རྫ་ཚེ་རིང་བཀྲ་ཤིས།
དད་པ་ནི་བོད་ཀྱི་རིག་གནས་དང་སེམས་ཁམས་ཀྱི་ལྟ་གྲུབ་མང་པོ་ཞིག་གི་གཞི་རྩ་རེད། བོད་ལ་ད་ཡོད་རིག་གནས་ཀྱི་ཁྲོད་དུ་དད་པ་ལས་ལྷག་པའི་གཅེས་ནོར་ཞིག་མེད།
དད་པ་འདིའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག མ་གཞི་དད་པ་འདིའི་རྐྱེན་ཀྱིས་མི་ངན་གྱི་མགོ་སྐོར་དང་འཚོ་བའི་ཁྲོད་དུ་ཐལ་དྲགས་པའི་རྨོངས་དད་ཀྱི་སྣང་ཚུལ་ཡང་ངེས་པར་འབྱུང་ངེས་ཡིན་པ་ཅི་ལ་མི་ཤེས་ན་ཡང་། དེ་ལྟར་ཡང་དད་པའི་རིན་ཐང་ནི་དེ་ལས་ལྷག་པ་ཡིན། བོད་དང་དད་པ་མཉམ་དུ་གནས་དགོས།
པར་འདི་ངས་བྱེས་བཞུགས་པ་ཞིག་གི་ངོ་དེབ་ལས་ཟུར་འདོན་གྱི་རང་གི་ངོ་དེབ་ཏུ་བཞག་ཅིང་། དུས་ཡུན་ཐུང་ངུའི་ནང་མི་ཧ་ཅང་མང་པོ་ཞིག་གིས་བརྡ་ལན་འབྱོར། མང་ཆེ་བ་ནི་རྒྱ་རིགས་རེད། ངས་ངོ་དེབ་ཐོག་གི་པར་རིས་ཀྱི་གསལ་བཤད་དུ་རྒྱ་ཡིག་འདི་བྲིས་པ་ཡིན། (འདི་ནི། ཁ་བའི་ཁྲོད་ནས་ཐང་ཀ་ལ་ཁ་ཕྱོགས་ནས་བརྐྱངས་ཕྱག་འཚལ་བཞིན་པའི་རྒན་དར་གཞོན་གསུམ་སྟེ། འདི་མཐོང་དུས་ཁྱེད་ཚོས་བོད་མིའི་རྩེ་གཅིག་པའི་དད་མོས་དེ་གཟིགས་སོང་ངམ། བོད་ནི་འདི་ལྟ་བུ་ཞིག་ཡིན། ཉེ་ཆར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་ཁོང་གི་བོད་ཕྲན་དུ།
མི་རབས་གསུམ་གྱི་དད་པ། ང་ཚོས་དད་པ་འདི་མི་རབས་ནས་མི་རབས་ཀྱི་བར་དུ་བརྟན་པར་བྱ་དགོས། ཐབས་ཤེས་ཀྱི་གཙོ་བོ་གཅིག་སློབ་གསོ་ཡིན་ནོ།།ཞེས་གསུངས་འདུག འདི་བརྟན་དགོས་པའི་རྒྱ་མཚན་ནི་འདི་ནི་བོད་མིའི་རིག་གནས་ཀྱི་སྙིང་སྟོབས་རེད་ཅེས་བྲིས་པ་ཡིན། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་པོད་ཕྲན་གྱི་པར་དང་ཡི་གེ་ནི་གཤམ་གྱི་དེ་ལགས།
རུས་མིང་ཅིན་ཞུ་བའི་བུ་མོ་ཞིག་གིས་ངའི་ངོ་དེབ་ལ་ལན་འཇོག་སྐབས། ང་ན་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ལ་སོང་། བོད་མི་རྒན་རབས་པ་དེ་ཚོའི་སྣང་ཚུལ་ནི་འདི་འདྲ་རང་རེད། འོན་ཀྱང་གཞོན་སྐྱེས་ཕྱག་སྐོར་བྱེད་མཁན་མང་པོ་མི་འདུག འདིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་པོ་འདི་རིམ་གྱིས་ཉམས་ནས་འགྲོ་གིན་མེད་དམ་སྙམ་པའི་སེམས་ཁྲལ་བྱུང་ཟེར།
ཡང་རུས་མིང་ཏུའུ་ཞུ་བ་ཞིག་གིས་ཀྱང་། ང་ལོ་འདིའི་ཟླ་བ་བཅུ་པར་མཚོ་སྔོན་ལ་སོང་། དགོན་པ་རྣམས་ཀྱི་ནང་ན་ཆོས་འཆད་ཉན་སོགས་ཡག་པོ་འདུག མ་གཞི་ད་ལྟ་གླང་དར་མའི་ཆོས་སྣུབ་ཀྱི་ལས་འགུལ་མཇུག་དྲིལ་ཟིན་ན་ཡང་། གཞོན་སྐྱེས་དག་གིས་ཅུང་ཟད་སྣང་ཆུང་དང་གཡེལ་བག་བྱེད་ཀྱི་མེད་དམ་སྙམ་པའི་སེམས་ཁྲལ་ང་ལའང་བྱུང་ཟེར།
མཁན་པོ་རྫ་བཀྲིས་ཚེ་རིང་ལགས།
རྒན་ཁྱེད་མི་སེམས་དྭངས་མ་ཞིག་ཡིན་པ་དང་། ཕྱོགས་རིས་ཉུང་བའི་མི་བཟང་པོ་ཞིག་ཡིན་པ་ཤེས་ཀྱི་ཡོད། ངས་རྒན་ཁྱེད་གང་ཟག་ཞིག་གི་ཐོག་ནས་བསྟོད་པ་མ་གཏོགས་སྐྱོན་ཞུ་ཡས་མེད། འདིར་ངས་ཁྱེད་ཀྱི་ལྟ་བའི་ཐོག་ལ་དཔྱད་བསྡུར་ཞུ་བ་དང་དེ་ཡང་ང་གཉིས་ཀྱིས་མི་རིགས་ཤིག་གི་བདེ་སྡུག་སེམས་ལ་བཅངས་ནས་བགྲོ་གླེང་བྱེད་བཞིན་ཡོད། སྒེར་སྨོད་པ་ནི་ཅི་ནས་མ་ཡིན་ནོ།
དད་པ་ནི་བོད་མི་རིགས་འདི་ཕུང་བའི་གཞི་རྩ་མ་རེད་པས།
ང་ཚོས་མཛུབ་མོ་ཁ་ཚུར་བཙུགས་ནས། ཀྭ་ཡེ། ལྟས་ངན། ལས་ངན་པ་ཁྱོད། ཁ་མདོག་སྡུག་པོ་འདི་འདྲ་ཞིག་ལ་འགྱུར་ནས། ནང་གི་རྩ་བ་ཆེ་ཤོས་རང་དབང་དེ་གཞན་ལ་ཤོར། ཕྱིའི་རྩ་བ་ཆེ་ཤོས་ལུང་པ་ས་ཆུ་རི་ཀླུང་ཡག་པོ་འདི་འདྲ་ཞིག་ཡོད་པ་འདི་གཞན་ལ་ཤོར། ད་སྤྲང་པོ་ལྟར་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས། ནང་ལ་མི་རྣམས་འུ་ཐུག་ནས་ལུས་གསོན་པོ་མེ་ལ་བསྲེགས་དགོས་པ་འདི་འདྲར་འགྱུར། ཕྱི་ལ་མཐའ་ན་བལ་པོ་དང་འབྲུག་པ་ལྟ་བུའི་ལུང་ཆུང་ཞིག་གི་གནས་སྟངས་ལས་ལྡབ་བརྒྱས་སྐྱོ་བར་ལྷགས། ཅིའི་ཕྱིར་ཁ་མདོག་འདི་འདྲ་བྱུང་བ་རས་ཟེར་ན།
ལགས་རྨོངས་དད་དང་དད་པ་ཟེར་བ་འདིས་བཟོས་སོང་། དང་པོ་བླ་མ་དང་སྤྲུལ་སྐུ། གཏེར་སྟོན་པ་དང་། དགེ་བཤེས་མང་པོ་ཞིག་ཡོང་ནས། དངུལ་དང་རྒྱུ། བུད་མེད་དང་སྙན་གྲགས་ཆེད་དུ་ཁ་ནས་ནང་ཆོས་དང་ཐར་པ་ཟེར་ནས་ང་ཚོར་མགོ་སྐོར་བསམ་ཡུལ་ལས་འདས་པ་བཏང་། མི་རིགས་འདིའི་གཞི་རྩ་རྣམ་དཔྱོད་དང་ཉམས་མྱོང། དེ་བཞིན་སྤྱི་ཚོགས་ཀྱི་ཤེས་བྱ་མཐའ་དག་ནུས་མེད་ལ་བཏང་ནས། དད་པ་དང་མཆོག་ཤེས་ཟེར་བའི་དུག་ཤིག་བོད་པ་རྣམས་ལ་སྤྲད། འདིས་བོད་འདི་བླ་མ་དང་སྤུལ་སྐུ་ཉུང་ཤས་ཤིག་གིས་བཟུང་ནས། བོད་འབངས་སྤྱི་བྲན་ལ་འཁོལ། མཐའ་མ་ཕྱི་དགྲ་ཡོང་དུས། བླ་མ་སྤུལ་སྐུ་དེ་ཚོ་རང་རང་གི་འཁོར་གཡོག་དང་རྒྱུ་ནོར་ཁུར་ནས་བྲོས། རྗེས་ལ་བོད་པ་མང་ཚོགས་རྣམས་དགྲའི་ཁ་ལ་བཞག
ད་དད་པ་ལ་ལྟོས་དང་། དད་པས་སྐྱོན་ཐམས་ཅད་འགེབས། དད་པས་རྣམ་དཔྱོད་བསྒྲིབས། དད་པས་བདེན་རྫུན་གྲིབ། དད་པས་ཆབ་སྲིད་དང་དམངས་གཙོ་བཀག། དད་པས་མི་རིགས་འདི་ཆེས་རྗེས་ལུས་དང་ཆེས་གཞན་དབང་ཅན་དུ་གཡུགས་པ་མ་ཡིན་ནམ།
