བསྟན་འཛིན།
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། ཨ་རིའི་སྐུ་ཚབ་ཟུར་པ་སྤེན་པ་ཚེ་རིང་མཆོག་གི་གནད་དོན་དེས་བོད་ནང་གི་མི་མང་པོ་ཞིག་ལ་ད་ལྟའི་བཀའ་ཤག་ལ་གཟིགས་སྟངས་ཡག་པོ་མིན་འདུག སྐད་འཕྲིན་དང་། མཛེས་པར། འཕྲིན་ཕྲན། དེ་བཞིན་རྒྱུད་ལམ་ཁག་ནས་མཐོང་བའི་གནས་ཚུལ་ལ་ལྟར་ན། བོད་ནང་གི་རྣམ་འགྱུར་ནི་གསལ་པོ་འདུག དེ་ནི་ད་ལྟའི་བཀའ་ཤག་གི་སྐོར་འབྲི་སྐབས། མང་ཆེ་བས་མཆན་གྱི་ནང་ལ། ད་ལྟའི་བཀའ་ཤག་དེ། “སྲིད་དབང་སྒེར་འཛིན་པ།” “རྒྱ་ཁ་གཅིག་གཅོད་བྱེད་མཁན།” “ཕ་ཡུལ་གྱི་ཕྱོགས་ཞེན་པ།” “བསམ་བློ་དོག་པོ།” “མི་རིགས་ཀྱི་ཕུགས་བསམ་མེད་པ།” “སྒེར་དོན་ཨང་དང་པོ་འཇོག་མཁན།” “མི་རིགས་ཀྱི་འདུན་པ་ཆུ་ལ་སྐྱུར་མཁན།”ལ་སོགས་ཀྱི་ཐ་སྙད་ཤ་སྟག་ལས། རྒྱབ་སྐྱོར་བྱེད་མཁན་ཤིན་དུ་ཉུང་།
ད་ལྟའི་བཀའ་ཤག་འདི་ལ་སྤྱིར་བཏང་བོད་ནང་གི་བསམ་ཚུལ་ལ་དེ་ཙམ་དོ་སྣང་མེད། རྒྱུ་མཚན་ནི་བོད་ནང་ནས་འདེམས་ཤོག་འཕེན་མི་ཐུབ་ཙང་ཡིན་སྙམ། བཀའ་ཁྲི་ལ་ཁོང་རྣམ་པའི་བསམ་ཚུལ་གལ་མི་ཆེ། འོན་ཀྱང་། བཀའ་བློན་གཞན་པ་རྣམ་པས་བཀའ་ཁྲིའི་འོག་ལ་ཁྱི་དང་བདག་པོའི་འདུ་ཤེས་ཙམ་མིན་པར། བོད་པ་སྤྱིའི་ཁེ་ཕན་ལ་བསམ་ཤེས་གནང་ནས། བཀུར་འོས་བློ་བཟང་སེང་གེ་མཆོག་གི་བཀའ་འོག་ལ་སྡིག་པ་མིག་བཙུམས་ལྟ་བུ་མ་ཡིན་པར། ཁོང་གི་ལམ་ཕྱོགས་དང་ལས་སྟངས་ལ་ནོར་འཁྲུལ་ཡོང་སྐབས། དེ་ལ་གདོང་ལེན་དང་ཡོ་བསྲང་གནང་རྒྱུ་ནི་ང་ཚོ་བོད་མི་རྣམས་ཀྱི་རེ་བ་ཉག་གཅིག་ཡིན།
༄༅། བསྟན་འཛིན་ལགས་་་ཁྱེད་ཀྱི་མིང་དངོས་གནས་བསྟན་འཛིན་ཡིན་ན་
མ་དཀྲུགས་རོགས་གནང། མིང་དང་དྲ་རྒྱའི་ནང་བཤད་སྟངས་གཉིས་རྩ་བ་ནས་མཐུན་
གྱི་མི་འདུག།
༄༅། མིང་ལ་བསྟན་འཛིན་འཁྱེར་ནས་།
ལས་ལ་དཀྲུགས་ཤིང་བརྒྱབ་ན་།
སེམས་པ་སྐྱོ་དང་མི་སྐྱོ།
འདི་ལས་སྐྱོ་བ་ཅི་ཡོད།
མིས་ལབ་ཀྱི་འདུག་ བོད་ནས་གསུངས་ཀྱི་འདུག་ རྒྱ་གར་ལྷོ་ཕྱོགས་ནས་ཟེར་གྱི་འདུག་
