བདེ་ཆེན་སྒྲོལ་མ།
བསམ་བློ་ཞིབ་མོ་རེ་བཏང་ན། ང་ཚོའི་མི་དམངས་ཀྱི་བརྒྱ་ཆའི་ངེས་ཅན་ཡིག་རྨོངས་བ་རེད། ཀ་ཁའི་མགོ་མཇུག་ཀྱང་མི་ཤེས་མཁན་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་བའི་ཆོས་ཀྱི་གོ་བ་ཞིག་ཅི་ལྟར་ལོན། ཡིན་ནའང། ང་ཚོས་ད་དུང་མཁས་བླུན་ཡོངས་སུ་ཁ་མཐུན་ནས། ཨུ་ཚུགས་ཆེན་པོས་བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར། ངས་འདི་ལྟར་བཤད་པ་སྐྱག་རྫུན་རེད་ཟེར་གྱི་ཡོད།
ཡང་ཕྱོགས་གཞན་ནས་བཤད་ན། མདོ་དབུས་ཁམས་གསུམ་གཅིག་ཏུ་བསྒྲིལ་བའི་ནམ་མཁའ་དྭངས་མོ་དེའི་འོག་ན། ལྷ་ཁང་དང་དགོན་པ་མང་བ་ལས་གྲོང་དང་གྲོང་བརྡལ་མང་བ་དང་། གྲྭ་བ་དང་ཇོ་མོ་མང་བ་ལས་མི་སྐྱ་ཕོ་མོ་མང་བ་གནས་ལུགས་ཀྱིས་བཟུང་བའི་བདེན་དོན་ཡིན་ཡང་། ང་ཚོས་ད་དུང་བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར། ངས་བསམ་བློ་འདི་ལྟར་བཟུང་བ་སྐྱག་རྫུན་རེད་ཟེར་གྱི་ཡོད།
ཡང་བསམ་ཚུལ་གཞན་ཞིག་ལ། གངས་རི་ར་བས་བསྐོར་བའི་བོད་ཀྱི་ལུང་པ་ན། དམར་པོའི་རྟགས་ཙམ་འཛིན་པའི་ཆོས་ལུགས་པའི་གྲངས་ཀ་མང་ཙམ་ཡོད་ན་ཡང་། ཁོང་ཚོས་ཤེས་བའི་ཆོས་དེ་ནི་བརྒྱུད་དྲི་མ་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་བའི་ཆོས་ཡིན་མིན་ཁོང་ཅག་གི་བཅའ་སྲོལ་ལས་སྲོལ་ལས་ཤེས་ཐུབ། ཁོང་ཚོའི་ནང་དུ་དོན་དངོས་ཐོག་གཞུང་བཀའ་པོད་ལྔ་བོར་འགྲེལ་བཤད་ནོར་འཕྱུག་མེད་པར་བཀྱོན་ཐུབ་མཁན་ཡང་ཧ་ཅང་ཉུང་བར། ཁོང་ཚོ་སྐོར་ཞིག་གིས་བཅའ་བ་རིམ་གྲོ་ཞིག་གི་དཔེ་ཀློག་ཙམ་ལས་ཅི་ཡང་མི་ཤེས་ལ། ཡང་གཞན་སྐོར་ཞིག་གིས་བླ་མས་ཅི་གསུངས་ཆོས་ཡིན་ཟེར་ནས་སངས་རྒྱས་ཆོས་ཀྱི་ངོ་གདོང་ངོ་མ་བོ་གཞན་དུ་འདོར་བར་བྱེད། ཡིན་ནའང་། ང་ཚོས་ད་དུང་བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར། ངས་གནས་ལུགས་འདི་ཙམ་རེ་བཙལ་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་ཟེར་བ་སྐྱག་རྫུན་རེད་ཟེར་གྱི་ཡོད།