དད་པ་མེད་པའི་སྤྱི་ཚོགས་ཤིག་ཡིན་ན། བོད་འདི་ད་ལྟ་ལྡབ་བརྒྱས་གནས་སྟངས་ལེགས་པ་ཡོད།
ང་ཚོས་དད་པ་ཟེར་བའི་རྟོགས་པ་འབེམ་འབེམ་པོ་འདི་བསྐྱུར་ནས། དེའི་ཚབ་ལ། བརྟག་པ་དང་། བདེན་འཚོལ། དངོས་ཡོད་དང་དཔང་རྟགས་ལ་བརྩི་བ་སོགས་བྱས་ཡོད་ན། ད་ལྟ་བོད་འདི་གནས་སྟངས་འདི་ལྟ་བུར་འགྱུར་གྱི་མ་རེད། རྣམ་དཔྱོད་དང་རིགས་པ་གཙོ་བོར་འཛིན་ཡོད་ན། བོད་ཀྱི་རྒྱལ་པོར་བླ་མ་བསྐོ་བའི་ལུགས་སྲོལ་ཅི་ནས་ཡོང་། རྣམ་དཔྱོད་དང་དངོས་གཙོ་གཞི་རྩར་བཞག་ཡོད་ན། ལྷ་དང་སྲུང་མའི་ཚབ་ལ། མི་རྣམ་དཔྱོད་ཅན་རྣམས་བསྐོས་ནས་དམག་དང་ས་སྲུང་ལེགས་པར་བསྐོས་ནས་ཕྱིའི་དགྲ་ནང་ལ་གཏོང་གི་མ་རེད། གཏོར་རྒྱག་གི་ཚབ་ལ། མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་བརྒྱབ་ཡོད་སྲིད།
དད་པ་འདི་འདོར་ནས། རྣམ་དཔྱོད་དང་རིགས་པ། དེ་བཞིན་བདེན་འཚོལ་དང་ཉམས་མྱོང་གཙོ་བོར་བཞག་ཡོད་ན། དགོན་པའི་ཚབ་ལ་དམག་སྒར་བརྒྱབ་ཡོད་སྲིད། ལྷ་འབེབ་པའི་ཚབ་ལ། བགྲོ་གླེང་དང་དཔྱད་བསྡུར་བྱས་ཡོད་སྲིད། ཞབས་བརྟན་ཚབ་ལ། ལས་གཞི་དང་ལས་འགུལ་སྤྲེལ་ཡོད་སྲིད།
དད་པ་ཟེར་བའི་རྨོངས་ཐིབས་ཀྱི་རྟོག་པ་ཞིག་བོད་པའི་ཀླད་པའི་ནང་ལ་བསླེབས་མེད་ན། བླ་མ་རྫུན་མ་དང་སྤུལ་སྐུ་རྫུན་མ། ཆོས་པ་རྫུན་མ་དང་ཡང་སྲིད་རྫུན་མ། ལྷ་པ་རྫུན་མ་དང་མོ་པ་རྫུན་མ། དེ་བཞིན་གདུང་སྲས་ཟེར་བ་དང་མཁའ་འགྲོ་ཟེར་བའི་སྨྱོན་པ་དེ་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འཁོར་ས་མེད།
དད་པ་མེད་ན། དི་རིང་གངས་ཅན་བླ་མ་འགྲོ་ས་མེད། མཁན་པོ་ཚུལ་ཁྲིམས་ཁ་རྫིག་པོ་ཤོད་ས་མེད་ལ། ད་དུང་པན་ཆེན་གཉིས་ཀྱང་ཡོང་དོན་མེད་ལ། ཀརྨ་པ་གསུམ་ཡང་དགོས་པ་མེད། དད་པ་མེད་ན་ཤུགས་ལྡན་གྱི་རྙོག་འདྲ་ཡོང་དོན་མེད་ལ། གླང་དར་མ་གསོད་དགོས་དོན་མེད། དད་པ་མེད་ན། བོད་སྲིལ་པོར་འགྱེས་དོན་མེད་ལ། ལོ་ངོ་བཅུ་ཕྲག་གི་ནང་འཁྲུག་ཡོང་དོན་མེད། དད་པ་མེད་ན་་་་་་་་་་་་་་་་་་་་་་
དད་པ་མེད་ན་་་་་་་་་
ཟུར་གནས་ཀྱིས་བཤད་པར་༡༠༠ བརྒྱ་ཐམ་པའི་རྒྱབ་སྐྱོར་ཡོད། རྫ་ཚེ་འདི་ཡང་རྨོངས་དད་པ་ཞིག་ཡིན་པར་མ་ཟད་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱང་མི་ཆུང་བ་ཞིག་རེད་མི་འདུག
དད་པ་མེད་ན་ཐེ་ཝན་རྨོངས་དད་མགོ་འ྄ཐོམ་པའི་ལག་ནས་དངུལ་ཐོབ་མི་སྲིད། དེ་མ་ཐོབ་ན་ཐེ་སྡོད་བོད་བླ་དེ་ཚོད་རྒྱ་བལ་དུ་རྫིག་ངོམ་བྱེད་མི་ཐུབ་ལར་ནས་དད་པའི་ལག་ནས་དངུལ ལེན་དགོས་ན་རྒྱ་ཐེ་མ་ལཤའི་སིང་པོར་ལ་སོང། ལུགས་དང་མཐུན་པའི་དངུལ་དགོས་ན་ནུབ་ཕྱོགས་སུ་སོང་ནས་དཔེ་ཁྲིད་གྱིས། ཁོད་ཚོ་ནི་རྨོངས་དད་པ་མིན་དྲི་བས་བོད་བླ་རྫུས་མ་དེ་ཚོ་འགྲོ་ས་མེད།
གཡོ་སྒྱུ་ཁྲམ་སེམས་སོགས་གང་ཅིའི་ཐད་ནས་འཇིག་རྟེན་འདིར་སྐྱིད་རྒྱག་ཐུབ་ན་དེ་རང་ཉིད་མཇོན་ཐང་ཡོད་པའི་རྟགས་རེད། བླུན་པོ་རྨོངས་དད་ཅན་ལའང་མགོ་སྐོར་གཏོང་ཐུབ་ན་དེ་ཡང་རང་ཉིད་མཇོན་པའི་རྟགས་རེད། འདི་ནི་འཇིག་རྟེན་མི་ཆོས་ཡིན་པས། དེ་འདྲའི་འདོད་པ་ཚིམ་ངེས་ཡིན།
དད་པ་མེད་པའི་མི་དག་ལ།།དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ།།ཞེས་དད་པ་མེད་ན་ཡིད་ཆེས་མེད།
ཐམས་ཅད་ལ་ཡིད་ཆེས་བྱེད་ན་ཀླད་མེད་ཡིན།།
གཅིག་ལའང་ཡིད་མ་ཆེས་ན་ཀླད་མེད་ཡིན།།
རང་གི་ལྟ་ལ་ཆགས་ཤིང་གཞན་ལྟ་ལ་སྡང་བ།།
མི་ཡི་བདེ་སྐྱིད་འཕྲོག་པའི་ཆོམ་རྐུན་པ་ཡིན།།
ཅིན་དང་ཏུའུའི་བཤད་པ་དེ་བདེན་པ་ཡིན་ན་བོད་པ་ལ་རེ་བ་ཞིག་འདུག
དད་པ་མེད་ན་བླ་མ་སྤྲུལ་སྐུ་ཉུང་དུ་འགྲོ དེ་ཉུང་དུ་འགྲོ་ན་གྲྭ་པ་ཉུང་དུ་འགྲོ གྲྭ་པ་ཨ་ནེ་ཉུང་དུ་འགྲོ་ན་མི་རིགས་མང་དུ་འགྲོ མི་རིགས་མང་དུ་འགྲོ་ན་དཔའ་བོ་དཔའ་མོ་མང་དུ་འགྲོ
ལེགས་བཤད་ཀླེན་པ། སྲིད་དོན་བཤད་སྐབས་སུའང་ཆོས་བཤད་རྒྱབ་ཡོང་གི།
གཤམ་གྱི་སྐད་ཆ་འདི་གཉིས་ཀྱིས་ཅི་ཞིག་བསྟན་གྱི་འདུག་གམ། རུས་མིང་ཅིན་ཞུ་བའི་བུ་མོ་ཞིག་གིས་ངའི་ངོ་དེབ་ལ་ལན་འཇོག་སྐབས། ང་ན་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ལ་སོང་། བོད་མི་རྒན་རབས་པ་དེ་ཚོའི་སྣང་ཚུལ་ནི་འདི་འདྲ་རང་རེད། འོན་ཀྱང་གཞོན་སྐྱེས་ཕྱག་སྐོར་བྱེད་མཁན་མང་པོ་མི་འདུག འདིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་པོ་འདི་རིམ་གྱིས་ཉམས་ནས་འགྲོ་གིན་མེད་དམ་སྙམ་པའི་སེམས་ཁྲལ་བྱུང་ཟེར། བོད་ཀྱི་སྲོལ་རྒྱུན་རིགས་གནས་རྩ་ཆེན་པོ་འདི་མེད་བརླགས་ལ་གཏོང་མཁན་རྒྱ་ཡིན་པ་ལས་བོད་མིན། ཁྱད་པར་དུ་བོད་རིགས་ན་གཞོན་ཚོ་མིན། ན་གཞོན་ཚོས་དཔྱད་པ་དང་ཤེས་ནས་དད་པ་བྱེད་ཀྱི་ཡོད། དེ་ལྟར་ཡིན་ན་ཡང་རྒྱ་རིགས་ཁོ་ཚོས་འདི་ལྟར་བཤད་ན་ན་གཞོན་ཚོར་ཧ་ལས་པས་བསྐུར་འདེབས་བྱས་པ་དང་མ་ཉེས་ཁ་གཡོགས་ཀྱིས་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་པ་མ་རེད་དམ། བོད་ཀྱི་རིགས་གཞུང་ཉམ་པ་ལ་རྒྱ་ནག་སེམས་འཁྲལ་འདུག་ལབ་ན་སྣང་བ་འགྲོ་བའི་སྐད་ཆ་རེད་དམ། ས་ནག་ལ་སེར་ཁ་གས་ན་འབུ་ནག་ལ་སེམས་འཁྲལ་ཀྱང་ཨེ་ཡོད། རྒྱ་ལ་འཕྲུལ་ཆེས་ན་བོད་དད་པ་སྐྱེས་ཟེར་བ་ཅི་མ་བདེན། རྒྱ་མོ་ཞིག་གི་སྐད་ཆ་ལ་མཁན་པོ་རང་ཡིད་ཆེས་པ་ཡིན་ན་ཡིད་ཆེས་བྱེད་ས་དེ་ཅུང་ནོར་མེད་དམ། ཁྱད་པར་དུ་རང་ཉིད་ཁ་ཡག་རྫུན་གཏམ་ལ་མགོ་འཁོར་བ་དང་གཞན་ཡང་བསླུ་བྲིད་ཀྱི་འོག་ལ་མགོ་སྒུར་དུ་མ་འཇོག་རོགས། ཧ་ཅང་གླུན་པོ་གླུན་པོ་མིན། །ཧ་ཅང་མཁས་པ་ཡང་མཁས་པ་མིན། །ཧ་ཙང་མཁས་པ་མཁས་རྒྱུ་ན་། ཕ་རྒན་དུ་བས་གསོད་དོན་ཅི།། རྒྱ་དང་རྒྱ་ཁྱི་གཉིས་ཀ་འགྲོ་ཤེས་འདུག་ཤེས་བྱས་ན་དགའ་གི་མ་རེད་དམ། བསྒྱེལ་བའི་སྟང་དུ་རྡོག་རྫིས་མ་གཏོང་རོགས། གཡག་གཅེས་པ་ཡིན་ནམ། ཡང་ན་ཁྲག་གཅེས་པ་ཡིན་ཧ་གོ་གི་མ་འདུག
