ཀླུ་འབུམ་བཀྲིས།
ཉེ་བའི་ནང་བོད་ནང་ཟིན་བྲིས་བོར་སོང་བ་མང་པོ་བྱུང་ཡོད་པ་མ་ཟད་མི་བུ་རང་ཉིད་བོར་སོང་བ་ཡང་མི་ཉུང་བ་ཡོད་པ་ངོ་མ་གྱོང་ཁུལ་ཆེན་པོ་རེད་ཟེར། བོད་ནས་གྲོགས་པོ་ཞིག་གིས་བཤད་རྒྱུར། ད་ལྟ་དགོན་པོ་སོ་སོ་ནས་གྲྭ་མང་པོ་བོར་ནས་ཟླ་རེ་གཉིས་ནང་ད་དུང་གར་སོང་མི་གོ་གི ཉེ་ལམ་མདོ་སྨད་སྐུ་འབུམ་དགོན་པའི་གྲྭ་བ་ཁྲི་སྐལ་བཟང་བརྩོན་འགྲུས་དང་དཀོན་མཆོག་བསམ་གཏན་(མི་ཁོམ་པའི་རྒྱལ་སྲས་)མདོ་སྨད་དཀའ་སྦྱིན(སྦྱིན་པ་རྒྱ་མཚོ)བློ་བཟང་ཚེ་རིང་སོགས་མི་བཞི་སྤྱི་ཟླ་༤པའི་༡༦ནས་༥བའི་༡༥བར་ཟླ་གཅིག་གི་རིང་ལ་གར་སོང་མ་ཤེས་ཟིག རྗེས་སུ་དགོན་པའི་གྲྭ་བ་དག་གིས་དགོན་བདག་སོགས་ལ་རེ་བ་ཡང་ཡང་ཞུས་ཏེ་ཁོ་ཚོས་གོང་རིམ་ལ་ཞུ་བ་ཡང་ཡང་ཞུས་མཐར་ཟླ་༥བའི་༡༥ཉིན་གང་ཡིན་མ་ཤེས་བར་གློད་གྲོལ་བཏང་ཡོད་ནའང་ ཡིད་སྐྱོ་བ་ཞིག་ལ་ཁོ་ཚོས་མི་འདོད་པའི་དངོས་པོ་དག་གཞུང་བཞེས་གནང་བ་མ་ཟད་གྲྭ་རྐྱང་གི་ཆ་རྐྱེན་ལ་མ་ལྟོས་པར་ཁྲི་སྐལ་བརྩོན་གྱི་གདན་འོག་ནས་དམངས་སྒོར་སྟོང་དྲུག་ལྷག་གི་ནང་ནས་སྒོར་༢༨༠༠དང་སྒོར་ཁུག་ཏུ་སྒོར་བདུན་བརྒྱ་ཡས་མས་ཡོད་པའི་ནང་ནས་སྒོར་༢༡༠མ་གཏོགས་ཕྱིར་སྤྲད་མེད་པའི་གནས་ཚུལ་བཤད་བྱུང་།
མུ་གེ་སྒང་ལ་ཟླ་ལྷག་གི་དཔེ་ལྟར་ད་ལོ་བོད་ནང་དུ་ཕྱིའི་གཉའ་གནོན་གྱི་སྟེང་དུ་རང་བྱུང་གོད་ཆག་མུ་མཐུད་འོང་དོན་གང་གིས་ལན་པ་ཡིན་ནམ། དེ་རིང་ཡང་བོད་ནང་དུ་ས་ཡོམ་༦,༨ཅན་ཞིག་ཡོང་བ་གསར་གནས་ཁག་ཏུ་བཀྲམས་འདུག་མོད་མི་ཤི་གོད་ཆག་གི་རིགས་གསལ་ཁ་མི་འདུག
སྟོང་གསུམ་འཇིག་རྟེན་གྱི་ཁམས་ན། སྐྱོབ་པའི་ལྷ་ཆེན་ཞིག་མ་མཐོང་། ། ཉམ་ཆུང་མགོ་ནག་གི་མི་ལ། ། སྐྱབས་མགོན་རང་ཉིད་ལས་མི་འདུག ། ཆུང་དུས་ཆུང་དུས་ཤིག་ལ་གོ་བའི་གཞས་ཚིག་འདི་ད་དུང་ངའི་རྣ་ལམ་ལ་འབྱར་འདུག ད་ནི་འཚེ་མེད་ཞི་བ་ཟེར་བའི་ཐ་སྙད་སྐམ་པོ་འདིར་འཐམ་ནས་འདུག་དུས་མ་རེད་ཡ
དྲ་གྲོགས་ཚོ། གནའ་བོའི་ཁ་རྒྱུན་དུ་རླུང་རྟ་ཆག་དུས་འདྲེ་དང་འཕྲད་ཅེས་པའི་ལེགས་བཤད་འདི་ངོ་མ་བདེན་དོན་ཞིག་གམ་གནས་ལུགས་གཅིག་གི་གསལ་འདོན་གྱི་ལུང་བརྟན་རྨ་མེད་པ་ཞིག་ཏེ། དེང་དུས་བོད་སྤྱི་མཐུན་བསོད་ནམས་ཀྱི་བགོ་སྐལ་དམན་ཞིང་ལས་དབང་གི་རླུང་རྟ་ཆག་དུས་གསོན་འདྲེ་མང་པོ་ཕྱོགས་གང་ས་ནས་ལྡང་ཞིང་བསྟན་འགྲོར་གནོད་པའི་ཀུ་ཅོ་སྣ་ཚོགས་འ་འུར་སྒྲོགས་ཀྱིན་འདུག