འོ་ན། བོད་ཆོས་ལྡན་གྱི་ཞིང་ཁམས་མིན་ན་ཅི་ཟེར་ན། ང་ཡིས་ལན་འདི་ལྟར་སྟེར་བ་ཡིན། སངས་རྒྱས་ཆོས་ལུགས་བོད་ལ་དར་པ་བདེན་ན་ཡང་། བོད་ཆོས་ལྡན་གྱི་ཞིང་ཁམས་ཟེར་བ་སྐྱག་རྫུན་རེད། སངས་རྒྱས་ཆོས་ལུགས་ཀྱིས་བོད་ཡོངས་སུ་དམག་འཁྲུག་དང་མི་དོན་ལ་ཆ་རྒྱུས་མེད་པའི་ཞིང་ཁམས་གཞན་ཞིག་ལ་བསྒྱུར་འདུག་ཟེར་སྙིང་འདོད་དོ།
ང་ཚོས་ལོ་རྒྱུས་ལ་ཕྱིར་རྟོགས་ཅུང་ཟད་རེ་བྱས་ན། བོད་བཙན་པོའི་དུས་སྐབས་ནི་བན་བོན་འཐབ་རྩོད་ཀྱི་དུས་སྐབས་ཡིན་ལ། བོད་སིལ་བུའི་དུས་སྐབས་ནི་བོད་ལ་བླ་མའི་ཆོས་ལུགས་དར་བའི་དང་སྤྲུལ་སྐུའི་མེ་ཏོག་འཁྲུངས་པའི་དུས་སྐབས་ཡིན། གཞན། ས་ཕག་རིན་གཙང་གི་དུས་སྐབས་ནི་ཆོས་ལུགས་གྲུབ་མཐས་གྲུབ་མཐར་དམར་འཛིང་བྱེད་པའི་ནང་འཁྲུག་གི་དུས་སྐབས་དང་། དགའ་ལྡན་ཕོ་བྲང་གི་དུས་སྐབས་ནི་ཉེས་ས་ནས་བཤད་ན་རང་གིས་རང་ཉིད་འདུལ་བ་དང་གདན་སའི་གདན་སར་དམག་དྲངས་པའི་གྲྭ་དམག་གི་དུས་སྐབས་ཤིག་གོ།
ཡིན་ནའང་། ང་ཚོས་ད་དུང་ཅི་ཡང་མ་མཐོང་མདོག་མདོག་གིས་བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར། ངས་འདི་ལྟར་བཤད་པ་སྐྱག་རྫུན་རེད་ཟེར་གྱི་ཡོད།
ཨོ་་་་་་་་་་་་་ངོ་མ་རེད་ཡ། ཁྱོད་ངར་དང་ཐལ། གསང་བ་ཆེ་དག་ཞིག་བརྡོལ་དང་ཟིག་གོ།
བ྄ླུན་པོས་བ྄ུན་པོར་ར྄ྒྱབ་ས྄ྐྱོར་བྱས་ན་དངོས་གནས་འོས་ཤིང་འཚམ་པ་ལ།
གྲོགས་པོ་ཚོ། བདེ་ཆེན་སྒྲོལ་མ་ཟེར་བ་འདི་དངོས་གནས་ཐང་ཐང་མེད་པ་འདྲ། ༼མདོ་དབུས་ཁམས་གསུམ་གཅིག་ཏུ་བསྒྲིལ་བའི་ནམ་མཁའ་དྭངས་མོ་དེའི་འོག་ན། ལྷ་ཁང་དང་དགོན་པ་མང་བ་ལས་གྲོང་དང་གྲོང་བརྡལ་མང་བ་དང་། གྲྭ་བ་དང་ཇོ་མོ་མང་བ་ལས་མི་སྐྱ་ཕོ་མོ་མང་བ་གནས་ལུགས་ཀྱིས་བཟུང་བའི་བདེན་དོན་ཡིན་ཡང་། ༽འདིས་ཅི་ཞིག་ཤོད་ཀྱིན་འདུག ཆོས་ལྡན་གྱི་རྒྱལ་ཁབ་ཟེར་དུས་གྲོང་དང་གྲོང་བརྡལ་ལས་ལྷ་ཁང་དང་དགོན་མང་བ་དགོས་པ་དང་། མི་སྐྱ་ཕོ་མོ་ལས་གྲྭ་བ་དང་ཇོ་མོ་མང་བ་དགོས་ཟེར་གྱི་ཡོད་པ་རེད་དམ། ད་དུང་གནས་ལུགས་དང་བདེན་དོན། དངོས་གནས་ཧམ་པ་ཆེ་གི
