—“ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི”རིམ་སྤེལ་དཔྱད་གཏམ་བཅུ་གསུམ་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མི་སྒེར་གྱི་འཐུས་མིས་ཀྲུང་དབྱང་ལ་ཕུལ་བའི“དྲན་ཐོའི”ནང“ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་གནང་བའི་བོད་རིགས་ས་ཁུལ་ཚང་མ་གཅིག་གྱུར་གྱི་རང་སྐྱོང་དོ་དམ་ཁྱབ་ཁོངས་ནང་བཅུག་དགོས་ཀྱི་ཡོད། ད་ལྟའི་སྲིད་འཛིན་ས་ཁོངས་དབྱེ་བའི་ཐད་བོད་མི་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་དང་ཞིང་ཆེན་མང་པོར་ཁ་ཐོར་བཏང་བར་བརྟེན་བོད་མི་རྣམས་ཁ་ཐོར་དུ་འགྱུར་བ་དང་ས་ཁུལ་ཁག་གི་འཕེལ་རྒྱས་དོ་མཉམ་མེད་པ་དང་ཆབས་ཅིག་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་དང་ནང་པའི་སྲོལ་རྒྱུན་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆུང་དུ་ཚབས་ཆེན་སོང་ཡོད”ཅེས་བཏོན་པ་དེ་ནི་ཏཱ་ལས“བོད་ཆེན་པོའི”རྨི་ལམ་འགྲུབ་ཐབས་བྱེད་པའི་གནག་སེམས་ཤིག་རེད། ལོ་ངོ་སྟོང་རིང་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆུ་རྒྱུན་ནང“བོད་ཆེན་པོ”ཟེར་བ་གཏན་ནས་མེད་པ་ཚང་མས་མཁྱེན་གསལ་རེད། དུས་རབས་དགུ་པར་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་ཀྱི་ལོ་རྒྱུས་ཐོག་གཅིག་གྱུར་དང་ཆབ་སྲིད་ཐོག་ཕུང་པོ་གཅིག་གི“བོད་ཆེན་པོ”ཆགས་མྱོང་གཏན་ནས་མེད། དུས་རབས་བཅུ་གསུམ་པའི་ལོ་འགོར་རང་རྒྱལ་གྱི་སོག་རིགས་སྟོབས་ཤུགས་བྱང་ཕྱོགས་ཀྱི་ཏ་མུའོ་ལྷོ་བྱང་གི་རྒྱ་ཆེའི་ས་ཁུལ་དུ་ཆགས་འགོ་ཚུགས་ཡོད། སོག་པོའི་ཚོ་དཔོན་ཇིང་གིར་རྒྱལ་པོས་ཚོ་ཁག་ཁག་གཅིག་གྱུར་བྱས་པ་རེད། ༡༢༤༦ལོར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་གྲུབ་མཐའ་ཁག་གི་ཚབ་ཞུས་ཏེ་ལེའང་ཀྲོའུ་རུ་སོག་པོའི་རྒྱལ་སྲས་གོ་དན་མཇལ་བར་སོང་སྟེ་བོད་འདི་སོག་པོའི་རྒྱལ་པོའི་ཁོངས་གཏོགས་ཁུལ་དུ་བརྩི་རྒྱུའི་ཆ་རྐྱེན་ཁག་ལ་གྲོས་གཏན་འཁེལ་བ་དང་འབྲེལ་ས་སྐྱ་བས་བོད་ཀྱི་ས་གནས་ཀྱི་ཆོས་སྲིད་ལས་དོན་ལ་དོ་དམ་བྱ་འགན་འཁུར་རྒྱུའི་གཏན་འཁེལ་གནང་བ་དང་བོད་ས་གནས་དེ་དངོས་སུ་ཀྲུང་དབྱང་གི་སྲིད་འཛིན་ཁོངས་གཏོགས་འོག་ཏུ་བཅུག་པས་བོད་ས་གནས་ཡུན་རིང་སིལ་པོར་གྱུར་བའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ནས་བཟུང་མན་ཆིང་ཀྲུང་དབྱང་སྲིད་གཞུང་གིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་བོད་ཁུལ་གྱི་སྲིད་འཛིན་ཁུལ་དབྱེའི་ཐད་ལེགས་སྒྲིག་ཐེངས་འགའ་བྱས་ཏེ་བོད་ས་གནས་དེ་བོད་ས་གནས་སྲིད་གཞུང—བཀའ་ཤག་སྲིད་གཞུང་གིས་དོ་དམ་བྱས་པ་དང་འབྲེལ་ཏཱ་ལའི་བླ་མ་དང་བོད་སྡོད་ཨམ་བན་གྱིས་ཐུན་མོང་ཐོག་ས་གནས་ཀྱི་ལས་དོན་གཙོ་སྐྱོང་བྱེད་ཀྱི་ཡོད། འོན་ཏེ་བོད་ཁུལ་གཞན་དག་ཀྱང་ནང་སའི་ས་འབྲེལ་ཞིང་ཆེན་ལ་དོ་དམ་བྱ་རྒྱུར་བགོས་ཡོད། དཔེར་ན་གཡུང་ཀྲེང་ཁྲི་ལོའི་རིང་མན་ཆིང་སྲིད་གཞུང་གིས་ཟི་ལིང་ཕུའུ་བཙུགས་པ་དང་ཟི་ལིང་དོན་གཅོད་བློན་ཆེན་བསྐོ་གཞག་བྱས་ནས་མཚོ་སྔོན་མངའ་ཁོངས་ནང་དང་ཀན་སུའུ་མངའ་ཁོངས་ནང་གི་བོད་ཁུལ་དོ་དམ་བྱེད་པ་དང་། དར་མདོ་དང་། ལི་ཐང་། འབའ་ཐང་སོགས་སི་ཁྲོན་གྱི་དོ་དམ་ཁོངས་གཏོགས་ནང་བཅུག་པ། རྒྱལ་ཐང་དང་། འཇོལ་རྫོང་། འབའ་ལུང་སོགས་ས་གནས་ཡུན་ནན་གྱི་དོ་དམ་ཁོངས་གཏོགས་ནང་བཅུག་ཡོད། ཡོན་དང་མིང་རྒྱལ་རབས་རིང་ཀྲུང་དབྱང་སྲིད་གཞུང་གིས་རང་རྒྱལ་གྱི་བོད་ཁུལ་དུ་སྲིད་འཛིན་དང་དམག་དཔོན་གྱི་སྒྲིག་གཞི་མང་པོ་བཙུགས་ཏེ་ས་ཁུལ་ཁག་གི་དམག་སྲིད་དང་ཆོས་ལུགས་ཀྱི་ལས་དོན་དོ་དམ་བྱེད་ཀྱི་ཡོད་པ་ལོ་རྒྱུས་ཐོག་གསལ་པོར་མངོན་གྱི་ཡོད། མན་ཆིང་ནས་བཟུང་བོད་འདི་སྲིད་འཛིན་ཁུལ་རིམ་པ་ཞིག་གི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་གི་ཐད་གཏོགས་ཁོངས་གཏོགས་ནང་བཅུག་པ་དང་ཀན་སུའུ་དང་།མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་བོད་ཁུལ་ནང་སའི་ཞིང་ཆེན་ཁག་ཏུ་གཏོགས་ནས་གཏན་འཁེལ་སྒྲིག་སྲོལ་ཞིག་ཏུ་འགྱུར་བ་མ་ཟད་ས་གནས་དེ་གའི་བོད་རིགས་མི་དམངས་ཀྱིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད། མིན་གོ་དུས་སུ་རྒྱལ་ཁབ་ལ་བར་ཆད་ཆེན་པོ་འཕྲད་པ་དང་ཀྲུང་གོའི་ནང་ཁུལ་དུ་དམག་ཤེད་ཅན་དབར་འཁྲུག་འཛིང་བྱས་ནའང་ལོ་རྒྱུས་ཀྱི་སྒྲིག་གཞི་དེ་སྤྱིར་ན་རྒྱུན་འཛིན་བྱས་ཡོད་པ་དང“བོད་ཆེན་པོ”ཟེར་བའི་སྲིད་འཛིན་སྒྲིག་གཞི་ཐོག་མཐའ་བར་གསུམ་དུ་བྱུང་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་རྒྱལ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་སྔ་རྗེས་སུ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་དང་བོད་དུ་རང་སྐྱོང་ཀྲོའུ་༡༠དང་། རང་སྐྱོང་རྫོང་༢ རང་སྐྱོང་ལྗོངས་༡བཅས་བཙུགས་ཡོད། སྲིད་འཛིན་ཁུལ་དབྱེ་དེ་བོད་ཁུལ་ཁག་གི་དོན་དངོས་དང་འཚམས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་རང་ཁྱིམ་རང་བདག་དང་མི་རིགས་འདི་གའི་ནང་ཁུལ་གྱི་ལས་དོན་དོ་དམ་བྱེད་པའི་ཁེ་དབང་སྤྱོད་རྒྱུ་འགན་ལེན་བྱུང་བ་དང་མི་རིགས་ཁག་གི་འདྲ་མཉམ་གནས་བབ་འགན་སྲུང་བྱུང་ནས་མི་རིགས་མཐུན་སྒྲིལ་དམ་དུ་སོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཏེ་བོད་རིགས་དང་མི་རིགས་ཁག་གི་མི་དམངས་གཞན་དག་ཚོའི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུཊ་དང་མཉམ་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་གྲུབ་ཡོད། རང་རྒྱལ་གྱི་མི་རིགས་ཁག་གི་སྒྲིག་གཞི་འཛུགས་སྐབས་གཏན་ལ་ཕབ་པའི་སྲིད་འཛིན་ས་ཁོངས་ནི་རང་རྒྱལ་གྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་དེ་བཞིན་དངོས་ཡོད་གནས་ཚུལ་ལ་གཞིཊ་ནས་གཏན་འཁེལ་བྱས་པ་ཞིག་རེད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་ནང“མི་རིགས་རང་སྐྱོང་ས་གནས་བཙུགས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་ཕྱིར་འཐེན་ནམ་ཡང་ན་ཟླ་འགྲིལ་གཏོང་མི་ཆོག་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་ས་ཁོངས་ས་མཚམས་གཏན་འཁེལ་བྱས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་འགྱུར་ལྡོག་གཏོང་མི་ཆོག་པ། དངོས་འབྲེལ་ཕྱིར་འཐེན་དང་ཟླ་འགྲིལ་གཏོང་བའམ་ཡང་ན་འགྱུར་བ་གཏོང་དགོས་ཚེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་གང་ལེགས་བས་ནས་གཏན་འཁེལ་བྱེད་པ་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ཆོག