ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་སྦྱང་ནས་བོད་དོན་རྩོད།།
ཁ་དམག་མ་རྒྱག་དོན་དངོས་རྩོད།།
ག་རུ་ཡོད་ཀྱང་བོད་དོན་རྩོད།།
ང་ཚོའི་ཕ་ཡུལ་བོད་ལྗོངས་རེད།།
ཅ་ཅོ་ཆོས་མེད་ཀླ་ཀློའི་དཔུང་།།
ཆ་མེད་མི་ལ་རང་བརྒྱུས་བྱས།།
ཇ་དང་ཙམ་པ་བོད་ཟས་རེད།།
ཉ་ཤ་ཕག་ཤ་རྒྱ་ཟས་རེད།།
ཏ་ཐ་ག་ཏའི་བསྟན་པ་བསྣུབས།།
ཐ་མག་ནག་པོའི་བོད་ཡུལ་ཁྱབ།།
ད་ནས་བཟུང་ཏེ་བོད་དོན་ཆེད།།
ན་གཞོན་དཔུང་པ་སྒྲིག་ལ་ཤོག།
པ་ཕ་འདྲ་བའི་ལས་ཤིག་བགྱིས།།
ཕ་བཟང་འདྲ་བའི་དོན་གཅིག་གཅོད།།
བ་དན་འདྲ་བའི་སྐད་ཞིག་བསྒྲོགས།།
མ་ཕྱུགས་མ་ཕྱུགས་གཞིས་བྱེས་གཉིས།།
ཙ་བ་རང་བཙན་ས་ཆའི་བདག།
ཙ་གྲང་ཚོར་ན་རང་བཙན་རྩོད།།
རྫ་ཏི་རླུང་སྨན་ངོ་ཤེས་དགོས།།
ཝ་མོ་བཞིན་དུ་བྲོས་མི་ཉན།།
ཞ་མོ་འཐོམ་ཞ་ཕུད་ན་དགའ།།
ཟ་དང་རྒྱུ་སྐར་བཞིན་དུ་བརྟན།།
འ་འུར་མ་རྒྱག་བོད་དོོན་རྩོད།།
ཡ་རབས་མི་ལ་གྱོང་རྒུན་མང་།།
ར་བ་གངས་རི་ང་ཚོའི་ཡུལ།།
ལ་ལུང་མང་པོའི་རྒྱབ་རོལ་ན།།
ཤ་ཚ་ཆེ་བའི་གཞིས་བཞུགས་སྤུན།།
ས་ཕྱོགས་འདི་ལ་རེ་བ་བཅོལ།།
ཧ་ལོ་ཧ་ལོའི་དུས་ཚོད་བསྐྱལ།།
ཨ་མེ་རི་ཀས་ཀོ་ཐག་སློད།།
ས་ཡ་གཉིས་ཀྱི་ཤ་ལན་བརྗེད།།
དཔའ་བོ་དཔའ་མོའི་ཁ་ཆེམས་བརྗེད།།
གདུང་སེམས་མཉམ་བསྐྱེད་གང་ལ་ཟེར།།
སྨོན་ལམ་མཆོད་འབུལ་གང་ལ་ཟེར།།
བུ་དཔའ་བོ་ཡོད་ན་མཆོང་རན་རེད།།
མདའ་སྐྱེན་པོ་ཡོད་ན་འཕེན་རན་རེད།།
རྟ་མགྱོགས་པོ་ཡོད་ན་རྒྱུགས་རན་རེད།།
བང་དཔའ་རྩལ་ཡོད་ན་ངོམས་རན་རེད།།
ནོར་ཡོད་ན་སྦྱིན་པ་ངམགཏོང་རན་རེད།།
གོ་ན་རྣ་བའི་བཅུད་དུ་ལོང་།།
མ་གོ་རྣ་བའི་རྒྱབ་ལ་བསྐྱུར།།
ཅལ་ཅོལ་ཆོས་མེད་ཀླ་ཀློའི་དཔུང་། །
ཆོ་མེད་རྒྱ་ནག་དམར་པོའི་གཞུང་། །
ཇ་དང་རྩམ་པས་འཚིམ་མཁན་ཚོར། །
ཉེས་མེད་བཙོན་འཇུག་བྱས་འདི་མཚར། །
རྩ་བའི་བསམ་དོན་རང་དབང་རེད། །
ཚ་གྲང་དཀའ་སྡུག་དང་བླངས་ནས། །
ཛ་ལང་སྤྱོད་ངན་ད་བཞག་ནས། །
ཝ་སྐྱེས་རྒྱ་འདྲེར་གཅར་རྡུང་གྱིས། །