འོ་ད་བདེ་ཆེན་སྒྲོལ་མ་གཉིད་ལས་སད་འདུག སྔོན་མ་ངས། བོད་འདི་ཕོངས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། བོད་ལ་དཔྱད་པ་བྱེད་པའི་སྲོལ་འདི་ཤིན་དུ་ཉུང་བར་གནས་སྟབས། གཞན་གྱིས་གང་བཤད་ལས། རང་གིས་ཞིབ་འཇུག་དང་དཔྱོད་པ་བྱེད་སྲོལ་མིན་འདུག་ཅེས་བཤད་པས་ན། མཆན་མཁན་པོ་འབའ་ཞིག་གིས་ཚིག་གི་དུང་དང་གྲི་འཁུར་ནས། བསྐལ་ངན་ཟེར་བ་དང་། ཤུགས་ལྡན་གྱི་རྗེས་བྲངས་བ་ཟེར་ནས། ཀུན་དུ་སྨོད་པ་ལས་རྒྱུ་མཚན་ཤོད་མཁན་མིན་འདུག ད་ག་ལེར་སྒུག་ནས་སྡོད་སྐབས། འདི་ན་ཡང་མི་ཁ་ཤས་གཉིད་ནས་སད་བཞིན་འདུག
ང་ད་དུང་སྒུག་བཞིན་ཡོད།
བདེ་ཆེན་སྒྲོལ་མ་ཉོན་དང་།
ཁྱོད་ཀྱི་ཆོས་ལྡན་ཞིང་ཁམས་ཞེས་པ་འདི་དགོན་པ་དང་གྲྭ་བཙུན་མང་བའམ་ཡང་ན་གཞུང་ཆེན་བཀའ་པོད་ལྔ་འཆད་ཐུབ་པ་ཙམ་ཆོས་ལྡན་དུ་འདོད་པ་ཁྱོད་ཀྱི་གོ་ནོར་ཡིན།
ཆོས་ཞེས་པ་སེམས་བཅོས་པ་ཞིག་ལ་ཟེར་བསཁྱོད་ཀྱིས་མ་མཐོང་ན་མ་གཏོགས་བོད་པ་ཡོངས་རྫོགས་ཆོས་ཤེས་མིན་ལ་མ་ལྟོས་པར་ལྷད་མེད་པའི་དད་སེམསདང་སེམས་པ་རང་བཞིན་གྱིས་བཟང་བ། རང་གི་བཟང་ངན་ཇི་བྱུང་ཡང་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱད་མཁན་ཞིག་ལ་ཟེར་བ་ཡིན། ཆོས་ལྡན་གྱི་ཞིང་ཁམས་ཞེས་པ་བདེ་བ་ཅན་གྱི་ཞིང་ལྟ་བུ་ལ་ཟེར་བ་མིན།་དེས་ན་སོ་སོ་སྐྱེ་བོ་ཐ་མལ་བ་ཞིག་སངཉིན་གྱོན་ཆས་བརྗེས་པ་ཙམ་གྱིས་ཆོས་ཤེས་པར་མི་འགྱུར་པས་ཁྱོད་ཀྱི་ལྟ་ལྟངས་ནོར་པ་ཡིན།
གལ་ཏེ་བོད་ལ་ནང་པའི་ཆོས་དར་མེད་ཚེ་ད་ལྟ་ལྟ་བུའི་མིའི་སེམས་བརྒྱུད་ཡ་རབས་ཡོང་མི་སྲིད་ལ་ད་ལྟ་ལྟ་བུའི་བོད་ཅེས་ནང་ཆོས་མཐར་གཏུགས་སའི་གནམ་འོག་ན་ཡིད་སྨོན་བྱུང་སའི་སྐད་གྲགས་ཡོད་པ་ཞིག་ཡོང་མི་སྲིད།
གལ་ཏེ་ནང་ཆོས་མེད་ན་ད་ལྟའང་དམར་མཆོད་དང་གདོན་འདྲེ་སྐྱབས་སུ་འཛིན་པའི་ཀླ་ཀློ་ཁྱུ་གཅིག་ཡིན་ངེས།
བན་བོན་གྱི་འཐབ་རྩོད་ཡང་ཆོས་ཀྱི་མེད་པ་བཟོས་པ་ཡིན་ལ་བོད་བསིལ་བུའི་གནས་སྐབས་ཀྱང་ཕྱོགས་གཅིག་ཏུ་ཆོས་ཀྱིས་བསྒྲིལ་བ་ཡིན།་ཇི་ལྟར་ཡང་ཁྱོད་ཀྱི་བསམ་སྟངས་རྦད་དེ་ནོར་བ་ཡིན།
