བྱུང་ཐུབ་ན་སུས་བཤད་ཚོད་ཐུབ།
གཉིས་པ། ངས་གོང་དུ་བྲིས་ནོར་རེད་ཤག ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་བོད་གངས་ཅན་པའི་ལོ་རྒྱུས་ནང་ནས་བླ་མ་ཆེ་ཤོས་དེ་ས་སྐྱ་བདག་ཆེན་རིན་པོ་ཆེ་རེད་གསུངས་སོང་།
གསུམ་པ། པན་ཆེན་གྱིས་སྲིད་སྐྱོངས་བྱས་ཡོད་པ་ཆགས་བཞག་ནའང་། དེས་བླ་ཆེན་གཉིས་པར་སྒྲུབ་མི་ནུས་ཏེ་ར་སྒྲེང་དང་སྟག་བྲག་སོགས་བཞིན་ནོ།
བཞི་པ། གོང་ནས་མར་སྤྲད་ནས་ཐོབ་པའི་གོ་ས་ཡོད་ན་རྩོད་མེད་ཡོངས་གྲགས་རེད་ལ། འོག་ནས་ཡར་བོས་པའི་གོ་ས་ནི། དེང་དུས་རྡོ་རྗེ་འཆང་གཉིས་པ་དང་། པད་འབྱུང་གི་སྤུན་ཟླ་ཟེར་མང་པོ་ཞིག་ཡོད་རབ་རེད།
པན་ཆེན་རིན་པོ་ཆེ་བོད་ཀྱི་བླ་ཆེན་གཉིས་པ་ཡོངས་གྲགས་རེད། དེ་ལ་རྩོད་པའི་ཆེད་དུ་མིན་ལ། པན་ཆེན་རིན་པོ་ཆེ་བོད་ཀྱི་བླ་ཆེན་གཉིས་པར་ཆགས་པའི་རྒྱུ་མཚན་མ་ཤེས་ནས་དྲིས་པ་ཡིན་ནའང་། ཀུན་ཀྱང་ང་ནང་བཞིན་ཅལ་བྲོས་ཙམ་དུ་ཟད་དོ། གལ་སྲིད་གསལ་པོ་མཁྱེན་མཁན་ཡོད་ན་ལོ་རྒྱུས་ལ་ཕན་ཐོག་ངེས་གསུངས་རོགས་གནང་།
ལྔ་པ། གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་ནས་ལོ་ངོ་བཞི་བརྒྱ་ཡན་སོང་བ་ཀུན་གསལ་རེད་ལ། ད་དུང་སྲིད་གཞན་དུ་སྤྲད་ནས་སྲིད་སྐྱོངས་སུ་བཏགས་མཛད་ཅིང་། ཆོས་ཀྱི་རྒྱལ་པོའི་གོ་འཕང་ཆེན་པོར་གཡོ་བ་མེད་པར་བཞུགས་མཛད་པ་ལགས།
དྲུག་པ། སྔོན་འཆིང་ཡིག་ས་རྟགས་བཀོད་དུས་པན་ཆེན་ཡོད་མ་རེད་པས། ལྷ་ས་ནས་ཡར་ལངས་རྒྱབ་སྐབས་སུ། པན་ཆེན་རིན་པོ་ཆེས་གང་ཞིག་གསུངས་མཛད་པ་རྣམས་འདིར་མི་བཤད། རྒྱ་མིས་གསུངས་བཅུག་པ་ཡིན་འགྲོ། དར་ནག་སྒྲེང་དགོས་པའི་རྒྱུ་མཚན་དེ་དག་ལ་བརྟེན་པ་རེད་དྲན།
བདུན་པར། མི་ཤེས་ཅལ་རྗེས་འབྲངས་མཁན་རྣམས་ལ་གསལ་མདའ་ཅུང་ཟད་སྤྲད་ནས་ཚུར་བཀའ་བརྒྱུད་ནང་ཁུལ་དུ་མཐུན་ལམ་གྱི་ཚིག་མ་གཏོགས་དཀྲུགས་ཤིང་གི་ཚིག་གང་ཡང་ལབ་རྒྱུ་མ་བྱུང་།
བོད་པ་ཚོར་སྐྱོན་ཆ་ཆེ་ཤོས་ཤིག་ཡོད་པ་ནི། ཐུགས་མཐུན་དམ་གཙང་མེད་པ་འདི་རེད། ག་དུས་ཡིན་ནའང་གཞན་ལ་ཕྲག་དོག་གིས་དོན་དག་ཆུང་ངུའི་རིགས་ཆེན་པོ་བཟོས་ནས་དཀྲོག་གཏམ་སྤེལ།
ད་རེས་འབྲེལ་ཡོད་ལས་ཁུངས་ནས་རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་བཤད་ཁམས་གཙང་གནང་འདུག ད་ཆ་ང་ཚོས་བོད་ཆས་གྱོན་མིན་གྱི་སྤྲང་སྐད་རྒྱབ་དགོས་དོན་ཨེ་འདུག
བོན་བོ་ལགས་
སྟོད་ལའང་ཁག་གཉིས་༼སྟོད་མངའ་རིས་དང་ སྟོད་དིང་རི་ ཤེལ་དཀར་ སྤོང་རོང་སོགས་༽ ཡོད་ཙང་ ཁྱེད་རང་གིས་ཟེར་བ་དེ་སྟོད་མངའ་རིས་གསུངས་ཀྱི་ཡོད་ས་རེད་ ཡིན་ནའང་རྒྱུན་ལྡན་རང་རེའི་སྤྱི་ཚོགས་ནང་སྟོད་པ་དང་ སྟོད་སྐད་ཟེར་དུས་ མང་ཆེ་བ་དང་ཤུགས་ཆེ་བར་ སྟོད་དིང་རི་ ཤེལ་དཀར་སོགས་ལ་གོ་བ་ཞིག་ཆགས་ཡོད་ཙང་ སྟོད་སྐད་ཟེར་དུས་ཏོག་ཙམ་ཁྲུགས་ཉེན་འདུག་། སྟོད་མངའ་རིས་སྐོར་གསུམ་ནང་འབྲོག་སྐད་དང་ མཐོ་གླིང་ རོང་ཆུང་ སྤུ་རོང་སོགས་ཡུལ་ལུང་སོ་སོའི་སྐད་མི་འདྲ་བ་རེ་ཡོད་པ་ལས་ སྟོད་མངའ་རིས་ཀྱིས་སྟོད་སྐད་ཞེས་མངའ་རིས་སྐོར་གསུམ་གྱིས་ངོས་ལེན་ཡོད་ལེའི་སྤྱི་སྐད་ཞིག་ཡོད་མ་རེད་ མ་གཞི་ནས་སྟོད་དེ་དབུས་གཙང་མཆོལ་ཁུང་ཡིན་ཙང་རླུང་འཕྲིན་ནང་དབུས་སྐད་ཡོད་བཞིན་པ་དེ་སྟོད་མངའ་རི་པས་མ་གོ་བ་ཨེ་ཡོད་བསམ་ དེ་ལས་མངའ་རིས་ནང་ཁུལ་གྱི་ལུང་སྐད་དེ་ཕན་ཚུན་གོ་ཁག་པ་ཡོད་ཙང་ སྟོད་སྐད་ཀྱི་ལས་རིམ་དགོས་པ་མཐོང་གི་མིན་འདུག་ལ་ ཨ་རི་གཞུང་གི་ལོ་རེའི་འགྲོ་གྲོན་དངུལ་རྩིས་མཁོ་བསྡུ་བྱས་ཏེ་ད་ལྟ་ཡོད་བཞིན་པའི་བོད་སྐད་ལས་རིམ་དེ་དག་ཀྱང་སྒོ་རྒྱགས་ཉེན་ཆགས་ཏེ་ཉེ་ཆར་རང་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་སྤྱི་འཐུས་ཁག་གི་ལས་ཁུངས་སུ་བཅར་ནས་རྒྱབས་སྐྱོར་རེ་བསྐུལ་ཞུ་བཏུགས་བྱེད་རི་བྱེད་ཚད་འཁེལ་མ་སོང་ངམ་།
་ཁྱབ་པའི་ས
བོད་ལ་མི་གྱོན་མཁན་་་་་་་་་་་་་་་་་སྐྱེ་པ་ཕོ་ཚོ་རེད་་་་་་་་་ཁོང་ཚོ་ལ་བོད་ཆས་ཡོད་རྒྟ་མ་རེད་་་་་་་་་་་་་་་་་་་
གཞན་ལ་ལྟ་བའི་མིག་ཡོད་ན།།རང་ལ་ལྟ་བའི་མེ་ལོང་དགོས།།
ཨ་རིའི་རླུང་འཕྲིན་ཁང་ལ་དེ་འདྲའི་གནོན་བཙིར་བྱེད་དགོས་དོན་ཅི་ཡོད། མགོ་བཙན་བྱོལ་སྒྲིག་འཛུགས་ནས་མཇུག་སློབ་ཕྲུག་ཁྱིམ་སྡེའི་བར་སྤྱི་ཡོངས་ལ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད། ཁ་ཤས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གཅིག་བུར་དེ་འདྲར་ཨུ་ཚུགས་རྒྱག་དོན་ནི་དམིགས་ཡུལ་གཞན་པ་ཞིག་ཡོད་ས་རེད། ཡུལ་ལུང་སོ་སོའི་བོད་ཆས་གྱོན་དགོས་ན་གཙོ་བོར་གང་བྱེད་དགོས་པ་རེད། ཕྱུ་པ་གོན་ན་བོད་ལྭ་ཚབ་མཚོན་དང་འབྲོག་པའི་སློག་རུལ་གོན་ན་བོད་པ་རྣལ་མ་ཞིག་གི་ཚབ་མཚོན་ཐུབ་ས་རེད་པས། དེ་འདྲ་ཡིན་ན་ཧ་ཅང་ཐལ། གནའ་མིའི་བོད་ཀྱི་ཁ་དཔེར། ཕ་ཡུལ་བརྗེད་རུང་། ཕ་སྐད་མ་བརྗེད་ཟེར་བ་ལྟར་ས་ཆ་གང་དུ་བསྡད་རུང་ཕ་སྐད་མ་བརྗེད་ན་དེ་གས་འགྲིག །ས་ཡར་ལུང་ཁོག་ནས་བསྡད་ན་ཡར་ལྷ་ཤམ་པོ་མཆོད་དགོས་ཟེར་བ་ལྟར་ཁྱེད་ཚོས་ཨ་རིའི་རླུང་འཕྲིན་ཁང་གི་སྒྲིག་སྲོལ་དང་མཐུན་པར་རླུང་འཕྲིན་ཁང་གི་གྱོན་ཆས་གྱོན་ནས་བོད་སྐད་དག་མ་ཞིག་བཤད་ཡོང་དུས་དངོས་གནས་དགའ་སྤྲོ་སྐྱེ་འོས་པ་རེད། ང་ཚོ་བོད་མི་ཚོས་ཡུལ་ལུང་བསྟུན་ཤེས་དང་ཡར་རྒྱས་ཚགས་ཚུད། རྒྱལ་སྤྱིའི་གནས་བབས་དང་བོད་ཀྱི་རྩ་དོན་ཨང་དང་པོར་འཛིན་དགོས་པ་དེ་ནམ་ཡང་བརྗེད་མི་རུང་། །
རེད་རེད་་་་་་་་་་་བོད་ལྭ་གོན་རྒྱུ་གལ་དེ་ཙམ་མི་ཆེ་ནའང་ཨ་རིའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་ལྟ་བུ་ཡིན་ན་བོད་ཕྱི་ནང་གཉིས་ཙམ་མ་ཟད་འཛམ་བུ་གླིང་ལ་ཡོངས་ཁྱབ་ཀྱི་བོད་དོན་ཁྱབ་བསྒྲགས་བྱེད་སའི་གར་སྟེགས་ཆེ་ཤོས་ཡིན་ལ་བོད་མི་མང་གི་རེ་ལྟོས་བྱེད་ས་ཞིག་ཀྱང་ཡིན། བརྙན་འཕྲིན་ཁང་འདིའི་ནང་གི་ལས་བྱེད་རྣམས་པ་ཚོས་ཕྱི་ནང་གསང་གསུམ་གྱི་ཁྱད་ཆོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་གལ་ཆེན་རང་བཞིན་ཞིག་ཆགས་འདུག་པས་རྣམ་པ་ཚོས་ཀྱང་ངེས་པར་དུ་རང་སྣང་གང་དྲན་དང་རང་གཤིས་གྱོང་བོ་མེད་པར་བཟོ་དགོས་སྙམ།
ཞབས་འདྲེན་པ་དེ་ཚོས་དྲ་འབུར་སྤྲུལ་ནས་ཡོང་གིན་འདུག་གོང་དུ་ལྟོས་དང་འགའ་ཤས་སླེབས་སོང་།
སྐད་ཡིག་གལ་ཆེན་ལས་གྱོན་གོས་གལ་ཆེན་མིན། རྒྱལ་སྤྱིའི་འགྲོས་དང་མཐུན་པའི་གོན་པ་གྱོན་རྒྱུ་མོས་མཐུན་ཡོད། དེ་ལྟར་མིན་ན་དེང་རབས་ཀྱི་བོད་ཅིག་འཛུགས་བསྐྲུན་བྱེད་མི་ཐུབ་པས་རྒྱ་ནག་གིས་བཤད་པ་བཞིན་བོད་འདི་དེང་རབས་ལ་རྒོལ་བ་བྱེད་མཁན་ཞིག་ཏུ་འགྱུར་བས་ཡིན།
ནོར་བཅོས། དེང་རབས་རྒོལ་མཁན་དང་བླ་མའི་བྲན་གཡོག་ཏུ་འགྱུར་བས་ཡིན།