ཚུལ་བློས་སྐད་ཆ་དེར་བདག་པོ་བརྒྱག་དགོས་དོན་དང་རྫ་བས་འདིར་བཀོད་དགོས་དོན་ཤེས་མ་སོང་། གསུང་ཡ་ཡོད་ན་གསུང་རོགས།
ཡང་རུས་མིང་ཏུའུ་ཞུ་བ་ཞིག་གིས་ཀྱང་། ང་ལོ་འདིའི་ཟླ་བ་བཅུ་པར་མཚོ་སྔོན་ལ་སོང་། དགོན་པ་རྣམས་ཀྱི་ནང་ན་ཆོས་འཆད་ཉན་སོགས་ཡག་པོ་འདུག མ་གཞི་ད་ལྟ་གླང་དར་མའི་ཆོས་སྣུབ་ཀྱི་ལས་འགུལ་མཇུག་དྲིལ་ཟིན་ན་ཡང་། གཞོན་སྐྱེས་དག་གིས་ཅུང་ཟད་སྣང་ཆུང་དང་གཡེལ་བག་བྱེད་ཀྱི་མེད་དམ་སྙམ་པའི་སེམས་ཁྲལ་ང་ལའང་བྱུང་ཟེར། བོད་རྒྱུད་ནང་བསྟན་རྩ་མེད་བཟོ་དང་བཟོ་བཞིན་པ་ནི་རྒྱ་ནག་སྲིད་གཞུང་ཡིན་པ་ལས་བོད་རང་ཉིད་མིན། ཀྱད་པར་དུ་གླང་དེར་སྐོར་དྲན་བཟཔ་བཏང་ནས་ཧ་ལས་པའི་གཡོ་སྒྱུ་ཞིག་འཁྲབ་ཀྱི་ཡོད་རེད། གླང་དེར་གྱིས་བསྟན་པ་བསྣུབས་ཀྱང་དེ་ང་ཚོའི་ནང་གི་དིན་དག་རེད། ཕྱི་དགྲ་དང་བསྡུར་ཏབས་ག་ལ་ཡོད། རིགས་གནས་གསར་རྗེས་མི་གླེང་བར་ཆེས་ཐག་རིང་བའི་གླིང་དེར་འཁུར་ནས་ཡོང་གི་ཡོད་རེད། བོད་ཀྱི་རིགས་གནས་དེ་བོད་མི་ན་གཞོན་སྐོར་ཅིག་དང་གླིང་དེར་ལ་ཁ་གཡོགས་ནས་རྒྱ་ནག་གི་ཞྭ་མོ་དེ་ཕུད་ཐབས་བྱེད་ཀྱི་ཡོད་རེད། རྒྱ་ནག་གིས་མ་ཁན་པོ་ཚུལ་ཁྲིམས་ཟེར་བར་སྙན་སྙན་འདྲ་བཤད་ནས་མགོ་སྐོར་བཏང་། མཁན་པོས་རྫ་བ་ལ་མགོ་སྐོར་བཏང་། རྫ་བས་དྲ་བར་བཀོད་ནས་ང་ཚོ་ལ་མགོ་སྐོར་གཏོང་རྩིས་ཡོད་པ་མ་རེད་དམ། ལོང་བས་ལོང་བ་བརྒྱུད་པ་མང་ཡང་ང་ཚོ་ནི་མིག་ལྡན་གཡང་མཆོངས་བྱེད་ཀྱི་མ་རེད་ལགས།
དད་སྟོབས་ཀྱིས་བོད་གནམ་ས་ཡོངས་སུ་ཁྱབ་པར་ཤོག།
དད་ལོག་དམ་ཉམ་འགའ་ལ་འདི་འདྲ་ཞིག་ཞུ་འདོད་བྱུང་། ཀླད་པ་དམ་ཆོས་ཀྱིས་སྟོང་བ། རིག་གནས་ཀྱིས་སྟོང་བ། གུས་ཞབས་ཀྱིས་སྟོང་བ། ཀུན་སྤྱོད་ཀྱིས་སྟོང་བ། ཡུལ་སྲོལ་གྱིས་སྟོང་བ། ལོ་རྒྱུས་ཀྱིས་སྟོང་བ། རྒྱལ་ཞེན་གྱིས་སྟོང་བ། རིགས་ཞེན་གྱིས་སྟོང་བ། རིག་གསར་གྱིས་སྟོང་བ། རིག་རྙིང་གིས་སྟོང་བ། ཤུལ་འཛིན་གྱིས་སྟོང་བ། བདག་འཛིན་གྱིས་སྟོང་བ། ཤ་ཚའི་སྟོང་བ། ངོ་ཚའི་སྟོང་བ། སྟོང་བ་སྟོང་རྐྱང་ཡིན་པའི་དྲ་མཆན་པ་འདི་ཚོ། སྟོང་བ་སྟོང་ནག་གིས་མྱི་ཚེ་རྫོགས་པར་ཡིད་རེ་སྐྱོ།
ཕྱི་དངོས་པོ་ཚན་རིག་གིས་སྟོང་པ། ཕྱི་དངོས་པོ་དཔལ་འབྱོར་གྱིས་སྟོང་པ། རང་ས་སྲུང་སྐྱོབས་དམག་མིས་སྟོང་པ། རང་སྲུང་གོ་ཆས་སྟོང་པ། དེང་དུས་བརྡ་འཕྲིན་གྱིས་སྟོང་པ། གློག་འོད་ཀྱིས་སྟོང་པ། འཕྲོད་བསྟེན་གྱིས་སྟོང་པ། དེང་དུས་སྨན་སྦྱོར་གྱིས་སྟོང་པ། དེང་དུས་ཁང་བརྩེགས་ཀྱིས་སྟོང་པ། བསྐོས་ཁྱབ་ཀྱིས་དཔོན་པོ་མེད་པ། ས་མཚམས་སྲུང་སྐྱོབས་ཀྱིས་སྟོང་པ། མི་རིགས་སྲུང་སྐྱོབས་ཀྱིས་སྟོང་པ། རིག་གཞུང་སྲུང་སྐྱོབས་ཀྱིས་སྟོང་པ། སྟོང་པ་བཅོ་བརྒྱད་ལས་སོགས་ཡུམ་མདོ་རྐྱང་འདོན་པ།
གནམ། ཁྱོད་ཀྱིས་སྟོང་པ་བཅུ་བཞི་གསུངས་ཡོད་པས། བདག་འཛིན་གྱིས་སྟོང་བ། ཞེས་བཅུ་གཉིས་པ་འདིའི་དགོངས་གཞི་གང་ཡིན་འགྲེལ་བཤད་སྐྱོན་རོགས།
བན་དེ་བ་ཁེག་མི་འདུག ད་དུང་དཔེ་ཆ་ཡག་པོ་སྦྱོངས། གང་ཞིག་སྟོང་པ་མ་ཡིན་པའི།།ཆོས་འགའ་ཡོད་པ་མ་ཡིན་ནོ།།
རྫ་ཚེ་རིང་བཀྲ་ཤིས་ལགས།
དད་པའི་ནང་གསེས་ལ། དང་བའི་དད་པ། ཡིད་ཆེས་ཀྱི་དད་པ། མངོན་འདོད་ཀྱི་དད་པ་གསུམ་ཡོད་པ་ནས་ཁྱོད་རང་གིས་བཤད་པ་དེ་གང་ཡིན། དད་པ་འདི་གསུམ་གྱི་ནང་ནས་རྨོངས་དད་ཀྱི་ཕྱོགས་སུ་གཏོགས་པ་དེ་ཁྱོད་རང་གིས་བཤད་པ་དེ་དང་འདྲ་ས་རེད། བོད་མི་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་རྒྱུ་མཚན་མ་ཤེས་པར་ཕྱག་འཚལ་ན་དད་པ་རེད་ཟེར་བ་ཨེ་ཡིན། ད་ག་རེ་བྱེད་དགོས་རེད།
རང་གྲོལ་ལགས།
བདག་འཛིན་གྱིས་སྟོང་བ་དེ། བླ་མ་གྲྭ་ཚང་གི་བློ་རིག་ན་ཡོད་པ་དེ་ཡིན་མདོག་ཁེལ་པོ་མ་རེད། ང་ལ་དད་པ་མ་གཏོགས་ཆོས་བཤད་ཡ་མེད་པས་ཡིན།
རང་གྲོལ་ལགས་ངོ་མ་ང་ཁག་མེད།
ཁྱོད་ལྟ་བུ་ཐམས་ཅད་རང་གྲོལ་རང་ཤེས་རང་རིག་རང་བྱུང་རང་གྲུབ་མ་ཡིན་ཙང་ད་དུང་སློབ་པ་དོན་དུ་གཉེར་དགོས་ཡོད།
མ་གཞི་ནས་ཆོས་ཐམས་ཅད་སྟོང་པ་ཡིན་ཟེར་བ་དེ་དང་ངས་གོང་དུ་སྟོང་པ་རེད་འདུག་ཟེར་བ་གཉིས་ལ་དབྱེ་འབྱེད་ཁྱད་པར་མ་ཤེས་པ་དེར་ལྟས་ན་ད་དུང་རང་གྲོལ་ད་ཨེ་ཡིན་སྙམ་པའི་དྭོགས་པ་ཆེན་པོ་བྱུང།