གདུག་འདྲེ་ནི་གདུག་འདྲེ་སྟེ་རིག་པ་ལྡན་པ་ཙམ་གྱིས་རྐང་གཉིས་མི་ཡི་གྲལ་དུ་འདྲེན་ག་ལ་ནུས། ཁོ་ནི་ཚེ་སྲོག་ལ་བརྔམས་ཞིང་ཞི་བདེ་ལ་བརྒོལ་བའི་གདུག་སེམས་ཅན་གྱི་གནོད་སྦྱིན་ཞིག་ཡིན་པས་ང་ཚོས་ངེས་པར་གཟབ་དགོས། ང་ཚོ་ལ་དགོས་པ་ནི་བདེ་སྐྱིད་དང་འབྲེལ་བའི་འཚོ་གནས་ཀྱི་མི་ཚེ་རེད་དེ་ནམ་ཡང་ཞི་བདེ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། དེའི་ཕྱིར་གདུག་འདྲེའི་ཆོལ་འཕྲུལ་གྱི་གནོད་པ་ཞི་ཆེད་གཉན་ཆེན་ཐང་ལྷའི་འཕྲིན་བསྐུལ་ཞིག་བྲིས་ཡོད་པས་ཀུན་གྱིས་ཞལ་འདོན་མཛད་རྒྱུ་གལ་ཆེ།། ཀྱེ། བསིལ་ལྡན་ཁ་བའི་ཕྲེང་ཚོམས་བསྒྲིགས་པའི་དབུས།། རབ་དཀར་ཤེལ་གྱི་ཕོ་བྲང་དྭངས་བའི་དཀྱིལ།། མི་འཇིགས་སེངྒེའི་བཏེགས་པའི་ཁྲི་སྟེང་ནས།།
གཉན་རྒྱལ་རྡོ་རྗེ་འབར་བ་དྲག་པོ་རྩལ།། སྔོན་ཚེ་སློབ་དཔོན་ཆེན་པོའི་སྤྱན་སྔར་ནས།། མ་ངེས་སྣ་ཚོགས་སྒྱུ་མའི་རོལ་གར་གྱིས།། རྒྱ་གདོན་གདུག་འདྲེ་འདུལ་བར་ཞལ་བཞེས་པའི།། ཁས་བླངས་དམ་ཚིགས་དྲན་ལ་གཤེགས་སུ་གསོལ།། ཆེས་སྙིགས་ལྔ་བདོ་རྒུད་པའི་གཡོ་འཕྲུལ་འོག། སྐྱེ་རྒུའི་སྙིང་ཁམས་གདོན་གྱིས་ཆེས་གཡོས་ཏེ།། ཆོས་མིན་དམ་འགལ་ལས་ལ་སྤྱོད་པའི་ཚེ།། ཐུགས་དམ་དུས་ལས་མ་གཡེལ་ས་མ་ཡ།། མཐའ་དམག་རྒྱ་འདྲེའི་གཡོ་སྒྱུ་བསམ་སྦྱོར་གྱིས།། གདུག་རྩུབ་མཚོན་གྱི་ཆར་པ་དྲག་པོའི་འོག། ཉེས་མེད་བོད་འབང་གནར་བ་འདི་དགོངས་ནས།། ད་གཟོད་མཐུ་དཔུང་བསྐྱེད་པའི་དུས་ལ་བབ།། ཁྱད་པར་ལྷ་མཆོག་མིག་མི་འཛུམ་པའི་དཔལ།། གངས་ལྗོངས་རྒྱལ་བསྟན་འདེགས་པའི་སེམས་པ་ཆེ།། ཞི་དང་རྟེན་འབྱུང་བདག་པོ་གཤེས་གཉེན་ལ།། བསམ་སྦྱོར་ལོག་པ་འཆང་རྣམས་ཚར་གཅོད་ཅིག། མདོར་ན་འཕྲིན་ལས་རྣམ་བཞི་མ་གཡེལ་བ།། སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུ་ལ།། གནོད་པ་སེམས་པའི་མི་དང་གདུག་འདྲེའི་དཔུང་།། མྱུར་དུ་ཚར་གཅོད་མཛད་ལ་མཐུ་དཔུང་བསྐྱེད།།ཅེས་སོ