་མཆན་ཐོབ་རྒྱུའི་སྙན་སེང་ཞུ་དགོས”ཞེས་གཏན་འབེབས་བྱས་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ཁག་གི་དངོས་ཡོད་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་ངན་འཆང་བ་དང་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་འགྱུར་ལྡོག་གཏོང་བ་དང་མི་དམངས་རང་ཁྱིམ་རང་བདག་ཡིན་པའི་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་ཁས་མི་ལེན་པའི་རེ་ངན་འཆང་བའི་བྱ་སྤྱོད་གང་འདྲ་ཞིག་ཡིན་རུང་ཚང་མ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བ་ཞིག་རེད། གོང་གསལ་རྣམས་ཕྱོགས་བསྡུས་བྱས་ནས་ལོ་རྒྱུས་དང་ཡང་ན་དངོས་ཡོད་ཀྱི་ཐོག་ནས་བལྟས་ན“བོད་ཆེན་པོ”གཏན་ནས་ཆགས་མྱོང་མེད་པ་དང་དངོས་ཡོད་ཀྱི་གཞི་འཛིན་ས་གང་ཡང་མེད། “བོད་ཆེན་པོ”ཟེར་བ་ནི་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་འདོད་ཚུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེའི་ངོ་བོ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད། དེ་ཀྲུང་གོའི་དངོས་ཡོད་དང་འགལ་བ་དང་བོད་རིགས་མི་དམངས་ཚུད་པའི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འགལ་ཡོད། བོད་འདི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་ཁའི་ནང་གོམ་ཞེང་ཆེན་པོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སུས་ཀྱང་འགོག་མི་ཐུབ།“བོད་ཆེན་པོའམ”ཡང་ན“ཚད་མཐོའི་རང་སྐྱོང”ཟེར་བར་ཁ་གཡར་ཏེ“བོད་རང་བཙན”གྱི་ལྐོག་གཡོ་བཤམས་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཆིལ་མ་འདེབས་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པས་ནམ་ཡང་འགྲུབ་མི་ཐུབ། |
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་བཤུས། |
བོད་ནང་གི་བོད་རིག་པའི་མཁས་པ་ཡིན་ཟེར་མཁན་འགས་རྩོམ་ཡིག་འདི་འདྲ་ཞིག་བྲིས་ཏེ་དཔྱད་གཏམ་སྤེལ།
བཙན་བྱོལ་ནང་གི་རྩོམ་པ་པོ་ཞིག་གིས་རྩོམ་དེ་བཤུས་ནས་ཁ་བརྡའི་སྒང་ལ་བཀོད། ཅུང་ཙམ་སེམས་པ་མི་སྐྱིད་གི་ཡ།
གང་ལྟར། རྩོམ་འདིས་བོད་ཆེན་པོ་ཟེར་བར་གཞི་འཛིན་ས་གང་ཡང་མེད་ཟེར། འོན་ཀྱང་། ཡོད་པའི་སྣེ་ཞིག་རྩོམ་རང་གི་ཁོངས་ན་བསྟན་འདུག
དུས་རབས་དགུ་བར་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་ལོ་རྒྱུས་ཐོག་གཅིག་གྱུར་དང་ཆབ་སྲིད་ཐོག་ཕུང་པོ་གཅིག་གི་བོད་ཆེན་པོ་ཆགས་མྱོང་མེད་ཟེར།
ཚིག་གྲུབ་འདིའི་བསྟན་དོན་གཞན་ཞིག་ནི་དུས་རབས་དགུ་བའི་སྔོན་ལ་བོད་ཆེན་པོ་ཡིན་པ་བསྟན་འདུག་ག
རྒྱ་ནག་གཞུང་གིས་ཀྱང་ཁ་བྲལ་ལ་ངོ་རྒོལ་བྱས་ན་མེས་རྒྱལ་གཅིག་གྱུར་མི་ཡོང་བ་ཧ་གོ་དགོས་བའི་དུས་ལ་སླེབས་འདུག་ཡ།
འདི་ནི་རྒྱ་རིའི་གཏམ་བཤད་དག་གི་མགོ་ཁུངས་རྒྱ་ལ་གཏུགས་པའི་ཆེད་མིན་ལ། །
དྲ་གྲོགས་དག་གི་སེམས་པའི་ངོས་སུ་བསུབ་མེད་རྨ་ཁ་བཟོ་འདོད་དེ་བས་མིན། །
བྱུང་ནས་ཡལ་བའི་ལོ་རྒྱུས་ཤིག་གི་མ་བཅོས་བདེན་པའི་མཚར་སྡུག་བཞིན་རས་དེ། །
རིག་པའི་མེ་ལྕེ་ནམ་ཡང་འབར་མཚམས་མི་འཇོག་དངོས་ཡོད་ལོ་རྒྱུས་འཚོལ་བ་དག་ལ་ཡིན། །
བོད་ཞེན་ཅན་གྱི་བྲིས་པའི་ལོ་རྒྱུས་དེ་བོད་མི་དགའ་སྤྱད་དང་། རྒྱ་ཞེན་ཅན་གྱི་བྲིས་པའི་ལོ་རྒྱུས་དེ་རྒྱ་མི་དགའ་སྤྱད་ཅིག་ཡིན་པ་བཤད་མ་དགོས་པ་རེད། རྒྱ་བོད་གཉིས་ཀྱི་རྩོད་གཞིའང་འདི་རེད། རྩོད་གཞི་འདི་སུས་ཐོབ་སོང་ན་དེ་རྒྱལ་སོང་བ་རེད། རྩོད་གཞི་འདིའི་ཐོག་ནས་དམ་བཅའ་སུས་ཤོར་སོང་ན་དེ་ཕམ་སོང་བ་རེད། འདི་ཀླུ་སྨྱོན་ལྟ་བུ་ཕྱི་བོད་ནང་རྒྱ་ལ་དགའ་སྤྱད་ཅིག་ལས། བོད་སེམས་ཅན་ཞིག་ལ་མཚོན་འདི་ཚོ་མ་གོ་བ་དང་གསར་བ་གང་ཡང་མ་རེད། སྐད་ཆ་འདི་རྩོད་ཀྱི་ཡོད་པ་རེད། འདི་ནི་འཁྱོག་བཤད་ཀྱི་ཚིག་སྐམ་ཙམ་རེད། དེ་ནི་ཉེས་མེད་ཀྱི་བོད་མི་འབུམ་ཕྲག་མང་པོར་ཁ་བྲལ་དང་ངོ་ལོག་པ། དྲག་སྤྱོད་སོགས་ཀྱི་ནག་ཉེས་བཙན་འགེལ་བྱས་ཏེ་དམར་གསོད་གཏང་ལས་ཚབས་ཆེ་བ་ཞིག་མ་རེད། འདི་ཙམ་ཉན་མི་བཟོད་པ་དང་ཀློག་མི་བཟོད་པ་མི་སྲིད། ཀླུ་སྨྱོན་ལྟད་མོ་ལྟོས་ཨ། ནམ་ཞིག་ཁྱེད་ཀྱི་སྤུན་ཟླ་རྣམས་རྒྱ་དམག་གི་མེ་མདའི་རྩེ་མི་རིགས་ཀྱི་ཆེད་དུ་རང་སྲོག་གཏོང་དུས་ཁྱེད་རྒྱ་དཔོན་ཚོ་དང་མཉམ་དུ་རྐུབ་སྟེགས་ཐོག་ལྟད་མོ་ལྟོས་ཨ། ཁྱེད་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཐག་ཆོད་རེད། ཕXXXXX
ཀླུ་སྨྱོན་ཁྱེད་སྒུག་ཨ། ཕ་རོ་ཟ་རྒྱུ་ཁྱོད། མ་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་མཁན་ཁྱོད་ཀྱིས་ཤེས་ན་བོད་རྒྱ་གཉིས་ཀྱི་རྩོད་གཞི་འདི་རེད། རྩོད་གཞི་འདིའི་ཐོག་ནས་རྒྱ་ནག་ལ་བདེན་སྤྲད་ཚར་ན། ཁྱེད་ཀྱི་ཏྰ་ལེ་ཁ་བྲལ་རང་ལུགས། ལུག་པགས་གྱོན་པའི་སྤྱང་ཀི་ཟེར་ནས༧རྒྱལ་བའི་དབང་པོ་མཆོག་ལ་མཚན་སྨད་བྱེད་དོན་འདི་རེད། འདི་བདེན་པ་རེད་ཟེར་ན་ཁྱེད་ཀྱིས་གོང་ས་མཆོག་ལ་ཡིད་ཆེས་དང་དད་ཁུལ་བྱས་ནས་བོད་པའི་ནང་བསྡད་ནས་ཕ་རོ་ག་རེ་ཟ་ཡ་ཡིན་ནམ། པེ་ཅིན་ལ་སོང་ནས་རྒྱ་དམར་དང་དཔུང་སྡོངས་ནས་ང་ཚོར་འཐབ་ཆོག་གི་རེད།
ད་ལྟ་གཞི་ནས་རྒྱ་རྒན་ཚང་གིས་སོག་པོའི་རྒྱལ་པོའི་ཁོངས་གཏོགས་ཟེར་བའི་ཚིག་ཅིག་ཁྱེར་ཡོང་གིན་འདུག སྔོན་མ་ཡིན་ན་ཡོན་རྒྱལ་རབས་ཟེར་བའི་ཚིག་ངན་མཐོང་མི་འདོད་པ་ཞིག་བེད་སྤྱོད་བྱེད་བཞིན་ཡོད། སོག་པོའི་རྒྱལ་པོའི་རྒྱལ་པོ་ཞེས་པའི་ཚིག་འདི་ནི་ང་ཚོར་དགོས་པའི་གནད་འགག་ཅིག་རེད། གལ་སྲིད་སོག་པོའི་རྒྱལ་པོའི་ཁོངས་སུ་གཏོགས་པར་གྱུར་པ་ཞིག་ཡིན་ན། དེ་དུས་ཀྱི་སོག་པོའི་རྒྱལ་པོའི་རྒྱལ་ཁབ་དེ་ནི་ད་ལྟའི་ཕྱི་སོག་འདི་མ་གཏོགས་མེད་པས། རྒྱ་ནག་གིས་བོད་ལ་བདག་དབང་ཡོད་ཟེར་བའི་ཚིག་འདི་རྒྱ་ནག་རང་ཉིད་ཀྱི་ནུས་མེད་དུ་བཟོས་པ་རེད། འདི་ནི་ལོ་རྒྱུས་ངོ་མ་དེ་རྒྱ་བོད་སུས་ཀྱང་བཟོ་བཅོས་རྒྱག་མ་ཐུབ་པར་ཆོས་ཉིད་ཀྱིས་ཕྱིར་མངོན་པ་ཞིག་རེད། ངས་རྟག་པར་རྒྱ་རྒན་ཚོར་ཁྱོད་ཚོས་ཡོན་རྒྱལ་རབས་ཞེས་བཏགས་པའི་རྒྱལ་ཁབ་དེ་ནི་སོག་པོའི་ལོ་རྒྱུས་ཤིག་དང་གཟི་བརྗིད་རེད་མ་གཏོགས་རྒྱ་རྒན་ཚོ་དང་བོད་པ་ཚོ་གཉིས་ཀར་མཚོན་
ན་རང་དབང་སོག་པོར་ཤོར་བའི་ལོ་རྒྱུས་ནག་པོ་ཞིག་རེད་ཟེར་གིན་ཡོད།
བོད་རྒྱ་གཉིས་ཀྱི་རྩོད་གཞི་འདི་རེད་ལ། ཁྱེད་ཀྱིས་ལས་ཀ་ག་རེ་སྒྲུབ་ཀྱི་ཡོད་མེད་ཀྱང་རྒྱ་གཞུང་ལ་ཁྱེད་ཀྱིས་ལས་སྡོམ་སྤྲོད་ཀྱི་ཡོད་ཤག་རེད། ངས་འདྲི་ཆོག། ཁྱེད་ཀྱི་སྤུན་ཉེ་དེ་ཚོས་བོད་ནང་ཐོབ་ཐང་དང་ལས་གནས་སོགས་ག་རེ་བཟུང་འདུག་ལྟ་ཆོག ཁྱེད་ཀྱིས་རྩོམ་འབྲི་ཁུལ་བྱས་ནས་རྒྱ་ནག་ལ་དགའ་སྤྱད་ཁོ་ན་ལས་བཞིན་གསལ་བོ་རེད། བོད་ཤི་བའི་ཉི་མར་ཁྱེད་རྒྱལ་བ་རེད། དེ་བར་ཁྱེད་དགའ་རྒྱུ་སྔ་མ་དྲགས། “མཚར་སྡུག་བཞིན་རས་དེ” ཟེར་ནས་དགའ་བསུ་ཞུ་ཁུལ་གྱང་བླ་རྒན་འུ་ཐུག་ཁྱོད་སྙིང་རྗེ།