རང་གྲོལ་ཡིན་མིན་ལེགས་བཤད་མཉམ་དུ་བགྲོ་གླེང་བྱེད་སྐབས་ཤེས་རྟོགས་བྱུང།
ད་ཐམས་ཅད་སྟོང་པ་སྒོམ་ལ་བཞུགས་དང་རིམ་བཞིན་ཐམས་ཅད་སྟོང་པར་ཆགས་ཉེ་འདུག
དད་པ་དམ་ཚིག་དང་ལྡན་པ་དག་ལ་འདི་ལྟར་ཞུ།
བླ་མ་གཅིག་ནས་དབང་ལུང་སྡོམ་པ་མཉམ་དུ་ནོད་པས། དམ་ཚིག་སྤུན་གྲོགས་དྲ་གྲོགས་ལ་སྡང་བ། རང་གི་ཆོས་ལུགས་ལ་དད་པས་གཞན་གྱི་ཆོས་ལུགས་ལ་སྡང་བ།
རང་གི་བླ་མར་དད་པས་གཞན་གྱི་བླ་མར་སྡང་བ། རང་གི་ལྟ་བར་དད་པས་གཞན་གྱི་ལྟ་བར་སྡང་བ། རང་གི་ མི་རིགས་ལ་དད་པས་གཞན་གྱི་མི་རིགས་ལ་སྡང་བ། སྡང་བའི་ལྷོ་སྤྲིན་སྟུག་པོས་དད་པའི་སྒོ་མོ་རྒྱབ་སོང།
རིགས་ཞེན་དད་པས་རིས་མེད་སྒོ་མོ་རྒྱབ་སོང།
རྨོངས་ཞེན་དད་པས་ཀུན་མཐོང་རིག་པའི་སྒོ་མོ་རྒྱབ་སོང།
དད་པ་རྨོང་དད་ཅན་དེ་བོད་ནང་ཧ་ཅང་མང་པོ་རེད་་་དེ་སློབ་སྦྱོང་མེད་པའི་རྐྱེན་གྱིས་རེད
གངས་ལྗོངས་སྙིང་ནོར་བསྟན་པའི་བདག་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གྱིས་གསུང་དེ་ནི་བདེན་པ་རེད་ཁོང་གིས་
དད་པ་བྱེད་དགོས་གསུང་པ་དེ་དད་པ་དམ་ཚིག་ཟེར་བ་དེ་རེད་་་བོད་མའི་རྨོང་དད་རང་འདོད་ཟེར་བ་དེ་མ་རེད་
དཔེ་ན་དཀར་མཛེས་དར་དགོན་མེ་ཏོག་ནང་རྒྱལ་བ་རིན་པོ་འདུག་ཟེར་བ་དང་་་་རྒ་སྐྱེ་དགུ་ལ་མེ་ཏོག་སྔོན་པོ་འཁྲུངས་འདུག་ཟེར་པ་
མི་ཚང་མ་འཇལ་ཁ་འགྲོ་བ་སོགས་ལ་རྨོང་དད་དང་རང་འདོད་རེད་་་དད་པ་མ་རེད་་་་་སེམས་ནང་དད་པ་དངོས་སུ་ཡོད་ན་་ཁྱི་སོ་ལ་རིགས་སྲས་འཁྲུངས་ཟེར་བའི་དཔེ་ལྟར་
དད་པ་ཡོད་དགོས་ན་གནས་ལུགས་རྟོགས་དགོས། རྒྱུ་མཚན་ཤེས་དགོས། མ་མཐོང་མི་ཤེས་པའི་རྨོངས་དད་ཀྱིས་ཡོད་ཚད་ཕུངས་ལ་སྦྱོར་ངེས།
ཇི་སྐད་དུ།
དད་པ་སྔོན་འགྲོ་མ་ལྟར་སྐྱེད་པར་བྱེད། །
ཡོན་ཏན་ཐམས་ཅད་སྲུང་ཞིང་སྤེལ་བར་བྱེད། །
དད་པ་ནི་ཤིན་དུ་ནས་འཇིགས་སྣང་ཆེ་བའི་བསམ་བློ་ཞིག་ཏེ། བསམ་བློ་དེས་རང་གི་བདེན་རྫུན་དབྱེ་བའི་རིག་པ་དང་བློ་རྩལ་རྩ་མེད་གཏོང་བའི་ཕྱིར། ངས་མི་གཞན་ལ་ཁ་བརྡ་བྱེད་མ་ཐུབ་མོད། འོན་ཀྱང་ང་རང་གི་བུ་མོ་གཉིས་ཡོད་པ་དག་ལ་དད་པ་ནི་རྩ་བ་ནས་བསམ་བློར་མ་བྱེད། དད་པ་ནི་མགོ་བོ་སྐོར་བའི་དུག་རྣལ་མ་ཞིག་རེད། བུ་མོ། ལེགས་ཉེས་དཔྱད་པ་དང་ཞིབ་འཇུག་བྱས་ནས་རྩད་ཅིག དད་པ་བྱོས་ཟེར་མཁན་འདུག་ན། བླུ་བྲིད་ཡོང་ཉེན་ཆེ་བས་དེ་ལ་ཡིད་ཆེས་མ་བྱེད་ཅེས་ཉིན་ལྟར་གོ་སྐོན་བྱེད་དོ།
དད་པ་བཤད་ནས། བླ་མ་སྤྲུལ་སྐུ་དེ་ཚོས་བུད་མེད་ཀྱི་བྷ་ག་ཇི་ཙམ་བཅོམས་པ་མ་ཡིན་ནམ། དད་པ་ཟེར་ནས་བླ་མ་སྤྲུལ་སྐུ་ཚོས་ཉམས་ཆུང་གི་རྒྱུ་ནོར་ཇི་ཙམ་བླུ་བྲིད་མ་བྱས་སམ། དད་པ་བསྐུལ་ནས། འབྲོག་པ་དང་ཞིང་པའི་རྒྱུ་ནོར་ཇི་ཙམ་འཕྲོག་པ་གསལ་པོ་མ་ཡིན་ནམ། ད་དུང་དད་པ་དགོས་ཟེར་ན་ངོ་མི་ཚ་འམ།
གནམ། ཁྱོད་ཀྱིས་བདག་འཛིན་གྱིས་སྟོང་བ་ཞེས་པ་དེའི་ཞེ་འདོད་དུ་འཇིག་རྟེན་མི་ཆོས་བཟུང་ནས། དམ་པའི་ལྷ་ཆོས་ཀྱི་ཐ་སྙད་བེད་སྤྱོད་བྱས་པ་འདིས་ང་རྨོངས་སུ་བཅུགས་པ་རེད། མ་འགྲིག་ས་ཡོད་ན་ཁྱེད་ལ་དགོངས་དག་ཞུ།
བན་དེ་བ་ལགས། འཇིག་རྟེན་འདི་ཐམས་ཅད་རྨོངས་གྱུར་པས། ཉེ་རིང་དང་མཆོག་དམན་བཟང་ངན་སོགས་སྣ་ཚོགས་པའི་དབྱེ་འབྱེད་བྱེད་པ་ནི་ལོག་པ་འབའ་ཞིག་སྣང་བའི་སྐྱེ་བོ་ཐ་མལ་བའི་སྣང་ངོར་དེ་ལྟར་ཡིན་པ་ལས། སྟོང་ཉིད་བཅོ་བརྒྱད་སྟོན་པའི་ཡུམ་མདོ་སོགས་ཀྱི་དོན་ཁྱེད་དང་ང་གཉིས་ལྟ་བུའི་མ་དག་པ་ཞིག་གི་ངོ་ལ་སྦྱོར་མི་རུང་། སྟོང་པ་བཅོ་བརྒྱད་ལས་སོགས་ཡུམ་མདོ་རྐྱང་འདོན་པ། ཞེས་པ་ཅི་ཡིན་གསུང་རོགས་ཞུ།
གང་ཞིག་སྟོང་པ་མ་ཡིན་པའི།།ཆོས་འགའ་ཡོད་པ་མ་ཡིན་ནོ།།
གསུང་འདི་བདེན་པ་འེ་རེད་ལེགས་པར་སོམས་ཤིག
སྟོང་ཉིད་བཅོ་བརྒྱད་ལས་སོགས་མེད་རབས་རྐྱང་ཚིག་རྐྱང་བསྐྱོར་ནས་དེ་དོན་ནི་མི་རྟོགས་སྟོང་པ་ཙམ་ཅིག་གི་སྒྲ་སྤྱི་ཙམ་བློ་ཡུལ་དུ་་འཆར་ནས་ལས་དོན་ཕལ་ཆེར་སྟོང་པ་རང་རེད།
རྩལ་གྲུབ་རྟགས་ཡོད་རབས་ལུང་པ་གང་བཤད་ད་གཅིག་བཏོན་དང་ཟེར་དུས་སྔ་མ་བྱུང་རབས་ཤོད་པ་ལས་མིག་མཐོང་ལག་ཟིན་དུ་སྟོན་རྒྱུ་གཅིག་ཀྱང་མེད། རྩལ་གྲུབ་རྟགས་ཀྱང་སྟོང་པ། བོད་ཀྱི་ལོ་རྒྱུས་ཀྱང་སྟོང་པ། བོད་ཀྱི་ཚན་རིག་ལག་རྩལ་ཀྱང་སྟོང་པ་རེད་མི་འདུག་གམ་ད་དུང་དད་པ་ཡིད་ཆེས་
དཔྱད་པའི་གསུང་ལ་རྒྱབ་སྐྱོར་ཡོད། ལེགས་བཤད་སོགས་རྟོགས་པ་མཐོ་པོར་རློམས་པ་འགའ་ཞིག་གིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཉིད་ཀྱི་སྣང་ངོར་ལེགས་ཉེས་གྱི་ཕྱོགས་སུ་ཡོད་པར་འཛིན་པའི་ཕྱིན་ཅི་ལོག་གི་ལྟ་བ་ལ་གནས་ནས། ད་དུང་བླུན་དད་གཙུགས་སུ་བཀུར་བ་ནི་སྙིང་རྗེའི་ཡུལ་དུ་ཁུམས། སྤྱིར་འཇིག་རྟེན་དང་ཆོས་གཉིས་སོ་སོ་ཡིན་པས་དེ་གཉིས་བསྲེས་མི་རུང་། དད་པ་ངོ་མ་དེས་བོད་མི་རིགས་ཡོངས་སུ་ཁྱབ་དགོས། བོད་མི་རིགས་དང་གོམས་གཤིས་སྐད་ཡིག་སོགས་ཡོད་ཚད་མཐར་གཏུགས་ན་འདི་ལ་ཐུགས་ཡོད།
དད་པ་མེད་ན་སྟུ་མི་ཐོབ། །
དད་པ་མེད་ན་རྒྱུ་མི་ཐོབ། །
གལ་ཏ་དད་པ་མེད་འགྱུར་ན། །
བླ་སྤྲུལ་ཕལ་ཆེར་མུ་གེས་འཆི། །