པོའོ་ལེནདྲ།ལེཀ་ལྦ་ལེ་ས།་མི་ཀེལ་གོར་བ་ཆེལྦ།ཇོ་ཌི་ལྦི་ལིཡེམ།་་་་་བོད་ཡིག་འདི་དག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ངོས་ནས་ལེན་པ་ཡིན། བོད་ཡིག་འབྲི་སྟངས་འདི་དག་སུམ་རྟགས་དག་གསུམ་དང་མཐུན་མིན། རྗེས་འཇུག་བཅུ་དང་་ཡང་འཇུག་གཉིས་ལས་མང་བ་ཡོད་མེད་བཅས་སུ་བསམ་ཚུལ་རེ་གསུང་རོགས།
བོད་ཡིག་གང་དྲན་དྲན་འབྲི་ཆོག་ནས་མེད་པར་གྱོན་ཆས་གང་དྲན་དྲན་གྱོན་མ་ཆོག་པར་ཅི་ཡོད། གང་དྲན་དྲན་གྱི་འབྲི་སྲོལ་འདི་དར་སྲོལ་ཆེ་རུ་སོང་ན་ཡིག་ཐོག་ནས་གོ་བརྡ་མི་འཕྲད་པ་ཞིག་ཡོང་ངེས་རེད་འདོད་དོ།
http://www.rfa.org/tibetan/sargyur/his-holiness-meets-with-two-nobel-peace-prize-laureates-04262012213854.html
བོད་ནང་གི་བོད་མི་ཚོས་བོད་ཆས་གྱོན་པའི་ལས་འགུལ་པར་མོས་མཐུན་དང་རྒྱབ་སྐྱོར་མི་གནང་ངམ། སྐུ་ཉིད་ལ་་ཨ་རིའི་རླུང་འཕྲིན་ཁང་ནས་མགྲོན་འབོད་ཡོང་ཡོད་ནི་མ་རེད་པ། ཡང་མིན་ན་འགྲོ་འདོད་ཡོད་པ་མ་རེ།
བོད་གོས་གྱོན་མ་གྱོན་ལ་ཁྱད་པ་མེད། གཙོ་བོར་རླུང་འཕྲིན་ཁང་འདིས་དགོངས་བཞེས་ག་རེ་གནང་དགོས་ཀྱི་འདུག་ལབ་ན། གལ་སྲིད་དགག་བྱ་མེད་ན་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལེའུ་གསར་པ་ཞིག་སྒོ་འབྱེད་ཨེ་ཐུབ་ལྟ་དགོས་ཀྱི་འདུག དེ་མིན་ལེ་ཚན་ཆུང་རིགས་མི་དགོས་པ་དེ་དེ་འདྲ་ཡོད་པ་རེད། གང་ལྟར། གསར་འགྱུར་གཅིག་པུ་མིན་པར། ༧གོང་ས་མཆོག་གི་བདུན་རེའི་མཛད་འཕྲིན་ཟུར་དུ་ལེ་ཚན་ཞིག་བཟོས་ཏེ། བྱུང་ན་སྐར་མ་ ༡༥ ནས་ ༢༠ བར་གཟིགས་འབུལ་ཞུ་ཐུབ་ན། བོད་ནང་དུ་དེ་ལས་ལྷག་ཅིག་དང་བོད་ཀྱི་རྩ་དོན་ལའང་ཕན་ཐོག་གཞན་མེད་པ་རེད།
ད་ལྟའི་བགྲོ་གླེང་གི་ཆུ་ཚོད་རིང་པོ་ཕལ་ཆེར་འོས་ཤོག་གི་ལམ་ནས་མི་མང་ལ་བསམ་ཚུལ་འདོན་བཅུག་པ་ཡིན་ན། ཕལ་ཆེར་ཆུ་ཚོད་འཕྲོ་བརླག་འདྲ་བོར་ངོས་འཛིན་གནང་སྲིད་པ་རེད། གང་ཡིན་ཞེ་ན། བགྲོ་གླེང་ཁ་ཤས་མ་གཏོགས། ནང་དོན་ལྡན་པ། མགོ་སྔ་ཚང་བ་ཞིག་ཡོང་གི་ཡོད་པ་མ་རེད། ལྟ་མཁན་རྣམས་ཀྱིས་ཀྱང་གསར་འགྱུར་གཟིགས་ཚར་རྗེས། དྲི་བ་གཏོང་མཁན་དང་དྲིས་ལན་འདེབས་མཁན་གཉིས་ཀ་ཚད་ལྡན་མེད་དུས། བརྒྱུད་ལམ་གཞན་དུ་བརྗེ་བོ་རྒྱག་གི་ཡོད་པ་རེད། དེ་དག་ལ་ཉམས་ཞིབ་ཅིག་བྱ་ཐུབ་ན་ཡག་པོ་མེད་འགྲོ ཤར་ཕྱོགས་ཁུག་རྟ་ཡི་མཆན་བུར་རྒྱབ་སྐྱོབ་དང་ལྷན་དུ་བསྐྱར་འགོད་བྱས།
བོད་གོས་གྱོན་མི་དགོས་བོད་སྐད་ཡག་པོ་བཤད་ན་འགྲིག ཡང་ཉིན་མ་གཅིག་ལ་བོད་སྐད་བཤད་མི་དགོས་བོད་ཞེན་ཡོད་ན་འགྲིག་ཞེས་བཤད་རྒྱུ་རེད་ལ། ཡང་ཉིན་མ་གཅིག་ལ་བོད་ཞེན་ཡང་མི་དགོས་བོད་པའི་མིང་ཡོད་ན་ཆོག་ཞེས་བཤད་རྒྱུ་རེད། ང་ཚོས་འདི་ལྟར་རང་གི་ཡོད་ཚད་སྣུམ་གྱིས་ཟིན་པའི་ཤོག་བུ་བཞིན་དུ་རིམ་གྱིས་བརླག་བཅུག་གིན་ཡོད་པ་ཤེས་དགོས།
རྒྱལ་སྤྱིའི་འགྲོས་དང་མཐུན་པའི་གྱོན་ཆས། འདི་ག་རེ་ཟེར་གི་ཡོད་པ་ཡིན་ནམ། ང་གད་མོ་ལངས་ཆེ་ཤོས་འདི་རེད། རྒྱ་གར་གྱི་རྒད་པོ་ཚོས་གྱོན་བཞིན་པའི་སེང་རས་དཀར་པོ་དེ་ནི་ཡིན་རྒྱུ་མ་རེད། ཨ་རིའི་ཁ་ཆེ་ཚོས་གྱོན་བཞིན་པའི་གྱོན་གོས་ནག་པོ་དེ་ནི་ཡིན་རྒྱུ་མ་རེད། ཨ་ཧྥི་རི་ཀའི་གླིང་ཆེན་ན་གྱོན་བཞིན་པའི་གྱོན་གོས་ལྷུག་ལྷུག་དེ་ནི་ཡིན་རྒྱུ་མ་རེད། རྒྱལ་སྤྱིའི་གྱོན་གོས་ཟེར་བ་ཞིག་ཨ་རིའི་གློག་འཕྲིན་ཁང་ལ་ཅི་ལྟར་རྙེད་པ་ཡིན་ནམ། ཡ་མཚན་རེད། ཨ་རིའི་གློག་འཕྲིན་ཁང་གིས་ལས་བྱེད་བྱེད་ཚོས་༼བོད་ལྭ་གྱོན་ན་རྒྱལ་སྤྱིའི་གྱོན་གོས་བཀག་འགྲོ་༽ཟེར། གླེན་པ་ཁ་ནག་རྐྱང་རྐྱང་རེད་ཡ། ད་བྱས་ཡ་གང་ཡང་ཡོད་པ་མ་རེད། རང་རང་ས་ནས་སྡོད་ས་ཟིན་མི་ཐུབ་པ་དེ་བོད་པ་ཚང་གི་ལས་དབང་ཡིན་པ་འདྲ།
