དགེ་འདུན།
——————–
ངག་དབང་ཆོས་འཕེལ་ལགས་ཀྱིས་ ཉེ་ཆར་བཟོས་གྲུབ་པའི་གློག་བརྙན་ “དབྱངས་ལ་ཐིམ་པའི་བོད་”ཅེས་པ་དེ་ང་སྡོད་སའི་ཨིན་ཌི་ཡཱ་ནཱ་སློབ་གྲྭ་ཆེན་མོར་སླེབས། དེ་ནི་འདི་གའི་བོད་རིག་པའི་སློབ་ཕྲུག་ཚོགས་པ་སོགས་ཀྱིས་གློག་བརྙན་བཟོ་མཁན་དང་གློག་བརྙན་གཉིས་ས་གནས་སུ་གདན་འདྲེན་ཞུས་པ་ཞིག་རེད། གློག་བརྙན་སྐབས་ས་གནས་ཀྱི་བོད་རིགས་དང་། སློབ་གྲྭའི་སློབ་མ་དང་དགེ་ལས་སོགས་མི་སྣ་མང་པོ་འཛོམས་འདུག
གློག་བརྙན་འདི་ནི་སྒྲུང་གིས་ཁེངས་པའི་སྒྲུང་ཞིག་རེད་ལ། ལོ་རྒྱུས་ཀྱིས་ཕྱུག་པའི་ལོ་རྒྱུས་ཤིག་རེད། འདི་ནི་གློག་བརྙན་བཟོ་མཁན་ངག་དབང་ཆོས་འཕེལ་ལགས་ཆུང་དུས་ཕ་དང་བྲལ། མ་དང་ལྷན་དུ་རྒྱ་གར་ལ་འབྱོར་བ་དང་། ཕྱིས་སུ་བཙན་བྱོལ་དུ་འཚར་ལོངས་བྱུང་རྗེས་སླར་ཡང་ བོད་དུ་ བོད་ཀྱི་རོལ་དབྱངས་གླུ་གར་འཚོལ་ཞིབ་ཏུ་སོང་རྗེས། རྒྱའི་བཙོན་འོག་ཏུ་ཚུད་པ་དང་། དེ་ནས་ཁོང་གི་གཅེས་པའི་མ་ཡུམ་གྱིས་སྣེ་དྲངས་ཏེ་འཛམ་གླིང་བོད་མིས་ཁོང་གློད་གྲོལ་དགོས་པའི་སྐད་འབོད་དང་། རྒྱལ་སྤྱིའི་གནོན་ཤུགས་འོག་ཁོང་གློད་གྲོལ་ཐོབ་པ་བཅས་འཁོད་པའི་མི་ཚེའི་ལོ་རྒྱུས་ཤིག་རེད།
ཁོང་གིས་ རང་གི་མི་ཚེ་དེ་རོལ་དབྱངས་ཀྱི་ཆེད་དུ་བསྐྱོད་པའི་གོ་རིམ་བརྗོད་པ་དང་ལྷན་དུ། རང་དང་ལས་སྐལ་གཅིག་པའི་བོད་རིགས་སྤུན་ཟླ་ཕོ་མོ་ཚོའི་དཀའ་སྡུག་གི་ལོ་རྒྱུས་དེ་ཡང་ལྷན་གཅིག་ཏུ་དྲངས་འདུག ཁོང་བཙོན་དུ་བཞུགས་པའི་སྐབས་སུ་བཙོན་རོགས་ཚོས་བསླབས་པའི་གླུ་གཞས་རྣམས་ཐ་མག་གི་ཤོག་སྒམ་སྟེང་བྲིས་པ་དེ་རྒྱའི་བཙོན་སྲུང་བས་འཇུས་ནས་རང་གི་མིག་མདུན་དུ་རལ་བ་དང་། དེ་ནས་བཟུང་སྟེ་གཞས་ཚིག་རྣམས་ཡིག་ཐོག་ཏུ་མ་བྲིས་པར་སེམས་ཐོག་ཏུ་བཅུག་ནས་བཙན་བྱོལ་དུ་འཁྱེར་འདུག
ངག་དབང་ཆོས་འཕེལ་གྱིས་བོད་ཀྱི་རོལ་དབྱངས་རྣམས་གྲོང་ཁྱེར་ནས་མ་རྙེད་སྟབས་གྲོང་གསེབ་ལ་ཕྱིན་ནས་རྙེད་པ་དང་། གྲོང་གསེབ་པ་ཚོས་ “བོད་ལྗོངས་ཟློས་གར་”སོགས་གཞུང་གིས་གོ་སྒྲིག་བྱས་པའི་འཁྲབ་སྟོན་ལ་དགའ་སྡུག་གི་ཚོར་བ་མི་སྟོན་མོད། བོད་ཀྱི་སྒོར་གཞས་འཁྲབ་སྐབས་འཛུམ་གྱིལ་ལེར་འཁྲབ་པ་དང་། དེ་ཡང་ལས་ཀ་བྱེད་དུས་གླུ་གཞས་གཏོང་། རྩེད་མོ་རྩེ་དུས་གླུ་གཞས་གཏོང་། ཆོས་བྱེད་དུས་གླུ་གཞས་གཏོང་། ནོར་ལུག་འཚོ་དུས་གླུ་གཞས་གཏོང་། དེ་ལྟར་ངག་དབང་ཆོས་འཕེལ་གྱིས་བོད་ཀྱི་རིག་གཞུང་གི་བྲོ་བ་གསོན་པོ་ཞིག་དེ་ནས་རྙེད་པ་བསྟན་འདུག