བན་དེ་བ་ལགས། རང་ཉིད་སྟོང་པ་ཡིན་པ་ངོས་མ་ཟིན་པས་རེད་ལགས།
འོ་རང་གྲོལ་ནི་རང་གྲོལ་རང་རེད། ཤེས་རབ་གསུམ་གྱི་སྒོ་ནས་དཀའ་བ་སྤྱོད་མི་དགོས་པར་རང་གྲོལ་དུ་འགྲོ་མཁན་ཁྱེད་ལྟ་བུས་རང་ཉིད་སྟོང་པ་ཡིན་པར་ཤེས་ཡོད་ན་ད་གཟོད་ཁྱེད་ཀྱི་བསམ་ཚུལ་དང་མི་མཐུན་པར་སྨྲ་བར་ཡུད་ཙམ་ཅིག་ཀྱང་བཟོད་སྒོམ་མི་ཐུབ་པ་དེ་ནི་རང་གྲོལ་དང་རང་ཉིད་སྟོང་པ་ངོ་ཤེས་པའི་རྟགས་ཡིན་རྒྱུ་རེད། རང་ཉིད་སྟོང་ཡིན་པར་ཤེས་ན་རང་ཉིད་བདག་མེད་ཡིན་པར་ཤེས་དགོས། དེ་ཤེས་ན། འདམ་བུ་གཅིག་སྟོང་ཀུན་སྟོང་འགྱུར། ཚལ་བུ་གཅིག་བྲབས་ཀུན་བྲབས་འགྱུར།
གང་ཕྱིར་རྟེན་འབྱུང་མ་ཡིན་པའི།།ཆོས་འགའ་ཡོད་པ་མ་ཡིན་ནོ།།ཞེས་པ་ལྟར་རྒྱུ་རྐྱེན་ལ་མི་ལྟོས་བའི་རང་དབང་བ་ཞིག་ཡོད་པ་མ་ཡིན་ནོ། །
སེམས་ཀྱི་སྡུག་བསྔལ་ཆོས་ཀྱིས་སེལ།།ལུས་ཀྱི་སྡུག་བསྔལ་འབྱོར་བས་སེལ།།ཆོས་ཀྱི་རྩ་བ་དད་པ་ཡིན། །དམངས་གཙོའི་ལྟ་བ་ཡིད་ཆེས་ཡིན། །སྲིད་དང་མ་འབྲེལ་ཆོས་ལུགས་མེད།།ཆོས་དང་མ་འབྲེལ་སྲིད་དོན་ཡོད།།ཞིབ་ཏུ་དཔྱད་ན་ཆོས་སྲིད་གཉིས།།རང་དབང་ཡོད་པ་མ་ཡིན་པས།།ཆོས་ཀྱིས་སྲིད་ལུགས་བཅོམ་པ་དང་།།སྲིད་ཀྱིས་ཆོས་ལུགས་བཅོམ་པའོ།།ཆོས་ཀྱིས་སྲིད་ལུགས་འཕེལ་བ་དང་།།སྲིད་ཀྱིས་ཆོས་ལུགས་འཕེལ་བའོ།།འཇོམས་བྱེད་རྒྱུ་དང་འཕེལ་བྱེད་རྒྱུ།།རང་གི་སེམས་ཀྱི་ལྟ་ལས་བྱུང་།།
ཧ་ཧཧ་ཧལེགས་བཤད་འདི་སྟོང་ཉིད་མེད་དགག་ཏུ་ཁས་ལེན་མཁན་ཞིག་ཡིན་ཚོད་འདུག རྒྱུ་རྐྱེན་ཞེས་ཁ་བསྒྱུར་སོང་།
བན་དེ་བ། རང་སྟོང་མ་ཤེས་ན་གཞན་སྟོང་མི་ཤེས་དེ་མ་ཤཻས་ན་ཤེས་རབ་གསུམ་གྱི་སྒོ་ནས་ལོ་བརྒྱ་ལ་དཀའ་བ་སྤྱད་ཀྱང་ཕན་མི་ཐོགས། ད་ནི་ཁྱོད་ཀྱིས་སྲིད་བཤད་ཁུལ་གྱིས་ཆོས་ཀྱི་ཐ་སྙད་བེད་སྤྱོད་གཏོང་སྟངས་འདི་ཡ་མཚན།
རང་གྲོལ་འདི་ཡང་མེ་དགག་རང་སྟོང་གཞན་སྟོང་ཅིག་བཤད་ཁུལ་བྱེད་ཀྱི།
རང་གྲོལ་དུ་འདོད་མཁན་ནི་རྫོགས་པ་ཆེན་པོའི་ལུགས་རེད། ད་རང་སྟོང་གཞན་སྟོང་གི་སྐོར་ཕར་གཡུག་ན་ལེགས།
དེ་ལས་ཐམས་ཅད་གྲོལ་བ་ཡིན་བསམ་ནས་བཞུགས་དང་དེ་གས་འགྲིག་པ་རེད།
བན་དེ་ལགས།་ ་འདམ་བུ་གཅིག་སྟོང་ཀུན་སྟོང་འགྱུར། ཚལ་བུ་གཅིག་བྲབས་ཀུན་བྲབས་འགྱུར། འདི་བོན་གཞུང་ཞིག་ཏུ་མཐོང་མྱོང་འདྲ་བོ་འདུག རང་ཉིད་ཀྱིས་བརྩམ་པ་ཡིན་ནམ་གསུང་རོགས་ཞུ།
འོ་འདི་རྫོགས་ཆེན་གྱི་གཞུང་ཞིག་ནས་གསུངས་པ་རེད། ངས་བརྩམས་མེད་ཡིན་ནའང་ངག་ཐོག་ཏུ་ཡོད་པ་ལྟར་བྲིས་ཙང་ཏག་ཏག་རང་བྱུང་ཡོད་མེད་མི་ཤེས། རང་གྲོལ་ལགས་རྫོགས་ཆེན་ལ་རྒྱུས་དེ་འདྲ་ཡོད་དམ། ཁྱེད་ཀྱི་མཚན་ལ་ལྟས་ན་རྫོགས་ཆེན་ཞིག་ཡིན་བཟོ་འདུག། རང་གྲོལ། གཅེར་གྲོལ། ཡེ་གྲོལ། མཐའ་གྲོལ། ཀུན་གྲོལ། གཅིག་གྲོལ། ཤར་གྲོལ། ལས་སོགས་རྫོགས་པ་ཆེ་་པོའི་སྐད་ལུགས་རེད། རྒྱུས་ཡོད་ན་དེ་ཚོར་འགྲེལ་བཤད་རེ་བྱུང་ན་བལྟ་འདོད་ཆེ།
འོ་ལགས་སོ་བན་དེ་བ། ཐམས་ཅད་ཀྱི་ནང་ན་མ་གྲོལ་པ་ཁྱོད་ལྟ་བུ་རེ་ཟུང་ཡོད་པས་ཐམས་ཅད་གྲོལ་བ་ཡིན་བསམ་པའི་ངང་ནས་སྒོམ་དུ་བཞུགས་པ་འདི་ཁྱོད་ལ་འཚམས་པར་འདུག ངའི་ལྟ་བ་ནི་རང་ཉིད་སྟོང་ན་ཐམས་ཅད་སྟོང་། ཐམས་ཅད་སྟོང་ན་རང་ཉིད་སྟོང་པས་ངེས་པ་མེད་ལགས། འདི་ཆོས་འཇིག་རྟེན་གཉིས་ཀྱི་སྙིང་པོ་ཡིན། འདི་ལས་ཟབ་པ་མེད། འདི་ལས་གཞན་དུ་སངས་རྒྱས་དང་ཐར་བ་དང་བདེ་བ་མ་འཚོལ་ཞིག
’27 dead’ in Connecticut pri’27 dead’ in Connecticut primary school shooting
mary school shooting
བྷི་བྷི་སི་ནང་དུ་གཟིགས་དང་རང་བསྒྲལ་བྱས་ཤག
འོ་རང་གྲོལ་རིག་ལམ་མེད་པ་ད་རང་གྲོལ་རྒྱུ་ཕར་བཞག་རི་བོང་རྭ་ཡང་གྲོལ་མི་འདུག
ཐམས་ཅད་གྲོལ་ན་རང་གྲོལ་པས་ཁྱབ། སྤྱི་ཡིས་སྟོང་པ་ངེས་ན་བྱེ་བྲག་གིས་སྟོང་པ་ངེས་པས་ཁྱབ་པ་བསྡུས་གྲྭའི་རིག་འགྲོས་རེད།
ཐམས་ཅད། ཀུན་ཀ། ཀུན། ཡོངས་རྫོགས། མ་ལུས་རྣམས་དོན་གཅིག་ཡིན་ཤེས་པར་མཛོད།
སྲིད་པ་ཐམས་ཅད་འཇིགས་དུས་རང་གྲོལ་མ་འཇིགས་པར་ལུས། འཁོར་བ་ཐམས་ཅད་སྟོང་དུས་རང་གྲོལ་མ་སྟོང་པར་ལས།
ཧཧཧཧཧཧཧཧུཧུཧཧུ
ཨ་ཙི་བོད་པ་འདི་ཚོ་ད་གང་དྲག་་་་་
གནམ་ལོ་༢༡༣༩ ལྷག་དད་པ་འཁོ་ནས་མི་རིགས་དང་ལ་རྒྱ་སྟོན་པ་དང་བླ་མ་ཞེས་ད་ལྟ་བར་དུ་དད་ཡོད་
པ་དང་དེ་ཡི་བོད་ཞེས་པའམ་གངས་ཅན་པ་ཞེས་པ་དེ་་་ རང་རྒྱུད་ལ་དད་པ་ཡོད་པའི་ཆོས་རྒྱལ་དག་དང་
སངས་རྒྱས་བྱང་སེམས་ཀྱི་སྦྱིན་གྱི་རླབས་པའི་བླ་སྤྲུལ་དག་གི་བོད་ཀྱི་མི་རིགས་ཅུང་ཞིག་ལྷག་པ་རེད་མ་རྟོགས་
གཞན་བོད་མི་ཕལ་ཆེར་རྫོགས་སོ་་་་་་
དད་པ་མེད་ན་་་ བོད་པ་སྤྲེལ་འཕྲུག་ཡིན་་་
དད་པ་མེད་ན་་ བོད་པ་བྲག་སྲིན་ཡིན་་་
དད་མེད་དུད་འགྲོའི་རིགས་སུ་མ་སྐྱེ་རོགས་་་་