དམ་པའི་ཆོས་ལ་སྦྱང་ནས་ལོག་ལྟའི་མུན་པ་མཐུག་ཏུ་སོང་།།
རིགས་རྒྱུད་བོད་ནས་ཆད་ཀྱང་རྒྱ་ཞེན་ཟབ་མོ་གཏན་དུ་སོང་།།
མི་ཚེ་དགོན་པར་བསྐྱལ་གྱང་དགོན་པའི་སྒྲིག་ཁྲིམས་རྡོག་བརྫིས་བཏང་།།
སྤྱང་པགས་རློན་པ་གྱོན་པའི་བླ་རྒན་ཁོག་པ་ངན་དགུས་འཚོས།།
ཡིན་ན་ཡང་གོང་གི་རྩོམ་ཡིག་དེ་འབྲི་མཁན་བོད་པ་ཡིན་དང་རྒྱ་མི་ཡིན་གསལ་འདོན་བྱས་མི་འདུག ནམ་རྒྱུན་བོད་ལྗོངས་ཆ་འཕྲིན་འདིས་བོད་དོན་སྐོར་གྱི་རྩོམ་ཡིག་མང་ཆེ་བའི་རྩོམ་པ་པོའི་མིང་གསལ་འདོན་མི་བྱེད་པའི་དམིགས་ཡུལ་གང་ཡིན་མི་ཤེས།
མིང་རེ་ཟུང་ཡོད་པ་དག་ཀྱང་ལྗང་གཞོན་ཟླ་གཞོན་རྡེའུ་དཀར་ནག་ལྟ་བུ་མ་གཏོགས་མི་འདུག
“རང་རྒྱལ་གྱི་སོག་རིགས་སྟོབས་ཤུགས་བྱང་ཕྱོགས་ཀྱི་ཏ་མུའོ་ལྷོ་བྱང་གི་རྒྱ་ཆེའི་ས་ཁུལ་དུ་ཆགས་འགོ་ཚུགས་ཡོད། ”
ཡིན་ན་ཡང་ཧམ་པ་ཆེ་བ་ལ། དེ་དུས་ཀྱི་སོག་པོ་དེ་རྒྱ་ཁོངས་སུ་ཚུད་པའི་ལོ་རྒྱུས་ཤིག་རྒྱ་སོག་སུ་ལ་ཡང་མེད་བཞིན་དུ་”རང་རྒྱལ་གྱི་སོག་རིགས་”ཟེར་ནས་གོང་འོག་མི་མཚུངས་པའི་འཁྱོག་བཤད་ཅིག་འཛེམ་མེད་དུ་བྲིས་འདུག
“བྱུང་ནས་ཡལ་བའི་ལོ་རྒྱུས་ཤིག་གི་མ་བཅོས་བདེན་པའི་མཚར་སྡུག་བཞིན་རས་དེ། །” འདི་འདྲ་འབྲི་ཁུལ་བྱས་ན་རྒྱ་ནག་གི་སྐད་ཆར་ཆེ་བསྟོད་དང་བདེན་ཁ་སྤྲོད་ཀྱི་འདུག ཁྱོད་ཅི་འདྲའི་མི་ལས་ངན་ཞིག་རེད་ཨང་། བོད་བསོད་ཟད་ཚང་ལ་ཁྱེད་འདྲ་བོ་རྒྱུད་འཛིན་ཞིག་སྐྱེས་འདུག་པས་དགའ་བ་ལ།
“སོག་པོའི་རྒྱལ་པོའི་ཁོངས་གཏོགས་”ཞེས་པའི་ཚིག་འདི་ནི་ལོ་རྒྱུས་ཤིག་གི་བདེན་པའི་བཞིན་རས་ངོ་མ་དེ་རེད། དེ་དུས་ཀྱི་ཇིང་གིར་གནམ་གྱི་རྒྱལ་པོའི་མངའ་འོག་ཏུ་རྒྱ་བོད་གཉིས་ཀྱིས་གཙོས་པའི་བྱང་ཤར་ཨེ་ཤི་ཡའི་གླིང་ཆེན་གྱི་ས་ཆ་མང་ཆེ་བ་དང་། ཡོ་རོབ་ཤར་ཕྱོགས་ཀྱི་ས་ཆ་གང་འཚམ་ཞིག་ཚུད་པ་ནི་འཛམ་གླིང་གི་ལོ་རྒྱུས་པ་མང་པོ་ཞིག་མགྲིན་དབྱངས་གཅིག་གྱུར་ལྟ་བུ་རེད། ཡིན་ན་ཡང་སོག་པོ་ནི་སོག་པོ་རེད། རྒྱ་ནག་ནི་རྒྱ་ནག་རེད། བོད་དེ་བཞིན་བོད་རེད། སྐབས་རེར་ས་ཆ་ཟ་རེས་བྱས། སྐབས་རེར་རང་མགོ་བཏུམས་རེས་བྱས།
“མ་བཅོས་བདེན་པའི་མཚར་སྡུག་”ག་རེ་ལ་ཟེར་གྱི་ཡོད་དམ། རྒྱ་ནག་གི་བཤད་པ་བདེན་ན་ག་རེ་བྱས་ནས་མིང་ཡང་འབྲི་མི་ཕོད་པར་སྦེད་པ་རེད་དམ། གཅིག་བྱས་ན་ཁ་སྔོན་ཁྱེད་ཀྱིས་འབྲི་བཞིན་པ་དེ་ཚགས་ནས་པར་བསྐུར་བ་མ་རེད་དམ། འདི་འབྲི་མཁན་བོད་ནང་ན་འདུག་གམ། བོད་ཕྱི་ན་འདུག ཡང་ན་ཨ་རི་འདུག་རྩད་གཅོད་དགོས་པ་ཞིག་རེད། འདི་དོགས་གཞི་ཆེན་པོ་འདུག རྩོམ་ཡིག་འདིའི་ནང་དོན་ཚང་མ་ཁ་སྔོན་ནས་ཁ་བརྡའི་ཐོག་ལ་ཐར་རེ་ཐོར་རེ་དང་གསལ་མི་གསལ་བཀྲམས་ཚར་སོང་། ལས་འགུལ་འདིའི་ཕུགས་ན་ངོ་མ་སུ་སྦེད་འདུག་གམ།
“སོག་པོའི་རྒྱལ་པོའི་ཁོངས་གཏོགས”་ཡིན་མིན་དེ་ནི་ས་པཎ་གྱི་ཡི་གེ་རིང་པོ་དེ་ཉིད་ཀྱིས་ཚུར་ཁ་གྲགས་ཡོང་གི་རེད་ལ། སྟོབས་ཆེན་སོག་པོའི་རྒྱལ་རབས་དེ་རྒྱ་ནག་གི་རྒྱལ་རབས་ཤིག་ཡིན་མིན་ནི་ད་ལྟའི་ཕྱི་སོག་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་དག་ཏུ་ཡོད་པའི་སོག་པོའི་གནའ་སྔ་མོའི་ལོ་རྒྱུས་ཡིག་ཚང་གིས་ཁ་གྲག་གི་རེད
གོང་གི་རྩོམ་དེའི་ཡོང་ཁུངས།
http://tb.tibet.cn/news/xz_news/cxw/200812/t20081216_443479.htm
གཞི་འཛིན་ས་ཡོད་མེད་དེ་ལོ་རྒྱུས་ཤེས་མཁན་ཚོས་བཤད་རྒྱུ་ཞིག་རེད། ལོ་རྒྱུས་ཀྱི་གནད་དོན་འདི་དག་གི་ཐོག་ལ་ཀླུ་སྨྱོན་ཁྱོད་རང་ཉིད་ལ་ཞིབ་འཇུག་གི་འབྲས་བུ་རེ་བཤད་རྒྱུ་ཡོད་ན་མ་གཏོགས། རྒྱ་ནག་གི་ལོ་རྒྱུས་བཤད་སྟངས་འདི་འདྲ་དང་དེ་འདྲ་རེད་ཅེས་དྲིལ་བསྒྲགས་བྱེད་མི་དགོས་པར་ཁ་བརྡའི་ཐོག་གི་མི་ཕལ་ཆེ་བ་ཞིག་གིས་དེ་དག་གོ་མྱོང་ཡོད་རྒྱུ་རེད། དེ་མིན་ཁྱོད་ཀྱི་ལོ་རྒྱུས་ཀྱི་རྩོད་པ་དེ་དག་ནི་ཁ་བརྡའི་ཐོག་གི་མི་ཚོའི་བཟོད་སྒོམ་དང་བསམ་ཚུལ་ལ་ཉམས་ཚོད་ལེན་པ་ལྟ་བུ་ཞིག་ཏུ་མཐོང་། ཁ་སྔོན་ཁྱོད་ཀྱིས་ཨ་མདོ་བོད་རང་བཙན་མ་རེད་ཅེས་ཐེངས་གཅིག་མིན་པར་ཐེངས་གཉིས་ལ་བཤད་སོང་། ད་ཡང་བོད་ཆེན་པོར་གཞི་འཛིན་ས་མེད་ཟེར་བའི་རྒྱ་ཕྱོགས་ཀྱི་སྐད་ཆ་ཞིག་འཁྱེར་ཡོང་བ་འདིར། གཅིག་ཐང་ན་མཐའ་མཚམས་ཀྱི་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་མགོན་པོ་ཕྱག་གཉིས་དང་། སྤོབས་པ་མཐའ་ཡས་སོགས་ཀྱིས་དཔེ་ཆ་འགའ་རེ་ནས་ལུང་དྲངས་ཏེ་མཆན་བཅུ་ཕྲག་ཅིག་བརྒྱག་སྲིད། དེ་མིན་མི་གཞན་གྱིས་མཆན་ཇི་འདེབས་ལ་ལྟད་མོ་བལྟ་ཆོག་ལ། ལྷག་པར་དུ་ཀླུ་སྨྱོན་ཁྱོད་ལ་འདིའི་ཐོག་ཏུ་བཤད་རྒྱུ་ཞིག་མེད་ན་རྩོམ་ཡིག་འདིར་བདག་བརྒྱབ་ནས་འདིར་འཁྱེར་ཡོང་དོན་མེད་པས་ད་རེས་ཁྱོད་ལ་ལྟད་མོ་རྒྱང་ནས་བལྟ་རྒྱུ་ཡིན།
མང་པོ་མང་པོ་ལབས་དགོས་པ་མི་འདུག བོད་ས་གནས་སྲིད་གཞུང་ཟེར་བ་དང་ཀྲུང་དབྱང་སྲིད་གཞུང་ཟེར་བའི་མིང་་ཚིག་འདི་ནམ་བྱུང་བ་རེད། དེས་ལོ་རྒྱུས་མང་པོ་ཞིག་གསལ་བོ་བཟོས་འདུག བོད་ཀྱི་ས་མཚམས་སྐོར་ཟླ་བ་ཚེ་རིང་གིས་བྲིས་བ་ཞིག་བོད་གཞུང་གི་དྲ་གནས་སུ་བོད་ཡིག་ཐོག་བཀོད་ཡོད་སྙམ། ཡིག་གཟགས་མི་འདྲ་བས་འདི་ནས་བལྟ་་ཐུབ་གི་མི་འདུག བལྟ་ཐུབ་མཁན་འདྲ་ཡོད་ན་འདིར་འགོད་རོགས་ཞུ།
ཀླུ་སྨྱོན་རྒྱ་ནག་གིས་དང་པོ་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་དུ་རྒྱ་བཟའ་ཀོང་ཇོ་སྲུང་བཙན་སྒོམ་པོའི་ན་མར་སོང་བ་ནས་བཟུང་དུས་རབས་བདུན་པ་ཙམ་ནས་བོད་རྒྱ་ཁོངས་རེད་ཟེར་ནས་སྐད་བརྒྱབ་པ་རེད། དེ་ལ་རྩོད་པ་བརྒྱབ་བརྒྱབ་ནས་བོད་པར་ཐོབ་པ་རེད། དེ་ནས་རྒྱ་ནག་དུས་རབས་ལྔ་དྲུག་ཅིག་འོག་ལ་མར་བབ་ནས་སོག་པོས་བོད་དང་རྒྱ་ནག་དབང་བསྒྱུར་བྱས་པའི་སྐབས་ཀྱི་དུས་རབས་བཅུ་གསུམ་པ་ནས་བོད་རྒྱ་ཁོངས་ཡིན་ལུགས་ཤུགས་ཆེན་པོ་བཤད་པ་རེད། དེའང་བོད་པས་རྩོད་པ་བརྒྱབ་ནས་མཐར་གཏུགས་པ་དང་རྒྱ་ནག་གིས་རྒྱུ་མཚན་དེའི་ཐོག་ནས་དམ་བཅའ་སྲ་ཐག་ཐག་འཛིན་མ་ཐུབ་པ་རེད། དེ་ནས་སླར་ཡང་རྒྱ་གི་ལག་པ་འཆང་ས་དུས་རབས་ཁ་ཤས་མར་བབ་ནས་དུས་རབས་བཅུ་བདུན་པ་ནས་བོད་རྒྱ་ཁོངས་ཡིན་ལུགས་སྒྲུབ་ཨེ་ཐུབ་ལྟ་གི་ཡོད་པ་རེད། དམ་བཅའ་དེ་ཡང་བརྟན་པོ་མེད་པ་ཚོར་བ་དང་། སླར་ཡང་ཀུང་ཁྲན་ཏང་གིས་དུས་རབས་༢༠ འཔའི་དུས་དཀྱིལ་ནས་བོད་བཅིངས་བཏང་བ་རེད་སོགས་འཁྱོག་བཤད་མང་པོ་བརྒྱག་ཁུལ་བྱེད་ཀྱི་ཡོད་པ་རེད། ཁྱེད་འདྲ་བོ་བསླུ་སྤྱད་ལ།