བཙན་བྱོལ་དུ་གསར་འབྱོར་བ་ཡིན་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་དང་གཡང་ཁོ་རྒྱལ། བློ་གྲོས་དཔལ་བཟང་སོགས་ཀྱིས་བོད་ཀྱི་ཉེ་རབས་ཀྱི་ཆག་འཇིག་ལོ་རྒྱུས་དེ་རོལ་དབྱངས་ཀྱི་རྒྱལ་ལྗོངས་སུ་དྲངས་ནས་བོད་མི་རིགས་ཀྱི་དར་རྒུད་གླེང་འདུག་ལ། གྲ་བཞི་བཙོན་ཁང་གི་བཙོན་མ་གྲགས་ཅན་ངག་དབང་བཟང་གྲོལ་སོགས་ཀྱིས་བོད་ཀྱི་རོལ་དབྱངས་སྤྱད་ནས་བོད་མིའི་འཇིག་རྟེན་འདི་མི་ཡུལ་གྱི་དམྱལ་བར་བསྒྲགས་པ་དང་། རྒྱའི་རྒྱལ་གླུ་དེ་སྲོག་ལ་ཐུག་ཀྱང་མི་ལེན་པའི་དམ་བཅས་ཏེ་ལྕེ་ཆད་ལ་ཐུག་ཀྱང་རྒྱའི་རྒྱལ་གླུ་མ་བླངས་པའི་ཆོད་སེམས་དག་གློག་བརྙན་ནས་ཐོན་སྐབས་མི་མང་པོར་མིག་ཆུ་ཐོན་བཞིན་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་རོལ་དབྱངས་ལ་གསར་བཅོས་དང་བེད་སྤྱོད་བྱས་པའི་རྣམ་པ་དང་། རྒྱ་མིན་བོད་མིན་གྱི་གླུ་དབྱངས་སྐོར་ཞིག་རིན་མེད་དུ་བོད་ཀྱི་འཇིག་རྟེན་ཧྲིལ་པོར་སྒྲོག་བཞིན་པ་དེ་དག་གིས་བོད་ཀྱི་མི་རབས་རྗེས་མ་རྣམས་ལ་བོད་ཀྱི་རོལ་དབྱངས་འཇགས་ཨེ་ཐུབ་སྙམ་པའི་དྭོགས་སློང་ཆེན་པོ་བྱས་འདུག
དེ་ལྟར་གློག་བརྙན་བསྟན་གྲུབ་སོང་། ང་ཡང་གློག་བརྙན་གྱི་གཡས་གཡོན་ལ་ཐིམ་ནས་ག་ལེར་སངས་པར་གྱུར། བོད་དབྱངས་ལ་ཐིམ། དབྱངས་བོད་ལ་ཐིམ། ངག་དབང་ཆོས་འཕེལ་གྱིས་བཟོས་པའི་འཇིག་རྟེན་འདི་ནས་ངས་ངག་དབང་ཆོས་འཕེལ་ལ་ཐུགས་རྗེ་ཆེ་ཞུས། ངས་ངག་དབང་ཆོས་འཕེལ་ནི་དམིགས་ཡུལ་ལ་ཐིམ་པའི་ཕོ་ཁྱོ་ག་ཞིག་ཏུ་མཐོང་། ངས་ངག་དབང་ཆོས་འཕེལ་ནི་འཐབ་རྩོད་ངར་མ་ཞིག་གི་ཁྲོད་དུ་གྱེན་དུ་ལངས་པའི་རྒྱལ་གཅེས་དཔའ་བོ་ཞིག་ཏུ་མཐོང་། དེ་ནས་སླར་ཡང་ཁོང་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
ངག་ཆོས་ཀྱིས་གློག་བརྙན་ལ་བཤད་རྒྱུ་མི་འདུག འོན་ཀྱང་། ངག་ཆོས་བཙོན་གྲོལ་ཐོབ་ནས་ཨ་རིའི་ནང་འབྱོར་དུས་ཁོས་རྒྱ་ནག་གུང་ཁྲན་ང་ལ་དྲིན་ཅན་ཡིན་ཅེས་པའི་ཚིག་དེས་ངའི་སེམས་བསད་སོང་ཡ། སྐུ་ཞབས་རབ་གསལ་ལགས།
གློག་བརྙན་དེ་ལ་གནང་ཉིན་བལྟ་རྒྱུ་ཡིན། དེའི་གསལ་བསྒྲགས་ཀྱི་ནང་ནས་དེང་སྐབས་རྡ་སར་བཞུགས་པའི་ངའི་ཆོས་གྲོགས་བློ་གྲོས་དཔལ་བཟང་ལགས་མཐོང་སོང་། རྒྱ་ནག་གཞུང་ཁོང་ལ་དྲིན་ལོས་ཆེ། གལ་སྲིད་རྒྱ་གཞུང་གིས་ཁོང་ལ་བོད་དུ་འགྲོ་ཆོག་པའི་ཆོག་མཆན་སྤྲད་མེད་ན་ཁོང་བོད་དུ་སོང་ནས་བོད་གཞས་སྐོར་གློག་བརྙན་བཟོ་ག་ལ་ཐུབ། གལ་སྲིད་རྒྱ་གཞུང་གིས་ཁོང་བཙོན་དུ་བཅུག་མེད་ན་ཁོང་གིས་བོད་ཀྱི་བཙོན་པའི་དཀའ་སྡུག་ངོ་མ་དེ་ཚོར་ག་ལ་ཐུབ། ཁོང་རྒྱ་ནག་ཏུ་ཆབ་སྲིད་བཙོན་པ་མ་ཆགས་ན་ཁོང་དེ་ཙམ་སྐད་གྲགས་ཆེན་པོ་ག་ལ་ཆགས། ཁོང་རྒྱ་ནག་གིས་བཙོན་ནས་གློད་གྲོལ་ཐོབ་མེད་ན་ཁོང་གི་གློག་བརྙན་འདི་ལ་བྱ་དགའ་འདི་འདྲའི་མང་པོ་ཞིག་ག་ལ་ཐོབ། ད་རྒྱ་ནག་ཁོང་ལ་བཀའ་དྲིན་ཆེ་ལུགས་དེ་མཁྱེན་སོང་ངམ། ཡོད་ཚད་ལམ་སེང་ཐག་གཅོད་མི་བྱེད་པར་སྔ་ཕྱི་ཀུན་ལ་ཐུགས་བསམ་རེ་བཞེས་ནས་དེ་ནས་བྱ་དངོས་ཀུན་ལ་ངོ་བོ་ཉིས་བརྩེགས་རེ་ཡོད་པ་དེ་མཁྱེན་ཡོང་།