རང་དབང་མེད་ན་དད་པ་མེད།།རང་དབང་ཡོད་ན་དད་པ་ཡོད།།དད་པས་སྙིང་སྟོབས་བསྐྱེད་པ་དང་།།དད་པས་སྡུག་བསྔལ་སེལ་བའོ།།དད་པས་ཞི་བདེ་བསྐྲུན་པ་དང་།།དད་པས་སེམས་ལ་བག་ཡོད་སྦྱིན།།དད་པ་ཡོད་ན་དྲང་བདེན་ཡོད།།དད་པ་མེད་ན་དྲང་བདེན་མེད།།དད་པ་ཡོད་ན་སེམས་པ་སྐྱིད།།དད་པ་མེད་ན་སེམས་པ་འཁྲུགས།།དད་པ་ཡོད་ན་གུས་ལུགས་ཡོད།།དད་པ་མེད་ན་གུས་ལུགས་མེད།།དད་པ་ཡོད་ན་རྒྱུ་ནོར་འཕེལ།།དད་པ་མེད་ན་རྒྱུ་ནོར་སྟོང་།།དད་པ་ཡོད་ན་རྒྱལ་ཁམས་བདེ།།དད་པ་མེད་ན་རྒྱལ་ཁམས་འཁྲུགས།།དད་པ་ཡོད་ན་ཤེས་རབ་ཡོད།།དད་པ་མེད་ན་ཤེས་རབ་མེད།།དད་པ་ཡོད་ན་གཟུགས་ཕུང་བདེ།།དད་པ་མེད་ན་ནད་ཡམས་འཁྲུགས།།དད་པ་ཡོད་ན་གཞན་ལ་ཕན།།དད་པ་མེད་ན་གཞན་ལ་གནོད།།དད་པ་ཡོད་ན་སྤྱི་སེམས་ཆེ།།དད་པ་མེད་ན་སྒེར་དོན་ཆེ།།དད་པ་ཡོད་ན་སྙིང་རྗེ་ཡོད།།དད་པ་མེད་ན་སྙིང་རྗེ་ཞན།།དད་པ་མེད་པའི་མི་དག་གིས།།མི་རྣམས་གསོད་ཅིང་གཞན་ནོར་འཕྲོག།དད་པ་ཡོད་པའི་མི་དག་གིས།།གཞན་གྱི་སྲོག་སྐྱོབ་སྦྱིན་པ་གཏོང་།།
ང་ཚོའི་བོད་ཀྱི་ནང་ཆོས་འདི་དད་པ་དང་རྨོངས་དད་ཀྱི་རྗེས་སུ་འབྲང་མཁན་མིན་། ཡང་དག་རིག་པའི་རྗེས་སུ་འབྲང་མཁན་ཡིན།
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ནི་ངའི་འདྲིས་མྱོང་ཆེན་པོ་མེད་པའི་གྲོགས་པོ་ཞིག་ཡིན། ཁོའི་སྟེང་ལ་ཡིད་སྨོན་སྐྱེ་དགོས་པའི་ཡོན་ཏན་མང་པོ་མང་པོ་ཞིག་འདུག ཡོན་ཏན་དེ་དག་ནམ་ཡང་ངའི་ཡིད་སྨོན་གྱི་གནས་ཡིན་ལ། ཁོང་ནམ་ཡང་ས་ཐག་རིང་ཡང་ཕྱོགས་མང་པོ་མང་པོ་ཞིག་ནས་སེམས་ཐག་ཉེ་བའི་ངའི་གྲོགས་པོ་ཡིན། ཡིན་ན་ཡང་། རྩོམ་ཡིག་འདི་ལ་ངས་རྒྱབ་སྐྱོར་བྱེད་ཐུབ་ཀྱིན་མི་འདུག ཕྱོགས་གཅིག་གི་དགོས་མཁོ་གཅིག་བུར་བལྟས་ནས་བཤད་འདུག་པ་ལས། རྒྱ་ཆེ་སར་བལྟས་ནས་སྤྱི་ཁྱབ་ཀྱི་ཁེ་ཕན་ལ་དམིགས་མི་འདུག་པའི་སྐྱོན་འདུག ང་ལ་མཚོན་ན་དད་པ་ཟེར་བ་ནི་ཁྱད་ཆོས་བརྗོད་པའི་མིང་ཞིག་རེད། ཆོས་བཤད་མཁན་མང་པོ་ཞིག་ལ་དད་པ་མི་འདུག་ཟེར་ནས་ནག་པོ་བདུད་དུ་བསྒྱུར་ཆོག་ལ། བཤན་པ་ཞིག་ལ་དད་པ་འདུག་ཅེས་ལྷར་བསྐྲུན་ཆོག་པ་རེད། ཁ་མ་མེད་པའི་མིང་ཚིག་འདིས་ང་ཚོའི་རིག་གནས་ཀྱི་སྲོག་ཤིང་བྱས་པས་ང་ཚོའི་མི་གཞི་དང་རིག་གནས་ཀྱི་སྒལ་ཚིགས་ཆག་སོང་བ་རེད། དེ་ཙམ་ཡིན།
དེ་བས་ཆོས་བཤད་མཁན་པོ་དང་།།ལག་དམར་བཤན་པ་ལ་སོགས་པ།།དད་པ་ཡོད་མེད་སེམས་ལ་ཐུག།དད་པ་སེམས་ཀྱི་བྱེད་ལས་ཡིན།།ཁྱད་ཆོས་བརྗོད་པའི་མིང་ཙམ་མིན།།དད་པའི་ངོ་བོ་འདི་ལྟར་ཡིན།།བུད་མེད་དགའ་བ་དད་པ་མིན།།ཤ་ལ་དགའ་བ་དད་པ་མིན།།རང་འདོད་ཆེ་བ་དད་པ་མིན།།བླུན་པོའི་ཡིད་ཆེས་དད་པ་མིན།།དད་པ་ཅན་གྱི་མི་དག་གིས།།གཞན་གྱི་དོན་དུ་རང་སྲོག་གཏོང་།།དད་པ་མེད་པའི་མི་དག་གིས།།རང་གི་དོན་དུ་གཞན་སྲོག་གཅོད།།དད་པ་ཅན་གྱི་མི་དག་གི།རིགས་ནི་མཚན་མ་དག་ལས་ཤེས།།ལག་དམར་བཤན་པ་ལ་སོགས་པ།།དད་པ་མེད་པ་སྤྱོད་པས་ཤེས།།
དད་པ་ཡོད་མེད་བཤད་ན་བོད་མི་རིགས་འདི་དད་པ་ཡོད་པའི་མི་རིགས་ཤིག་ཡིན།
དད་པ་ཡིན་མིན་བཤད་ན་རྒྱུ་མཚན་དང་གནས་ལུགས་ཀྱིས་ཁ་གྲག་གི་རེད།
དད་པའི་བཟང་ངན་བཤད་ན་བཟང་ཆ་ངན་ཆ་གཉིས་ཀ་ཡོད། རྨོངས་པའི་དད་པ་ནི་ངན་པ་ཡིན།
བོད་པ་སྟོང་ཕྲག་དྲུག་བཅུ་ཙམ་ལ་དད་པ་མེད་པའི་དབང་དུ་བཏང་ན་བོད་མི་རིགས་ཀྱི་མི་གྲངས་རྒྱ་ཆ་གོ་དགུ་ལ་དད་པ་ཡོད་པར་བརྩིས་ཆོག། དད་པ་ཡོད་སྲོལ་བཤད་ན་བོད་མི་བརྒྱ་ཆ་གོ་དགུ་ལ་དད་པ་ཡོད།
བོད་མི་ཕལ་མོ་ཆེས་གསེར་དངུལ་ཟངས་ལྕགས་ལས་བྱས་པའི་སྐུ་གསུང་ཐུགས་ཀྱི་རྟེན་སྐུ་རྣམས་ཨ་ཅང་ཅང་། ས་རྡོ་ཤོག་ཤིང་ཡན་ཆད་ཀྱི་རྟེན་རྫས་ཆུང་ངུ་ཙམ་ལ་ཡང་ཡན་ལག་བཞི་ས་ལ་བཙུགས་གི་རེད། གནས་ལུགས་དང་རྒྱུན་མཚན་ཤོད་མཁན་དག་ནི་སྐབས་དེར་དད་ལོག་གི་ཁོངས་ལ་འཕེན་ངེས་ཡིན། རས་ལྷེ་དམར་པོ་ཙམ་ལའང་སྟོན་པའི་མནའ་བཟའ་ཡི་འདུ་ཤེས་འཛིན་པ ཡིན་པས་དམར་སེར་གྱོན་མཁན་དག་ནི་ངོ་མཚར་ལྷ་ཡི་སྤྲུལ་པར་ལོས་བརྩི།
ཕན་ཡོན་དང་བཟང་ངན་བཤད་ན་ནི་ཚང་མ་ཨ་ཁུ་འབྲོང་གི་སྣ་གསེར་སྣ་ཡིན། དངོས་ནས་ཡིན་མིན་ནི་དད་པ་ཤོད་མཁན་དག་གི་སེམས་ན་གསལ་པོ་ཡིན། སྤྱིར་བཏང་བྱས་ན་དད་པ་བཤད་མཁན་དང་དད་པ་བྱེད་མཁན་གཉིས་ཀྱི་སེམས་ཁམས་རྦད་དེ་ལོག་ག་ཡིན།
མི་མང་པོ་ཞིག་ཆུང་དུས་དད་པ་ཤིན་ཏུ་ཆེ་ན་ཡང་མཚར་ལོངས་གི་བརྒྱུད་རིམ་ནང་ཆུང་དུས་འདྲ་བའི་དད་པ་ནི་རིམ་གྱིས་མེད་པར་འགྱུར་བཞིན་ཡོད། རང་གིས་རང་ལ་ཞིབ་མདང་ཞིག་བརྒྱབ་ན་ཁོག་པའི་ནང་གསལ་བོ་ཤར་གི་རེད།
མཁས་པ་དང་བླུན་པོ་གཉིས་ལ་དད་པ་ཆེ་ཆུང་གི་ཁྱད་པར་ཡོད། བླུན་པོ་དད་པ་ཆེ་གི་རེད་ཟེར་ན་རྫུན་དུ་མི་འགྲོ ཡིག་ངོ་ཆོད་མཁན་དང་མི་ཆོད་གཉིས་ཀྱི་དད་པ་ལ་ཆེ་ཆུང་ཡོད། ཡིག་ངོ་མི་ཆོད་མཁན་གི་དད་པ་ཧ་ཅང་ཆེ།
དད་པ་ག་ཚད་ཆེ་ན་བརྟག་དཔྱད་གཏོང་བའི་བློ་རིག་དེ་ཙམ་གྱིས་ཆུང་། དད་པ་ཆེ་ཙང་མཐའ་གཅིག་ཏུ་ཡིད་ཆེས་བྱེད་པ་ཡིན།
གཙོ་བོ་རང་རང་ལ་དད་པ་ཡོད་མེད་དང་།དེ་རྨོངས་དད་ཡིན་མིན་དཔྱོད། དེའི་རྗེས་སུ་སྐད་ཆ་ཤོད། ང་ལ་མཚོན་ན་དད་པ་དྭངས་མ་ཞིག་ཁག་པོ་ཡིན་པ་མ་ཟད་རྨོངས་དད་ཡོད་པ་ཡང་ཉམས་རྒུད་དུ་འགྲོ་གི་འདུག་བསམ།