བདེན་པ་རེད། གོང་དུ་ངས་དྲངས་ཡོད་པའི་ཚིག་བཅད་དེས་ཁྱེད་ཚང་གི་བཞེས་ཕོར་ལ་ཆག་སྐྱོན་བྱུང་སོང་ན་ད་ངོ་མ་ང་གདུག་འདྲེ་རེད་ལགས། ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ་་་་གཞན་གྱིས་རང་གི་བཞེས་ཕོར་ལ་རྒོལ་དུས་ད་དུང་ཡང་མི་མངོན་པའི་དབྱིངས་ཀྱི་(དོན་དངོས་སུ་སུས་ཀྱང་མ་མཐོང་བའི་) འཇལ་ཚོན་ལ་འུ་ཐུག་གི་སྐྱོ་གཏམ་གསུང་འདུག ཧ ཧ ཧ ཀུ་རེ་ཡིན། ཨ་རི་ནས་ཨ་མཆོད་བྱས་ནས་འཕྲིན་བཅོལ་མང་པོ་འདོན་གྱིན་ཡོད་པ་འདྲ། སྐབས་རེར་ང་ལ་ཡང་སྐྱབས་འཇུག་རེ་ཞུ་རོགས།
མིའུ་ཕྲུག་ཐུགས་ཚིག་ཟ་དགོས་པ་མི་འདུག འདྲེ་རིག་ལྡན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་སྐྱེས་བུ་ལ་སྒྲོ་སྐུར་གྱི་ཚིག་གཅིག་ཀྱང་བཤད་མི་འདུག་ག། འབྲེལ་མེད་ཅིག་གླེང་ཡོང་ནས་ཅི་བྱེད། སྤྱིར་བཏང་མིའུ་ཕྲུག་གིས་ཁར་སང་ཁེ་ཉིན་ཅིག་ལ་བོད་ཀྱི་བླ་མ་ཚོས་ཆོས་སྤེལ་ཆེད་བལ་པྲུག་བསྡུ་རྒྱུ་ལ་སྐྱོན་བརྗོད་བྱས་འདུག དེ་ཡིན་ན་དངོས་གནས་རྒྱལ་བའི་བསྟན་དང་བསྟན་འཛིན་གྱི་སྐྱེས་བུ་ཁ་གཏད་ཀྱི་ལས་ཀ་རེད།
སྤོབས་པ་ཆེན་པོ་དངོས་གནས་སྤོབས་པ་ཆེ་དྲག་ནས་དོན་དངོས་ཀྱི་གནས་ལུགས་སྤྱན་ལམ་དུ་གྱུར་མི་འདུག ཞི་བདེ་ལ་བརྒོལ་བ་ནི་ནང་བསྟན་ལ་བརྒོལ་བ་ཡིན་ཏེ། ནང་བསྟན་གྱི་སྙིང་པོ་ཞི་བདེ་དང་དབྱེར་མེད་པའི་ཕྱིར།བོད་ཀྱི་བླ་མ་ཚོསབལ་ཕྲུག་བསྡུ་བ་ནི་ཆོས་སྤེལ་ཆེད་དུ་མ་ཡིན་ཏེ། ཕྱི་ཡི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་མ་རྩ་་ཡིན་པའི་ཕྱིར། ཡག་པོ་གཟིགས
གཉན་ཆེན་ཐང་ལྷ་ནུས་མཐུ་ཆེ་བ་ལ་འཕྲིན་བཅོལ་ལན་གཅིག་གིས་གདུག་འདྲེ་དེས་རང་དབང་མེད་པ་ང་ལ་སྐྱབས་འཇུག་ཞུས་འདུག ད་སྨྱོན་པ་དེ་ཚོ་ལ་ཡང་དེ་བཞིན་དགོས་པ་འདྲ།
བྱས་ན་ཁྱོད་ཀྱིས་གཉན་ཆེན་ཐང་ལྷ་གྲོགས་སུ་སྦྲན་ནས་འདྲེ་ལེགས་ལྡན་ཚར་གཅོད་རྒྱུ་དེ་ཡང་བསྟན་པ་བཤིག་པ་ཡིན་རྒྱུ་རེད། དྲག་པོ་དང་གནོད་འཚེའི་རིགས་སུ་གཏོགས་པས་སོ། གང་ཡིན་ཞེ་ན་འདྲེ་ལེགས་ལྡན་གྱིས་འཚེ་མེད་ཞི་བའི་མིང་སྐམ་པོ་མི་འཁུར་བར་དྲག་པོའི་ལས་སྦྱོར་བརྩམ་ན་ལེགས་ཚུལ་བཤད་པ་དེ་ཡང་བསྟན་དགྲ་སྒྲོལ་བ་མ་གཏོགས་ཚང་མ་གསད་དགོས་ཞེས་བཤད་པ་ད་ཡིན་རྒྱུ་མ་རེད། བལ་ཕྲུག་ནག་རིལ་ཚོ་དགོན་པར་བསྡུ་མི་རུང་ན་བོད་ཕྲུག་སྔོ་རིལ་ཚོ་བསྡུས་ན་ཡང་རུང་ངམ། དེ་གཉིས་གཅིག་མཚུངས་མ་རེད་དམ།
ཁྱེད་ཀྱིས་དང་པོ་བསྟན་པ་ཟེར་བ་དེ་གང་ལ་ཟེར་བ་ཡིན་གོ་བ་ཡག་པོ་ལེན་རོགས