འདི་ནའང་དབྱངས་ལ་ཐིམ་པའི་རྒྱ་གར་པན་ཇ་པེའི་བུ་རྒྱུད་ཡིན་པ་སྒྱུ་རྩལ་འཁྲབ་སྟོན་པ་གཉིས་འདུག
http://www.youtube.com/watch?v=9Qj7Y0qXJZ4&feature=related
དབྱངས་ལ་ཐིམ་པའི་Micheal Jackson་རྫུན་མ་ཞིག
http://www.youtube.com/watch?v=7uxiNKMRHvg&feature=related
ངག་དབང་ཆོས་འཕེལ་ནི་ང་ཚོ་བོད་མི་རིགས་ཀྱི་དཔའ་བོ་ཡིན། སྤྱིར་བཏང་བོད་ཀྱི་རྩ་དོན་ཐོག་ལ་ལས་འགུལ་སྤེལ་བ་ལ་ཐབས་ལམ་སྣ་ཚོགས་ཡོད། ཁག་གཅིག་གིས་ནང་པའི་རྩ་ཆེའི་རིག་གཞུང་སྲུང་སྐྱོབ་ཀྱི་སྒོ་ནས་དང། ཁག་གཅིག་གིས་འཛམ་གླིང་མི་མང་ལ་འབོད་བསྐུལ་གྱི་ལམ་ནས་དང། ཁག་གཅིག་གིས་སྐད་ཡིག་དང་ཡུལ་གྱི་གོམས་པའི་གཤིས་ལུགས་བདག་གཅེས་ཀྱི་སྒོ་ནས་དང། ཁག་གཅིག་གིས་སྐད་འབོད་དང་མར་མེ་ཁྲོམ་བསྐོར་གྱི་ལམ་ནས་དང། ཁག་གཅིག་གིས་གྲོས་མོལ་གྱི་ལམ་ནས་དང། ཁག་གཅིག་གླུ་དབྱངས་ཀྱི་ལམ་ནས་དང། དེ་ལ་སོགས་པ་མང་དག་གཅིག་ཡོད། ངག་དབང་ཆོས་འཕེལ་ནི་གླུ་གཞས་ཀྱི་ལམ་ནས་བོད་དོན་བདེན་མཐའ་རྩོད་མཁན་ཞིག་ཡིན། ཁྱེད་ངོ་མ་དཔའ་བོ་རེད།
ངོས་རང་སྔོན་མ་ལོ་རབས་མང་པོའི་སྔོན་ངག་དབང་ཆོས་འཕེལ་གྱི་གསུང་གཞས། ང་ཚོ་བོད་ཀྱི་འབྲོག་པ་ཟེར་བ་དང། རང་བཙན་གྱི་གསུང་གཞས་ཧ་ལས་པའི་སྙན་པོ་དང་དོན་ཟབ་པོ་ཡོད། དེ་ནི་ལོ་རབས་ཉི་ཤུ་སུམ་ཅུ་སྔོན་གྱི་སྐད་ཆ་ཡིན། དེའི་ཚེ་ཁོང་གི་གཞས་ནི་ཞེ་དྲག་སྐད་ཆེན་པོ་རེད། ད་ལྟའི་དུས་ཚོད་ལ་ཁོང་གི་གཞས་དེ་སྤྱི་ཚོགས་འདིའི་ནང་དུ་ཉན་རྒྱུ་མ་རག་པ་ནི་ཞེ་དྲག་ཕང་པོ་ཡིན།
འེ་གྲོགས་པོ་རབ་གསལ་ལགས།
གློག་བསྙན་དེ་ང་ལ་རེག་ཐབས་རེ་མེད་ད་
བུ་རྒོད་པོ་ཁྱོ་ངར་བ་ཡིན།
དངོས་གནས་བལྟ་བསམ་གིས།།
རབ་གསལ་ལགས་ཞེ་དྲག་ཡག་པོ་བྲིས་འདུག
གློག་བརྙན་དེ་བལྟ་སྐབས་ངའི་གཡས་གཡོན་ལ་ཡོད་པའི་དབྱིན་ཇི་དེ་ཚོའི་མིག་ནས་མཆི་མ་སྐྱ་ཁྲིག་ཁྲིག་ངང་སློད་བཞིན་འདུག
ངག་དབང་ལགས་ཀྱིས་གསུངས་དོན་ལ་ཟློས་གར་དེ་བཞིན་སྤྱི་ཚོགས་ཀྱི་འཕེལ་རིམ་ལྟར་འགྲོ་དགོས་པ་ལས་བརྒྱུད་རིམ་གང་ཡང་མེད་པར་གསར་པ་ཐམས་བཅད་དེང་དུས་ཡིན་ཞེས་ང་ཚོའི་སྤྱི་ཚོགས་འཕྲོད་བསླངས་ཚེ་མཐུན་མིན་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་ཟློས་གར་ཐད་བརྡབ་སིག་ཡོང་བའི་ཉེན་ཁ་ཡོད་པ་མ་ཟད།
བོད་མིས་གཏོང་བའི་གཞས་དེ་དག་བོད་མི་རང་གིས་གོ་བ་ལོན་མ་ཐུབ་པའི་དཀའ་ངལ་ཡང་ཡོང་སྲིད།
རྩ་བའི་ངག་དབང་ལགས་དང་དུས་ཚོད་ཐུང་ངུ་ཞིག་ལས་ཁ་བརྡ་བྱ་རྒྱུའི་གོ་སྐབས་མ་བྱུང་ཡང་”དབྱངས་ལ་ཐིམ་པའི་བོད་”ནི་བཙན་བྱོལ་སྤྱི་ཚོགས་ནང་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་ཤིག་གིས་བོད་ཞེས་པ་དེ་གང་འདྲ་ཞིག་ཡོད་པ་དེ་རོལ་དབྱངས་བརྒྱུད་འཚོལ་དུ་འགྲོ་བ་ཙམ་མ་ཡིན་པར་རོལ་དབྱངས་དེ་རལ་གྲི་ལྟར་སྐབས་རེ་སྲུང་སྐྱོབ་དང་སྐབས་རེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་ཇི་ལྟར་བྱེད་བཞིན་ཡོད་པའི་ལོ་རྒྱུས་ཤིག་ཀྱང་མངོན།