འཇིག་རྟེན་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཀྱང་ལྷ་དད་བླ་དད་ཆོས་དད་ལས་སོགས་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་སར། དེ་རྩིས་ཀྱིས་་ཕྱི་དངོས་པོའི་ཡར་རྒྱས་མེད་པ་དང་ནང་སེམས་ཀྱི་བློ་རིག་གི་སེམས་ཾཁུང་དོག་པ་ཡོད།
ཇི་ཙམ་གྱིས་ཆོས་དད་བླ་དད་ལྷ་དད་ཀླུ་དད་མེད་པ་ཙམ་གྱིས་དེ་དག་ཡར་རྒྱས་ལས་སོགས་ཆེ་བ་ཡོད་འདུག
དཔེར་ན། རྒྱ་གར་དང་བོད་ལས་སོགས་གྲོང་གསེབ་ཁུག་སྐྱོག་རིགས་ཀྱི་མི་རྣམས་ལ་དེ་ཚོའི་དད་པ་དང་ཡིད་ཆེས་ཆེ་བས་དེ་རྩིས་ཀྱི་དེ་ཚོར་ཡར་རྒྱས་མེད། རྒྱལ་སར་གནས་བཅའ་བའི་རིགས་ལ་དེ་རིགས་ཀྱི་རྣམ་རྟོག་མེད་པས་ཡར་རྒྱས་ཀྱང་ཆེ་བ་ཡོད།
དེ་བཞིན་ཤར་ཕྱོགས་པའི་མི་རིགས་རྣམས་ལ་དེ་རིགས་ཀྱི་དད་པ་ཆེ་བས་ཚན་རིག་གི་ཡར་རྒྱས་ཀྱང་དེ་བཞིན་མེད།
དེ་བཞིན་མི་ཇི་ཙམ་གྱིས་མཐོང་རྒྱ་ཐོས་རྒྱ་ཆེ་བ་ཙམ་གྱིས་དད་པ་དེ་རིགས་མེད་པ་འགྲོ་གི་ཡོད།
དཔེར་ན།་གོང་དུ་་་་་་ཐུ་བ་རྒྱ་མཚོས་བཤད་པ་ལྟར་རེད། བོད་ནས་གསར་དུ་འབྱོར་མཁན་དང་པོ་སླེབ་ཙམ་དུ་དད་པ་ཆེན་པོ་ཡོད།
རྗེས་སུ་རིམ་པས་དད་པ་གཡག་གི་རྩིད་པ་དེ་རིགས་བཤུས་ནས་སྤུ་མེད་མ་ཧེར་འགྱུར་བཞིན་ཡོད །
༤༦༽ བན་དེ་བ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༥ གི་ཆུ་ཚོད་ ༡ སྐར་མ་ ༣༩ འཇིག་རྟེན་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཀྱང་ལྷ་དད་བླ་དད་ཆོས་དད་ལས་སོགས་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་སར། དེ་རྩིས་ཀྱིས་་ཕྱི་དངོས་པོའི་ཡར་རྒྱས་མེད་པ་དང་ནང་སེམས་ཀྱི་བློ་རིག་གི་སེམས་ཾཁུང་དོག་པ་ཡོད། ་་་་ཟེར།
འདི་འདྲེ་རིག་ལྡན་གྱིས་དད་པ་ལ་ལྟ་སྟངས་འདི་འདྲ་རེད།༼ ཆོས་བཤད་མཁན་མང་པོ་ཞིག་ལ་དད་པ་མི་འདུག་ཟེར་ནས་ནག་པོ་བདུད་དུ་བསྒྱུར་ཆོག་ལ། བཤན་པ་ཞིག་ལ་དད་པ་འདུག་ཅེས་ལྷར་བསྐྲུན་ཆོག་པ་རེད། ཁ་མ་མེད་པའི་མིང་ཚིག་འདིས་ང་ཚོའི་རིག་གནས་ཀྱི་སྲོག་ཤིང་བྱས་པས་ང་ཚོའི་མི་གཞི་དང་རིག་གནས་ཀྱི་སྒལ་ཚིགས་ཆག་སོང་བ་རེད། དེ་ཙམ་ཡིན།༽མདོར་བསྡུས་བོ་དང་ཚིག་སྙན་པོ་རེད་དེ། དད་པ་དང་ཡིད་ཆེས་གཉིས་ལ་ཁྱད་པར་ག་རེ་ཡོད་བ་རེད། བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་དད་པ་རེད་དམ། མ་གཞི་ནས་ཕྲན་རང་ཆོས་ལ་རྒྱུས་མེད་མཁན་ཞིག་ཡིན།
དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད།།ཞེས་པ་ལྟར་མ་གཞི་ནས་དད་པ་ཟེར་བ་མི་སྒེར་གྱི་སེམས་ཁམས་དང་འབྲེལ་བ་ཡོད་པ་ཞིག་རེད། སྐབས་རེར་སེམས་ཁམས་ཀྱི་ནད་འབུ་དེ་ཚོས་སེམས་ཁམས་འཁྲུགས་པ་དང་མ་སྐྱིད་པ་བཟོ་གི་ཡོད་པ་རེད། དེ་ཚོ་delete་གཏོང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
ལེགས་བཤད་འདི་ཁ་བརྡ་དྲྭ་བའི་ཆོས་དགེར་བསྐོས་ན་ཡག་པོ་ཞིག་མཐོང་བྱུང། ཚང་མས་མོས་མཐུན་ཡོད་ན་ཁ་བརྡ་གཙོ་འཛིན་ལ་སྙན་ཞུ་ཞིག་འབུལ་གི་ཡིན།
རྨོངས་དད་མིན་པའི་དད་སེམས་དང། འཚེ་བ་མིན་པའི་འཚོ་བ་དག ཡ་རབས་མི་ཆོས་མ་ཡིན་ན། མི་དང་གདོན་འདྲེར་ཁྱད་པར་ཅི།
བན་དེ་བ་ལགས། མི་རུང་མི་རུང་། དེ་འདྲ་མ་གསུངས། ཁ་བརྡ་ནང་ཕེབས་མཁན་ཚོ་ཐང་ཐང་མི་འདུག་ཟེར་གི་ཡོད་པ་རེད། ང་ཡང་དེའི་གྲས་རེད། མཚོ་སྔོན་བོད་ཡིག་ཟིན་བྲིས་དང་ཁ་བརྡ་ལ་མ་གཏོགས་གཞན་ལ་འགྲོ་གི་མེད།
དྲ་གྲོགས་ལེགས་བཤད་ལགས་ནི། ཕྱག་དཔེ་གཟིགས་རྒྱ་ཆེན་པོ་ཡོད་པ་དངོས་བདེན་རེད་འདུག ཁ་བརྡར་ཕེབས་པར་རྗེས་སུ་ཡི་རང་ཡོད་ལགས།
དངོས་གནས་རྨོངས་དད་ཀྱིས་བོད་ཕུངས་པ་རེད་ཟེར་ན་རྒྱབ་སྐྱོར་ཡོད། ་ད་དུང་བླ་མ་མཁན་པོོས་དད་པའི་འཇིགས་སྣང་བླངས་ནས་རྒྱུ་ནོར་ལེན་པ་དང་ལོག་གཡེམ་བྱས་པ་གྲངས་མེད་བྱུང་ཡོད།
ནུབ་ཕྱོགས་གངས་ཕྲུག་ལགས། རྒྱུ་ནོར་བླངས་པ་དང་ལོག་གཡེམ་བྱས་ནི་དེ་འདྲའི་རྩ་ཆེ་མདོག་ལ། འཇིགས་སྣང་བསྐུལ་བྱས་ནས་རྒྱུ་ནོར་འཕྲོག་པ་དང་ལོག་གཡེམ་བྱེད་མཁན་བླ་མ་དང་མཁན་པོ་སུ་སུ་རེད་དམ། མང་བོ་མི་དགོས། རང་གིས་གཅིག་དཔེ་མཚོན་ལ་དྲོངས་དང་། བདེན་ན་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་མང་བོ་ཡོང་གི་རེད། མེད་ན་ནི་རྫུན་བཤད་ནས་དྲ་འབུ་དག་ལ་མགོ་སྐོར་བཏང་ནས་ཅི་བྱེད་དམ། གཞན་ལ་ཕྲག་དོག་གིས་སྐུར་བ་བཏབས་ནས་རང་གིས་ཉེས་པ་བསགས་པ་མ་རེད་དམ། ལགས། གསུངས་དང་།