ཡོ་རོབ་གྱི་གྱོན་གོས་ཐུང་ཐུང་དེ་ལ་བཤད་ཀྱི་ཡོད་ན། དེ་ཡང་ག་རེ་བསམ་འགྲུབ་ཟེར། ཁོང་གིས་གྱོན་བཞིན་པ་དེ་ལ་ཟེར་གྱི་ཡོད་ན། འོ་མ་རེད་། ནོར་བུ་བསམ་འཕེལ་ཟེར། ཁོང་གིས་གྱོན་བཞིན་པ་དེ་ལ་ཟེར་གྱི་ཡོད་ན། ནོར་བུ་བསམ་འཕེལ་ནས་གྱོན་བཞིན་པ་དེ་གོང་གི་དཔར་ནས་གསལ་བ་དེ་རེད། དེ་རྒྱལ་སྤྱིའི་གྱོན་གོས་ལ་སུས་འདམས་པ་རེད་དམ། ཁྱོད་ཚོ་རྒྱལ་སྤྱིའི་གསར་འགོད་པ་རེད་དམ། ཨ་རིའི་ཚང་གིས་བཙུགས་པའི་བོད་པའི་གསར་འགོད་པ་རེད། དྲི་བ་འདི་ལ་ལན་འདེབས་ཐུབ་ན་དེ་ནས་གསལ་ཁ་ཐོན་ཡོང་གི་རེད། རང་ངོ་རང་གིས་མི་ཟིན་པའི་གླེན་པ་ཁ་ནག་དེ་ཚོ།
ཨ་ཇོ་ཟླ་མེད་ལགས། རྒྱལ་སྤྱིའི་གྱོན་གོས་ཟེར་བ་དེ་རྒྱལ་སྤྱིའི་ཚོགས་ཆེན་སྐབས་དེ་འདྲར་ཚོགས་མི་བརྒྱ་ཆ་དགུ་བཅུ་ཡན་གྱི་གྱོན་པའི་གོས་དེ་འདྲ་ལ་ཟེར་བ་རེད།
ངའི་བསམ་ཚུལ་བྱས་ན་བོད་ཆས་གྱོན་རྒྱུ་དེ་གལ་གནད་ཆེན་པོ་དེ་འདྲ་མ་རེད། འོན་ཀྱང་བོད་ཆས་གྱོན་ན་ཧ་ཅང་གི་ལེགས་པོ་རེད་ཅེས་བརྗོད་འདོད།
སྐབས་རེ་པ་དབྱངས་མཐོང་ཀྱང་སེམས་པ་ཤོར། །
མཚམས་རེར་ཕྲིན་ཆོས་རིག་ཀྱང་ཡི་ག་དགག །
འདི་ཡིན་འཕྲོ་ལ་འདི་མིན་གཞན་ཞིག་འབྱུང་། །
སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད། །
བྱེད་སྟངས་འདི་ལ་བལྟས་ན་བོད་གོས་མི་གྱོན་རྒྱུ་ཐག་བཅོད་བྱས་པའི་མ་ཚད་བོད་ཡིག་ཀྱང་མི་འབྲི་རྒྱུ་ཐག་བཅོད་བྱས་ཟིན་པ་འདྲ། དེ་མིན་བོད་པས་བོད་པར་ཡི་གེ་སྐུར་ཚེ་བོད་ཡིག་ཅིའི་ཕྱིར་མི་འདྲི།
ཕྱུ་པ་གྱོན་པ་ཙམ་དུ་བོད་ཆས་ཞེས་རློམ་ནས་མི་འདུག་བོད་པ་ལགས། དེ་ཡང་གཙོ་བོ་སོག་པོའི་ཡུལ་གྱི་ཆས་གོས་ཤིག་རེད། ལྷག་པར། དེང་དུས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འགའ་ཞིག་ནང་དུ་ཕྱུ་པ་ཚུལ་བཞིན་ཇི་མང་རེད། ཁྱོད་རང་བལ་ཡུལ་དུ་སོང་ན། བལ་པོའི་ཤར་པ་ཚོ་དང་། རྟ་མང་སོགས་ཀྱིས་ཕྱུ་པ་གོས་ཆེན་འོད་དང་ལྡན་པ་དེ་འདྲ་གྱོན་ནས་ལོ་སར་སོགས་སྲུང་བརྩི་བྱེད་ཀྱིན་འདུག འབྲུག་པ་ཡང་གྱོན་སྟངས་ཙམ་ལས་ཕྱུ་པ་གྱོན་གྱིན་འདུག་གོ
གཡུ་ཐོགས་བུས་བཤད་པ་ལ་དོན་དག་ཡོད། འོན་ཀྱང་སྐབས་འདིར་ཕྱུ་པ་བོད་ཆས་རེད་ཟེར་བ་ཙམ་ལས་བོད་པ་ལས་གཞན་པའི་མི་རིགས་ལ་ཕྱུ་པ་གྱོན་རྒྱུ་མེད་པའི་སྐད་ཆ་རང་ལྟ་མ་རེད་སྙམ། རེད་དེ་དེང་སང་བསོད་ནམས་ཟེར་བ་འདྲ་པོའི་མིང་ཅན་ཞིག་ཡོད་ན་ཧ་ལམ་བོད་པ་ཡིན་ཤག་བྱེད་པ་སོགས་ཧམ་ཆེན་ཟེར་དགོས་སམ་ལྟ་རྒྱ་མཐོང་རྒྱ་ཆུང་ཟེར་དགོས། གང་ལྟར་རིགས་མང་པོ་འདུག་གོ