གོང་ལ་བཙན་བྱོལ་བ་ཟེར་བས། ངག་ཆོས་དཔའ་པོ་ཡིན་པ་སོགས་ཀྱི་བསྟོད་བསྔགས་མང་༌། བོད་དབྱངས་སུ་ཐིམ་ཞེས་པ་འདི་ད་ལྟ་གཞི་ནས་སྟོན་རྒྱུ་ཡིན་པས། བསྟོད་པར་སྔ་དྲགས་མི་ཉན། དངོས་སུ་བཏོན་རྗེས། ང་ཚོས་བསྟོད་ན་ཕྱི་མི་དྲགས།
བཙན་བྱོལ་བ་ལགས་།
ངག་དབང་ཆོས་འཕེལ་ཁོ་རང་སྒེར་གྱི་དགའ་མོས་ཆེ་བའི་(Hobby)གཞས་དང་ཞབ་བྲོ་བསྡུ་བསོག་བྱས་པར་བོད་མི་རིགས་ཀྱི་དཔའ་ཆུང་ཞིག་ཀྱང་ཡིན་མིན་ཆི་མི་ཤེས་དེ་
༼ལོ་རབས་ཉི་ཤུ་སུམ་ཅུ་སྔོན་སྐད་དྲག་ཆེ་ཞིང་ཧ་ལས་པའི་སྙན་པོ་དང་དོན་ཟབ་པོ་ཡོད་པའི་བོད་གཞས་ ང་ཚོ་བོད་ཀྱི་འབྲོག་པ་དང་ རང་བཙན་གྱི་གསུང་གཞས་ཟེར་བ་ངག་དབང་ཆོས་འཕེལ་གྱི་གསུང་གཞས༽ ཟེར་མ་དེ་ནི་བདེན་པ་མ་རེད་། བཙན་བྱོལ་བ་ཁྱེད་རང་མགོ་འཁྲུགས་སོང་ལེ་ཡིན་ནམ་ ཧོ་ལོག་སོང་ལེ་ཡིན་ ཡང་ན་དྲན་པ་རྒྱལ་སོང་ལེ་ཡིན་ནམ་ འུར་སྒྲ་སྒྲོགས་བསྡད་ལེ་ཡིན་། ང་ཚོ་བོད་ཀྱི་འབྲོག་པ་ དང་སམ་སྦོ་སྦྲ་ ཟེར་བའི་གཞས་དེ་ཚོ་ནི་ རང་བཙན་གཞོན་ནུ་ཟེར་ལེ་ཡི་ཁྲེབ་ཐག་འཁོར་ལོ་བཟོ་ཁན་ ནོར་བུ་ཆོས་འཕེལ་ལགས་དང་ ཁོང་གི་རོག་པ་བསམ་ཕོ་བསྟན་འཛིན་ གཞན་རོག་པ་གཅིག་བཅས་ནས་བཟོེས་པའི་བོད་གཞས་ཞིག་རེད་མིན་ཚེ་ ངག་དབང་ཆོས་འཕེལ་གྱི་གཞས་མ་རེད་ གཞས་དེ་ཚོ་སྐག་གྲགས་ཆེ་བའི་དུས་སུ་ངག་དབང་ཆོས་འཕེལ་རྣབ་ཐུག་ཚིར་ཚིར་འཛིན་གྲ་གཡོས་ཏེ་ཟམ་པའི་འོག་ཉིན་གང་ཆུ་འགྲམ་ན་ཉ་འཇུས་བསྡད་ལེ་རེད་།
དབྱངས་ལ་ཐིམ་པའི་བོད་ཅེས་པའི་དངོས་ཡོད་གློག་བརྙན་དེ་སྤྱིའི་ཆ་ནས་ཡག་པོ་འདུགགློག་བརྙན་འདིས་སྟོན་པ་ནི་བོད་ཀྱི་གླུ་དབྱངས་ཀྱི་ཕྱོགས་གནས་སྟངས་ཤིག་སྟོན་གྱིན་ཡོད་ལ།གླུ་དབྱངས་དེ་ལ་ཐིམ་པའི་བོད་པའི་གནས་སྟངས་ཤིག་ཀྱང་སྟོན་བཞིན་ཡོད།སྟོན་སྟངས་ནི་གླུ་དབྱངས་ལ་དགའ་བའི་ངག་དབང་ཆོས་འཕེལ་གྱི་དཀའ་སྡུག་གི་མི་ཚེའི་བརྒྱུད་རིམ་ཞིག་ལས་མངོན་བཅུག་འདུག
གློག་བརྙན་གྱི་སྟོད་ཕྱོགས་སུ་དངོས་གནས་བོད་མི་ཚོའི་ཡོད་ཚད་གླུ་དབྱངས་ལ་འབྲེལ་བ་ཡོད་པ་ཞིག་དང་།གླུ་དབྱངས་ཀྱི་བོད་མིའི་མི་ཚེའི་བཟང་ངན་གང་བྱུང་ན་རོགས་འདེགས་ཞུ་བཞིན་ཡོད་པའི་འཚོ་བའི་གཏིང་རིམ་གྱི་གནད་དོན་ཞིག་བསྟར་ཡོང་།ཡིན་ནའང་གློག་བརྙན་གྱི་སྨད་ཀྱི་ཕྱོགས་ནས་མི་སྒེར་གྱི་སྒང་ལ་འཁོར་ཡོང་དུས་གོང་གི་བྲོ་བ་དེའི་བརྒྱུད་མཐུད་མི་ཐུབ་པ་མ་ཟད།སྤྱིའི་རིན་ཐང་ཡང་ཆུང་དུ་ཕྱིན་པའི་རྣམ་པ་ཞིག་ང་ལ་མངོན་སོང་།