ཡ་ཡ་ཡ་དྲྭ་གྲོགས་རྣམ་པ། བོད་མི་རིགས་ཀྱི་རྨོངས་དད་འདི་ནི་བོད་མི་རིགས་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན་པ་ཡང་ཤེས་དགོས། རྨོངས་དད་འདི་ནི་བོད་མི་རིགས་ཀྱི་ལག་ཆ་ཡོད་ན་མེད་ན་དེ་ཡིན། རྨོངས་དད་འདི་ནི་འཚེ་མེད་ཞི་བ་ལས་ཀྱང་ནུས་པ་ཆེ་བ་ཞིག་ཡིན། རྨོངས་དད་འདི་ནི་རྡུལ་ཕྲན་མཚོན་ཆ་ལས་ཀྱང་ནུས་པ་ཆེ་བ་ཡིན། རྨོངས་དད་འདི་ནི་བོད་པ་ཚོ་རང་ཚུགས་ཐུབ་པོར་གནས་ཅུག་མཁན་དེ་ཡང་ཡིན་ལ། རྨོངས་དད་འདིས་སྔོན་བན་དེ་མགོ་རིལ་ཚོ་ཡང་སྐད་ངན་ཤོར་དགོས་པ་བཟོས་ཡོད། རྨོངས་དད་འདིས་དེང་གི་རྒྱ་དམར་གུང་ཁྲན་ཏང་ཡང་སྐྱག་པ་ཤོར་དགོས་པ་བཟོས་ཡོད་ལ། རྨོངས་དད་འདིས་ཕྱི་རྒྱལ་མགོ་སེར་ཚོ་ཡང་ཡིད་ཐང་ཆད་དགོས་པ་བཟོས་ཡོད། རྨོངས་དད་འདིས་འཛམ་གླིང་མི་མང་གིས་བོད་ཁ་བ་ཅན་དང་གདོང་དམར་བོད་མི་ངོ་ཤེས་དགོས་པ་ཡང་བཟོས་ཡོད་ལ། རྨོངས་དད་འདིས་བོད་མི་རིགས་ལ་དགའ་བའི་འཛུམ་མདངས་སྟོན་པར་བྱེད་ཐུབ། རྨོངས་དད་འདིས་བོད་མི་རིགས་ལ་སྐྱིད་པའི་བྲོ་གར་འཁྲབ་པར་བྱེད་ནུས། རྨོངས་དད་འདིས་ཕྱིའི་བཙན་འཛུལ་ལ་རྒོལ་བར་བྱེད་ནུས་ལ། རྨོངས་དད་འདིས་ནང་གི་མཐུན་ལམ་ལ་སེམས་ཤུགས་རྒྱས་པར་བྱེད་ནུས། རྨོངས་དད་འདིས་རྒན་གོན་ཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྦྱིན་བཞིན་ཡོད་ལ། རྨོངས་དད་འདིས་གཞོན་སྐྱེས་ཚོ་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཤིག་སྤོར་བཞིན་ཡོད། རྨོངས་དད་འདིས་ཤ་མར་མཐུད་གསུམ་ལ་ཟེ་དང་བྲོ་བ་སྟེར་བཞིན་ཡོད་ལ། རྨོངས་དད་འདིས་སྦྲ་གུར་ནག་པོ་ལ་བདེ་སྐྱིད་ཀྱི་ཡིད་ཁ་གསོ་བཞིན་ཡོད། རྨོངས་དད་འདི་ནི་གངས་རི་དཀར་པོའི་བསིལ་རླུང་ཡང་ཡིན་ལ། རྨོངས་དད་འདི་ནི་ཡར་ཆབ་སྔོན་མོའི་འབབས་རྒྱུན་ཡང་ཡིན། རྨོངས་དད་འདི་ནི་སྔར་སྲིད་པ་ཆགས་པའི་གངས་རི་དང་འདྲ་ལ། རྨོངས་དད་འདི་ནི་དུས་དེང་སང་ཆགས་པའི་བ་མོ་དང་མི་འདྲ་།བོད་མི་རིགས་ཀྱི་རྨོངས་དད་ལ་རྒྱུ་མཚན་སྟོང་གིས་ཕྱུག་ཡོད་ལ། བོད་མི་རིགས་ཀྱི་རྨོངས་དད་ལ་དགོས་པ་འབུམ་གྱིས་རྒྱན་ཡོད། ཀྱེ་མ་བོད་མི་རིགས་ཀྱི་་་རྨོངས་དད་རིན་པོ་ཆེ་་་འདི་དུས་ཀུན་དུ་རྒྱལ་གྱུར་ཅིག། །
དད་པ་ཟེར་བ་འདི་ལ་བཟང་ངན་གཉིས་ཡོད། དེ་ནི་དད་པ་འཇོག་ཡུལ་བཟང་ངན་ལ་རག་ལས་ཡོད།
ནང་ཆོས་ལ། ཤེས་ནས་དད་པ་བྱས་ན། སྔར་དང་དེང་གི་དུས་སུ་དང་། འདི་དང་ཕྱི་མ། རང་དང་གཞན་ལ་ཕན་པ་འབའ་ཞིག་ལས་མེད་དེ་ངས་ཐག་བཅད་ནས་བཤད་ཐུབ་བོ། །
ནུབ་ཕྱོགས་སྤྱི་ཚོགས་ནང་ལ་སེམས་ནད་བཅོས་ཐབས་དང་སྙིང་ནད་བཅོས་ཐབས་ཡོད་ཀྱང་དེས་ཕན་ཐོགས་རྒྱ་ཆེན་པོ་ཡོང་ཐུབ་ཀྱི་མེད་པ་རེད། ཨ་རིའི་ནང་CHD་སྙིང་ནད་ཕོག་པ་ལོ་རེའི་ནང་ས་ཡ་གཅིག་གམ་གཉིས་མ་ལོངས་ཙམ་འབྱུང་གི་ཡོད་པ་རེད། ལོ་གཞོན་མང་པོ་སེམས་ཁམས་འཁྲུགས་པས་མི་གསོད་དོན་རྐྱེན་ཡང་གང་མང་ཡོང་གི་ཡོད་པ་རེད། སྟོན་པ་ལ་རྩེ་གཅིག་དད་འདུན་ཡོད་མཁན་ཞིག་གི་ངོས་ནས་སེམས་རྙོག་པ་མེད་ལ་སེམས་དུང་དུང་བ་དེའི་ངང་ནས་མི་ཚེ་བདེ་སྐྱིད་བག་ཕེབས་ངང་ཚེ་རིང་པོར་སྡོད་ཐུབ་ཀྱི་ཡོད་པ་རེད།
རང་སྲེག་བརྒྱ་ལྷག་བརྒལ་བ་དེ་ཚོས་སེམས་པ་སྐྱིད་ནས་བྱས་པ་ཡིན་ནམ།
སྔོན་ལོ་ཞིག་ལ་རྒྱ་གར་ལྷོ་གཞིས་སོགས་བོད་གཞིས་ཁག་ལ་སྨན་པས་བརྟག་དཔྱད་བྱས་པར་བོད་མི་བརྒྱ་ཆ་ཐོན་པོར་སྙིང་གི་ནད་གཞི་དང་མཆིན་ནད་ཡོད་པར་བ྄ཤད་སོང། ནང་ཆོས།
སྟོན་པས་བྱ་བ་ཉུང་བ་དང་དོན་ཉུང་བ། ཟས་ཀྱི་ཚོད་རིག་པ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དག་ལ་ལུས་སེམས་བདེ་བ་དང་ནད་ཉུང་བའི་ཕན་ཡོན་ཡོད་པར་གསུངས།
བྱ་བ་ཉུང་ན་ལུས་པོའི་འགུལ་ཚད་ཉུང་བས་ཁྲག་ཤེད་དང་ཅི་ནིའི་ནད་དང་སྙིང་གི་ནད་རིགས་རྣམའ་ཡོང་བ་ནུབ་ཕྱོགས་ཚན་རིག་ལྷ་རྗེ་བ་ཚོས་བཤད་སོང། ཉིན་རེད་ཆ་སྙོམས་ཆུ་ཚོད་བརྒྱད་ངེས་པར་དུ་ཉལ་དགོས་པ་ནུ་་ཕྱོགས་པའི་ལྷ་རྗེ་མཁས་པས་བསླབ་བྱ་བྱེད་ཀྱི་འདུག
དད་པ་མེད་པའི་མི་རྣམས་ལ།
དཀར་པའི་ཆོས་རྣམས་མི་སྐྱེ་སྟེ།
ས་བོན་མི་ཡིས་ཚིག་པ་ལ།
མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་གསུངས་པ་ལྟར་ལམ་ལུགས་ཀྱི་གཞི་ཚུགས་པ་ལ་དད་པ་མེད་དུ་མི་རུང། དེ་ཡང་དད་པ་ལ་ཡང་རིགས་པའི་རྗེས་འབྲངས་དང་། ལུང་གི་རྗེས་འབྲངས་གཉིས་ལས་ལུང་དཔྱད་པ་གསུམ་ལྡན་དགོས་ཀྱང་། མང་ཆེ་བ་སྤྱི་ཚོགས་ཀྱིས་དབང་སྒྱུར། ང་ནི་སྔོན་མ་ཆུང་ཆུང་བོད་དུ་ཡོད་དུས་ཀྱང་། དད་པ་འབྱུང་བ་ལ་འབད་པ་བྱེད་དགོས་མཁན་ཞིག་ཡིན། ངས་གྲྭ་པ་དགོན་པའི་འགྲོ་སྟངས་ཚང་མ་ལ་བརྟག་དཔྱད་ཀྱི་ནུས་པ་མེད་པ་ལ་ལེགས་པར་འཛིན། དགག་རང་གིས་བརྟག་དཔྱད་བྱས་ཏེ། དགོན་པའི་འགྲོ་སྟངས་འགའ་ཞིག་བདེན་པ་མ་ཡིན་ཞེས་འཛིན་པ་ལེགས་པ་མ་ཡིན་བསམ་པ་་ཡོད། དེ་ཡིས་གཞན་དང་རྩོད་པའམ་འཁྲུག་པ་མ་བྱུང་བ་ཕན་འདུག དེ་བཞིན་རང་རེའི་སྤྱི་ཚོགས་ན་རང་གི་བློ་ལ་མི་བབས་པའི་བྱ་བ་མང་པོ་ཞིག་ཡོད་ཀྱང་། མངས་ཀྱི་བྱ་བ་དང་བསྟུན་དགོས་པ་མང་། དགེ་འདུན་ཆོས་འཕེལ་གྱིས་གསུངས་སམ་སྙམ། མངས་དེ་སྨྱོན་པ་ཡིན་ན། རང་ཡང་སྨྱོན་པ་བཞིན་སྤྱོད་དགོས། ཞེས་པ་ཞིག་དྲན་ནོ།།
རྒན་ལ་དྭགས་པར་སྐུ་གཟུགས་བདེ་འཚམས་ཡོད་པའི་འཚམས་འདྲི་ཞུ། བན་དེ་བས་གསུངས་པ་བདེན་པ་རེད། བྱ་ཉུང་དོན་ཉུང་གི་དོན་དགེ་ཚུལ་སློང་ལ་གོ་བ་ཡིན་པ་འདྲ། རབ་བྱུང་བས་ཚོང་ཁེ་སྤོགས་སོགས་འཇིག་རྟེན་དོན་གཉེར་གྱི་བྱ་བ་ཉུང་བ་དང་དོན་ཉུང་བ་གང་ཟག་སྒེར་གྱི་དབང་དུ་བྱས་པ་རེད། བྱང་ས་ལས་གཞན་ལ་ལྟོས་ཏེ་བྱ་བ་མང་བ་དང་དོན་མང་བ་དགོས་གསུངས་པ་སྤྱི་བའི་ཕན་བདེར་དམིགས་ནས་དོན་མང་བ་དགོས་གསུངས་སོ།།