ཡིད་འོང་མ། གྲོགས་བཟང་མ། འདྲི་བ་ག་ཤས་ཤིག་ཡོད། ལན་ཡག་པོ་ཞིག་སྦྱིན་རོགས།
༡༽ ཁྱོད་ཀྱིས་ཟེར་ན། “བོད་པ་ཡོངས་རྫོགས་ཆོས་ཤེས་མིན་ལ་མ་ལྟོས་པར་ལྷད་མེད་པའི་དད་སེམསདང་སེམས་པ་རང་བཞིན་གྱིས་བཟང་བ། རང་གི་བཟང་ངན་ཇི་བྱུང་ཡང་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱད་མཁན་ཞིག་ལ་ཟེར་བ་ཡིན།”
ལྷད་མེད་པའི་དད་སེམས་ཟེར་བ་འདི་ཆོས་ཚིག་སྟོང་པ་ཞིག་གམ། ཡང་ན་སྙན་ངག་གི་ཚིག་གཅིག་ལས། དོན་ངོ་མར། བོད་མི་ཚང་མར་འདོད་ཆགས། ཞེ་སྡང་། གཏི་མུག་བཅས་འཛམ་གླིང་གི་མི་གཞན་ཀུན་དང་འདྲ་བར་ཡོད་སྟབས། དམིགས་བསལ་བོད་པར་ལྷད་མེད་པའི་དད་པ་ཡོང་ཨེ་ཤེས།
“རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་”ཟེར་ན། སྔོན་མ་སྐུ་དྲག་དེ་ཚོས་བོད་ཀྱི་རྒྱུ་ནོར་མང་ཆེ་བར་བདག་པར་བྱེད། མི་སེར་ཟེར་ནས། བོད་མི་ཁྱོན་ཆེ་ལ་གཡོག་པོར་ཉར་ནས་སྡུག་གཅོད་དང་མནར་གཅོད་ཁོ་ན་བཀོལ། དེ་འདྲའི་སྤྱི་ཚོགས་ནང་ལ་ལས་རྒྱུ་འབྲས་མིན་འདུག ད་འདི་ཡང་ཆོས་ལྡན་ཞིང་ཁམས་ཀྱི་ཁྱད་ཆོས་ཡིན་ནམ།
ཁྱེད་ཀྱིས་གསུངས་ན། “གལ་ཏེ་བོད་ལ་ནང་པའི་ཆོས་དར་མེད་ཚེ་ད་ལྟ་ལྟ་བུའི་མིའི་སེམས་བརྒྱུད་ཡ་རབས་ཡོང་མི་སྲིད་ལ་ད་ལྟ་ལྟ་བུའི་བོད་ཅེས་ནང་ཆོས་མཐར་གཏུགས་སའི་གནམ་འོག་ན་ཡིད་སྨོན་བྱུང་སའི་སྐད་གྲགས་ཡོད་པ་ཞིག་ཡོང་མི་སྲིད།”
དེ་ལ་ངའི་འདྲི་བ་ནི། བོད་མི་འདི་སེམས་བརྒྱུད་ཡ་རབས་ཡིན་པ་ཁྱོད་ཀྱི་ཇི་ལྟར་དཔང་རྟགས་འདོན་ཐུབ། ཡ་རབས་ཟེར་ན་གང་ལ་ཤོད་ཀྱི་ཡོད།
བོད་པས་དམར་བཟས་ནི་ཤིན་དུ་སྤྱོད། རྒྱ་གར་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོར་བསྡུར་ན། ངེད་ཚོའི་མི་རིགས་འདི་སེམས་ཅན་གྱི་སྲོག་བཅད་ནས་ཤ་ཟ་རྒྱུར་ཤིན་དུ་དགའ། སྲོག་གཅོད་ནི་རྒྱུན་ལྟར་ཡོད། རྟག་ཏུ་གྲི་ཞིག་གདོགས་བཞིན་གནས་ཚུལ་ཆུང་ཆུང་ཞིག་གི་ཐོག་ལ་མ་ཐད་ན། གྲི་འདོན་མཁན་གྱི་མི་རིགས་འདི་ལ་ཡ་རབས་ཟེར་རམ། ཁྱོད་བློ་འཚུར་འགུག་དང་། ངེད་ཚོའི་ཁམས་པ་དང་ཨ་མདོ་བ་འདི་ཚོས། གྲི་དང་ཚོན་ཆ་ལ་དགའ་བོ་བྱེད་པ་འདི་ཡ་རབས་སྤྱི་ཚོགས་ཀྱི་རྟགས་རེད་པས། ངེད་ཚོའི་ལུས་པོར། སེམས་ཅན་རྩ་ཆེན་ཡོད་དོ་ཅོག་གི་ལྤགས་པ་གྱོན་པ་འདི་ཆོས་ལྡན་དང་ཡ་རབས་མི་རིགས་ཤིག་གི་ལུགས་རེད་དམ།