རང་དང་མི་མཐུན་པ་བྱུང་ཚེ་ལམ་སེང་ཚིག་ངན་ཤ་སྟག་འཕེན་མཁན་འདི་འདྲ་བོད་ཞེན་ཅན་ཡིན་ན་དངོས གནས་བསམ་བློ་ཞིག གཏོང་རན་འདུག དེང་དུས་དམངས་གཙོ་རང་དབང གི་ལུང་པར་མིའི་གདོང་ལ་ཁ་ལུད་འཕེན་ན་ཉེས་ཅན་པར་རྩིས་ནས་ཉེས་ཆད་ཕོག་རྒྱུ་ཉག་ཅིག་རེད། འདིར་བསམ་ཚུལ་ཤོད་ཚང་མ་ཨ་རིའི་བོད་པ་ཤ་སྟག་ག་ལ་ཡིན། ང་དང་ཁྱོད་ལྟ་བུ་ཨ་རིར་མ་ཐར་ནས་འུ་ཐུག་མཁན་མང་པོ་ཞིག་ཀྱང་ཡོད་ངེས་པ་རེད། དེས་ན་རང་ཉིད་ལ་གོ་སྐབས་མ་ཐོབ་པའི་སྡུག་ཡུས་བོད་ཞེན་ཡིན་མདོག་གིས་གཞན་ལ་བཀའ་སྐྱོན་མ་གནང་ན་ལེགས། ལར་བོད་ཆས་གྱོན་དགོས་རང་རེད་ཟེར་ནས་ངར་ངར་བྱེད་མཁན་དང་། དེ་དེ་ཙམ་གནད་འགག་མ་མཐོང་ཚུལ་ཤོད་མཁན་གྱི་ཕྱོགས་གཉིས་ཀ་བོད་ཞེན་ཅན། ལ་རྒྱ་ཅན། ཕོ་རུས་ཡོད་མཁན་ཡིན་པ་ལ་ཐེ་ཚོམ་ཅི་ཡོད་དེ། འོན་ཏང་སོ་སོའི་བསམ་ཚུལ་བཤད་ཆོག་ལ་དོན་ངོ་མར་སུས་བཤད་པ་དེ་བདེན་ལ་སུས་བཤད་པ་དེ་ནོར་སུས་ཤོད་ཐུབ།
རྒྱལ་སྤྱིའི་ཐོག་ཕོ་མོ་རྒན་གཞོན་ཚང་མས་བེད་སྤྱོད་བཞིན་པའི་གྱོན་པར་གཅིག་པ་འདྲ་ཞིག་ཡོད་པ་སྟེ་་་་་་་ནུ་ཁེབས་དང་་་རླིག་ཁེབས་འདི་གཉིས་ལས་་་གཞན་རྒྱལ་སྤྱིའི་ཆས་གོས་ལབ་ན་རེད་་་་གྱོན་པ་ཞིག་ལོགས་སུ་ཡོད་ནི་མ་རེད་་་་་རྒྱལ་ཁབ་རེ་རེར་གོན་པ་མི་འདྲ་བ་རེ་ཡོད་ལ་་་་རེ་རེའི་ནང་དུ་ཡང་གོན་པ་འདྲ་མིན་རེ་གྱོན་རྒྱུ་ཡོད་ཀི་་་་
མི་འདི་ཚོས་་ནུ་ཁེབས་དང་་་་རླིག་ཁེབས་གཅིག་རང་གྱོན་ནས་གླེང་སྟེགས་སྒང་ལ་ཡོང་གི་ཡིན་ལབ་ཀི་ཡོད་རྒྱུ་མ་རེད་པ།
ང་ཚོའི་བཀའ་ཁྲི་མཆོག་ནས་ཉེ་ཆར་འདས་པའི་བོད་རངབཙན་གཙང་མ་ཟེར་བའི་དེབས་དེའི་མཛད་སྒོ་སྐབས་བོ་ལ་ཞིག་ནང་དུ་གྱོན་ནུབ་ལ་ཞིག་ཕྱི་ལ་གྱོན་འདུག སྔོན་མར་བོད་ནང་གི་མི་རེ་ཟུང་པེ་ཅིང་དུ་མི་དམངས་མཐུན་ཚོགས་འགྲོ་སྐབས་བོད་གོས་རེ་ཕྱི་ལ་གྱོན་ནུབ་ལ་རེ་ནང་དུ་གྱོན་ཡོད་པ་དེ་འདྲ་མཐོང་བྱུང་མ་གཏོགས་བོད་ལ་ནང་དུ་གྱོན་ནུབ་ལ་ཕྱི་ལ་གྱོན་པ་ངའི་མི་ཚེ་ནང་མཐོང་བ་ཐེངས་དང་པོ་ཡིན། འདི་ལ་དགོས་ཆེད་གསར་པ་འདྲ་གང་ཞིག་ཡོད་ན།
མི་རིགས་ཀྱི་ཁྱད་ཆོས་ལ་སྐད་རིགས་དང་གནས་ཡུལ། འཚོ་བའི་གནས་སྟངས། རིག་གནས་ཀྱི་མཚོན་པའི་འདུ་ཤེས་དང་ལྟ་བའི་ཁྱད་པར་བཅས་བཞིར་ཕྱེ་བ་གྲགས་ཆེ་ལ། དེ་ནང་ནས་ཡུལ་དང་འཚོ་བའི་གནས་སྟབས་ནི་དེ་འདྲའི་ངེས་པ་མེད་ཀྱང་། བསམ་པ་དང་ཀུན་སྤྱོད། སྐད་རིགས་དང་བློ་རིག་གི་ཁྱད་ཆོས་མཚོན་པའི་རིག་གནས་སོགས་མི་རིགས་རང་མཚན་པར་གྲུབ་པའི་ཁྱད་ཆོས་གཙོ་བོ་བསྙོན་དུ་མེད་པ་ཡིན་ནོ།། གལ་ཏེ་ཁྱད་ཆོས་དེ་རིགས་ཉམས་སོང་ན། མི་རིགས་ཀྱང་ཉམས་པའི་རྟགས་ཡིན་ལ། ཁྱད་ཆོས་དེ་རིགས་མིང་ཙམ་དུ་གྱུར་ན་མི་རིགས་དེ་ཡང་མིང་ཙམ་དུ་གྱུར་བ་ཡིན་པར་རིགས་པ་དང་འཇིག་རྟེན་གྱི་ཉམས་མྱོང་སྟེང་ནས་འགྲུབ་བོ།།
—དོར་ཞི།
ཨ་རིའི་བོད་སྐད་སྙན་འཕྲིན་ཚན་པའི་ལས་བྱ་བ་མི་རྒན་མགོ་སེར་དེ་ཚོས་དེང་སྐབས་ཚོང་ཆེན་དང་དཔོན་ཆེན་རྣམ་པའི་ལྷན་ཚོགས་སྐབས་སུ་གྱོན་ཆས་སྟོད་གོས་བྲང་གཤག་རྐེ་རྒྱན་ཅན་དེ་གྱོན་རྒྱུ་བྱུང་ན་མི་རིགས་ཀྱི་ལ་རྒྱ་ཡི་ཆས་གོས་ནི་སྐྱག་པ་ལས་མི་བརྩི་མཁན་ཅང་རེད། ནོར་བུ་བསམ་འཕེལ་དང་རྡོར་རྗེ་ཚེ་བརྟན་གཉིས་མ་གཏོགས་ཕོ་རྒན་དང་མོ་རྒན་དག་ནི་བོད་སྐད་སྒྲ་དག་གསལ་བའི་གསར་འགྱུར་ཀློག་འདོན་དང་བཅའ་དྲི་གསར་འགོད་ཁམས་གཙང་ཐུབ་མཁན་ཡོད་ནི་མ་རེད། ད་དུང་ཡང་ཁོ་ཚོས་བོད་སྐད་ཡིག་གཙོ་ཆེ་བ་ལས། ཆས་གོས་གཙོ་མི་ཆེ། ཞེས་ཁ་གཡང་དེར་རྒོད་བྲོ། ཁོ་ཚོའི་དྲྭ་རྒྱ་ཐོག་བོད་སྐད་ཡིག་གི་བྱང་ཆ་དང་བཀོལ་སྤྱོད་ག་ཚོད་བྱེད་ཀྱི་ཡོད་མེད་ཚང་མས་གཟིགས་དང་མཁྱེན། ཁོ་ཚོས་བོད་མི་རིགས་ཀྱི་མངོན་འདོད་ལ་བརྩི་འཇོག་མ་བྱེད་ཚེ། ཁོ་ཚོར་བོད་མི་རིགས་ཀྱི་ལས་ཚབ་ཏུ་འདུག་རྒྱུ་ཐོབ་ཐང་དེ་མེད་པས་བོད་པ་ཚང་གིས་ཁྱེད་རྣམ་པ་རེ་རེའི་བཞིན་གསར་འདེབས་བྱེད་རྒྱུར་འགན་ཡོད་དོ།