དེང་སེང་རྒྱ་ནག་གིས་རྒྱ་བཟའ་གོང་ཇོ་བོད་ལ་སོང་ནས་བོད་རྒྱ་ཁོངས་ཡིན་པ་བཤད་ཀྱི་འདུག་གམ། སྔོན་ལ་བཤད་པ་རེད། འོན་ཀྱང་ཕམ་ནས་སྐད་ཆ་དེ་རྦད་་དེ་མཚམས་བཞག་པ་འདྲ་བོ་ཆགས་འདུག དུས་བཅུ་གསུམ་ནས་བོད་རྒྱ་ཁོངས་ཡིན་ལུགས་ཀྱི་རྒྱུ་མཚན་དེས་རྒྱ་ནག་ཁོ་ཚོ་ཡང་འདོད་པ་ཁེངས་པའི་རྒྱུ་མཚན་ཞིག་ཆགས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་རྒྱལ་ཁབ་གསུམ་པ་ཞིག་གིས་ལོ་སྤྱད་ནས་སྒྲུབ་དགོས་ཀྱི་ཡོད་སྟབས་དམ་བཅའ་དེའང་ཕམ་པ་འདྲ་བོ་ཆགས་པ་རེད།
ཀླུ་སྨྱོན་གྱིས་བཤད་ནོ་འགྲིག་གི བོད་ནང་ཁུལ་ལ་ངན་བཤད་པ་ལས་དགྲ་ཕྱོགས་ལ་ངན་རེ་བཤད་ཐུབ་ན་བཟང་གི
འདི་ལྟར་རྒྱ་ནག་དུས་རབས་མང་པོའི་འོག་ལ་མར་ཕབ་ཡོད་པ་རེད། སྔོན་མ་རྒྱ་བཟའ་བོད་ལ་སོང་བའི་དུས་རབས་བདུན་པ་བརྒྱད་པ་ནས་བོད་ཁོངས་རེད་ཟེར་ནས་ཧམ་བཤད་དེ་ཕམ་ནས་དུས་རབས་མང་པོའི་འོག་བར་ཕབ་ཡོད་པ་རེད་གོ་སོང་ངམ། ད་དུང་རྩོད་བཞིན་པ་རེད། འོན་ཀྱང་ཁྱེད་འདྲ་བོ་བོད་པ་ཡིན་ཟེར་མཁན་ཁ་ཤས་ཀྱི་ཞབས་འདྲེན་ཞུ་ཡོད་པ་རེད། གོང་རྩོམ་ཆད་དེའང་ཁྱེད་འདྲ་བོ་བོད་ཤ་ཟ་བཙོང་མཁན་ཞིག་བྲིས་པ་དང་གནོང་གིས་མིང་ཡང་སྦེད་མི་འདུག་གམ།
ཁ་སྔོན་ཕྱི་ཚེས་༧ཉིན་འདི་ག་ས་གནས་སུ་བོད་རྒྱའི་ཞི་མོལ་དངོས་གཞི་དེ་མགོ་བཙུགས་པ་རེད་ལ། རྒྱ་མི་བཅུ་དང་བོད་པ་བཅུ། ཨ་རི་བ་བཅུ་འདུག་ཟེར། རྒྱ་མི་གཉིས་གསུམ་ཞིག་གིས་ཐོག་མར་ཏྰ་ལའི་བླ་མ་གདོན་འདྲེ་རེད་ཟེར་ནས་ངར་གིན་འདུག་ཟེར་ལ། བོད་པ་ཚོས་རང་རང་གི་ལོ་རྒྱུས་བརྗོད་པའི་མཐའ་མར་རྒྱ་མི་དེ་དག་ཅུང་ཟད་ལྷོད་དུ་བབས་ནས། ཁོ་ཚོའི་མི་ཚེའི་ནང་ལ་བོད་པ་ཞིག་ལ་ཐུག་པ་ཐེངས་དང་པོ་ཡིན་ལ་བོད་པ་ཞིག་གིས་བོད་པའི་ལོ་རྒྱུས་བཤད་པ་གོ་བ་ཡང་ཐེངས་དང་པོ་ཡིན། འདི་ལ་ངོ་མ་བསམ་བློ་གཏོང་རྒྱུ་འདུག་བརྗོད་སོང་ཟེར། བོད་པ་རེ་ཟུང་གིས་བོད་པའི་སྡུག་བསྔལ་བཤད་ཀྱིན་བཤད་ཀྱིན་གོང་ས་མཆོག་གི་དགོངས་བཞེད་ངོ་སྤྲོད་བྱེད་བཞིན་བྱེད་བཞིན་རང་དབང་མེད་པར་ངུས་སོང་བས། རྒྱ་རྒན་ཚོ་རེ་ཞིག་ཧོན་འཐོར་སོང་ཡང་ཟེར་གི་འདུག རྒྱ་རྒན་ཁ་ཤས་ཀྱིས་བོད་པར་འགྲོ་བ་མིའི་ཐོབ་ཐང་འདྲ་མཚུངས་སུ་སྤྲོད་དགོས་པ་དེ་ངོ་མ་གལ་ཆེན་པོར་མཐོང་སོང་ཟེར་རབས་ཀྱང་འདུག
འདི་འདྲའི་ཚོར་སྣང་ངེད་ལ་ཡང་དངོས་སུ་བྱུང་མྱོང་། ན་ནིང་བོད་ནང་གི་ཞི་བའི་གྱེན་ལངས་ཆེན་མོ་དེ་བྱུང་བའི་རྗེས་སུ། ངེད་ཀྱིས་འདི་ཕྱོགས་སུ་རང་གི་མཐོ་སློབ་ཏུ་རྒྱ་ནག་སྐམ་སའི་སློབ་ཕྲུག་ཚོ་དང་མཉམ་དུ་བོད་རྒྱའི་གནད་དོན་སྐོར་ལ་བགྲོ་གླེང་བྱས། བགྲོ་གླེང་མ་བྱས་སྔོན་གྱི་ཁོང་ཚོས་བོད་དོན་ལ་ལྟ་ཚུལ་དང་རྗེས་ཀྱི་ལྟ་ཚུལ་ལ་ཁྱད་པར་ཆེན་པོ་ཡོང་གི་ཡོད་པ་ཁོང་ཚོའི་རྣམ་འགྱུར་རང་ནས་གསལ་བོ་ཆགས་ཡོང་གི་འདུག གང་ལྟར། རྒྱ་བོད་མི་རིགས་ཕན་ཚུན་གྱི་དབར་ལ་གོ་སྐབས་ཡོད་དུས་སྐད་ཆ་མང་པོ་བཤད་རྒྱུ་གལ་ཆེན་པོ་རེད་འདུག་ཡ། ཟ་རྒྱུ་འཐུང་རྒྱུ་འདྲ་བཤད་ནས་མ་བསྡད་པར་མི་རིགས་ཀྱི་གནད་དོན་དང་འཚོ་སྡོད་ཀྱི་གནད་དོན་བཤད་རྒྱུ་གལ་ཆེན་པོ་ཡིན།
རྒྱ་མི་རིགས་ལ་ཡང་ཁྱད་པར་ཏོག་ཙམ་ཞིག་འདུག རྒྱ་ཕོ་ཚོ་ཅུང་མཁྲེགས་པོ་འདུག་ལ་རྒྱ་མོ་ཚོ་དེ་ཙམ་མི་འདུག
ཡིན་ནའང་བོད་ཕོ་ཁྱོད་འདྲ་ལ་དགྲ་མོའི་མཁྲེགས་ལུགས་ཀྱང་མེད་པ་གང་གིས་ལན་སོང་བ་ཡིན་ནམ།
དེ་ད་ང་མ་ནིང་ཡིན་པས་ཡིན་ས་རེད་ཀོ
རྩོམ་འདི་ད་སོ་མ་ཀློག་པ་ཡིན། རྩ་བའི་རྒྱ་ནག་གཞུང་གི་ནམ་རྒྱུན་གྱི་བོད་དོན་སྐོར་གྱི་གཏམ་བརྗོད་དག་དང་མཐུན་པར་བྲིས་འདུག་ཀྱང་འབྲི་སྟངས་ཀྱི་ཐད་ཅུང་མ་འདྲ་བ་ཞིག་འདུག འདིས་རྒྱ་གཞུང་གི་བོད་དོན་སྐོར་གྱི་ལངས་ཕྱོགས་དེ་སྐྱར་བརྗོད་བྱེད་ཞོར་དུ་དོན་དག་འགའ་ཤས་ཤིག་བོད་ཀྱི་སྤྱི་ཚོགས་ཁྲོད་གསལ་པོ་བཟོས་འདུག
གཅིག “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མི་སྒེར་གྱི་འཐུས་མིས་ཀྲུང་དབྱང་ལ་ཕུལ་བའི“དྲན་ཐོའི”ནང“ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་གནང་བའི་བོད་རིགས་ས་ཁུལ་ཚང་མ་གཅིག་གྱུར་གྱི་རང་སྐྱོང་དོ་དམ་ཁྱབ་ཁོངས་ནང་བཅུག་དགོས་ཀྱི་ཡོད། ད་ལྟའི་སྲིད་འཛིན་ས་ཁོངས་དབྱེ་བའི་ཐད་བོད་མི་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་དང་ཞིང་ཆེན་མང་པོར་ཁ་ཐོར་བཏང་བར་བརྟེན་བོད་མི་རྣམས་ཁ་ཐོར་དུ་འགྱུར་བ་དང་ས་ཁུལ་ཁག་གི་འཕེལ་རྒྱས་དོ་མཉམ་མེད་པ་དང་ཆབས་ཅིག་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་དང་ནང་པའི་སྲོལ་རྒྱུན་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆུང་དུ་ཚབས་ཆེན་སོང་ཡོད” ” ཅེས་རྒྱ་མི་ཞིག་ཡིན་ན་ཡང་ངེས་པར་རྒྱབ་སྐྱོར་བྱེད་ངེས་པའི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ངོ་མ་དེ་སྤྱི་ཚོགས་ཐོག་གསལ་སྟོན་བྱས་འདུག
གཉིས། གོང་གསལ་གྱི་ ་་དྲན་ཐོ་་ དེའི་དོན་དག་རྣམས་ཁྲིམས་མཐུན་ཡིན་པ་ཡང་རྩོམ་རང་གི་ནང་ནས་གསལ་པོ་བཟོས་འདུག དེ་ཡང་། “མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་ནང“མི་རིགས་རང་སྐྱོང་ས་གནས་བཙུགས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་ཕྱིར་འཐེན་ནམ་ཡང་ན་ཟླ་འགྲིལ་གཏོང་མི་ཆོག་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་ས་ཁོངས་ས་མཚམས་གཏན་འཁེལ་བྱས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་འགྱུར་ལྡོག་གཏོང་མི་ཆོག་པ། དངོས་འབྲེལ་ཕྱིར་འཐེན་དང་ཟླ་འགྲིལ་གཏོང་བའམ་ཡང་ན་འགྱུར་བ་གཏོང་དགོས་ཚེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་གང་ལེགས་བས་ནས་གཏན་འཁེལ་བྱེད་པ་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ཆོག་མཆན་ཐོབ་རྒྱུའི་སྙན་སེང་ཞུ་དགོས”” ཞེས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གོ་རིམ་ལྟར་ཆོག་མཆན་ཐོབ་ན་ཟླ་སྒྲིལ་གཏོང་བའི་ལམ་ཁ་ཡོད་པ་དེ་ཡང་གསལ་པོར་བྲིས་འདུག
རྒྱ་ནག་གི་སྤྱི་ཚོགས་ནང་ཆེས་གནད་འགག་ཅན་གྱི་དོན་དག་གཉིས་གསལ་པོ་བཟོས་འདུག འདི་གཅིག་བྱས་ན་རྒྱ་གཞུང་གིས་བོད་མི་ཞིག་གི་མགོར་ལན་འདེབས་རྒྱུར་བཀལ་བའི་ཁྲལ་དེ་རྣམ་དཔྱོད་དང་ལྡན་པའི་ངང་འགན་ཁྱེར་འདུག ལོ་རྒྱུས་ཀྱི་སྐོར་དང་གཞན་གྱི་སྐད་ཆ་དེ་ཚོ་ཁོས་དེ་ལྟར་མ་བརྗོད་རང་བརྗོད་ཡིན་རྒྱུ་རེད།
ལན་རེར་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དང་དུས་དེབ་དེ་ཚོས་རྒྱ་མི་དང་བོད་པ་རྒྱ་ནག་ཏུ་ཡོད་པ་ཚོར་ཕྱི་བོད་སྲིད་གཞུང་དང་དེའི་གཙོ་བདག་ཏྰ་ལའི་བླ་མའི་ངོས་ནས་བོད་དོན་གྱི་ལྟ་ཚུལ་ག་འདྲ་ཞིག་འཁྱེར་གི་ཡོད་པ་དང་། ཏྰ་ལའི་བླ་མས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་ཁབ་གང་ཞིག་གི་གཙོ་འཛིན་སུ་ཞིག་དང་མཇལ་འཕྲད་བྱེད་བཞིན་ཡོད་པ་སོགས་གཅིག་ག