གཞན་ངག་དབང་ཚོས་འཕེལ་མི་སྒེར་དང་ཁོང་གི་མ་རྒན་གྱི་སྐད་ཆ་ལ་ཐལ་དྲགས་པའི་སྐྱོན་འདུག་ཀྱང་དེ་གླེང་དགོས་པ་མ་རེད།
གློག་བརྙན་དེའི་འཁོར་སྡེར་གང་ཟིག་ནས་བླུ་ཡོན་བྱས་ཏེ་ཉོ་ཆོག་གི་རེད་དམ།
དམག་ལོག་གི་སྐད་ཆ་དེ་དེ་ག་རང་རེད་། ད་དུང་ང་ཚོས་འདིར་ཕྱིར་རྒྱལ་པ་ཚོར་གསལ་བསྒྲགས་་བྱས་ནས་། བོད་ཀྱི་ཉིན་མོ་ཞེས་དུས་ཆེན་དེ་དང་སྟུན་ནས། ངག་ཆས་ཀྱི་བོད་ནང་གི་བཙོན་པས་མྱོང་ཚོར་ཚ་བོ་འབྲེལ་རྒྱུ་ཡིན་ཚུལ་བཤད་ནས་ཉིན་མོ་དེར་ཕྱིར་རྒྱལ་པ་ཡང་གང་མང་ཞིག་སླེབ་འདུག་། ཚོགས་ཐོག་དེ་ནས་ཁོས་ ་་རྒྱལ་ནག་གཞུང་གི་བཙོན་པ་དང་ཨ་རིའི་བཙོན་པ་གཉིས་ལ་ཁྱད་པར་མེད་ཚུལ་གསུང་སོང་། ང་རང་ལྟ་བུ་མཚོན་ན་རྒྱ་ནག་གི་ཁྲིམས་ཁང་ལ་ཐེང་གཉིས་སོང་བ་ཡིན། སྐད་ཆ་དྲང་མོར་བཤད་ན་། དེ་གཉིས་ཀ་སྒེར་དོན་ཡིན། ཐེང་གཉིས་བས་སྐབས་གཞི་ཀ་རྩེ་བཙོན་ཁང་དུ་བཏགས་སོང་། བཙོན་རོགས་འབྲུག་པ་ཞིག་དང་། རྒྱ་མོ་མྱོན་མ་ཞིག་བཅས་ང་ཚོ་གསུམ་རེད་། ཁང་བའི་ནང་དུ་གཅིན་ཆུ་ཟོར་གང་གི་ཁྱབས་འདུག་དེས་ནང་དུ་བསྡད་པ་ཡིན། ཉིན་དེར་ངག་ཆོས་ཀྱི་ངའི་སེམས་ལ་ཚིགས་རྡོ་འཁྱགས་ལྟུ་བུ་ཞིག་བཞག་སོང་།
རང་བཙན་ལྡེའུ་ལགས། ཁྱེད་ཐོག་མར་སེམས་ལྷོད་ལ་བབས་དང། དེ་ནས་ང་གཉིས་བགྲོ་གླེང་བྱེད་ཆོག སེམས་ཉོན་མོངས་དྲག་པོའི་ཟིར་བའི་སྐབས་སུ་བགྲོ་གླེང་གང་འདྲ་བྱེད་ན་ཡང་གྲ་སྒྲིག་པ་ཞིག་ཡོང་གིན་མ་རེད། གལ་སྲིད་ཡིད་མ་ཆེས་ན། ཁྱེད་ཁོང་ཁྲོ་མེ་ལྟར་འབར་བའི་གནས་སྐབས་སུ་རང་གི་ནང་མི་སྤུན་མཆེད་མཉམ་དུ་སྐད་ཆ་བཤད་རེས་བྱེད་དང། དེ་ནས་གྲ་སྒྲིག་པ་ཨེ་འདུག་ལྟོས་དང། བོད་མིའི་ཡ་རབས་སྤྱོད་བཟང་གི་སྲོལ་བཟང་དེ་ས་ཁུལ་གང་དུ་གནས་ཡོད་ན་ཡང་དོར་མི་ཉན། འདི་ནི་༧གོང་ས་མཆོག་གི་དུས་རྟག་ཏུ་བོད་མི་རིགས་རྣམས་ལ་བཀའ་སློབ་གནང་གིན་ཡོད།
རེད། ངས་གོང་དུ་ངག་དབང་ཆོས་འཕེལ་ལ་བསྟོད་ར་གཏང་བ་ཞིག་ཡིན། ཡིན་ན་ཡང་དེ་གཞན་གྱིས་གནད་ལ་མ་འཁྱོག་པ་དང། འགྲམ་ཆུ་ལྡང་དགོས་པ་དེ་འདྲ་གང་ཡང་མེད། བློ་གཟུ་བོར་གནས་པའི་སྒོ་ནས་བལྟས་ན་ངས་བཤད་པ་དེ་འདྲ་རང་རེད། གཞན་བོད་མི་རིགས་ཀྱི་དཔའ་བོ་ཟེར་དུས་ལམ་སེང་གྲི་དང་མེ་མདའ་ལག་ཏུ་འཕྱར་ནས་དགྲ་བོ་ལ་རྒོལ་བ་ཙམ་ལ་ཟེར་གྱིན་ཡོད་ན་ངེས་པ་དོན་གྱི་དཔའ་བོ་སངས་རྒྱས་བྱང་སེམས་རྣམས་དཔའ་བོ་་མ་ཡིན་པར་འགྱུར་གིན་རེད།
ངག་ཆོས་འདིའི་ཨ་མ་ངར་མ་ཞིག་ཡིན་རབས་ཡོད།
ངག་དབང་ཆོས་འཕེལ་ལགས་ཀྱིས་སྒྲིག་སྦྱོར་བྱས་པའི་དབྱངས་ལ་ཐིམ་པའི་བོད་ཞེས་པའི་གློག་བརྙན་ཞིག་ཐོན་
ཡོད་ཚུལ་འདུག་པས་དགའ་བསུ་ཡོད། གོང་དུ་དྭ་གྲོགས་རྣམས་ཀྱིས་དེའི་སྐོར་སྟོད་སྨད་ཀྱི་དཔྱད་རྩོམ་ཁག་མཐོང་དུས་
ཚིག་ཁ་ཤས་ཞུ་འདོད་བྱུང། ༡༩༩༦་ལོར་ངག་ཆོས་རྒྱ་དམར་གྱིས་བཙན་བཟུང་བྱས་ནས་བོད་ཕྱིར་ནང་གང་སར་ཁོང་ལ་