དོན་དག་བཤད་མཁན་ཚ་ཕྲུག་རྒྱལ་ལགས། ཁྱེད་ཀྱིས་གསུངས་པ་དེ་དག་ཡུལ་དངོས་ལ་ལྡན་མིན་བཀའ་མོལ་འཕྲོས་དགོས་བྱུང་ཚེ་མགོ་ཉོག་ཚ་བ་རེད་བསམས། དེ་བས། མེད་པ་ལས་ཡོད་པ་གཙོ་བས་སེམས་བྱུང་དེའི་ངོས་ནས་བོད་ནང་དུ་༧གོང་ས་མཆོག་གི་བདུན་རེའི་མཛད་འཕྲིན་ཞིག་གཟིགས་འབུལ་ཞུ་ཐུབ་ན་ཁ་སྟབས་སྐྱོ་དུས་དྲག་ག་མེད་འགྲོ
གེ་སར་ལགས་ཀྱིི་མཆན་༡༡༤ ནང་། སྟོད་ཟེར་བ་ཤུགས་ཆེ་བ་དིང་རི་དང་ཤེལ་དཀར། སྤོངརོང་ལ་གོ་གི་འདུག་ཞེས་པ་དེ་ནོར་བ་རེད། ཁྱོང་རང་མཐོང་རྒྱ་མེད་པའི་མི་ཞིག་རེད། ལོ་རྒྱུས་ནང་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་སྟོད་ཞེས་པ་བོད་ཡུལ་མངའ་རིས་ལ་གོ་དགོས། སྟོད་དིང་རི་དང་། གཉའ་ནང་། ལྷ་རྩེ། ས་སྐྱ་སོགས་ནི་གཙང་སྟོད་ཡིན་ཙང་སྟོད་པ་ཞེས་ལབ་པ་རེད། སྤྱིར་བཏང་་ཁམས་དང་ཨ་མདོ་བའི་དབུས་གཙང་ལ་སྟོད་ཞེས་འབོད་ཀྱི་འདུག དེའི་རྒྱུ་མཚན་མདོ་སྟོད་སྨད་གཉིས་ལ་ལྟོས་ཏེ་དབུས་གཙང་ཡུལ་ལུང་དེ་སྟོད་ཡིན་ཙང་དེ་ལྟར་འབོད་པ་རེད། ཡོངས་གྲགས་བོད་ཡུལ་སྟོད་ཞེས་པ་དེ་མངའ་རིས་ལ་ཟེར། བོད་ནང་གི་བོད་མིའི་སྟོད་ཟེར་ན་མངའ་རིས་ལ་ཟེར་བ་ཡིན། ཡིན་ནའང་རྡ་རམ་ས་ལ་དང་བལ་ཡུལ་གཉིས་སུ་སྟོད་པ་ཟེར་ན་དིང་རི་དང་གཉའ་ནང་གཉིས་ལ་གོ་གི་འདུག དེ་ཚོ་ཤེས་ཀྱི་ཡོད་མ་རེད། ཡང་ཁྱེད་རང་གི་སྟོད་མངའ་རིས་སྐད་དེ་ཕན་ཚུན་གོ་ཁག་པོ་མང་པོ་ཡོད་པ་བཤད་འདུག དེ་ནང་བཞིན ཁམས་སྐད་ལ་ལུང་པ་ཕན་ཚུན་སྐད་མི་འདྲ་བ་གོ་ཁག་པོ་མང་པོ་ཡོད་རེད། དེ་བཞིན་དུ་དབུས་གཙང་ཁུལ་ལ་སྐད་གདངས་མི་འདྲ་བ་མང་པོ་ཡོད་པ་མཐོང་ཆོས་རེད།
བོད་ལ་གྱོན་ཐུབ་ན་རབ་རེད། གྱོན་མ་ཐུབ་ནའང་སྐྱོན་ཆེན་པོ་མི་འདུག་བསམ་གྱི་འདུག གཙོ་བོ་དེ་བོད་དོན་དང་འབྲེལ་བའི་གནས་ཚུལ་དག་གཞིས་བྱེས་བོད་མིའི་ཚོའི་རྣ་ལམ་དུ་ཏག་ཏག་བསྐྱལ་ཐུབ་ན་འགྲིག་གི་རེད་བསམ།
༼བོད་མི་ཚོའི༽
ཡང་དྲ་གྲོགས་ཁ་ཤས་ཨ་རིར་མ་ཐར་ནས་མྱོང་གི་ཡོད་ས་རེད། ཧཧཧཧཧ རྡོ་རྗེ་ཚེ་བརྟན་དང་གྲོགས་པོ་སྒྲིག་དང་ཐར་ངེས་རེད། ང་ནི་ཨ་རིར་ཨི་ཐར་བལྟ་མ་མྱོང་ལ་འགྲོ་འདོད་ཀྱང་མེད། ཨ་རིར་འགྲོ་བའི་ལག་ཁྱེར་སྒོ་འགྲམ་དུ་བྱུང་ཡང་ད་ལྟར་ཡིན་ན་དངོས་གནས་འགྲོ་དྲན་གི་མི་འདུག། རྗེས་མ་ནི་སུས་ཧ་གོ། བརྗོད་བྱ་གཙོ་བོ་ནི་བོད་ལྭ་གོན་མ་གོན་བསྐོར་ལ་ཡིན་དུས་ངས་ནི་དྲང་པོ་ཡིན། འཕྲིན་གཏོང་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་དགག་པ་ཡོད།
ད་འཆོ་མེད་པའེ་སྐད་ཅ་མང་པོ་འདུག་་་ད་འོ་ན་བོད་ཆས་གྱོན་ནས་ཕན་གྱི་ཡོད་ན་ཐོག་མར་མཆན་བྲིས་མཁན་ཁྱེད་རྣམས་ནས་ཉིན་མཚན་མེད་པར་ཕྱྱར་པ་གྱོན་དང་བལྟས་མཆོག་་་ང་མཚོ་བོད་ཀྱི་རིག་གཞུང་གཙོ་བོ་ནི་ནང་པའི་བལྟ་སྒྲཱུབ་ལས་བྱཱུང་བའི་བསླབ་བྱ་དེ་གཙོ་བོ་རེད་་དེ་བོད་མི་རིགས་སྐྱ་སེར་ཡོངས་ནས་ལག་ལེན་ཡག་པོ་བྱེད་ཐུབ་ན་་་རང་བཞིན་གྱི་རྒྱབ་སྐྱོར་མང་པོ་རག་གི་རེད་་ད་བར་བོད་མིར་་རོགས་རམ་དང་རྒྱབ་སྐྱོར་ཡོང་བ་དེ་བོད་མིའི་བཟང་སྤྱོད་ལས་བྱུྔ་བ་རེད་་་བོད་ཆས་གྱོན་ནས་བྱུང་བ་མ་རེད་དོ་མཁྱེན་པར་མཇོད་་་་་ཆོ་མེད་པའེ་མཆན་མ་བྲིས་རོགས་