རྒྱ་གུང་དྲན་གྱིས་བརྗོད་ཀྱི་འདུག་སོགས་་་འུར་གཏམ་བཤད་ནས་མ་བསྡད་་་གྲ་བ་ཡིན་ན་
བདེན་པ་བཞི་སྦྱོངས། མི་རྒྱ་ཡིན་ན་སོ་སོའི་འཚོ་གོས་སོམས།
ངས་ཞུ་འདོད་པ་ནི་་་ཁྱེད་ཀྱི་མིང་་་་བསྟན་འཛིན་་་ཟེར་བས་དེ་ལ་གུས་བཀུར་ཞུས་ནས་
ཞུས་པ་ཡིན། Otherwise I don,t care
་་་་་་་་ འོན་ཀྱང་། བཀའ་བློན་གཞན་པ་རྣམ་པས་བཀའ་ཁྲིའི་འོག་ལ་ཁྱི་དང་བདག་པོའི་འདུ་ཤེས་ཙམ་མིན་པར། བོད་པ་སྤྱིའི་ཁེ་ཕན་ལ་བསམ་ཤེས་གནང་ནས། བཀུར་འོས་བློ་བཟང་སེང་གེ་མཆོག་གི་བཀའ་འོག་ལ་སྡིག་པ་མིག་བཙུམས་ལྟ་བུ་མ་ཡིན་པར། ཁོང་གི་ལམ་ཕྱོགས་དང་ལས་སྟངས་ལ་ནོར་འཁྲུལ་ཡོང་སྐབས། དེ་ལ་གདོང་ལེན་དང་ཡོ་བསྲང་གནང་རྒྱུ་ནི་ང་ཚོ་བོད་མི་རྣམས་ཀྱི་རེ་བ་ཉག་གཅིག་ཡིན། ་་་་་་་་་
་
འདི་ལ་བདེན་ཆ་འདུག བློ་སེང་ནི་སེང་གེ་དང་། བཀའ་བློན་གཞན་པ་ཚོ་ནི་ཁྱི་རྒན་ལྟ་བུར་མཐོང་སོང་། ཚིག་ངན་ལ་དགོངས་དག བཀའ་ཤག་གིས་ཀྱང་་་་་་་ མི་མངས་ལ་་་་་་
ང་ཡང་ཕྱིས་སུ་བོད་ནས་ཡོང་བ་ཞིག་ཡིན་བོད་ནང་གིི་ངའི་འཐབ་གྲོགས་ཚོས་ཟུར་ནས་སྐད་ཆ་བློ་སེང་གི་བྱེད་ཏང་ལ་བློ་འཕམ་ཡོད་པ་ཤ་ཏག་བཤད་ཀྱི་འདུག་དངོས་གསུམ་དུ་བཤད་འཕོད་ཀྱི་མི་འདུག་རྒྱ་མིས་གང་བྱས་ཡོང་བསམ
བློ་སེང་གི་ནང་སྙིང་ད་ཕྱིར་བསྟན་ཟིན་པ་རེད། འབུམ་རམས་པའི་གནས་ཚད་ཀྱང་རེ་རེ་བྱས་ཏེ་ལྷང་ལ་བཏོན་ཚར་པ་རེད། ད་ནི་ག་རེ་བསམ་གི་འདུག་ལབ་ན།
ང་ཚོ་བོད་འདི་བསོད་ནམས་དམན་པ་ལས་ངན་ཞིག་རེད། ཁོ་ལྟ་བུ་ཞིག་ལ་སྲིད་སྐྱོང་ཐོབ་ནས། ལོ་ལྔ་ཡི་སྒང་བཅུ་བྱས་ཏེ། འཕྲོ་བརླག་བཏང་དང་གཏོང་བཞིན་པ་རེད། མིག་རྒྱང་དང་ཕུགས་བསམ་སྤུ་ཙམ་མེད་པའི་བློ་སེང་ལྟ་བུ་མ་འོངས་པར་སྲིད་སྐྱོང་ལ་རྩ་བ་ནས་མ་ཡོང་བར་ཤོག་ཅེས་དཀོན་མཆོག་གསུམ་དང་སྲུང་མ་དམར་ནག་གཉིས་ལ་གསོལ་བ་འདེབས་བཞིན་ཡོད།
བདེན་པ་རྫུན་པ་ཁྲིམས་ཀྱི་དབྱེ་།
ཆུ་དང་འོ་མ་རུས་སྦལ་དབྱེ་།
དཀར་ནག་ལས་འབྲས་ཤིན་རྗེའི་དབྱེ་།
ི