རྒྱབ་སྐྱོར་དང་ཁོང་གི་ཆེད་དུ་རྒྱལ་སྤྱི་ཐོག་ལས་འགུལ་་སྣ་མང་ཞིག་སྤེལ་མྱུང་ཡོད། ཕྲན་ཀྱང་ཁོང་ལ་རྒྱབ་སྐྱོར་དང་བཙན་གྲོལ་ཆེད་ཟས་བཅོད་ངོ་རྒོལ་དང་ཁྲོམ་སྐོར་སོགས་ལས་འགུལ་མང་པོར་འཛུལ་ཞུགས་མྱོང་། དེ་ནི་ཁོང་མི་སྒེར་གྱི་འབྲེལ་བའི་ཐོག་ནས་མིན་ལ་གཞན་གྱིས་རྒྱུད་སྐུལ་བྱས་པ་ཡང་མིན། ཁོང་གི་དཀལ་སྡུག་དེ་བོད་སྤྱི་པའི་ལས་དོན་དང་
རྩ་དོན་ཞིག་ལ་ངེས་འཛིན་ཞུས་ཡིན། ༢༠༠༢་ལོར་ཁོང་རྒྱ་དམར་གྱི་བཙན་ནས་ཐར་སྐབས་སུ་བོད་མི་རྣམས་ཀྱིས་དགའ་བསུ་ཚད་མེད་ཞུས་ཡོད། འོན་ཀྱང་ཁོང་ཐོག་མར་བཙན་གྲོལ་ཐོབ་ནས་ཨ་རི་རང་དབང་ལུང་པར་འབྱོར་སྐབས་སུ་གསར་འགོད་པས་བཙན་ཁང་དང་བོང་ནང་གི་གནས་སྟངས་སྐོར་དྲི་བར་ལེན་གསལ་པོ་ཞུ་འདོད་མེད་པ་དང་རྒྱ་དམར་ལ་མ་རང་པའི་རྣམ་འགྱུར་རྩ་བ་ནས་སྟོན་མེད། བོད་མི་མང་པོས་ཁོང་གི་སྤྱོད་ཚུལ་དེར་ལྐོག་སྒྱར་ཞིག་ཏུ་གྱུར་ནས་ད་བར་དུ་སྡོད་ཡོད། བར་ལམ་ཁོང་ལ་མིང་གྲགས་ཆེ་པོ་ཐོབ་ཡོད་དེ་ནི་བོད་མི་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་རོག་རམ་བྱས་འབྲས་
ལས་ཁོང་མི་སྒེར་གྱིས་དཔལ་རྟགས་ཤིག་ཏུ་མ་མཐོང། ཉེར་ཆར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་ཁོང་ལ་རོལ་དབྱངས་ཁྱད་སྒྲིགས་སྐོར་དྲི་ལེན་སྐབས་སུ་ཁོང་བོད་ལྷོ་ཁ་ས་ཁུལ་སྤྱོད་ཚུལ་དང་ལྷོ་ཁའི་ཡུལ་མི་རྣམས་
བོད་ཀྱི་ཡུལ་མི་གཞན་ལས་ཡར་རབས་དང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་བྱེད་མཁན་ཡིན་སྐོར་བཤད་སོང་།
ཁྲོམ་པའི་སྦལ་བའི་སྐད་ཆ་དེ་རིགས་མ་བཤད་ཞུ་ཡ་ཡིན། ཁྱོད་བོད་དབུས་གཙང་ཕྱོགས་སུ་མ་གཏོགས་ཕྱིན་མེད་ལ་ཟླ་ཤས་ཙམ་གྱི་ཤེས་རྟོགས་དེ་ཙམ་མི་ཐུབ། སྐད་ཆ་དེ་རིགས་ཀྱི་སྤྱི་ཚོགས་ཀྱིས་ཁྱོད་ལ་བདེན་ཁ་བྱིན་མི་སྲིད།
ང་ཡང་བོད་མདོ་དབུས་ཁམས་གསུམ་ཀྱི་ས་ཕྱོགས་གང་སར་འགྲོ་མྱོང་ཡོད་ལ་བོད་མིའི་སྤྱོད་པ་དང་སྐད་ཡིག་རིགས་གཞུང་
གླུ་གར་སོགས་ལ་ཁྱོད་ལས་རྒྱུས་ཡོད་ཆེ་བ་མེད་ན་ཡང་ཆུང་བ་མེད་གལ་སྲིད་ཁྱོད་ཡིད་ཆེས་མེད་ན་ངེད་གཉིས་རྒྱུས་ལེན་
བྱེད་ན་གསལ་རྟོགས་ཡོང་ངོ་། ད་ངར་དུས་ཚད་མི་འདུག། བདེ་མོ་རྗེས་སུ་མཇལ་ཆོག།
བཙན་བྱོལ་བ་ལགས་ ང་ཚོ་བོད་ཀྱི་འབྲོག་པ་དང་རང་བཙན་ཟེར་བ་དང་ རང་བཙན་གླུ་གཞས་གཏོང་མཁན་ངག་དབང་ཆོས་འཕེལ་མ་རེད་དེ་ཁྱེད་རང་ནོར་ཡོད་ས་རེད།
བཙན་བྱོལ་བ་ལགས་ ང་ཚོ་བོད་ཀྱི་འབྲོག་པ་ཟེར་བ་དང་ རང་བཙན་གླུ་གཞས་གཏོང་མཁན་ངག་དབང་ཆོས་འཕེལ་མ་རེད་དེ་ཁྱེད་རང་ནོར་ཡོད་ས་རེད།
གློག་བརྙན་འདི་བལྟས་པ་ཡིན། ཧ་ལས་པ་ཞིག་འདུག དངོས་གནས་རྒྱལ་གཅེས་པ་ཞིག་རེད་འདུག དམིགས་བསལ་བོད་ནང་དུ་རྒྱ་མིས་བོད་པའི་རིག་གཞུང་ལ་དབང་བསྒྱུར་བྱེད་སྟངས་ཀྱང་སྟོན་གྱིན་འདུག གློག་བརྙན་འདི་བལྟས་རྗེས་བཟང་ངན་གླེང་བ་ལས། ད་ལྟ་ནས་སྨད་མ་སྔ་ན་ཡག་ས་རེད།