ཡང་ཁོང་ཚོ་ཨ་རི་ཐར་བ་དེར་ཕྲག་དོག་དང་འགྲན་སེམས་སྤུ་ཙམ་ཡང་མེད། ཡིན་ན་ཡང་བོད་པ་ཞིག་ཡིན་དུས་འཕྲིན་གཏོང་བའི་གནས་སྐབས་སུ་བོད་ལྭ་གྱོན་པའི་རེ་བསྐུལ་ལས། ཉིན་མཚན་མེད་པ་གྱོན་དགོས་པའི་བསྐུལ་མ་ནམ་ཡང་མེད།
ཇི་སྐད་དུ།
བོད་པ་ཡིན་ཟེར་བོད་ལྭ་མི་གྱོན།
བོད་པ་ཡིན་ཟེར་བོད་སྐད་མི་ཤེས།
བོད་པ་ཡིན་ཟེར་བོད་ཡིག་མི་འཁོ།
བོད་དྲི་མི་བྲོ་ཨ་རི་བོད་པ།
དངོས་གནས་ཁྱེད་གི་ཀྱང་བསམ་བློ་ཐོང་དང་འཛམ་གླིང་གསར་ལམ་གཞན་དག་གཟིགས་དང་གསལ་ངེས། བོད་ཆས་གྱོན་པ་མཐོང་བ་ཙམ་གྱི་སེམས་ལ་ཚོར་སྣང་ག་འདྲའི་འདུག། ཁྱེད་གིས་ཀྱང་ཧ་གོ་ངེས་ལ་ངས་ཡང་ཚོར་གི་འདུག། དེ་གཅིག་པུ་ཐུགས་བསམ་ལེགས་པར་གཞེས་དང། དྲ་གྲོགས་ལགས།
ཉིན་མཚན་མེད་པར་ཕྱུར་པ་གྱོན་སུས་ཟེར། ནང་པའི་ལྟ་གྲུབ་ནང་དུ་ཕྱུར་པ་མ་གྱོན་སུས་གསུངས་འདུག། སྤྱོད་འཇུག་ནང་དུ། འཇིག་རྟེན་མ་དད་གྱུར་པར་ཀུན། མཐོང་དང་བྲིས་སྟེ་སྤང་བར་བྱ། ཞེས་པར་ལྟར་ང་ཚོར་ཡང་འཇིག་རྟེན་པའི་འཁོར་ཡུག་ཞིག་གིས་ནང་དུ་འཚར་ལོངས་བྱེད་གི་ཡོད་ལགས། མ་ཚད་བཟང་སྤྱོད་ཟེར་བ་དེར་འགྲེལ་བཤད་ཡག་པོ་ཞིག་གནང་དང། བཟང་པོ་དང་སྤྱོད་པ་གཉིས་གི་འགྲེལ་བཤད་བསྒུག་བསྡད་གི་ཡིན་ད། ཕྱུར་པ་མ་གྱོན་ནས་རོགས་རམ་རག་པ་རེད་བས།
མཆན་གྲངས་༤༠ པ་རྒྱག་མཁན་ཡུལ་གྱར་བ་ཟེར་བ་ཞིག་འདུག་པ་དེ་ཕྲན་མིན། དེ་ནི་ཕལ་ཆེར་ཤེས་རབ་ཀྱི་ཟིན་བྲིས་སུ་བྱེ་རླུང་འཚུབ་མ་ཟེར་བ་ཞིག་འདུག་པ་དེ་ཡིན་པ་འདྲ། གང་ལྟར་ང་ནི་ཤེས་རབ་ཀྱི་གསལ་བཤད་དེར་ཁ་བདེ་ཙམ་ལས་དོན་གྱི་རྒྱུ་མཚན་ཡོད་པ་ཞིག་ཏུ་མ་མཐོང་། ངེད་ཅག་གིས་གསར་འགོད་པས་རྒྱུན་ལྡན་དུ་བོད་ཆས་གྱོན་དགོས་ཟེར་བཞིན་མེད་པར་བདུན་ཕྲག་རེར་ཆུ་ཚོད་གཉིས་ཙམ་རིང་བོད་ཆས་གྱོན་པར་བསྐུལ་བ་ཡིན། ཀུན་གླེང་ལྟ་མཁན་ཕལ་མོ་ཆེ་ནི་བོད་པ་ཡིན་ལ་དེའང་གཞིས་ལུས་སྤུན་ཟླ་ཚོ་ཡིན་པས་དེ་དག་གི་མིག་ལ་བོད་ཆས་ཅི་ལ་མི་མཛེས། ཀུན་གླེང་གཙོ་སྐྱོང་བས་བོད་ཆས་གྱོན་ན་ལག་པས་ཡི་གེ་འབྲི་མི་ཐུབ་པ་དང་མཛུབས་མོས་གློག་ཀླད་སྤྱོད་མི་ཐུབ་པར་བཤད་པ་གད་མོའི་གནས་ལས་གང་ཡང་མེད། ཕུ་ཐུང་ཆེ་དྲག་ན་མཆོད་མེ་འབུལ་རྒྱུ་དང་ཡོན་ཆབ་གཤམ་རྒྱུ་ལྟ་བུར་དཀའ་ངལ་ཡོད་ཀྱང་དེང་རབས་ཀྱི་བོད་སྟོད་དང་ཕྱུ་པ་ལ་ཕུ་ཐུང་ཆེན་པོ་མེད་ལ་ཡོད་ཀྱང་ལག་གཡས་ཀྱིས་ཕྱུ་པའི་ཕུ་ཐུང་ཕུད་ནའང་མ་འགྲིགས་པ་གང་ཡང་མེད། ཨ་རིར་ཡོད་རླུང་འཕྲིན་ཁང་གཉིས་ཀྱི་ནང་དུ་བོད་ཡིག་ཐང་ཐང་ཀློག་མི་ཤེས་མཁན་དང་། དག་ཆ་མི་ཤེས་མཁན། ཆབ་སྲིད་ལ་རྒྱུས་མངའ་མེད་མཁན། གནད་ཡོད་ཀྱི་དྲི་བ་འདྲི་མི་ཤེས་མཁན་མང་པོ་འདུག་པ་འདི་དག་ཁྱེད་ལྟར་ན་བོད་ཆས་ཀྱིས་བཟོས་པ་ཡིན་པ་འདྲ། དེ་བཞིན་བོད་ཆས་གྱོན་ནས་རྒྱ་བཞས་གཏོང་བར་སྐྱོན་བརྗོད་པའང་རྒྱུ་མཚན་དུ་མ་མཐོང་སྟེ། གླུ་བ་ཡ་དུང་སོགས་ཀྱིས་བཏང་བའི་རྒྱ་གཞས་ཕལ་མོ་ཆེ་བོད་རང་གི་ཆོས་དང་རིག་གཞུང་མཚོན་པའི་གཞས་ཡིན་ཞིང་དེས་རྒྱ་ནག་མི་དམངས་གིས་སེམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་བག་ཆགས་ཟབ་མོ་འཇོག་ཐུབ་ཡོད་ལ་དེ་འདྲའི་སྐབས་སུ་བོད་གོས་ཕུད་དེ་རྒྱ་གོས་གོན་དགོས་སམ། དགོས་སོང་ན་ཁྱེད་ཀྱི་དོགས་