ད་དུང་ཁྱི་བརྡུང་ཞེས། བདག་པོ་མེད་པའི་བུད་མེད་རང་གར་འཕྲོག་བཅོམ་དང་བཙན་གཡེམ་བྱེད་པའི་སྲོལ་ལུགས་ངན་པ་འདི་ལ་ཁྲིམས་གཅོད་མི་བྱེད་པ་འདི་ཡ་རབས་ཅན་གྱི་མི་རིགས་ཤིག་གི་ཁྱད་ཆོས་ཨེ་ཡིན།
ཁྱེད་ཀྱིས་ཡ་རབས་ཟེར་ན་་་་་་་་་་་་
སྤྱིར་བོད་པས་དམར་ཟས་ཟ་བ་ལ་ཁག་མེད། དུས་རབས་མང་པོའི་རིང་སྔོ་ཚོད་སོགས་མེད་པས་རེད། འོན་ཀྱང་དེང་སང་ད་དུང་རྒྱ་བལ་དང་ཐེ་ཝན་ཨ་རི་སོགས་སུ་སྡོད་པའི་བླ་སྤྲུལ་ཚོས་སྒོར་ཤེད་ལ་བསྡུར་ནས་དམར་ཟས་ཁོ་ན་མ་གཏོགས་ཟ་མི་ཤེས་ཁུལ་བྱེད་ཀྱི་འདུག་པ་འདི་ངོ་མ་བྱ་རྩོག་གི་ཡ། འདི་ཚོའི་ཁ་ནས་སེམས་ཅན་ཐམས་ཅད་་་་་་་་་་་་་་་
ཚངས་དབྱངས་ལགས།
ལྷད་མེད་པའི་དད་སེམས་ལ་ཁྱེད་ཀྱིས་གཉིས་སུ་དབྱེ་ཆོག
༡
ཤེས་ནས་དད་པའི་དད་པ་སྟེ་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་དད་པ་ཡིན།
༢
རྨོངས་དད་སྟེ་ཆོས་ཇི་བཞིན་མ་ཤེས་ཀྱང་མཆོག་གསུམ་ཡོད་པར་ཡིད་ཆེས་བྱེད་པ་དེ་ཡིན།།
དཔེར་ན་ཁྱོད་དན་གངའི་ཕ་མ་ལྟ་བུ། དུག་གསུམ་ངོས་འཛིན་ཐུབ་པ་ཡང་རང་གི་ནོར་འཁྲུལ་ལ་ཤེས་ཚོར་ཐུབ་པ་ཞིག་ཡིན་པས་དེ་ཆོས་ཀྱི་གྲིབ་མ་ལས་བྱུང་བ་ཞིག་ཡིན།
རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་ཞེས་པ།
ཁྱོད་ཀྱི་སྐུ་དྲག་སུ་ཞིག་ལ་གསུངས་རྒྱུ་ཡིན་ནམ། སྐུ་དྲག་ཞེས་པ་རང་ག་བ་ཞིག་རིམ་གྱིས་ཆེན་པོར་གྱུར་པ་ལས་སྐུ་དྲག་ཞེས་པ་ལོགས་སུ་གཞན་ལས་རང་བཞིན་གྱིས་ཁྱད་འཕགས་ཤིག་སྐྱེ་བ་མིན།
སྔོན་གྱི་སྐྱོ་ཕྱུག་་ཡང་རང་རང་གིས་ལས་ཀྱི་དབང་གིས་གྲུབ་པ་ཡིན། དྲག་ཞན་གྱི་དབྱེ་འབྱེད་དེ་འཛམ་གླིང་ཧྲིལ་པོར་བྱུང་ཡོད་ལ་དེ་དུས་དབང་གིས་རིམ་གྱིས་མེད་པར་གྱུར་ཡོད། དེ་ཆོས་ཀྱི་བྱུང་རྐྱེན་ཞིག་རྩ་བ་ནས་མིན་།