ཁམས་པའི་ཀྲུའུ་ཞི་བློ་བཟང་སངས་རྒྱས་རྒྱལ་ལོ།་ཀི་ཧེཧེ་
རང་གི་མིང་འབྲི་མི་ཤེས་མཁན་གྱི་བཙན་བྱོལ་བོད་མིའི་དབུ་ཁྲིད།རང་གི་མི་རིགས་ཀྱི་སྐད་ཡིག་རང་མགོ་མི་ཐོན་པའི་སྲིད་སྐྱོང་། ཕྱི་རྒྱལ་ཁག་ལ་ལྟ་སྐོར་ཏུ་ཕྱིན་ལོ་ལྔ་བསྐྱལ་བའི་འགོ་ཁྲིད། བོད་རྒྱ་གྲོས་མོལ་ལ་གཉིད་སྨན་སྤྲད་དེ་བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་བསྐོ་མཁན་གྱི་དབུ་ཁྲིད།ཡར་དཀྲུགས་མར་དཀྲུགས་བྱེད་མཁན་གྱི་དབུ་ཁྲིད།
ཚང་མས་ཡིད་གཟབ་བྱོས། དགྲ་དགའ་གཉེན་སྡུག་གི་ལས་ཤ་སྟག་མ་བྱེད། བདེན་པ་ལ་རྒྱབ་སྐྱོར་ཡོད་དང་ཡོད། རྫུན་དང་ཕྱོགས་ཞེན་གྱིས་ནམ་ཞིག་ཐམས་ཅད་ནག་གསུབ་ཏུ་གཏོང་མི་ཐུབ། བདེན་པ་ནི་རིམ་པས་ཁ་གསལ་དུ་འགྲོ་ཡི་རེད། ཐུགས་ལྷོད་ལྷོད་བྱོས། ཧ་ར་ཧུར་རེ་བྱས་ན་གཞན་གྱི་ལག་ཆ་ལ་འགྱུར་ཉེན་ཡོད། སྤུན་ཟླ་ཚོ།
བློ་སེང་གི་མངོན་བརྗོད། རང་གི་མིང་འབྲི་མི་ཤེས་བའི་བོད་ཀྱི་སྲིད་སྐྱོང་།
བོད་རྒྱ་གྲོས་མོལ་གཉིད་དུ་ཤོར་དུ་འཇུག་མཁན་གྱི་བཙན་བྱོལ་བོད་མིའི་དབུ་ཁྲིད།ཕྱི་རྒྱལ་ཁག་ཏུ་བལྟ་སྐོར་དུ་བསྐྱོད་དེ་ལོ་ལྔ་བསྐྱལ་བའི་སྤྲོ་འཆམ་པ། བཙན་བྱོལ་བོད་མི་དཀྲུགས་ལ་མཁས་བའི་འབུམ་རམས་པ།
བསམ་འཆར་ཞུ་མཁན་གནས་དབྱུངས་གཏོང་མཁན་གྱི་སྲིད་དབང་སྒེར་གཅོད་པ། ངན་པ་རང་བསྟོད་ལ་དགའ་མཁན། སྙན་གྲགས་ཀྱི་ཆེད་རྙོག་དྲ་མདའ་དཀྲུགས་བྱེད་ཐུབ་པའི་མི་སྙིང་སྟོབས་ཅན། གཞུང་སྒེར་གཉིས་ལས་སྒེར་དོན་སྒྲུབ་མཁན་གྱི་བསམ་བློ་ཅན།རེ་ཞིག་མིང་གི་རྣམ་གྲངས་རྫོགས་སོ།
སྐྱབས་མགོན་རིན་པོ་ཆེས་བློ་སེང་ལ་བསྟོད་པ་གནང་།
བོད་མི་ཁ་ཤས་ནས་བློ་སེང་ལ་སྨད་ར་བཏང་།
ད་བདེན་པ་སུ་རེད། ང་ནི་མགོ་འཐོམས་སོང་།