ཨ་རོགས་བཙན་བྱོལ་
ཁྱོད་རང་བློ་བདེ་པོ་བྱས་ཏེ་བསྡོད་ གཉིད་སྐྱིད་པོ་ཁུག་སྟེ་ཉོལ་ཨ་ ང་ཁྱོད་ལ་ཁོང་ཁྲོ་ཕྲ་མོ་ཙམ་ཡང་ཟ་ཞི་མི་བདའ་ལ་ རང་སེམས་ཁོང་ཁྲོའི་དབང་དུ་བཏང་ནས་སྐར་ཆ་ཙམ་ཡང་སྡུག་བསྔལ་མྱོང་ཐུབ་ལེའི་མི་ཞིག་མིན་ ངས་ཁྱོད་ལ་གོང་དུ་ཟེར་དོན་གཙོ་བོ་དེ་ ཁྱོད་ནས་གོང་དུ་མགོ་མ་ཚོས་བཞིན་དུ་མགོ་ཚོས་འདོག་གིས་བརྩོམ་རྫུས་མ་༼ ངོས་རང་སྔོན་མ་ལོ་རབས་མང་པོའི་སྔོན་ངག་དབང་ཆོས་འཕེལ་གྱི་གསུང་གཞས། ང་ཚོ་བོད་ཀྱི་འབྲོག་པ་ཟེར་བ་དང། རང་བཙན་གྱི་གསུང་གཞས་ཧ་ལས་པའི་སྙན་པོ་དང་དོན་ཟབ་པོ་ཡོད། དེ་ནི་ལོ་རབས་ཉི་ཤུ་སུམ་ཅུ་སྔོན་གྱི་སྐད་ཆ་ཡིན། དེའི་ཚེ་ཁོང་གི་གཞས་ནི་ཞེ་དྲག་སྐད་ཆེན་པོ་རེད། ད་ལྟའི་དུས་ཚོད་ལ་ཁོང་གི་གཞས་དེ་སྤྱི་ཚོགས་འདིའི་ནང་དུ་ཉན་རྒྱུ་མ་རག་པ་ནི་ཞེ་དྲག་ཕང་པོ་ཡིན༽ འདི་ལྟར་ཞིག་བྲིས་པ་དེ་བདེན་པ་མ་རེད་ཟེར་ཞི་ཡོད་ ངས་མཆན་༩ ནང་ཟེར་པ་ལྟར་སླར་ཡང་ཁྱོད་རང་གི་ཤེས་རྟོགས་ཆེད་དུ་གསལ་བཤད་འདི་ལྟར་ཟེར་ལེ་ཡིན་ ང་ཚོ་བོད་ཀྱི་འབྲོག་པ་དང་སམ་སྦོ་སྦྲ་ ཟེར་བའི་གཞས་དེ་ཚོ་ རང་བཙན་གཞོན་ནུ་ཟེར་ལེ་ཡི་ཁྲེབ་ཐག་འཁོར་ལོ་བཟོ་ཁན་ ནོར་བུ་ཆོས་འཕེལ་ལགས་དང་ ཁོང་གི་རོག་པ་བསམ་ཕོ་བསྟན་འཛིན་ གཞན་རོག་པ་གཅིག་བཅས་ནས་བཟོེས་པའི་བོད་གཞས་ཞིག་རེད་མིན་ཚེ་ ངག་དབང་ཆོས་འཕེལ་གྱི་བརྩོམ་པའི་གཞས་མ་རེད་ ད་ཕལ་ཆེར་ཁྱེད་འཐོམ་ཏོག་ཙམ་བསངས་ཐུབ་པའི་རེ་བ་ཡོད་།
བཙན་བྱོལ་བ་ལགས་
༼བོད་མིའི་ཡ་རབས་སྤྱོད་བཟང་གི་སྲོལ་བཟང་དེ་ས་ཁུལ་གང་དུ་གནས་ཡོད་ན་ཡང་དོར་མི་ཉན། འདི་ནི་
༧གོང་ས་མཆོག་གི་དུས་རྟག་ཏུ་བོད་མི་རིགས་རྣམས་ལ་བཀའ་སློབ་གནང་གིན་ཡོད་།༽
ཧ་་ཧ་་ དེ་འདྲ་རྒོད་བྲོ་ལེ་ རང་གི་རྐྱག་རྫུན་རི་ལྟ་བུ་ཞིག་བཤད་གིན་བཤད་གིན་ གཞན་ལ་ཡ་རབས་སྤྱོད་བཟང་གི་སྲོལ་བཟང་དང་ ༧གོང་ས་མཆོག་གི་བཀའ་སློབ་ སངས་རྒྱས་བྱང་སེམས་་་་ སོགས་ཀྱི་ལུང་འདྲེན་རང་གི་རྒྱབ་གཉེར་ཁེ་ཕན་དོན་དུ་ལག་འཕྱི་ལྟ་བུ་བེད་སྤྱོད་བྱེད་ལེ་འདི་ཧ་ཅང་ཐབས་སྡུག་པོ་ཡིན་ལེ་རེད་ སྲིད་དོན་པ་དེ་ཚོས་ངོ་མ་མི་གསོན་པོ་བཟའ་ཉེན་བདའ་།
རང་བཙན་ལྡེའུ་ལགས། ང་ཚོ་བོད་ཀྱི་འབྲོག་པ་ཟེར་བ་དེའི་གཞས་དེ་ང་འཁྲུལ་གདའ། ཁྱེད་བདེན་པ་རེད། ང་ཚོ་བོད་ཀྱི་འབྲོག་པ། ཟ་རྒྱུ་འཐུང་རྒྱ་ཞིམ་པ། ཕྱུ་ར་མར་དང་གཡག་ཤ། ཟེར་བའི་གཞས་དེ་ངག་ཆོས་ཀྱི་མ་རེད། ད་ངས་གཞི་ནས་དྲན་སོང།