གལ་ཏེ་དེ་ལྟར་ཡིན་བོད་ཀྱི་རྒྱལ་རབས་ནང་གི་མི་སྣ་མང་པོ་ཞིག་ལ་ཁྱེད་ཀྱིས་དམའ་འབེབས་བྱས་པ་ཡིན།
༣
བོད་མི་འདི་སེམས་བརྒྱུད་ཡ་རབས་ཡིན་པ་ཁྱོད་ཀྱི་ཇི་ལྟར་དཔང་རྟགས་འདོན་ཐུབ། ཡ་རབས་ཟེར་ན་དཔེར་ན་ངས་རིང་ས་མ་བཤད་པར་ཉེ་ས་ནས་བཤད་ན།་བཙན་བྱོལ་གྱི་བོད་པ་རྣམས་རྒྱ་གར་བ་དང་ཚོང་འབྲེལ་དང་སོགས་ག་གཐད་ནས་བྱེད་དགོས།་དེ་ཚེ་རྒྱ་གར་བ་ཚོས་རྒྱ་གར་བ་རངཉིད་ཀྱི་རིགས་ལས་བོད་པ་ཚོར་ཡིད་ཆེད་བྱེད་རྐྱང་བྱས་ཏེ་ཚོང་ལས་མཉམ་སྤེལ་བྱེད་ཀྱི་ཡོད།་དེ་ནི་ལོམང་གི་བརྒྱུད་རིམ་ནངབད་པ་རྣམས་ཡ་རབས་ཡིན་པ་ཁོང་ཚོས་ར་སྤྲོད་བྱུང་བས་ཡིན། གལ་ཏེ་ཁྱེད་རང་ཡིད་ཆེས་མེད་ན་རྒྱ་གར་ནས་ཕེབས་པ་བོད་པ་འགའ་ཞིག་ལ་དྲིས་དང་།
དེ་བཞིན་ཨ་རིར་ཡང་ཐ་བ་བུ་རྫི་བ་ཡང་ཨ་རི་སྤྱི་ཡོངས་ཀྱིས་བོད་པའི་བུ་མོ་འདེམས་ཁ་བྱེད་ཀྱི་ཡོད།་དེ་ནི་བོད་པའི་བུ་མོ་སྤྱི་ཡོངས་ནས་ཡ་རབས་ཡོད་པས་ཡིན།
ཁོ་མོས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བོད་ནང་འགྲོ་མྱོང་བ་ཚོས་བོད་ནང་གི་བོད་པ་རྣམས་ཡ་རབས་ཉམས་ཆུང་ཡིན་པར་་ཁ་གཅིག་གྲགས་བྱེད་ཀྱི་འདུག ་ཤ་ཟ་རུས་མུར་བྱེད་པ་ནི་བོད་ཀྱིརིགས་གཞུང་ལྟ་བུ་གདོད་ནས་ཡོང་བ་ཞིག་ལས་དེ་ནི་ཆོས་དར་བ་ནས་བཟུང་དེ་ལྟར་བྱུང་བ་ཞིག་མིན། ཆོས་དར་བ་ནས་བཟུང་རང་གི་ལུས་གསོར་མཁོ་ངེས་ལས་རྒྱལ་ཁབ་གཞན་ནང་བཟིན་གྱི་འགུལ་བསྐྱོད་རྒྱག་མཁན་ཚང་མ་བོད་པས་མི་ཟ་བ་ཁྱེད་ཀྱིས་མཁྱེན་ངེས།
ཁྱི་བརྡུང་ངམ་གྲོང་སྐྱོར་ཞེས་པ་བོད་པའི་ལུགས་སྲོལ་ནང་ཕོ་གསར་ཚོས་རྩེད་སྣང་གིས་བྱས་པ་ཞིག་ཡིན་ལ་བུ་མོ་ཚོས་ཀྱང་དེར་ཁས་ལེན་བྱེད་མུས་ཡིན། ཕལ་ཆེར་ཁྱེད་རང་ཁྱི་བརྡུང་ལ་ཕེབས་རྒྱུའི་གོ་སྐབས་དེ་མ་བྱུང་བ་འདྲ།
ཡིད་འོང་མ་ལགས།
ཁྱེད་ཀྱིས་བོད་པ་ཡ་རབས་ཡིན་པ་འདིའི་རྒྱུ་མཚན་དེ་ཚོ་དག་གཤེར་གཏོང་རྒྱུ་རེད། དེ་ཡ་རབས་ཡིན་མིན་ཡང་ང་ཚོ་བོད་པའི་ལྟ་ཚུལ་རེད་མ་གཏོགས་འཛམ་གླིང་མི་དམངས་གཞན་གྱིས་བརྟག་གཤེར་བྱས་ནས་སྤད་པའི་གོང་ཐང་ཞིག་མ་རེད།
