བསྟན་འཛིན།
ན་མོ་གུ་རུ་བེ༔ རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།
དུས་ངན་སྙིགས་མའི་རང་མདངས། ཕུ་ནུ་ནང་ཁུལ་འཁྲུགས་ནས། ནང་རྨེའི་ས་གཡོས། དབྱེན་འཁྲུག་གི་ཆུ་ཤོར། འཐེན་འཁྱེར་གྱི་མེ་འབར། ཕྲག་དོག་གི་རླུང་ཚུབས་ནས། གོང་བླ་མ་ལ་དད་པ་ཤོར། མཉམ་སྤུན་ཟླ་ལ་དམ་ཚིགས་མེད། ཆུང་ཤ་གཉེན་ལ་བརྩེ་བ་ཆད། མདུན་དགྲ་ལ་མགོ་བོ་བཏད། གཅེས་པའི་ཕ་མ་ལ་དྲིན་གཟོ་མེད་པའི་དུས་ངན་འདི་ལྟར་ཤར་བའི་སྐབས་ལ། བཟས་པའི་ལྟོ་ལ་བཅུད་མེད། བཤིབས་པའི་མི་ལ་བརྩེ་བ་མེད། བསགས་པའི་ནོར་གྱིས་ཡིད་མ་ཚིམས། འགྲོགས་པའི་ཟླ་བོས་སྐྱོ་བ་མི་སེལ་བའི་དུས་ངན་འདི་ད་ལྟ་ཡིན།
དེ་ལྟར་ལ་བཟློག་པའི་མཐུ་ནི་གཅིག་མངའ་སྟེ། རང་སེམས་ནང་ལ་བཅུན། རང་སྐྱོན་རང་གིས་བཙིར། རང་དུག་རང་གིས་སེལ་བ་ལས་ཐབས་གཞན་རྫོགས་ཟིན། དེ་ལྟར་བྱེད་པར་ཐོག་མ་བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་དྲིན་དྲན་ནས་གསོལ་བ་འདེབས། སྐྱབས་འགྲོ་བྱེད། དེ་ནས་བོད་པའི་མི་ལུས་འདི་འདྲ་ཞིག་བླངས་བར་གཏིང་ནས་དགའ་བ་སྐྱེས། སྤོབས་པ་སྐྱེས། ད་ལྟའི་བོད་མིའི་གནས་སྟངས་ལ་སྙིང་རྗེ་སྒོམས། དེ་ལས་ཐར་བའི་རིགས་པ་བཙལ་ནས་སྒོམ་པར་བྱ་བ་ནི། དང་པོ་བཟོད་པའོ།
བཟོད་པ་དེ་ཡང་། དང་པོ་གཞན་གྱིས་ནོར་འཁྲུལ་ལ་ནད་ཀྱིས་དབང་བསྒྱུར་བྱེད་པའི་སྨྱོན་པ་བཞིན། འོ། ཁོ་སྨྱོས་བཞག རང་གཞན་བོད་པ་ཚང་མར་གནོད་པར་བྱེད་པས་ཐོག་མར་སྙིང་རྗེ་སྒོམས། རང་གི་ཁྲོ་བ་བཅོམས། ཕུགས་ཐག་རིང་པོའི་བློ་འཐེན་ནས། སྙིང་རྗེ་སྒོམས། སྙིང་རྗེ་གདེངས་ཡོད་པ་སྐྱེས་ཚེ། ཁྲོ་བ་དང་གནོད་སེམས་བྲལ་བའི་སྒོ་ནས། འཇམ་པོའི་གཏམ་དང་། སྙན་པའི་ཚིག གཅེས་པའི་ནོར་འཕངས་ཏེ་གཞན་སྒུག་པར་བྱའོ།
ད་ཐབས་ཤེས་གཞན་པ་རྣམས་ཁྱེད་ཚོས་ཕྲིས། སྔོན་ལ་སྦྱིན་བདག་གི་བཀའ་བསླེབས་སོང་། ཟ་ཁང་གི་ཕོར་པ་ཏོག་ཙམ་བཀྲུ་རྒྱུ་ལུས་ཡོད། རྗེས་མ་མུ་མཐུད་འབྲི།
ཟ་ཁང་ཕོར་པ་བཀྲུ་ཟོར་གྱི་སྙིང་གཏམ་འདི་བཟང་། དག་ཆ་ལའང་ཅུང་གཟབ་དགོས་པའང་མཐོང་།