པ་ལྟར་བོད་ལ་བོད་རིག་གཞུང་ག་་གེ་མོ་རེ་ཡོད་ཀྱང་རྒྱན་དང་ཆ་ལུགས་སོགས་རྒྱ་དང་ཐ་དད་པ་ཡོད་བཟོ་མི་འདུག་སྙམ་པའི་དོགས་པ་ཅི་ལ་མི་ཟ། དེ་བཞིན་ལྟད་མོ་བས་དེར་བོད་རིགས་སུ་ངོས་འཛིན་པ་ལས་རྒྱ་རིགས་སུ་ངོས་འཛིན་དོགས་མེད་ལ་བོད་རིགས་སུ་འཛིན་ན་བོད་རིགས་ལ་ཆོས་དང་རིགས་གཞུང་གང་ཡོད་པ་ཐམས་ཅད་དེ་རིང་འདིར་སྟོན་དགོས་ལ་མ་སྟོན་ན་དེ་དག་ལ་འདི་ལས་མེད་སྙམ་དུ་བསམ་མཁན་ལྟད་མོ་བ་ཁྱོད་ལྟ་བུ་རེ་ཟུང་ལས་ཡོད་བཟོ་མ་རེད། ཡོད་ན་ལྟད་མོ་བ་འདི་དག་ལ་རིག་གཞུང་སྟོན་ཐབས་གཏན་ནས་མེད། མེད་ན་གླུ་བས་བོད་ཆས་གྱོན་ཏེ་རྒྱ་གཞས་གཏོང་བར་ལྟད་མོ་བས་འདི་དག་ལ་ཆས་གོས་ཙམ་ལས་གཞན་རྒྱ་དང་ཐ་དད་པའི་རིག་གཞུང་མེད་སྙམ་དུ་དོགས་པ་ཇི་ལྟར་ཟ། དེ་བཞིན་ཁྱེད་ཀྱིས་རྒྱལ་ཞེན་སྙན་ངག་མ་ཚེ་རིང་འོད་ཟེར་དང་བཀྲས་མཐོང་ལྷག་སྒྲོན་སོགས་ལའང་བོད་ཆས་གོན་ན་མི་ལེགས་པའི་སློབ་གསོ་རྒྱག་རྒྱུ་ཡིན་ནམ། ནང་འགལ་ཧ་ཅང་མང་ཡང་དུས་ཚོད་ཀྱིས་རྐྱེན་པས་ད་ལེན་འདི་ཙམ་ཡིན། དུས་ཚོད་བྱུང་ན་མུ་མཐུད་བཤད་པར་སྤྲོ།
བོད་ལྭ་གྱོན་རྒྱུ་འདི་གནད་འགག་མ་རེད། བོད་ལྭ་འདོད་ན་གྱོན་ན་རེད། མི་འདོད་ན་མ་གྱོན་ན་རེད། དེ་ལ་བཙན་དབང་བཏང་རྒྱུ་མེད། རྒྱལ་སྤྱིའི་འགྲོས་དང་མཐུན་པའི་གོས་ལྭ་གྱོན་ན་བོད་གོས་གྱོན་པ་ལས་དགེ་མཚན་ཆེ། རྒྱུ་མཚན་ནི། དེང་རབས་ཀྱི་བོད་ཅིག་བཟོ་བསྐྲུན་བྱེད་པ་ལ་རྒྱལ་སྤྱིའི་གྱོན་གོས་མེད་དུ་མི་རུང་པ་ཡིན། རྒྱ་ནག་གིས་དུས་རྒྱུན་བོད་ལ་རང་དབང་སྤྲད་པ་ཡིན་ན་བོད་འདི་བླ་མའི་དབང་སྒྱུར་འོག་ཏུ་སྐྱར་ལོག་བྱེད་པས་བོད་ལ་རང་དབང་མི་སྤྲད་བཤད་པ་བདེན་དཔང་དུ་འགྱུར་བས་བོད་མི་རྣམས་ཀྱིས་གྱོན་གོས་དགའ་མོས་ཀྱི་རང་དབང་སྤྲད་དགོས་རྒྱུ་གལ་གནད་དུ་མཐོང་། གོས་ལྭ་ཙམ་གྱི་དོན་དུ་དེ་ཙམ་གུ་དོག་གི་བསམ་བློ་འཛིན་མཁན་མང་ན་ཆོས་ལུགས་ཀྱི་ཆེད་དུ་ཅི་འདྲ་མི་མང་། ༼ཆོས་ལུགས་དད་མོས་རང་དབང་དང་གྱོན་གོས་དགའ་མོས་རང་དབང་དགོས། ༽རྒྱུ་མཚན་ནི་ང་ཚོའི་རྩོད་བཞིན་པ་ནི་རང་དབང་ཡིན་པ་ལས་གཞན་དབང་མིན། རང་དབང་དགོས་ན་མི་སྒེར་ན་གྱི་འདོད་འདུན་ལ་གུས་བཀུར་བྱེད་དགོས་ཏེ། སྐྱེས་བོའི་སྒེར་གྱི་ཐོབ་ཐང་ནི་རང་དབང་གྱི་འབྱུང་ཁུངས་ཡིན་པས་ཡིན།
རིག་འབྱུང་རྒྱ་མཚོ་ལགས། སྤྱིར་ན་བོད་གོས་གྱོན་མ་གྱོན་རང་དབང་རེད། འོན་ཀྱང་གསར་འགོད་པ་འདི་དག་བོད་པའི་མིང་ཐོག་ནས་འཚོ་བར་རོལ་བཞིན་ཡོད་པས་བོད་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་ཞུ་་ཅི་ལ་མི་དགོས། མི་ག་གེ་མོར་མི་གསོད་ཁྲག་སྦྱོར་བྱས་ན་མི་ལེགས་ཚུལ་བརྗོད་པར་ག་གེ་མོ་སྒེར་གྱི་རང་དབང་འཕྲོག་སོང་བ་ལྟ་བུ་མ་བརྗོད་ན་བཟང་ རང་དབང་ཟེར་བ་འདིར་མཚམས་ཤིག་ཡོད་པ་ལས་རང་སྣང་གང་ཤར་བྱ་ཆོག་པ། མ་ཆོག་ན་རང་དབང་མེད་པ་ཞིག་གང་ཡིན།
ཨ་རིའི་བོད་ལ་མི་གོམ་པའི་བོད་སྐད་རླུང་འཕྲིན་ཁང་ལ་བོད་ལ་མི་གོན་པའི་་སྐྱོན་གཅིག་མ་རེད་། ད་དུང་སྐྱོན་མང་པོ་ཡོད་པའི་ནང་ནས་སྐྱོན་གཞན་གཅིག་ནི་”དཔེར་ན་ཆགས་བཞག་ན་”ཟེར་བའི་ཚིག་སྐྱར་ཟློས་མ་མང་ནི་རེད་།
རྩོམ་འདིའི་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡའི་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com