གསར་འགྱུར་མཁོ་གཏོང་བ་བོད་རིགས་ཚོགས་པའི་རྒྱུན་ལས་བྱམས་པ་ནས།
ཟླ་འདིའི་ཚེས་༢༧ ཉིན་སྦེལ་ལྗམ་བོད་རིགས་ཚོགས་པས་གོ་སྒྲིག་ཐོག་བཀའ་བློན་ཁྲི་པའམ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཡུ་རོབ་སྤྱི་འཐུས་རྣམ་གཉིས་དང་དེ་བཞིན་སྦེལ་ལྗམ་བོད་རིགས་ཚོགས་པའི་སྐབས་དང་པོ་ནས་སྐབས་བཞི་པའི་བར་གྱི་རྒྱུན་ཟུར་རྣམས་ལ་ཉིན་གུང་གི་གསོལ་ཚིགས་ཤིག་༼སྦིར་སུལ་བླ་མ་བཀའ་དག་རིན་པོ་ཆེ་ཆོས་ཚོགས་ན་ལེནྡྲའི་དགོན་པར་༽ཕུལ་བར་སྐབས་དེར་བོད་རིགས་ཚོགས་པའི་ཚོགས་གཙོ་ནས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་། དེ་རྗེས་སྐབས་དེར་དམིགས་བསལ་གདན་ཞུའི་སྐུ་མགྲོན་བོད་རིགས་ཚོགས་པའི་སྐབས་རིམ་བྱོན་གྱི་རྒྱུན་ཟུར་རྣམས་དང་ས་གནས་གཞོན་ནུའི་ཚོགས་གཙོ་ཚོགས་གཞོན། ས་གནས་ཆུ་སྒང་ཚོགས་གཙོ་ཚོགས་གཞོན། དེ་བཞིན་ས་གནས་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སོགས་ངོ་སྤྲོད་གནང་བའི་རྗེས། ཚོགས་གཙོ་ལགས་ནས་དམིགས་བསལ་བོད་རིགས་ཚོགས་པའི་སྐབས་རིམ་བྱོན་གྱི་རྒྱུན་ཟུར་རྣམ་པར་གོ་སྐབས་འདི་རྒྱུད་ཏེ་སྦེལ་ལྗམ་བོད་རིགས་མི་མང་གི་ཚབ་ཞུས་ཏེ་ཐུགས་རྗེ་རྗེས་དྲན་གྱི་གཏམ་བཤད་གནང་སོང་།
དེ་རྗེས་གྲོང་ཁྱེར་ Antwerpen ནང་དུ་དགོང་དྲོ་ཆུ་ཚོད་༥ ་པའི་ཐོག་འགོ་འཛུགས་ཀྱིས་Radisson Blu Astrid Hotel ཞེས་པའི་སྐར་མ་བཞི་ཅན་གྱི་མགྲོན་ཁང་ཞིག་གི་ཐོག་བརྩེགས་གཉིས་པའི་ཚོགས་ཁང་དུ་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ༧གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཡུ་རོབ་སྤྱི་འཐུས་རྣམ་གཉིས་དང་སུད་སིར་གནས་བཞུགས་ནམ་མཁའ་རིན་པོ་ཆེ་དང་། སྦེལ་ལྗམ་དུ་གནས་བཞུགས་བླ་མ་བཀའ་དག་རིན་པོ་རྣམ་གཉིས་ཀྱིས་གཙོས་མི་མང་སྟོང་ཕྲག་གཅིག་ལྷག་ཙམ་འཛོམས་ཡོད་པ་རེད།
ཐོག་མ་སྦེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཙ་ཡུས་སྐལ་བཟང་ལགས་ཀྱིས་བོད་རིགས་ཚོགས་པའི་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་མཆོག་གིས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་བའི་བརྒྱུད་རིམ་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་མཁན་ཚོའི་བུ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཤེས་ཐབས་དགོས་སྐོར། དྲྭ་རྒྱ་བརྒྱུད་ནས་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་མཁན་དྲ་འབུ་རྣམས་ལ་དོགས་ཟོན་དགོས་སྐོར་སོགས་གསུང་བཤད་གནང་སོང་།
བཀའ་བློན་ཁྲི་པའམ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། སྦེལ་ལྗམ་བོད་རིགས་ཚོགས་པའི་སྐད་ཡིག་གཉིས་ལྡན་གྱི་དྲྭ་རྒྱ་གསར་པ་ ( www.tibetan.be ) དབུ་འབྱེད་གནང་སོང་།