བཀའ་བློན་བློ་བཟང་སེང་གེ་ནི་མི་དམངས་ཀྱིས་བདམ་པ་རེད། ཁོང་ཡང་མི་དམངས་ལ་ངེས་པར་དུ་བསྟུན་དགོས་ངེས། གཙོ་བོ་ཁོང་ལ་སློབ་སྟོན་པ་ཡག་པོ་ཞིག་མེད་ཚོད། དཔེར་ན། སྤེན་ཚེ་གནས་དབྱུང་གཏོང་ཟེར་མཁན་གྱི་སློབ་སྟོན་པ་དེ་མི་རྩ་མི་ཐང་བ། རྒྱབ་མདུན་གྱི་གནས་ཚུལ་ལ་བསམ་ཤེས་རྩ་བ་ནས་མ་བྱས་པར། གླེན་པ་གླེན་རྐྱང་གི་གཏམ་འཆལ་སྨྲ་སྡོད་མཁན་དེ་འདྲ་ཞིག་ལས་མ་འདས། དེའི་འབྲས་བུར། བློ་སེང་ནག་རྐྱང་བཟོས་སོང་། བློ་སེང་གི་དགྲ་བོས་ཀྱང་གནོད་པ་འདི་འདྲ་ག་ལ་བསྐྱལ་ཐུབ།
བློ་སེང་དང་བློ་སེང་ཕྱོགས་གཏོག་པས་དུས་རྒྱུན་རྒྱབ་རིན་པོ་ཆེ་ལ་དད་པ་མེད་པར་ད་སྐབས་རྒྱལ་བ་རིན་པོ་མཆོག་ནས་ཐབས་མཁས་ཚུལ་གྱིས་རྩམ་པ་ཕྲན་བུ་གཏོར་གནང་བ་དེ་འང་ལག་ཆར་བརྩིས་དགོས་བྱུང་བ་་ དཔེར་ན་དེ་སྔོན་བློ་སེང་གི་རྩོམ་དེ་ཚོའི་ནང་ཁོ་པས་ the dalai lama ལྟ་བུར་
བསམ་ཤེས་ལགས་ཀྱིས་གསུངས་པ་དེ་གནས་ལུགས་རྒྱུ་མཚན་ཆེན་པོ་འདུག་སྙམ།
ངོ་མ་སློབ་སྟོན་པ་བློ་གཟུ་བོར་གནས་པ་ཞིག་དགོས་ཀྱི་འདུག་སྙམ།དེང་སང་གི་སློབ་སྟོན་པ་དེ་སྔོན་མ་ནས་རྙོག་དྲ་རྐྱང་བཟོས་ནས་རྒན་ཡོལ་ཕྱིན་པ་ཞིག་ཡིན་པའི་རྟགས་འདུག
འབྲོང་བུ་ལགས། དྲང་པོ་བཤད་ན། ༧གོང་ས་མཆོག་གིས་སྲིད་སྐྱོང་བློ་སངས་ལ་བསྟོད་པ་དང་སྨད་པ་གཉིས་ཀ་གནང་བའི་དུས་བྱུང་ཡོད། ལར་ནས་དགའ་ལྡན་ཕོ་བྲང་བརྒྱུད་བློ་སངས་ལ་གསང་བའི་བཀའ་བཀྱོན་བཀའ་ཡིག་ཀྱང་བསྩལ་ཡོད། “ད་ཁོ་ཧམ་པ་ཆེ་རུ་ཆེ་རུ་་་་་་་” སོགས་གསུངས་པ་ངོ་དེབ་ཁག་ནང་ཁྲོམ་བསྒྲགས་བྱུང་བ་ཁྱེད་ཀྱིས་ལོས་ཤེས་ཡོད། རྡོབ་མ་འཁྲབ་རོགས། སྐྱེས་བུ་དམ་པས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྐྱོང་ཚུལ་གསུངས་པ་སོགས་དང་། གདུལ་བྱའི་ཁམས་དང་མོས་པ་ལ་གཟིགས་ཚུལ་གསུངས་པ་སོགས་དང་། དྲང་དོན་དང་ངེས་དོན་ལ་གཟིགས་ནས་གསུངས་ཟེར་བ་སོགས་ཀྱིས་སྐབས་མཚམས་གང་ལ་གང་འདུལ་སྐྱོང་བའི་ཐབས་ཤེས་ཤིག་ཡིན་པ་ལས་༧གོང་ས་མཆོག་ལ་འགལ་འདུ་མེད། ༧གོང་ས་མཆོག་གིས་རྒྱ་ཆེ་ས་ནས་དགོངས་བཞེས་ཀྱིས། དུས་དུས་སུ་བློ་སངས་ལ་གཡས་སྐྱོར་གཡོན་སྐྱོར་གྱི་ཐབས་མཁས་མང་པོས་བསྐྱོངས་གནང་ཡོད། བློ་སངས་ཁོ་པས་དེ་མ་ཤེས་པར་དྲིན་ལན་ལོག་མཇལ་བྱས་ཡོད། ཟམ་གདོང་རིན་པོ་རེར་༧གོང་ས་མཆོག་གིས་དམིགས་བསལ་བསྟོད་ར་གནང་མྱོང་མེད་ལ་སྨད་ར་ནི་དེ་བས་ཀྱང་གནང་མྱོང་མེད། རིན་པོ་ཆེར་དེ་འདྲའི་འཇམ་རྩུབ་ཀྱི་ཐབས་མཁས་གནང་དགོས་པའང་མེད། བློ་སངས་ཀྱི་ལོ་རེ་ནས་ལོ་རེར་སྲིད་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐད་ལྗིད་ཁོག་མེད་པར་སླ་རུ་སླ་རུ་དང་། ཧམ་པ་དང་རྫུན་བཤད་དམར་རྗེན་ཚ་རུ་ཚ་རུ་དང་། རང་དོན་ཁོག་བཅུག་དང་དགྲ་དགའ་གཉེན་དུག་ཆེ་རུ་ཆེ་རུ་དང་། མི་དམངས་ཀྱི་ཆིག་སྒྲིལ་ཁ་རྐྱང་ལས་ལག་སྟོང་ཡིན་པ་གསལ་དུ་གསལ་དུ་དང་། མི་ངན་སྐལ་རྡོར་སོགས་དང་ལག་སྦྲེལ་ལྐོག་བྱུས་ནི་ཇི་གསལ་ཇི་གསལ་ཆགས་པ་བཟོས་ཡོད། ལར་ནས་བློ་སངས་རྒྱས་ཀྱི་བཀའ་སློབ་ཞུས་ས་ནི། སྐྱབས་བླ་རྒན་ཀརྨ་དགེ་ལེགས་ཁོ་ནས་མཛུམ་མོ་གང་སྟོན་གང་བཤད་བྱས་པས་འཕུངས་པ་རེད། སྲིད་སྐྱོང་འདི་དང་པོ་གཏོང་མདོག་ཁ་པོ། གཉིས་པ་ལག་ཏུ་ལེན་དུས་སྦར་བ་གང་ལས་མི་འདུག། ཟེར་བ་དེ་རང་རེད་འདུག། གཟིགས་དང། ད་དུས་ད་ལྟའང་ཕྱི་འབྲེལ་བཀའ་བློན་བསྐོ་ཐུབ་མེད། ད་ཤེས་རིག་བཀའ་བློན་ཡང་རྩ་ཚང་བ་ཞིག་བསྐོ་ཐུབ་མེད། སྲིིད་སྐྱོང་འདི་ནི། བོད་མིའི་ལས་དབང་། སྨོན་ལམ་ལོག་པ་གཅིག་ཡིན་བཟོ་འདུག། དེ་མིན་ནའང་ཁོས་ཀུན་སློང་ལ་དྲི་ངན་བྲོ་ཁོ་ཐག་རེད། ངེད་ཚོའི་སྤོ་བོ་རྨོ་མོ་ཚོས་མང་མོས་འོས་འདེམས་ཀྱིས་བཞེངས་པའི་སྲིད་སྐྱོང་རང་རེད། མགོ་དཔོན་འདི་ནི། ཤོག་གུ་ལྷག་པས་གང་འཁྱེར་རང་རེད་འདུག། ད་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས། ཕྱག་རོགས་བཀའ་བློན་རྣམ་པ་དང་། དམིགས་བསལ་གཞོན་ལྷན་རྒྱུན་ཟུར་བཀའ་བློན་གཞོན་པ་གཉིས་ཀྱི་སེམས་ནང་ཚོར་བ་གང་ཡང་མེད་པར་འདྲ། རང་གི་རྐུབ་བཀྱག་དང་མིང་སྐམ་པོ་རང་བསྲུང་བའི་དོན་དུ་སྡིག་པ་མིག་བཙུམས་བྱས་ནས་བསྡད་འདུག་ག། ད་དུང་ག་རེ་བསྟན་རྒྱུ་ལྷག་ཡོད་དམ།།