གོང་འཕྲོས། གཅིག་གཉིས་གཉིས་ཀྱི་ལམ་ནས་བརྗོད་དེ་ལྡོག་ཕྱོགས་ཀྱི་ནུས་པ་སྟེ་བོད་མི་དང་རྒྱ་མི་བོད་དོན་རྒྱབ་སྐྱོར་བ་བང་ལིས་ཞུང་ལྟ་བུར་རང་རང་ལ་དགོས་པའི་དོན་དག་དེ་འཕྲོད་རོགས་བྱེད་བཞིན་འདུག ཁོ་བོ་བོད་ནང་ཡོད་དུས་ཤིག་ལ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཅེས་པའི་དུས་དེབ་དེའི་སྟེང་དུ་མིང་མི་དྲན་པའི་རྒྱ་མི་ཞིག་གིས་ཕྱི་རྒྱལ་ཁག་གིས་གོང་ས་ཏྰ་ལའི་བླ་མར་གཟེངས་རྟགས་ག་ཚོད་ཅིག་ཕུལ་བ་ལོ་ཟླ་ཚེས་དང་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་འདུག་པས། ཁོ་བོ་ལྟ་བུ་གོང་ས་མཆོག་ལ་ནོ་སྦེལ་མ་གཏོགས་གཟེངས་རྟགས་ཅི་ཙམ་ཞིག་ཕུལ་ཡོད་མེད་མི་ཤེས་པ་དག་ལ་མཚོན་ན་དུས་ཐོག་ཆར་བ་དང་དབྱར་དུས་ཀྱི་འབྲུག་སྒྲ་ལྟ་བུར་འགྱུར་གི་འདུག དེ་ཚོར་བསམས་ན་ངོ་མ་ད་ལྟ་ཡང་དགོད་བྲོ་བོ་འདུག སྐབས་རེར་རྒྱ་ནག་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱེད་སྟངས་དེས་རང་མགོར་ཆུ་འདྲེན་བྱེད་བཞིན་འདུག
སྤྱིར་བཏང་གནས་ཚུལ་འགོད་སྟངས་ཐད་ད་ལོའི་ས་ཡོམ་སྐབས་ཤིག་ནས་བཟུང་རྒྱ་ནག་ལ་འགྱུར་བ་ཕྱིན་འདུག བོད་མིའི་སྐུ་ཚབ་ཚོར་སྣེ་ལེན་བྱེད་སྟངས་ལ་ཡང་འགྱུར་བ་གང་འཚམས་ཕྱིན་འདུག
གཅིག་བྱས་ན་དཔལ་འབྱོར་ཉམས་རྒུད་དུ་གྱུར་བ་དང་བསྟུན་ནས་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་མང་པོ་ཡོང་རྒྱུ་ཡིན་པ་དང་རྐྱེན་དེ་དང་དེ་འདྲ་བ་གཞན་མང་པོ་ཞིག་ལ་བརྟེན་ནས་རྒྱ་གཞུང་དམངས་གཙོའི་ལམ་ལ་འགྲོ་རྒྱུར་འབུད་རྒྱག་ཆེ་ཙམ་ཡོང་མི་སྲིད་པ་མ་རེད།
ང་ཚོ་ཡང་གང་ཐུབ་ཐུབ་ཀྱིས་རྒྱ་ནག་ནང་གི་རྒྱ་བོད་དབྱིན་གསུམ་གྱི་དྲ་གནས་གང་རུང་ནང་འཛུལ་ནས་བོད་དོན་སྐོར་གླེང་རྒྱུ་དེ་གལ་ཆེན་པོར་མཐོང་། དེ་ཡང་གཤེ་གཤེ་གཏོང་བ་དང་བོད་རང་བཙན་ཡིན་ཟེར་བ་ཙམ་མིན་པར་གནས་ལུགས་དང་རྒྱུ་མཚན་ངོ་སྤྲད་ནས་སྤྱངས་བཤད་བྱས་ན་སུ་ཞིག་ཡིན་ཡང་ཉན་ཤེས་བྱེད་ངེས། ལྷག་པར་དུ་མི་རིགས་སྲིད་བྱུས་ཀྱི་སྐོར་མང་ཙམ་བཤད་ཐུབ་ན་ཏན་ཏན་ཕན་ཐོགས་ཡོད་པ་རེད་སྙམ།
http://www.tibet.net/tb/tibet/intro.html བོད་གཞུང་གི་དྲ་རྒྱ་འདིའི་ཐོག་ན་བོད་ཀྱི་ལངས་ཕྱོགས་དང་རྒྱ་ནག་གི་འཁྱོག་བཤད་ལ་དྲང་ལན་བཀོད་འདུག་པས། ག་དུས་ཡིན་ན་རྒྱ་ནག་གི་དྲིལ་སྒྲིག་ཁོ་ནར་འཐམ་མ་བསྡད་པར། མིག་གཅིག་མ་ཡིན་པར་ཚང་མར་ཁྱབ་ཐུབ་པ་བྱེད་དགོས། ཀླུ་སྨྱོན་གྱིས་བོད་གཞུང་ལ་མཐོང་ཆུང་བྱེད་ལངས་སོང་ཏེ། ཐ་ན་བོད་གཞུང་གི་དྲ་རྒྱ་ལ་ཐེངས་གཅིག་ཀྱང་ཀློག་གི་ཡོད་པའི་སྣང་བ་མི་སྟེར། ག་དུས་ཡིན་ཀྲུང་གོ་ཀྲུང་གོ་རྐྱང་ལས་བཤད་རྒྱུ་མི་འདུག
http://www.tibet.net/tb/tibet/intro.html དྲ་ཐག་འདི་ཐོག་བསྣུན་དང་བབ་ཆགས་པོ་དང་གནད་ཐིག་པོའི་བོད་ཕྱོགས་ཀྱི་ལན་འདེབས་སྟངས་དེ་མཐོང་གི་རེད། སྨྱོན་པ་ལ་ལའི་སྨྱོ་ནད་ལ་ཕན་སྲིད།
ང་མི་སྒེར་ལ་མ་འགྲིག་མ་འཐུས་ཀྱི་སྡུག་སྐྱག་ག་ཚོད་བཤད་ཀྱང་དགོད་ལས་མི་ཡོང། སྔོན་མ་དྲ་ཐོག་ནས་མི་ཞིག་གིས་ང་ཊ་ལིས་བྷན་དང་ཨལ་ཁེ་རྡ་ལ་དཔེ་བཞག་ནས་བཤད་ཀྱང་དེ་ཚོ་ཕྲུ་གུའི་བཤད་སྟངས་རེད། འོན་ཀྱང་བོད་མི་ཉམས་ཆུང་མང་པོ་བསད། མང་པོ་ད་དུང་བཙོན་དུང་ནང་འཇུག་མཁན་གྱི་རྒྱ་མི་བདེན་པ་རེད་འདྲ་བོ་བཤད་ན་དེ་ལས་ཡིད་སྡུག་མོ་མི་འདུག འོ་ན་རྒྱ་མིས་ད་ལོ་ཨ་མདོ་དང་ཁམས་ཁུལ་དུ་བསད་པ་དེ་ཚོ་ངོ་མ་ཁ་བྲལ་དང་དྲག་སྤྱོད་པ་རེད་དམ། ཨ་མདོ་རྒྱ་ཁོངས་ཡིན་པ་བདེན་ན་ཞི་རྒོལ་བྱེད་མཁན་གྱི་བོད་མི་དེ་ཚོ་ཁ་བྲལ་བ་དང་དྲག་སྤྱོད་པ་ཟེར་ནས་ཁྲིམས་དྲག་པོ་བཏང་བར་དགའ་བསུ་ཞུ་དགོས་པ་མ་རེད་དམ། ཀླུ་སྨྱོན་ཟེར་མི་འདི་ལ་ངོ་ནས་སྲང་བར་ནས་སྦྱངས་པའི་མཐོང་ཐོས་ཐར་ཐོར་ཅིག་ལས་མི་འདུག བླུན་པོ་ཆུ་སྣ་གར་ཁྲིད་རང་རེད་འདུག
ང་རང་ད་ལྟ་རང་འདིར་འཛུལ་དུས། ཡང་ཀླུ་སྨྱོན་ལ་ནད་རྙིང་ཕར་ནས་བོད་པ་ཚང་གི་ནང་ཁུལ་ལ་གཏོར་བཤིག་བྱེད་བསྐྱལ་གྱི་རྩོལ་ཆལ་ཞིག་བཤུས་འདུག དངོས་ནས་ཀླུ་སྨྱོན་ཟེར་བ་འདི་ནི་བོད་ཞེན་བོར་ནས་རྒྱ་ཞེན་ལ་བརྩེ་བ་ཆེ་ཆེར་འགྲོ་བཞིན་འདུག གཅིག་བྱས་ན་ཁོ་རང་གི་གཏམ་དེ་དག་གི་འཕག་ན་ཧ་ལས་པ་ཞིག་སྐོང་ཡོད་འདོག་ཁ་བོ་རེད་བསམ་མྱོང་ཡོད་ཀྱང་། ཕྱོགས་གཞན་ནས་ཁོ་རང་གི་བཤད་སྟངས་ལ་འགྱུར་བ་འགྲོ་རྒྱུ་མེད་པར་ཕྱོགས་སྣེ་འདྲ་མིན་ནས་བོད་པ་ཚང་གི་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་མི་ཡོང་བས་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་འཐེན་བཞིན་འདུག་པ་འདི་མཐོང་ནས་ཡོང་དུས། ཀླུ་སྨྱོན་འདིས་སྐད་ཆ་གང་ཞིག་བཤད་དེ་བོད་པ་ཚང་གི་ཕྱི་བསྡོད་པ་དག་གི་བར་དུ་དཀྲུགས་ཤིང་བཟོ་དགོས་པར་འདོད་ཀྱི་ཡོད་པ་འདྲ། དངོས་ནས་ཁོ་རང་གི་བོད་ལ་ཤ་ཚ་རྣམ་དག་བྱེད་ཀྱི་ཡོད་ན་རྒྱ་ནག་གི་དྲིལ་བསྒྲགས་དག་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་བ་ལས། བོད་པ་རང་གི་ལོ་རྒྱུས་ཁུངས་ལྡན་མི་ཤེས་ཀྱང་བོད་པ་ཚང་གི་ནང་ཁུལ་ལ་གཏོར་བཤིག་མ་བཏང་ན་ཡག་པོ་རེད། འོན་ཀྱང་། ཉེ་སྔོན་ཨ་མདོ་རྒྱ་ཁོངས་ཡིན་པར་ཨུ་ཚུགས་ཐེངས་མང་བརྒྱབ་དུས་སུ། མི་ཡང་མོ་ཁ་ཤས་ཤིག་ཚིགས་དེའི་རྗེས་སུ་འགྲེང་ནས་སྐད་ཆ་ཁ་ཤས་ཤིག་ཀྱང་བཤད་སོང་། དེའི་སྐབས་སུ་ཁོ་རང་བློ་ཡིད་ཚིམས་ཡོད་ངེས་རེད། ཀླུ་སྨྱོན་ཁྱེད་རང་གི་ཨ་མདོ་རྒྱ་ཁོངས་ཡིན་པར་ཁས་ལེན་འདོད་ཡོད་ན་ནི། ཁྱེད་རང་ཐོག་མར་བོད་དུ་སོང་དེ་རྒྱ་ནག་སྲིད་གཞུང་ལ་ང་ཨ་མདོ་ཡིན། ངེད་ཅག་རྒྱ་ཁོངས་རེད་ཅེས་ཡར་ཞུ་བྱོས་དང་། དེ་ནས་ག་རེ་ཟེར་ཡང་ང་ཚོས་ག་ལེར་བལྟས་ཆོག དེ་མིན་ཁྱེད་ཀྱི་བློ་ཡིད་ཚིམས་ཀྱི་མེད་བཞག་རེད། ཁྱེད་རང་བྲེལ་བ་ཆེ་བས་ཕེབས་ཐུབ་མེད་ཀྱང་། དེང་སང་གློག་འཕྲིན་གང་སར་སྟབས་བདེ་ཡིན་སྟབས། ཁྱེད་རང་གི་་ཡིག་ཐོག་ནས་སྙན་ཞུ་ཞིག་ཕུལ་ན་འགྲིག་གི་རེད། དེ་མིན་རྗེས་སུ་བོད་ལ་གནོད་པས་སྐད་ཆ་དེ་འདྲ་གང་ཡང་བོད་ཡིག་གི་དྲ་ཚིགས་གང་སར་མ་འབྲི་རོགས། སྐུ་མཁྱེན་སྤྲུལ་སྐུ་ཐུགས་རྗེ་ཅན་ལགས།
ཨོ་རེད། ཉིན་ཞིག་མི་རུང་བར་ཁྱེད་རང་གི་ཏ་ལའི་བླ་མ་ཡང་རྒྱ་ཁོངས་རེད་ཟེར་རྒྱུ་དྲན་ཡོང་། རྒྱུ་མཚན་ནི་ཁོང་ཉིད་ཨ་མདོ་ནས་ཡོང་བས་བོད་མི་དམངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཉམ་ཆུང་ཞིག་ཡིན་སྟབས། གོ་སྐབས་རེག་ན་ཁྱེད་ཀྱིས་རྩོམ་ཆལ་དེ་འདྲ་ཡང་འབྲི་རྒྱུ་དྲན་མི་སྲིད་པ་མ་རེད། ཐུགས་རྗེ་གཟིགས། བོད་པ་ཚང་གི་ནང་ལ་གཏོར་བཤིག་མ་གཏོང་རོགས། ཁྱེད་རང་ལ་སྙན་གྲགས་དགོས་ན་རེད། མཁས་མིང་དགོས་ན་རེད། ལོ་རྒྱུས་སྨྲ་བ་བོ་ཟེར་བས་མིང་དགོས་ན་རེད། རྩོམ་པ་པོ་དང་སྙན་ངག་པས་མིང་དགོས་ན་རེད། སྐུ་མཁྱེན་བོད་པ་ཚང་གི་ནང་དུ་གཏོར་བཤིག་མེད་པས་རྩོམ་ཡིག་རེ་འབྲི་རོགས་ཞུ།