ཀུན་སློང་གཙང་མ་ཞིག་གིས་བྲིས་སྟབས།་སྙན་ལ་བྲོ་བ་ཆེ།
བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་གྱི་མཚན་ཐོག་ཏུ་རྩོམ་ཡིག་འདི་ལྟར་སྤེལ་བ་ནི་ལྷག་བསམ་དང་ཀུན་སློང་བཟང་པོ་ཞིག་ལ་ངོས་ཞུ་གི་ཡོད་།
ནོར་བཅོས་
ངོས་ཞུ་གི་ཡོད་འདི་
ངོས་འཛིན་ཞུ་གི་ཡོད་
ད་ལྟའི་ང་ཚོའི་སྤྱི་ཚོགས་བསམ་ན་།
ཕ་ཨ་ཁུ་བཙན་ལྡན་སྡོང་པོ་རེད་།
རྒྱུད་བུ་ཕྲུག་འཚེར་ཤིང་ལོ་མ་རེད་།
ཟེར་བའི་སྔ་མོའི་གཏམ་དཔེ་དེ་བདེན་པ་རང་ལ་ངོས་འཛིན་ཞུས་ན་མ་འགྲིག་པ་ཨ་ཡོད་ན་།
རྣམ་པ་ལྷན་རྒྱས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
བསྟན་འཛིན་ལགས་ནས་རྩོམ་ཡིག་ཅིག་བྲིས་འདུག་པ་བཀླགས་རྗེས་ང་རང་གིས་ཀྱང་བསམ་ཚུལ་ཞིག་ཞུ་འདོད་བྱུང་། རྩོམ་གྱི་ཁ་བྱང་ལ། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་བའི་སྒོམ་ཁྲིད་སྲོང་བཙན་སྒམ་པོའི་སྙིང་ཏིག་འཐེན་འཁྱེར་ཀུན་འཇོམས་མ་བཞུགས་སོ།
ཞེས་གསུངས་འདུག་པས་ང་རང་ཧང་སང་དུ་བཅུག་སོང་། རྩོམ་གྱི་ཁ་བྱང་དང་མིང་འདོགས་སྟངས་ལ་ཡང་ནོར་འཁྲུལ་འདུག་བསམ་སོང་། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་མེད་པ་ལ་གསར་དུ་ཆིག་སྒྲིལ་ཡོང་བའི་སྐུལ་མ་དང་། ཡང་ན་སྔར་ཆིག་སྒྲིལ་ཡོད་པ་ལ་གནས་སྐབས་ཐོར་ནས་ཡོད་པ་སླར་ཡང་ཆིག་སྒྲིག་ཡོང་བའི་འབོད་སྐུལ་གནང་བ་ལྟ་བུ་གང་ལྟར་ཏག་ཏག་ཞིག་བསྡད་མི་འདུག་སྙམ།
༧་གོང་ས་ཆེན་པོ་མཆོག་གིས་སྔ་རྗེས་བར་གསུམ་དུ་སྐུ་ལུས་ཚད་མེད་བསྐྱོན་ནས་བོད་ཆོལ་ཁ་གསུམ་ཕ་མ་བུ་སྤུན་ནང་བཞིན་གཅིག་སྒྲིལ་ཡོད་བཞིན་པ་མངོན་སུམ་མིག་གིས་མཐོང་བ་འདི་ཡིན།་མཐོང་བཞིན་པ་འདི་ལྟར་ཡང་ད་ཆ་ཆིག་སྒྲིལ་གཞན་ཞིག་ཅི་ལ་བྱེད་དགོས་སམ།
མགོ་ལ་མེ་ཤོར་བ་ལྟ་བུར་འུར་སྒྲོག་ཆེན་པོ་སྐད་ཆ་དང་མི་དགོས་པའི་ཚིག་དེ་འདྲ་བེད་སྤྱོད་མ་བྱས་ན་མི་བཟང་ངམ།