ག་རེད་བློ་སངས་བློ་སངས་ཁོའི་མང་ལ་ཁྱི་སངས་རེད་ཕ་རོ་མ་རོ་ཁོ།
བསྟན་པ་ཡར་འཕེལ་ཡང་བློ་སངས་ཁྱི་སངས་ཀི་ལག་རོགས་རེད། གནས་སྐྱོང་གི་ཁྱི་སངས་ལ་ཞེ་ཞེ་བཏང་བ་དེ་ལ་ཁྱི་སངས་མ་དགའ་ནས་བསྟན་ཡར་གནས་སྐྱོང་དང་དགའ་ལྡན་ཕོ་བྲང་ལ་སྨད་དུ་ཅུག་རེད་དེ་ཚང་མས་ཤེས་ཡོད་པ་རེད། ཁྱི་སངས་འདི་ཁོ་མི་དགའ་ས་ཞིག་ཡིན་ན་གང་ཡང་བྱེད་མཁན་ཞིག་རེད་འདུག
ང་ཡང་ནས་ཡོང་བ་ཡིན། བོད་ནས་ང་ལ་དེའི་སྐོར་གང་ཡང་ལབ་མ་མྱོང་། གང་ལྟར་བོད་ནང་གི་བོད་མི་ཚོས་ཐུགས་ཕམ་ངོ་མ་གནང་གི་ཡོད་ན་དེ་ནི་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་དབྱེན་དཀྲུགས་ལས་བྱུང་བ་མ་གཏོགས་འགྲོ་ས་མེད་པ་ཟུར་བལྟས་ལེབ་མཐོང་རེད།
སྤྱི་འཐུས་བསྟན་པ་མར་འཕེལ་གྱིས་གནས་ཆུང་ལ་སྨད་པ་དང་། སྲིད་སྐྱོང་བློ་སེང་གིས་སྤེ་ཚེས་ལ། དྲང་པོ་མ་བྱས་པ་གཉིས་དུས་ནམ་ཡང་བརྗེད་ཐབས་མེད་པ་ཅིག་རེད་དོ།།
ཁྱི་སེང་གི་སྙིང་ལ་དོ་རྒྱལ་ཞུགས་ཡོད་པ་འདྲ་་
༄༅། བཙན་པོ་དེ་འདྲ་རང་མ་ཟེར།
གཞན་ལ་བལྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བར་ཤེལ་སྒོ་དགོས་ཟེར་རོ།
མ་གཞི་ནས་དྲ་རྒྱའི་ནང་བོད་ཀྱི་རིག་གནས་ཡོད་མཁན་དཀོན་པོ་རེད་ཤག་
བཟང་སྤྱོད་ལྡན་པའི་པའི་སྐད་ཆ་བཤད་མཁན་དཀོན་པོ་འདུག།
སྲིད་སྐྱོང་རྒྱལ་འགྱུར་ཅིག
བདེན་པ་རྒྱལ་འགྱུར་ཅིག
བོད་རིགས་རྒྱལ་འགྱུརཅིག
བོད་རྒྱལ་འགྱུར་ཅིག
༄༅། ལས་ངན་པའི་འཁོར་བའི་སྡུག་བསྔལ་འདི།
ཚེ་མི་རྟག་གནམ་མཁའི་གློག་དང་འདྲ།
སྐྱིད་མི་རྟག་ལ་ཁའི་བ་མོ་འདྲ།
ཚེ་མི་རྟག་རྩ༵་འགོའི་ཟིལ་པ་འདྲ།
རྗེ་བླ་མའི་བཀའ་སློབ་རྒྱབ་ལ་བསྐྱུར།
དྲིན་ཕ་མའི་ཁ་ཏ་འཇའ་ལྟར་ཡལ།
ཤི་དམྱལ་བའི་འཇིགས་པ་ཡིད་ལ་མེད།
ལམ་བར་དོའི་སྡུག་བསྔལ་སེམས་ལ་མེད།
དགྲ་ངོ་མ་སུ་ཡིན་ངོས་མི་འཛིན།
སྐྱིད་རང་གི་ཕ་ཡུལ་རྒྱབ་ལ་དབྱུགས།
ས་རྒྱུས་མེད་མི་ཡིས་ལུང་པར་འཁྱམས།
འདི་བསམ་ན་སེམས་པ་གཏིང་ནས་སྐྱོ།
སེམས་སྐྱོ་བའི་སྙིང་གཏམ་སུ་ལ་བཤད།