“ལོ་བརྒྱ་ཕྲག་མང་པོའི་སྔོན་སོག་པོའི་སྟོབས་ཤུགས་རྒྱས་པའི་དུས་ཏེ། ཨེ་ཤི་ཡའི་ཡུལ་ཁག་མང་ཆེ་བ་དང་། ཤར་ཡོ་རོབ་ཀྱི་ས་ཁུལ་མང་པོ་ཞིག་སོག་པའི་མངའ་འོག་ཏུ་བཅུག་པ་དང་། ”
སྐུ་ཞབས་སྟག་སྨྱོན་མཆོག་གིས་ཐད་ཀར་འདྲེན་གནང་མཛད་པའི་བཙན་བྱོལ་བོད་གཞུང་གི་དྲ་བ་http://www.tibet.net/tb/tibet/intro.htmlལས་བཤུས།
“དུས་རབས་བཅུ་གསུམ་པའི་ལོ་འགོར་རང་རྒྱལ་གྱི་སོག་རིགས་སྟོབས་ཤུགས་བྱང་ཕྱོགས་ཀྱི་ཏ་མུའོ་ལྷོ་བྱང་གི་རྒྱ་ཆེའི་ས་ཁུལ་དུ་ཆགས་འགོ་ཚུགས་ཡོད། སོག་པོའི་ཚོ་དཔོན་ཇིང་གིར་རྒྱལ་པོས་ཚོ་ཁག་ཁག་གཅིག་གྱུར་བྱས་པ་རེད། ༡༢༤༦ལོར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་གྲུབ་མཐའ་ཁག་གི་ཚབ་ཞུས་ཏེ་ལེའང་ཀྲོའུ་རུ་སོག་པོའི་རྒྱལ་སྲས་གོ་དན་མཇལ་བར་སོང་སྟེ་བོད་འདི་སོག་པོའི་རྒྱལ་པོའི་ཁོངས་གཏོགས་ཁུལ་དུ་བརྩི་རྒྱུའི་ཆ་རྐྱེན་ཁག་ལ་གྲོས་གཏན་འཁེལ་བ་དང་འབྲེལ་ས་སྐྱ་བས་བོད་ཀྱི་ས་གནས་ཀྱི་ཆོས་སྲིད་ལས་དོན་ལ་དོ་དམ་བྱ་འགན་འཁུར་རྒྱུའི་གཏན་འཁེལ་གནང་བ་དང་བོད་ས་གནས་དེ་དངོས་སུ་ཀྲུང་དབྱང་གི་སྲིད་འཛིན་ཁོངས་གཏོགས་འོག་ཏུ་བཅུག་པས་བོད་ས་གནས་ཡུན་རིང་སིལ་པོར་གྱུར་བའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།”
གོང་གི་རྒྱ་རྩོམ་དེའི་ཚིག་དུམ་ལུང་འདྲེན།
དྲ་གྲོགས་རྣམ་པས་བཤད་སྟངས་འདི་གཉིས་ལ་ཁྱད་པར་ཅི་ཙམ་ཞིག་དཔྱད་རོགས།
“དེ་དུས་ཀྱི་ཇིང་གིར་གནམ་གྱི་རྒྱལ་པོའི་མངའ་འོག་ཏུ་རྒྱ་བོད་གཉིས་ཀྱིས་གཙོས་པའི་བྱང་ཤར་ཨེ་ཤི་ཡའི་གླིང་ཆེན་གྱི་ས་ཆ་མང་ཆེ་བ་དང་། ཡོ་རོབ་ཤར་ཕྱོགས་ཀྱི་ས་ཆ་གང་འཚམ་ཞིག་ཚུད་པ་ནི་འཛམ་གླིང་གི་ལོ་རྒྱུས་པ་མང་པོ་ཞིག་མགྲིན་དབྱངས་གཅིག་གྱུར་ལྟ་བུ་རེད།”
ངའི་མཆན་ཨང་༡༡ཡང་འདི་ཙམ་ཞིག་གོ།
མཆན་༣༤བའི་ཆད་གསབ།
ཅི་ཙམ་ཞིག་དཔྱད་རོགས། ཅི་ཙམ་ཞིག་འདུག་དཔྱད་རོགས།
“དུས་རབས་བཅོ་བརྒྱད་པར་མན་ཇུའི་གོང་མ་ཚོས་རྒྱ་ནག་ལ་དབང་སྒྱུར་བྱས་རྗེས་བོད་ཚུད་པའི་ཤར་དང་དབུས་ཨེ་ཤི་ཡའི་ལུང་པ་ཁག་ལ་དབང་སྒྱུར་”༡༦༣༩་་་ནས་༡༩༡༡བར”བྱས་པའི་དུས་སྐབས་ཀྱི་གནས་ཚུལ་གཞི་འཛིན་ས་བྱེད་ཀྱི་ཡོད་པ་རེད། ”
གོང་གི་བཙན་བྱོལ་བོད་གཞུང་གི་དྲ་བ་དེའི་ལུང་འཕྲོས།
བཙན་བྱོལ་བོད་གཞུང་གི་ལུང་འདི་གཉིས་ཀྱིས་ཇིང་གིར་རྒྱལ་པོ་ནས་༡༩༡༡བར་དུ་བོད་འདི་མི་རིགས་གཞན་པའི་མངའ་འོག་ཏུ་བསྡད་པ་དང་མི་རིགས་གཞན་པས་བོད་ལ་དབང་སྒྱུར་བྱས་འདུག་ཟེར་གྱིན་ཡོད་པ་རེད་དམ། ཡང་ན་དེ་དུས་སུ་བོད་དེ་རང་བཙན་གྱི་ངོ་བོར་གནས་ཡོད་ཟེར་གྱིན་ཡོད་པ་རེད། ལུང་འདི་གཉིས་ཀའི་ནང་དུ་”མངའ་འོག་”དང་”དབང་སྒྱུར་”ཞེས་པའི་ཚིག་འདི་བསླེབས་འདུག “མངའ་འོག་ཏུ་བསྡད་པའམ་དབང་སྒྱུར་བྱས་པ”་དང་”རང་བཙན་”ཡིན་པ་གཉིས་འགལ་བ་མ་རེད་དམ།
དྲ་དཔོན་ལགས
རྩོམ་འདིའི་མཆན་བུ་གསུམ་པ་རུ། སྟག་སྨྱོན་ཟེར་བའི་དྲ་གྲོགས་གིས་ྐླུ་སྨྱོན་ལ་ཕ་རོ་ཟ་རྒྱ་ཁྱོད་ཞེས་ཚིག་རྩུབ་སྤྱད་འདུག འདི་རྩོམ་འབྲི་བ་ཞིག་གི་ལས་ཀ་མ་རེད། གནས་ལུགས་ཤོད་མཁན་ཞིག་གི་སྐད་ཆ་མ་རེད།
ད་ཕན་ྐླུ་སྨྱོན་གྱིས་སུ་གང་གི་ཕ་བསད་མེད་ལ་མ་ཡང་བསད་མེད། སྤུན་ཟླ་ཡང་རྨས་མྱོང་མེད། ངེད་ཀྱི་བསམ་པར། ྐླུ་སྨྱོན་གྱིས་བསམ་ཚུལ་རེ་འཁྱེར་ཡོང་བ་འདི་ཡག་པོ་རེད་བསམ། ཚང་མས་བསམ་བློ་གུ་ཡངས་པོའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་གལ་ཆེན་པོ་རེད།
ནོར་འཁྲུལ་ཡོད་ན། ནོར་འཁྲུལ་བཏོན་ཆོག་གི་རེད། སྐྱོན་འཛུགས་བྱས་ཆོག་གི་རེད། འོན་ཀྱང་། ཚིག་རྩུབ་འདི་འདྲ་སྤྱད་ནས་སུ་ལའང་མི་ཕན་། དབྱངས་གསལ་སོ་བཞི་འདི་ཡང་འདི་འདྲ་ཞིག་ལ་མ་གཏོགས་བེད་སྤྱད་འགྲོ་གི་མེད་པ་ཅུང་སྐྱོ་བོ་རེད་སྙམ།
གང་ལྟར། ཚིག་འདིའི་རིགས་མ་སྤྱད་རོགས། ཁ་བརྡས་ཀྱང་རེ་སྐུལ་གསུམ་པ་དེ་འབྲི་འདོད་ཡོད་ཀྱི་མ་རེད་བསམ།
ཕྲད་ནོར་བ། སྟག་སྨོན་ཟེར་བའི་དྲ་གྲོགས་དེས།
ཡུན་རིང་ཞིག་ལ་འདིར་ཡོང་མ་ཐུབ། གསར་འགྱུར་ཞིག་ཡོད། དེ་ནི་རྐང་ལམ་དྲ་བའི་ངོས་གཞི་གསར་བཟོ་ལེགས་པར་གྲུབ་ཡོད། ཁོམ་དུས་ཕེབས་རོགས་ཞུ། “ངེད་”དྲ་བའི་ཁ་བྱང་ http://www.kanglam.com ཡིན།
དྲ་གྲོགས་ཚོད་ཨ་ལགས་ཚང་ལ་མི་འཚམས་པའི་ཚིག་བེད་སྤྱོད་གནང་འདུག་པ་ངོ་མ་ཡག་པོ་མ་རེད། ཁོང་གིས་བཤད་པའི་ཚིག་དེ་དག་ལམགནས་ལུགས་ཟབ་མོ་འདུག ང་ཚོ་སུ་ལ་ཡང་བོད་ཞེན་ཡོད་རེད་ལ། བོད་ལ་དམོད་པའི་སྐད་ཆ་བཤད་ན་ང་ཚོ་སུར་ཡང་ཕོགས་པ་དོན་དངོས་རེད། དེ་ངས་ཁས་ལེན་བྱེད་ཆོག འོན་ཀྱང་། ང་ཚོས་རྒྱ་གུང་བྲན་རིང་ལུགས་ཀྱིས་ང་ཚོར་ཇི་ལྟར་འགྲེལ་བཞིན་པ་དེར་ཡང་བལྟ་དགོས་འདུག་ལ། ཀླུ་སྨྱོན་གྱིས་འཆན་བུ་དག་ཏུ་གསལ་ཁ་བཏོན་ཡོད་པ་དག་ལ་ཡང་བསམ་དགོས་འདུག དེ་དག་གལ་ཆེན་པོ་རེད་འདུག་སྙམ།
༡ རིག་འབྱུང་ཟེར་མིས་ངའི་ཚིག་ལ་སྡང་ཟུག་བྱས་པར་དགའ་བསུ་ཡོད། ང་ཡང་དགའ་དྲགས་ནས་བྲིས་པ་མ་ཡིན་པར་ཕོག་དྲགས་ནས་བྲིས་པ་ཡིན། ངའི་ཚིག་དེའི་ཐོག་ནས་ཀླུ་སྨྱོན་གྱི་སྐད་ཆ་དེ་ཆེས་རྩུབ་མོ་ཞིག་ཡིན་པ་ཤེས་ཐུབ་པ་མ་རེད་དམ། ངའི་ཚིག་རྩུབ་དང་ཀླུ་སྨྱོན་གྱི་དོན་རྩུབ་ལ་རྒྱུ་འབྲས་ཀྱི་འབྲེལ་ཡོད་པ་རེད། ཕྱིའི་རྩུབ་མོ་དེ་མཐོང་ཡང་སླ་ལ་གསུབ་ཀྱང་སླ་མོ་རེད། འོན་ཀྱང་ནང་དོན་རྩུབ་མོ་མཐོང་དཀའ་ལ་ནམ་ཡང་གསུབ་རྒྱུ་ཡོད་པ་མ་རེད། བོད་མི་འབུམ་ཕྲག་མང་པོ་དམར་གསོད་གཏོང་མཁན་གྱི་རྒྱ་མིའི་འཁྱོག་བཤད་མཐོང་བ་དགའ་བསུ་ཆེ་བསྟོད་ཀྱི་སྙན་ཚིག་འཁྱར་འཁྱོར་ “བྱུང་ནས་ཡལ་བའི་ལོ་རྒྱུས་ཤིག་གི་མ་བཅོས་བདེན་པའི་མཚར་སྡུག་བཞིན་རས་དེ” ཞེས་པ་འདི་རྒྱ་མི་ལ་སྙན་ཤོས་དང་བོད་མི་ལ་མཚོན་ན་མཐར་ཐུག་གི་རྩུབ་ཤོས་རེད། འོན་ཀྱང་ཕྱི་རྒྱལ་གྱི་བོད་མི་ཨ་གསར་ཅན་དེས་མ་ཚོར་བ་འདྲ། ཕ་རོ་ཟ་རྒྱུ་ཟེར་བར་ང་ཉིད་ཀྱང་དགའ་བོ་མ་བྱང་། འོན་ཀྱང་དེ་འདྲ་བཤད་དུས་དང་བཤད་ས་ནོར་སོང་དྲན་གྱི་མི་འདུག་ཀྱང་། ཐ་ཤལ་གྱི་ཚིག་འདི་འདྲའང་སྤྱོད་དགོས་ཐུག་སོང་བསམ་ནས་འགྱོད་པ་འདུག དྲ་དཔོན་ཚོས་གསུབ་ནས་ཡག་པོ་བྱུང་འདུག ད་དུང་མཆན་བཞི་བའི་མགོར་ཡང་ང་རྒྱལ་གྱི་ཚིག་རྩུབ་དེ་འདྲ་བྲིས་ཤོར་བས་བྱུང་ན་དེ་ཡང་གསུབ་རོགས། ཚིག་རྩུབ་དེ་འདྲས་བོད་སྐྱོབས་ཐུབ་ཀྱི་མེད་པ་ལོས་ཤེས། མ་གཞི་དགོན་པའི་ནང་ནས་འཚར་བའི་གྲྭ་ལོག་གི་རིགས་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་རིག་པའི་གནས་ཡོད་ཚད་ལ་མི་མཁས་ན་མཁས་མདོག་མདོག་དང་མི་ཤེས་ན་ཤེས་མདོག་མདོག་བྱེད་རྒྱུར་དགའ་བོ་འདུག ཅིག་མི་ཤེས་ཟེར་རྒྱུར་ངོ་ཚ་ཡོད་པ་འདྲ། ཡང་ན”རིག་པའི་གནས་བཅུ་དག་ལ་མཁས་པར་མ་སྦྱངས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་རྙེད་མི་འགྱུར” ཞེས་པའི་ཤུགས་རྐྱེན་ཡིན་པ་འདྲ། དོན་དངོས་སུ་མི་མཁས་མཁས་མདོག་བྱས་ན་ངོ་ཚ་བོ་རེད། མི་ཤེས་པ་ཞིག་ཡོད་ཟེར་རྒྱུར་ངོ་ཚ་ཆེན་པོར་བརྩི་ནས་ག་རེའི་སྒང་ལ་ཡིན་ནའང་སྡིག་པ་མིག་བཙུམ་གྱིས་འུར་གཏམ་བྱས་ན་ངོ་མ་ཡག་པོ་མ་རེད།