ཕུ་ནུ་ནང་ཁུལ་འཁྲུགས་ནས། ནང་རྨེའི་ས་གཡོས། དབྱེན་འཁྲུག་གི་ཆུ་ཤོར། འཐེན་འཁྱེར་གྱི་མེ་འབར། ཕྲག་དོག་གི་རླུང་ཚུབས་ནས། གོང་བླ་མ་ལ་དད་པ་ཤོར། མཉམ་སྤུན་ཟླ་ལ་དམ་ཚིགས་མེད། ཆུང་ཤ་གཉེན་ལ་བརྩེ་བ་ཆད། མདུན་དགྲ་ལ་མགོ་བོ་བཏད། གཅེས་པའི་ཕ་མ་ལ་དྲིན་གཟོ་མེད་པའི་དུས་ངན་འདི་ལྟར་ཤར་བའི་སྐབས་ལ།
ཞེས་བྲིས་འདུག་པ་ཡང་ཡ་མཚན་རེད། འདི་ལྟར་བཤད་ན་འཚམ་པོ་མ་རེད། ༧་གོང་ས་ཆེན་པོའི་སྐུ་དྲིན་ལ་ང་ཚོ་དེ་འདྲའི་ཚད་ལ་སླེབས་ཡོད་མ་རེད།
མི་རེ་གཉིས་ཀྱིས་གཡོ་ཁྲམ་ཅི་ལྟར་བྱས་ཀྱང་དེས་བོད་ཆོལ་ཁ་གསུམ་གྱི་ཚབ་བྱེད་མི་ཐུབ། མི་རེ་གཉིས་ཀྱི་བྱ་སྤྱོད་ངན་པ་ནམ་ཡང་ཡོང་སྲིད་པ་རེད།
དེ་འདྲའི་སྐབས་སུ་བོད་ཆོལ་ཁ་གསུམ་གྱི་མིང་བེད་སྤྱོད་བྱས་ན་ཡག་པོ་མི་འདུག མི་སུ་འདྲ་ཞིག་གིས་ནོར་བ་དག་བཅོས་དང་འགལ་རྐྱེན་ཟློག་ཐབས་བྱེད་པ་ལས་སྒེར་བའི་བྱ་སྤྱོད་དེ་སྤྱི་བའི་སྒང་ལ་གཡུགས་མི་རུང་། མི་རེ་གཉིས་ཀྱིས་བོད་ཆོལ་ཁ་གསུམ་གཏོར་བསམ་ཡང་གཏོར་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་བསམ་བ་ནང་བཞིན་ཆིག་སྒྲིལ་བྱེད་པ་ལས་སླ་བོ་མ་རེ་ལ། གཏོར་བ་ཡང་ཁྱེད་ཀྱིས་བསམ་པ་ནང་བཞིན་ལས་སླ་བོ་དེ་འདྲ་མ་རེད།
སྐུ་བདེ། ཁ་བྲོ།་
ཡིག་ནོར་དག་བཅོས
༄༅། བསྟན་འཛིན་ལགས་ནས་ཤ་ཞེན་དྲན་སྐུལ་རྩོམ་ལ་ལེགས་སོ་
ཞུ་བ་དང་སྦྲགས་ནས་འདི་ལྟར།
དབུས་གཙང་ཡུལ་གྱི་བྲོ་རའི་བྲོ་གཞས་སྙན།
མདོ་ཁམས་ཡུལ་གྱི་གླུ་བའི་གླུ་སྐད་སྙན།
ཨ་མདོའི་བོུས་བཟོས་པའི་བོད་ཇ་ཞིམ།
གངས་ཅན་བོད་ཀྱི་དབྱངས་རྟ་དུང་བ་ཟབ།
རྒྱལ་བ་རིན་པོ་ཆེ་སྙིང་མ་རྗེ། ཁོང་གིས་ཚེ་གང་སྐུ་ངལ་བརྒྱབ་པ་རྣམས་བཙན་བྱོལ་ནང་གི་བོད་པ་ཚོས་ཉིན་རེ་བཞིན་ནག་བསུབ་གཏོང་བཞིན་འདུག སྔོན་མ་ཁོང་གི་བྱས་རྗེས་གཙོ་བོ་དེ་ནི་ཆོལ་གསུམ་ཆིག་སྒྲིལ་རེད། ད་བློ་སེང་དང་ཨ་མདོ་བ་སྤེན་ཚེ་སོགས་ཀྱི་ཤོག་ཁག་རྣམས་ཀྱི་སྨྱོན་པའི་ལག་ན་གྲི་ཐོག་པ་བཞིན། རྒྱུད་ལམ་ལོག་སྤྱོད་ཀྱིས་བཙན་བྱོལ་ནང་གི་ཆིག་སྒྲིལ་ཉིན་རེ་ལས་མ་འདས་པ་གཏོར་བཞིན་འདུག དེ་ལས་སྐྱོབ་ཐུབ་མཁན་གྱི་བོད་པ་མ་མཆིས།