ངས་རྒྱ་གར་བའི་ཚོང་པའི་སྒྲུང་དེ་གོ་མྱོང་། དེ་རྒྱལ་བ་རིན་པོ་ཆེས་གསུངས་སོང་། ཡིན་ནའི་འདི་རྒྱ་གར་བ་ཚོང་པ་གཅིག་གི་ལྟ་ཚུལ་རེད། མ་ཟད་རྒྱལ་བ་རིན་པོ་ཆེས་སྒྲུང་འདི་གསུངས་དགོས་པའི་རྒྱུ་མཚན་འདི་ཁྱོད་ཀྱིས་ཨེ་ཤེས། སྒྲུང་འདི་གསུངས་དགོས་པའི་རྒྱུ་མཚན་འདི་དེང་སང་བོད་པ་རྣམས་སྤྱོད་པ་སྡུག་རུ་འགྲོ་བཞིན་འདུག སྔོན་མ་འདི་འདྲ་མ་རེད་གསུངས་ནས་སྒྲུང་འདི་གསུངས་སོང་། སྒྲུང་འདི་ད་ལོ་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་དུས་རྒྱལ་བ་རིན་པོ་ཆེས་གསུངས་སོང་།
བོད་པས་ཡ་རབས་ལ་འཛིན་པའི་སྤྱོད་པ་འགའ་གཞན་གྱིས་ཀླ་ཀློའི་འདུ་ཤེས་འཛིན་གྱི་འདུག དཔེར་ན་ཁྱི་བརྡུང་ཞེས་པའི་བོད་པའི་གོམས་གཤིས་འདི་དང་རྒྱ་ནག་ནང་ཆུང་མ་འཕྲོག་ནས་ཆང་ན་བརྒྱབ་མཁན་གྱི་ཏེ་མི་རིགས། (傣族) གཉིས་ལ་འདུག འདི་ཀླ་ཀློའི་སྤྱོད་པ་རེད་ཅེས་བཤད་ཀྱི་འདུག བྱས་ཙང་ངས་འདི་ལ་གནས་ཚུལ་འདི་བཀོད་པ་ཡིན། ཁྱོད་ཀྱིས་ད་དུང་ཀླ་ཀློའི་སྤྱོད་པ་འདི་ཚོ་བཟང་སྤྱོད་ལ་འཛིན་སྟངས་ལ་བཤད་ནས། བོད་པས་ཤ་ཁྲག་ལ་འཛེམས་མེད་སྤྱོད་པ་དང་མི་ལ་འདུད་འགྲོའི་འདུ་ཤེས་འཛིན་ནས་ཀླ་ཀློའི་སྤྱོད་པ་སྤེལ་བ་འདི་ཚོ་བོད་པའི་རྒྱན་ལ་བརྩིས་ནས་ཡ་རབས་ཡིན་ཟེར་ན། ད་ངོ་མ། ཡིད་འོངས་མའི་ཀླད་པ་འདི་ལ་ཆ་འཇོག་ཇི་འདྲ་བྱེད་དགོས་མིན་ཤེས་ཀྱི་མིན་འདུག
ངས་ཁྱོད་ལ་དངོས་སྒྲུང་ཞིག་བཤད་ཆོག བོད་ཀྱི་ནག་ཆུ་སོག་རྫོང་ཟེར་བར། རྒྱ་ནག་ནས་སློབ་ཐོན་བོད་རིགས་བཞི་ལས་བཀོད་བྱས་འདུག དེའི་ནང་ནས་གཉིས་བུད་མེད་རེད། གཅིག་གཞིས་རྩེ་དང་གཅིག་ཤོས་ཕ་ཡུལ་ལྷ་སའི་ཉེ་འཁོར་གྱི་གྲོང་གསེབ་བུ་མོ་རེད།
ཁོང་ཚོ་བཞི་དེ་གར་ལས་བཀོད་བྱས་ནས་ལོ་གཅིག་མ་སོང་གོང་ལ། སོག་རྫོང་གི་རྫོང་དཔོན་གཞོན་པ་ཞིག་གིས་གསར་དུ་འབྱོར་བའི་ལས་བྱེད་པ་འདི་ཚོ་དང་ས་གནས་ཀྱི་གཞོན་ནུ་ཁ་ཤས་སྐོང་ནས་ཐུགས་སྤྲོ་བཏང་། ཕྱི་ནས་ཡོང་བའི་ཕོ་གསར་གཉིས་ར་ཤི་བ་ལྟར་གཟི་བཅུག