༢ ད་རེབས་གཅིག་པོ་མ་རེད། ཀླུ་སྨྱོན་གྱིས་ཐེངས་མ་ག་ཚོད་ལ་ཆེད་དུ་གཟས་ནས་མིའི་སེམས་ཁམས་ལ་གནོད་པའི་བརྗོད་བྱ་རྩུབ་མོ་སྤེལ་སོང་། དགེ་བསྐོས་ཚོ་ལ་དྲག་སྤྱོད་པ་རེད་ཟེར་བ་དེ་ཕ་རོ་ཟ་རྒྱུ་ཟེར་བ་ལས་ལྡབ་ཁྲི་ཕྲག་གིས་བརྒལ་བའི་ཚིག་དོན་རྩུབ་ཆེ་ཡང་རིག་འབྱུང་ལ་མ་གནོད་པ་འདྲ།
༣ བོད་གཞུང་དམངས་སྤྱི་དང་ཆེ་ས་ནས་༧རྒྱལ་བ་རིན་པོ་ཆེས་ཀྱང་བསྟེན་བཞིན་པའི་སྲུང་མའི་སྐོར་ཡང་རྩེད་སྤྱད་བྱས་ནས་མང་པོ་བྲིས་སོང། རང་ཉིད་དད་པ་དང་དགའ་མོས་མེད་པ་རྒྱུ་མཚན་དུ་བྱས་ནས། གཞན་གྱི་དད་པ་ལ་ཟུར་ཟ་དང་རྩེད་སྤྱད་བྱས་པ་དེ་ལས་རྩུབ་མོ་ཞིག་མེད་ཀྱང་། རིག་འབྱུང་གིས་དེའང་མ་ཚོར་བའང་དམིགས་བསལ་བཏང་བ་འདྲ། འོན་ཀྱང་འདི་ལ་དབྱིན་ཇིའི་སྐད་ནང་ Psychoterrorist ཟེར་ན་མའི་བསམ་བློའི་དྲག་སྤྱོད་པ་ཞེས་ཚབས་ཆེན་དུ་བརྩི་གི་རེད། རྗེས་མ་ནས་ཚིག་རྩུབ་མོ་གཅིག་པོ་སྲུང་ནས་མ་བསྡད་པར་དོན་རྩུབ་མོ་ལའང་ལྟ་རོགས།
༤ ཡང་སྙིང་ཀླུ་སྨྱོན་ལ་དེ་ཙམ་རྒོལ་དོན་ཁོའི་དམིསག་ཡུལ་ངོ་མ་ཨ་མདོ་བོད་ལ་མི་དབང་བར་རྒྱ་མི་ལ་དབང་གི་རེད་ཟེར་ནས་སྒྲུབ་ཐབས་ལ་འབད་ཀྱི་ཡོད་པ་དང་། རྒྱ་མི་འཁྱོག་བཤད་རེ་ཁྱེད་ཡོང་ནས་ལོ་རྒྱུས་ངོ་མ་འདི་རེད་མདོག་མདོག་བྱེད་པའི་དམིགས་ཡུལ་དང་། རང་ཉིད་ཀྱི་སྒེར་ནད་དང་རང་རྩོམ་ལ་དོ་སྣང་འགུག་ཆེད་དགོན་པའི་ཁྲིམས་སྒྲིག་ཚགས་ཚུད་ཡོང་ཆེད་རང་ཉིད་ལ་མི་དགའ་བ་བྱེད་མིན་ལ་མ་ལྟོས་པར་གསར་སློབ་གྲྭ་སྨྱོན་ཚོར་སྟངས་འཛིན་ནན་ཙམ་བྱེད་མཁན་གྱི་དགེ་བསྐོས་ལྷག་བསམ་ཅན་ཚོར་དྲག་སྤྱོད་པ་ཟེར་ནས་འཇིག་རྟེན་གྱི་ནག་ཉེས་མཐར་ཐུག་དེ་འགེལ་རྒྱུར་ཡང་ཡ་ང་ཚེར་སྣང་མེད་པ་དང། མ་གཞི་ཁྲིམས་དང་ཁྲིམས་འཛིན་པ་ཁྲིམས་མི་བརྩི་མཁན་ལ་ཆེས་ནན་པོ་ཡོད་པ་ལས། དུས་རྒྱུན་ཁྲིམས་ཁུར་མཁན་ལ་ཁྲིམས་ཡོད་མེད་ཁྱད་པར་གྱི་ཚོར་བ་གང་ཡང་ཡོད་པ་མ་རེད། ད་དུང་སྲུང་མ་ཁྱད་གསོད་བྱས་པ་སོགས་ངོ་མ་བཟོད་སྒོམ་བྱེད་ཐབས་མེད་པའི་གནས་ཚུལ་ཞིག་རེད། ཤེས་ཡོན་པ་ཞིག་གི་བྱེད་སྟངས་དེ་བས་ཀྱང་མ་རེད། གཞན་ངེད་གཉིས་བར་མི་ཤ་རྩོད་རྒྱུ་མེད་པ་སེམས་ལ་འཇོག་རོགས། གཤམ་དུ་བརྗོད་གཞི་དངོས་དང་འབྲེལ་བའི་མཆན་བུ་ཐུང་ཐུང་ཞིག་འགོད།
བོད་ཀྱི་ས་ཟུར་གཅིག་ལའང་སོག་རྒྱས་བཙན་འཛུལ་བྱས་མྱོང་མེད་ཟེར་ནས་རྩོད་ཀྱི་ཡོད་པ་མ་རེད། བོད་ལ་རྒྱ་སོག་གིས་བཙན་འཛུལ་བྱས་མྱོང་བ་བོད་གཞུང་གིས་ཀྱང་ཁས་ལེན་པ་རེད། ལོ་རྒྱུས་དེ་ལ་མིང་འདོགས་སྟངས་ཁ་ཁ་རེད། དེ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་མྱོང་བ་དང་རྒྱ་ནག་ནི་བཙན་འཛུལ་བྱེད་མཁན་རེད་ཟེར་བ་ལས། བཙན་འཛུལ་བྱེད་མཁན་ལ་བཙུན་འཛུལ་བྱེད་སའི་མི་རིགས་ཀྱི་བདག་དབང་ཐོབ་པ་རེད་ཟེར་ན་ཅི་ཡང་མ་ཤེས་པའི་སྐད་ཆ་རེད། དེ་འདྲ་ན་ཡིན་བོད་ལ་རྒྱ་ནག་གིས་བཙན་འཛུལ་ད་ལྟ་ལས་ཚབས་ཆེ་བྱུང་མེད་པ་མ་ཟད། ལོ་ངོ་ཡང་ལྔ་བཅུ་ལྷག་བརྒལ་འདུག་པས་ད་ནི་རྒྱ་ནག་བོད་ཀྱི་ཁྲིམས་མཐུན་བདག་པོ་ཆགས་ཚར་ཡོད་རྒྱུ་རེད། འོན་ཀྱང་རྒྱ་ཁབ་ཅིག་རྒྱལ་ཁབ་གཞན་ཞིག་གིས་བཙན་བཟུང་བྱས་ནས་ལོ་ག་ཚོད་སོང་ན། ད་བཟོད་བཙན་འཛུལ་བ་དེ་བཙན་འཛུལ་བྱེད་ཡུལ་གྱི་ཁྲིམས་གྱི་བདག་པོ་ཉན་འགྲོ་གི་ཡོད་པ་རྒྱལ་སྤྱིའི་ཁྲིམས་ནང་བཀོད་ཡོད་པ་རེད་དམ། དེ་འདྲ་ཡིན་ན་དབྱིན་ཇི་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་བདག་དབང་ཐོབ་པ་མ་ཟད། སྤྱོ་ལོ་ 1947 བར་ལོ་ཧ་ལམ་མི་ལོ་ ༢༠༠ ཡར་མར་དང་དུས་རབས་གཉིས་ལ་རྒྱ་གར་དབྱིན་ཇའི་རྒྱལ་བོའི་བཙན་འོག་ཏུ་གནས་པ་རེད། ལོ་དེ་འདྲ་མང་པོ་ཞིག་ལ་བཟང་འདུག་ཀྱང་ད་དུང་དབྱིན་ཇི་ལ་རྒྱ་གར་གྱི་བདག་དབང་ཐོབ་ཡོད་པ་མ་རེད། ད་དུང་དུས་རབས་གཉིས་སམ་མི་ལོ་ཉིས་བརྒྱ་ལ་བཙན་གནོན་བྱས་པ་རེད་ཟེར་ནས། ལོ་ག་ཚོད་མང་པོ་ལ་དབང་བསྒྱར་བྱས་པ་དེ་ཚོད་ཀྱིས་ནག་ཉེས་ཆེ་བར་བརྩི་མི་འདུག་གམ། ཏོག་ཙམ་མིན་ན་དབྱིན་ཇི་ལ་རྒྱ་གར་གྱི་བདག་དབང་ཐོབ་བྲོ་བྱས་འདུག་དྲན་གྱི་མེད་པར། མི་ལོ་ཉིས་བརྒྱ་ལ་བཙན་བཟུང་བྱས་ནས་མནར་གཅོད་བཏང་འདུག་ཟེར་ནས་ནག་ཉེས་ཆེ་རུ་བརྩི་གི་མི་འདུག་གམ། བོད་ལའང་རྒྱ་ནག་གིས་བཙན་འཛུལ་བྱས་པའི་མ་ཚད་ལོ་ག་ཚོད་མང་པོ་ལ་བྱས་ན་དེ་ཚོད་ཀྱིས་ཞེ་འཁོན་དང་རྩོད་གཞི་ཆེ་རུ་འགྲོ་བ་ལས་ཆུང་དུ་ནམ་ཡང་འགྲོ་ཐབས་ཡོད་པ་མ་རེད། གལ་སྲིད་རྒྱ་དམར་གྱི་འཙན་བཟུང་འོག་བོད་འདི་གོ་ལ་ཟླུམ་པོའི་ཐོག་ནས་རྩ་མེད་ཆགས་པ་ཡིནའང་། ལོ་རྒྱུས་ནང་རྒྱ་དམར་གྱིས་བོད་ཆོས་ལྡན་གྱི་རྒྱལ་ཁབ་མི་འབོར་ས་ཡ་དྲུག་ཅན་དེ་རྩ་མེད་བཏང་བ་རེད་ཟེར་ནས་འཁོད་ངེས་པ་རེད། དེ་འདྲའི་ནག་ཉེས་ཆེན་པོ་ཞིག་བྲིས་ནས་འཇོག་པ་རེད། དེ་དུས་ཀྱང་རྒྱ་དམར་བོད་གསོད་མཁན་གྱི་ལག་དམར་ཆགས་པ་ལས་བོད་ཀྱི་བདག་པོ་ཆགས་པ་མ་རེད། བཙན་གནོན་དང་ཁྲིམས་འགལ་གྱི་འགོ་བཙུགས་པ་ཞིག་ལ་ཁྲིམས་མཐུན་གྱི་བདག་དབང་ཐོབ་པ་རེད་ཟེར་བ་ཞིག་ནམ་ཡང་ཡོང་རྒྱུ་ཡོད་པ་པ་མ་རེད།
དྲི་བ་དང་དཔེ་ཆུང་ཆུང་ཞིག་ལོ་རྒྱུས་མཁན་པོ་ཡེ་ཤེས་ལ་འདྲི་ཆོག དཔེར་ན་ཇག་པ་ཞིག་གིས་རྟ་ཞིག་འཕྲོག་ནས་ལོ་ག་ཚོད་ལ་ཉར་ན། ཇག་པ་དེ་ཁྲིམས་མཐུན་གྱི་རྟ་བདག་ཆགས་འགྲོ་བ་རེད་དམ།
མི་ཞིག་ལ་དྲ་ཐོག་ནས་ཁ་བརྡ་བྱེད་ཤོར་ལ་བྲིས་ནས་མཆན་གོང་མའི་ནང་ཆད་ལྷག་མང་པོ་ཤོར་འདུག་པས་བསྐྱར་འགོད་བྱས་པ་ཡིན།
བོད་ཀྱི་ས་ཟུར་གཅིག་ལའང་སོག་རྒྱས་བཙན་འཛུལ་བྱས་མྱོང་མེད་ཟེར་ནས་རྩོད་ཀྱི་ཡོད་པ་མ་རེད། བོད་ལ་རྒྱ་སོག་གིས་བཙན་འཛུལ་བྱས་མྱོང་བ་བོད་གཞུང་གིས་ཀྱང་ཁས་ལེན་པ་རེད། ལོ་རྒྱུས་དེ་ལ་མིང་འདོགས་སྟངས་ཁ་ཁ་རེད། དེ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་མྱོང་བ་དང་རྒྱ་ནག་ནི་བཙན་འཛུལ་བྱེད་མཁན་རེད་ཟེར་བ་ལས། བཙན་འཛུལ་བྱེད་མཁན་ལ་་བཙན་འཛུལ་བྱེད་སའི་མི་རིགས་ཀྱི་བདག་དབང་ཐོབ་པ་རེད་ཟེར་ན་ཅི་ཡང་མ་ཤེས་པའི་སྐད་ཆ་རེད། དེ་འདྲ་ཡིན་ན་བོད་ལ་རྒྱ་ནག་གིས་བཙན་འཛུལ་ད་ལྟ་ལས་ཚབས་ཆེ་བྱུང་མེད་པ་མ་ཟད། ལོ་ངོ་ཡང་ལྔ་བཅུ་ལྷག་སོང་འདུག་པས་ད་ནི་རྒྱ་ནག་བོད་ཀྱི་ཁྲིམས་མཐུན་གྱི་བདག་པོ་ཆགས་ཚར་ནས་དེ་ཐོག་རྩོད་པ་བརྒྱག་རྒྱུ་མེད་པ་ཆགས་དགོས་པ་མ་རེད་དམ། རྒྱ་ཁབ་ཅིག་རྒྱལ་ཁབ་གཞན་ཞིག་གིས་བཙན་བཟུང་བྱས་ནས་ལོ་ག་ཚོད་འགོར་ན། ད་བཟོད་བཙན་འཛུལ་བྱེད་མཁན་དེ་བཙན་འཛུལ་བྱེད་ཡུལ་གྱི་ཁྲིམས་མཐུན་བདག་པོ་ཆགས་འགྲོ་གི་ཡོད་པ་རྒྱལ་སྤྱིའི་ཁྲིམས་ནང་བཀོད་ཡོད་པ་གོ་མ་སོང་། དེ་འདྲ་ཡིན་ན་དབྱིན་ཇི་ལ་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་བདག་དབང་ཐོབ་དགོས་ཏེ། ཁོས་བཙན་འཛུལ་མ་བྱས་ས་ཧ་ལམ་མེད་པ་འདྲ་བོ་རེད། དཔེར་ན་སྤྱོ་ལོ་ 