ཡིན་ན་ཡང། ངས་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཡག་པོ་དེ་དོར་མི་ཉན། གཅེས་ཉར་བྱེད་དགོས། གསུངས་པ་དེ་ལག་པ་འཕྱི་ས་ཞིག་གཏན་ནས་མིན། གཅིག་བྱས་ན་ཁྱེད་ཀྱིས་ཕལ་ཆེར་དེ་འདྲ་གོ་མྱོང་མེད་པ་འདྲ། ཡང་ན་ཁྱེད་ནི་༧གོང་ས་མཆོག་གི་མཚན་དང་གསུང་ཐོས་པ་ན་ལམ་སེང་ཞེ་ལོག་མཁན་རིགས་ཡིན་པ་འདྲ། གང་ལྟར་ཡིན་ན་ངས་འགྲེལ་བཤད་རྒྱག་ཤེས་མ་སོང། ཁྱེད་རང་བཙན་ལྟ་བ་འཁྲེགས་འཛིན་ཅན་ཞིག་ཡིན་ཤས་ཆེ། འོན་ཀྱང་ལངས་ཕྱོགས་དེར་རྩོད་ན་རྩོད་ལུགས་ཤིག་ཡོད། ཧ་ཅང་གཡོན་ཐལ་ཆེས་ན་ཕྱོགས་གཉིས་ཀ་ཕུང་ཉེན་ཡོད།
གཞན་བོད་མི་རིགས་ཀྱི་དཔའ་བོ་ཟེར་དུས་ལམ་སེང་གྲི་དང་མེ་མདའ་ལག་ཏུ་འཕྱར་ནས་དགྲ་བོ་ལ་རྒོལ་བ་ཙམ་ལ་ཟེར་གྱིན་ཡོད་ན་ངེས་པ་དོན་གྱི་དཔའ་བོ་སངས་རྒྱས་བྱང་སེམས་རྣམས་དཔའ་བོ་་མ་ཡིན་པར་འགྱུར་གིན་རེད། ཚིག་འདི་ལ་གོ་རྒྱུ་མེད་པ་ཅང་ཨེ་འདུག ཁྱེད་དེ་འདྲ་ཕོག་དགོས་དོན་མེད། ཁྱེད་ལྟར་ན་ངོ་མ་སངས་རྒྱས་བྱང་སེམས་རྣམས་ངེས་པ་དོན་གྱི་དཔའ་བོ་མ་རེད་དམ། མིན་ན་ནི་ང་ལ་གང་ཡང་བཤད་ཡས་མེད།
ཨ་རོགས་བཙན་བྱོལ་
༡ ད་ཁྱོད་རང་གི་ནོར་འཁྲུལ་ངོས་བཟུང་ཐུབ་ལེ་དེ་ཡག་པོ་རེད་ དེའི་ཁྱོད་ལ་མ་འོངས་པར་ “མགོ་མ་ཚོས་གོང་དུ་ཀླད་པ་མ་ལྡག་” ཟེར་བའི་གཏམ་དཔེ་དེའི་སློབ་གསོ་ཞིག་དངོས་སུ་ཐོབ་ལེ་རེད་།
༢ གཞན་ ༧ གོང་ས་མཆོག་ནི་ངའི་ཚེ་འདི་ཕྱི་གཉིས་པོའི་སྐྱབས་གནས་རྩ་བའི་བླ་མ་ཡིན་ལེ་རེད་ ཉིན་ལྟར་ཞོག་པ་ལང་ནས་ཕྱག་གསུམ་རེ་དང་་་གངས་རི་ར་བསྐོར་མའི་སྨོན་ལམ་གསོལ་འདེབས་ཚར་གསུམ་རེ་འདོན་་དགོང་མོ་མ་ཉལ་སྔོན་དུའང་དེ་བཞིན་བྱེད་ལེ་ཡིན་ ཁྱོད་རང་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཡག་པོ་དེ་དོར་མི་ཉན་ཞེས་པའི་བཀའ་སློབ་དེ་གོ་མྱོང་ཙམ་ཡོད་ཞི་བདའ་དེ་ ཡིན་ནའང་རྐྱག་རྫུན་བཤད་རྒྱུ་དེ་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མིན་པ་དེ་ད་ལྟ་ཤེས་མི་བདའ་
༣ གང་ཟག་ཞིག་གི་སྨྱུག་མིང་ཇི་ཡིན་ལ་བརྟེན་ནས་ལྟ་བ་དང་ལང་ཕྱོགས་ཀྱང་དེ་ལྟར་ཡིན་པ་ཁྱབས་དགོས་ལེ་མ་རེད་ ཡིན་ན་ཡང་ ལུས་པོའི་ནང་བོད་པ་རྩམ་ཟན་ཞིག་གི་ཁྲག་རྒྱུགས་ཀྱི་ཡོན་ན་ ཐོབ་རུང་མ་ཐོབ་རུང་ རང་ཡུལ་རང་བཙན་མི་འདོད་ཁན་བོད་རིགས་སུ་ཞིག་ཡོད་ལེ་རེད་།
༤ ཁྱོད་ལ་དཔའ་བོ་དཀོན་འདོག་ཁ་པོ་དེ་འདྲ་ཆོ་དང་ཇབ་ཆི་གང་མི་བདའ་ལེ་ དེ་ལས་ངའི་ཁྱི་ཕྲུག་དེ་དཔའ་རྟགས་ཆེ་ལེ་རེད་ ཁོས་ནམ་རྒྱུན་དུ་ལས་བླ་པོར་ ཨའུ་་་་ཨའུ་་་་རྫོ་ལེ་མ་རེད་དེ་་་་་ཕི་རི་ཀྲི་བདཀྲི(Free Tibet) རྫོ་ལེ་ཞིག་གོ་ན་ ག་ན་ཡོད་ཀྱང་ལམ་སེང་་་ཨའུ་་་་ཨའུ་་་་རྫོ་ཞིང་རྒྱུགས་ཡོང་ལེ་རེད་།
མཆན་ལན་མཐའ་མ་དེ་ཙམ་ཡིན་ ཁྱོད་སྐུ་ཚེ་རིང་ཡ་།
རང་བཙན་ལྡེའུ། ཁྱེད་སྐུ་ཚེ་རིང་ཨ། བགྲོ་གླེང་བྱེད་པ་ཡག་བྱུང། ཁྱེད་ཐུགས་ལ་བཟུང་་མི་ཉན། རྗེས་མ་མཇལ་ཡོང། བདེ་མོ་བྱོས།