དེ་ནས་གཡས་གཡོན་གྱི་གཞོན་ནུ་རྣམས་ལ་དོ་དགོངས་རྫོང་དཔོན་གྱིས་ཁྱོད་ཚོ་ལ་ཁྱི་བརྡུང་གི་སྟོན་མོ་ཡོད། ཕ་ལ་སོང་། བུ་མོ་གཉིས་ཡོད་ཟེར་ནས། སོག་རྫོང་གི་བོད་པ་བདུན་སྐོར་ཞིག་གིས་བུད་མེད་དེ་གཉིས་ལ་ཁྱི་བརྡུང་ཡིན་ཟེར་ནས་བཙན་གཡེམ་བཏང་འདུག བུད་མེད་གཅིག་རྫོང་གི་སྨན་ཁང་ནས་སྨན་བཅོས་བྱེད་མ་ཐུབ་པར་ལྷ་སར་དབོར་རྗེས་ངས་གནས་ཚུལ་འདི་ཤེས་བྱུང་།
ཁྱེད་ཀྱི་ཤོད་རྒྱུར་”ཁྱི་བརྡུང་ངམ་གྲོང་སྐྱོར་ཞེས་པ་བོད་པའི་ལུགས་སྲོལ་ནང་ཕོ་གསར་ཚོས་རྩེད་སྣང་གིས་བྱས་པ་ཞིག་ཡིན་ལ་བུ་མོ་ཚོས་ཀྱང་དེར་ཁས་ལེན་བྱེད་མུས་ཡིན། ཕལ་ཆེར་ཁྱེད་རང་ཁྱི་བརྡུང་ལ་ཕེབས་རྒྱུའི་གོ་སྐབས་དེ་མ་བྱུང་བ་འདྲ།”
ཡིད་འོངས་མ་ཁྱོད་ཕོ་ཀླ་ཀློ་ཞིག་གིས་བུད་མེད་ཀྱི་མིང་འཁུར་ཡོང་ནས་སྐད་ཆ་འདི་འདྲ་བཤད་པ་འདི་ངོ་ཚ་གི་མིན་འདུག་གམ། ཁྱོད་ཀྱི་སེམས་ལ་ཁྱོད་ས་ཆ་གང་དང་གློག་ཀླད་ཀྱི་IP གང་བེད་སྤྱོད་བྱེད་ཀྱི་ཡོད་པ་འདི་གཞན་གྱི་ཤེས་ཀྱི་མ་རེད་བསམ་གྱི་འདུག་གམ
ཁྱོད་ཀྱི་ཡིད་དུ་འོང་ནའང་འདྲ་མ་འོང་ནའང་འདྲ།
ང་བོད་ཀྱི་བུ་མོ་ཞིག་ཡིན།
ཁྱོད་ཆོས་ལྡན་ཞིན་གཁམས་སུ་འདོད་ནའང་འདྲ་མའདོད་ནའང་འདྲ།
ཆོས་ལྡན་ལྡན་གྱི་ཞིང་ཁམས་སུ་ཀུན་གྱིས་འདོད།
ཁྱོད་དང་མའི་རྩེ་ཏུང་གི་རྗེས་འབྲངས་པ་མ་གཏོགས།
ཁྱོད་ཀྱི་གླིག་ཀླད་ཀྱི་IP་ཤེས་ཀྱི་མི་འདུག
ང་ཡིད་འོང་མ་ཞེས་པ་བོད་ཀྱི་བུ་མོ་ཡིན།
ཕལ་ཆེར་ཁྱེད་ཆོས་ཀྱི་ལམ་དུ་འཁྲིད་པའི་མཁའ་འགྲོ་མ་ཞིག་ཡིན་ཡང་སྲིད
སྐུ་རྩེད་ཡིན།
ངས་རང་གི་མི་རིགས་གི་སྲོག་དང་ཟུང་དུ་འབྲེལ་བའི་ཆོས་དང་རིག་གཞུང་ལ་གུས་རྩི་དང་སྲུང་སྐྱོབས་བྱས་པར་ངོ་ཚ་དགོས་དོན་ག་ལ་ཡོད།
ང་བོད་པའི་གཤིས་རྒྱུད་ལ་བརྡར་ཤ་བཅད་པ་མིན་པ་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་དེ་བས་ངོ་ཚ་དགོས་དོན་མིན་འདུག
བོད་པའི་བྱ་སྤྱོད་ཀླ་ཀློ་ཡིན་འང་འདྲ་ཇི་འདྲ་ཞིག་ཡིན་རུང་ཁྱོད་ཀྱི་ཀྱི་མེས་པོའི་ལས་རྗེས་ཞིག་ཡིན་པས་ཁྱོད་ཀྱིས་དེ་ལ་དམའ་འབེབས་གཏང་ན་ཁྱོད་ངོ་ཚ་དགོས་པ་ཞིག་ཡིན།