1947 བར་མི་ལོ་ ༢༠༠ ཡར་མར་དང་དུས་རབས་གཉིས་ལ་རྒྱ་གར་དབྱིན་ཇའི་རྒྱལ་བོའི་བཙན་བཟུང་འོག་ཏུ་གནས་པ་རེད། ལོ་དེ་འདྲ་མང་པོ་ཞིག་ལ་བཙན་བཟུང་བྱས་འདུག་ཀྱང་ད་དུང་དབྱིན་ཇི་ལ་རྒྱ་གར་གྱི་བདག་དབང་ཐོབ་རྒྱུ་ཕར་ཞོག དུས་རབས་གཉིས་སམ་མི་ལོ་ཉིས་བརྒྱ་ལ་བཙན་གནོན་བྱས་པ་རེད་ཟེར་ནས། ལོ་ག་ཚོད་མང་པོར་དབང་བསྒྱར་བྱས་པ་དེ་ཚོད་ཀྱིས་ནག་ཉེས་ཆེ་བར་བརྩི་གི་མི་འདུག་གམ། ལོ་མང་པོ་འགོར་འདུག་པས་དབྱིན་ཇི་ལ་རྒྱ་གར་གྱི་བདག་དབང་ཐོབ་ཀྱི་འདུག་དྲན་མཁན་མེད་པར། དེ་ལས་ལྡོག་ཏེ་མི་ལོ་ཉིས་བརྒྱ་ལ་བཙན་བཟུང་བྱས་ནས་མནར་གཅོད་བཏང་འདུག་ཟེར་ནས་ནག་ཉེས་ཆེ་རུ་བརྩི་གི་མི་འདུག་གམ། བོད་ལའང་རྒྱ་ནག་གིས་བཙན་འཛུལ་བྱས་པའི་མ་ཚད་ལོ་ག་ཚོད་མང་པོ་ལ་བྱས་ན་དེ་ཚོད་ཀྱིས་ཞེ་འཁོན་དང་རྩོད་གཞི་ཆེ་རུ་འགྲོ་བ་ལས་ཆུང་དུ་ནམ་ཡང་འགྲོ་ཐབས་ཡོད་པ་མ་རེད། གལ་སྲིད་རྒྱ་དམར་གྱི་བཙན་བཟུང་འོག་བོད་འདི་གོ་ལ་ཟླུམ་པོའི་ཐོག་ནས་རྩ་མེད་ཆགས་པ་ཡིནའང་། ལོ་རྒྱུས་ནང་རྒྱ་དམར་གྱིས་བོད་ཆོས་ལྡན་གྱི་རྒྱལ་ཁབ་མི་འབོར་ས་ཡ་དྲུག་ཅན་དེ་རྩ་མེད་བཏང་བ་རེད་ཟེར་ནས་འཁོད་དགོས་ལ། ནག་ཉེས་ཆེན་པོ་དེ་ལོ་རྒྱུས་ཐོག་གསུབ་ཐབས་ཡོད་པ་མ་རེད། ཉི་མ་དེ་འདྲ་ཞིག་བྱུང་བ་ཡིན་ན་དེ་ནས་རྒྱ་དམར་བོད་གསོད་མཁན་གྱི་ལག་དམར་ཆགས་པ་ལས་བོད་ཀྱི་བདག་པོ་ཆགས་པ་མ་རེད། བཙན་གནོན་དང་ཁྲིམས་འགལ་གྱིས་འགོ་བཙུགས་པ་ཞིག་ལ་ཁྲིམས་མཐུན་གྱི་བདག་དབང་ཐོབ་པ་རེད་ཟེར་བ་ཞིག་ནམ་ཡང་ཡོང་རྒྱུ་མེད་པ་ཤེས་དགོས། སྤྱང་ཀིས་ལུག་བཟད་ནས་ཟོར་ཚར་བ་ཡིན་ནའང་ད་དུང་སྤྱང་ཀི་སྡིག་ཅན་དང་ནག་ཉེས་ཅན་ཡིན་པར་འགྱུར་བ་འགྲོ་རྒྱུ་མེད། བསད་པས་མི་ཚད་ཟོས་ཚར་འདུག་པས་ད་ཉེས་པ་དག་པ་རེད་ཟེར་སྲོལ་མེད་པ་དང་གཅིག་རེད།
དྲི་བ་དང་དཔེ་ཆུང་ཆུང་ཞིག་ལོ་རྒྱུས་མཁན་པོ་ཡེ་ཤེས་ལ་འདྲི་ཆོག དཔེར་ན་ཇག་རྐུན་ཞིག་གིས་རྟ་ཞིག་འཕྲོག་ནས་ལོ་ག་ཚོད་ལ་ཉར་ན། ཇག་པ་དེ་ཁྲིམས་མཐུན་གྱི་རྟ་བདག་ཆགས་འགྲོ་གི་རེད་དམ།
འདི་ལ་ཚད་ལྡན་ལན་མེད་པར་ཀླུ་སྨྱོན་གྱིས་སྐྱག་བཤད་དེ་ཡང་བཤད་བརྒྱབ་ན་ང་ལའང་ཁ་སང་གི་ཚིག་ངན་དེ་ལས་ལན་མེད་དོ།
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།།
མང་ནག་བཞིན་གྱི་གཉེར་མ་མི་སངས་པ་།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེས་པོ་དེའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཞེས་དགེ་ཆོས་བཀས་མཇུག་བསྡུས་པའོ།
རྐང་ལམ་དྲ་རྒྱའི་དྲ་དཔོན་གྱིས་དྲ་ངོས་གསར་བ་ལེགས་འགྲུབ་ཐུབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། བྱ་བཞག་འདི་འདྲའི་རིགས་ལ་རྗེས་སུ་ཡི་རངས་ཡོད།
དྲ་གྲོགས་སྟག་སྨྱོན་ཁྱེད་ཀྱིས་ངེད་ཀྱི་བསམ་ཚུལ་ལ་སྡང་ཟུག་ལབ་འདུག ངེད་ཀྱིས་སྡང་ཟུག་བྱས་མེད། འོན་ཀྱང་། ཁྱེད་ཀྱིས་དེ་སྡང་ཟུག་རེད་ལབ་ན། ང་ལ་ཡང་ཅང་བཤད་རྒྱུ་མེད།
ྐླུ་སྨྱོན་གྱི་རྩོམ་ཡིག་ངས་ཀྱང་བྐླགས་མྱོང་། ཚིག་དང་དོན་གཉིས་ཀ་བྐླགས་མྱོང་། ངེད་ཀྱི་བསམ་ཚུལ་དང་མཐུན་མ་མཐུན་གཉིས་ཀ་འདུག འོན་ཀྱང་། ངེད་ལ་ཚིག་རྩུབ་སྤྱད་རྒྱུའི་འདོད་པ་མེད། ཚིག་རྩུབ་སྤྱད་ན་གནས་ལུགས་མི་ཤོད་།
རྒྱུ་མཚན་མི་རྙེད་། མ་རེད་དམ། ཁྱེད་ཀྱིས་ཀྱང་ཡིན་གཅིག་མིན་གཅིག་ཚིག་རྩུབ་ཞིག་འཁྱེར་མ་ཡོང་ན་གནས་ལུགས་མི་ཤོད་ནི་མ་རེད། རྒྱུ་མཚན་མི་རྙེད་ནི་མ་རེད། ཚིག་རྩུབ་འདྲ་བོ་ཞིག་མ་སྤྱད་ན་ྐླུ་སྨྱོན་ལ་ཁ་གཏད་མི་ཆོག་ནི་རེད།
དེ་འདྲ་ཡིན་རྒྱུ་མ་རེད་བསམ། ྐླུ་སྨྱོན་གྱིས་ཀྱང་སོ་སོའི་བསམ་ཚུལ་ཞིག་བཤད་ཀྱི་འདུག་། ཁྱེད་རང་ལ་ཡང་ཁོང་གི་བསམ་ཚུལ་དེ་དང་མི་མཐུན་པའི་ལྟ་ཚུལ་ཡོད་ན་ལབ་ཆོག་གི་རེད། ཐད་ཀར་ལབ་ཆོག་གི་རེད། དྲ་ཐོག་ནས་ལབ་ཆོག་གི་རེད། འཕྲིན་ཐོག་ནས་ལབ་ཆོག་གི་རེད། ཁ་པར་བརྒྱུད་ནས་ལབ་ཆོག་གི་རེད། འོན་ཀྱང་། ཆིག་རྩུབ་སྤྱད་དགོས་དོན་མི་འདུག་སྙམ། མ་རེད་དམ།
སྤྱིར་བཏང་ནས་རྩོམ་འབྲི་བ་ཞིག་ཡིན་གནས་ལུགས་ཤོད་མཁན་ཞིག བསམ་ཚུལ་ལ་ཉན་ཤེས་བྱེད་ཐུབ་མཁན་ཞིག བསམ་བློ་གུ་ཡངས་པོ་ཡོད་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་སྙམ།
ཁྱེད་ཀྱིས་གྲ་ལོག་ཚོའི་སྐོར་ནས་གཅིག་གསུངས་འདུག ངེད་ཀྱི་བསམ་པར་ྐླུ་སྨྱོན་གྲ་ལོག་མ་རེད་བསམ། གྲ་བའི་སྤྱི་ཚོགས་སུ་བསྡད་ནས་གྲ་བའི་སྤྱི་ཚོགས་བཤད་མཁན་ྐླུ་སྨྱོན་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་འདྲ་བོ་ཁ་ཤས་ཤིག་མ་གཏོགས་མི་འདུག་ག
དེ་ཚོའི་བསམ་ཚུལ་དེ་དགོས་རྒྱུ་ཞིག་རེད། བསམ་ཚུལ་འདྲ་མིན་བྱུང་། རྩོད་པ་འདྲ་མིན་བྱུང་། བགྲོ་གླེང་འདྲ་མིན་བྱུང་ན། ག་ལེར་སྤྱི་ཚོགས་གུ་ཡངས་པོ་ཆགས་ཡོང་གི་རེད། བསམ་བློ་གཏོང་སྟངས་གུ་ཡངས་པོ་ཆགས་ཡོང་གི་རེད། མ་རེད་དམ།
ཡང་ཁྱེད་ཀྱིས་ཕྱི་རྒྱལ་བོད་མི་ཨ་གསར་ཅན་དེས་ལབ་འདུག། ཕལ་ཆེར་ང་ལ་ལབ་ཀྱི་ཡོད་པ་འདྲ། ཁྱེད་བདེན་པ་རེད། ང་ཕྱི་རྒྱལ་ན་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཞིག་རེད། ངེད་རང་དེང་རབས་རིག་གནས་ཟེར་བ་དེ་སྦྱངས་བཞིན་དེ་ལ་རྒོལ་མཁན་གྱི་རིགས་ཤིག་ཡིན། འདིའི་ཕྱོགས་ནས་ངེད་ལ་རྨོངས་འཆར་མང་། འོན་ཀྱང་། ཨ་གསར་ཡིན་མིན་ངས་མི་ཤེས། ངེད་ཀྱི་བསམ་ཚུལ་མདོར་ན། བསམ་ཚུལ་བཤད་དུས་ཚིག་རྩུབ་མ་སྤྱད་ན་ཡག་པོ་འདུག་ལབ་ཡ་དེ་ཡིན།
ཁྱེད་ཀྱིས་ཀྱང་ཚིག་རྩུབ་མ་སྤྱད་ན་བསམ་ཚུལ་བཤད་མི་ཤེས་བ་དེ་འདྲ་ནི་རེད་མི་འདུག དཔེར་ན། ཁྱེད་ཀྱིས་བཏབས་པའི་མཆན་བུ་༤༤ དེ་འདྲ་ཡིན་ན་བསམ་ཚུལ་བཤད་སྟངས་ཤིག་རེད་འདུག་ག། ཡག་པོ་འདུག
ཁ་ཡག་བཤད་ན་སུ་མི་དགའ། གཏམ་དཔེ་ཞིག་ལ་ཨ་ཁུ་ཞིག་གིས་ཁ་ཡག་སྤྲོད་ན་དཀོན་མཆོག་གསུམ། བཟང་གི་ཟེར་ན་དགའ་ཟེར་སྲོལ་ཡོད་པ་བཞིན། ད་ནི་སྟག་སྨྱོན་འདི་མི་གླེན་པ་དྲང་མོ་ཞིག་དང་རང་ཚུགས་ཐུབ་མཁན་དང་རང་སྐྱོན་ངོས་ལེན་བྱེད་མཁན་ཞིག་རེད་འདུག་ན་ངེད་ཅག་གི་དྲ་ཚིགས་འདི་ལ་མི་སྣ་འདི་འདྲ་དངོས་ནས་དགོས་ཀྱི་འདུག རིག་འབྱུང་ཁྱེད་རང་ཡང་ཁ་ཡག་མ་གཏོགས་སྐད་ཆ་དྲང་མོ་དང་དགའ་སྐྱོ་ཆགས་སྡང་ཡོད་ཚད་ཕྱི་ལ་ཚོར་བ་དང་བཅས་དེ་འདོན་མཁན་སྟག་སྨྱོན་གྱི་རིགས་ལ་མི་དགའ་མཁན་དང་ཁ་ཡག་ཕྱི་འཇམ་སྤྲུལ་སྐུ་ཀླུ་སྨྱོན་གྱི་རིགས་ལ་དགའ་མཁན་ཞིག་དངོས་ནས་ཡིན་ཚོད་འདུག
༡༢༡༢ལོ་ཀོ་ལམཁན་རྒྱལ་ཐོག་སྐབས་སུ། རྒྱལ་ས་སྟེ་རྒྱལ་ནག་བེན་ཅི་ལ་སྤོ་ཡོད་འཛམ་གླིང་གི་རྒྱལ་རབ་མང་པོ་ནང་འཁོད་ཡོད་པ་ཡོངས་གྲགས་རེད་ཉམས།།