དེའི་རྗེས་སུ་༧གོང་ས་མཆོག་གིས་སྐུ་དབང་མི་མང་ལ་རྩིས་སྤྲོད་གནང་ཡང་བོད་ཀྱི་ཁྲིམས་མཐུན་བདག་དབང་མུ་མཐུད་གནས་ཡོད་སྐོར་གསུངས་པའི་སྐབས་གཙོ་བོ་བཀའ་ཁྲིའི་དམ་འབུལ་སྐབས་༧གོང་ས་མཆོག་གིས་ངས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ས་ནས་རྩིས་བླངས་པ་རེད། དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲད་པ་ཡིན་ཞེས་གསུངས་པ་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་གསར་སྐྲུན་གནང་བའི་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་མ་ང་ལ་གནང་བ་དེས་བོད་གཞུང་གི་ཁྲིམས་མཐུན་གྱི་རྒྱུན་དེ་མུ་མཐུད་གནས་ཡོད་པ་རེད་ཅེས་དང་། དེ་བཞིན་གྲོས་ཚོགས་ནང་ནས་བཀའ་ཁྲིའི་ཕྱག་རོགས་རྣམས་སྤྱི་མོས་ཀྱིས་བསྐོ་གཞག་གནང་བ་ནི་ཆིག་སྒྲིལ་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད། ཁོང་གིས་བཀའ་ཁྲིའི་ལས་ཁུར་བཞེས་པའི་རྗེས་སུ་ཐོག་མ་རྒྱ་གར་གྱི་གནད་ཡོད་དཔོན་རིགས་མང་པོ་ཞིག་ཐུག་འཕྲད་བྱས་པ་ཡིན། དེའི་རྗེས་སུ་ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་བསྐྱོད་བཞིན་པ་ཡིན་སྐོར། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ན་ང་ཚོས་ཧུར་བརྩོན་བྱེད་དགོས་པའི་དུས་ཡིན་པ་དང་། བོད་ནང་དུ་རང་ལུས་མེར་བསྲེག་གཏོང་མཁན་རྣམས་ལ་ཐད་ཀར་མཚམས་འཇོག་གནང་རོགས་ཞེས་བརྗོད་པ་ལས། རྒྱལ་སྤྱིའི་ཁྱོན་དུ་གནད་དོན་དེ་དག་ཁྱབ་བསྒྲགས་དང་འབྲེལ་ཡོད་གཞུང་ཁག་ལ་འབོད་སྐུལ་ཞུས་ནས། ཁོང་རྣམ་པའི་སེམས་ལ་ང་ཚོའི་ལས་འགུལ་འདི་ལ་བརྟེན་ནས་ནུས་པ་ཐོན་སོང་བསམ་པའི་ཚོར་བ་ཞིག་སྐྱེ་ཐུབ་ན་རང་བཞིན་གྱིས་རང་ལུས་མེར་བསྲེག་གཏོང་རྒྱུའི་ཨུ་ཐུག་པའི་བྱ་སྤྱོད་འདི་དག་མཚམས་འཇོག་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་སོགས་དང་། དུས་རྒྱུན་བཀའ་ཤག་གི་ལས་ཀ་བྱེད་སྟངས་དང་འབྲེལ་བའི་སྐོར་ལའང་གསུང་བཤད་གནང་ཡོད་པ་དང་། དེའི་རྗེས་སུ་ཚོགས་ཞུགས་པ་རྣམས་ཀྱིས་དྲི་བ་དྲིས་པར་ཁོང་རྣམ་གཉིས་ཀྱིས་ལན་འདེབས་གནང་ཡོད་པ་རེད།
མཇུག་ཏུ་སྦེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་ཐུབ་བསྟན་འཕེལ་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་ཉིན་འདིའི་ཚོགས་འདུ་མཇུག་བསྡོམས་གནང་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་མཁྱེན་པ་ཞེ་དྲག་རྒྱས་བསྡན་མཁན་དེ་འདྲ་རེད། ཁོང་གི་བཀའ་མོལ་ལ་གནད་འགག་ཅིག་ཡོད་ངེས་རེད། འོན་ཀྱང་། ཚོགས་གཙོ་མཆོག་ལ་བསང་བཏང་མཁན་བྱུང་ན་ལྷ་ཁོག་པར་ཞུགས་རྒྱུ་དཀའ་ངལ་ཡོད་མཁན་དེ་འདྲ་མ་རེད། བྱས་ཙང་། བཀའ་ཁྲི་བློ་སེང་དང་ཕྱི་དྲིལ་བདེ་སྐྱིད་ཆོས་དབྱིངས་གཉིས་ཀས་གནས་སྐབས་བར་ལ་བླངས་དུས་ཡེ་ཤེས་པ་གློ་བུར་ཕེབས་པ་ཡིན་རྒྱུ་རེད་དེ། དྲ་འབུ་གཏུབ་ནས་སྒེར་གཅོད་པར་དཔའ་དར་འཐེན་ན་གྲོས་ཚོགས་ནང་ནས་ཀྱང་ཁོང་ལ་ཞབས་དང་དབུ་ལ་རེག་ཡོང་།
སྤྱི་མཐུན་མཚོག་གཙོས་གསུང་པའི་དྲ་འབུ་དེ་ཚོ་གཟབ་དགོས་པ་དངོས་གནང་གདམ་ངག་རང་རེད། སྤྱིར་སྟངས་དྲ་འབུ་ཡོང་སའི་དྲ་བདག་ག་གེ་མོ་དག་གི་སྒེར་གཉེར་གྱི་དྲ་རྒྱ་ཁ་བརྡ་དང་དུས་བབ་འདི་གཉིས་ནི་དངོས་གནས་སྤྱི་ཚོགས་གཏོར་བཤིག་བཏོང་སའི་རྒྱ་ལམ་ཆེན་པོ་དེ་གཉིས་ངང་གིས་ཆགས་ཀྱིན་ཡོད་རྣམ་པ་ཚོས་གོ་དགོས།
ཀ་དག་ཆོས་དབྱིང་དང་གང་རིའི་ལས་དབང་གཉིས་ཀྱི་སྐད་ཆ་ལ་མ་རེད་ཟེར་རྒྱུ་གཏན་ནས་མི་འདུག དྲ་རྒྱ་འདི་གཉིས་རྒྱུད་ནས་དྲ་འབུ་ཚོས་རང་མགོ་རྡུང་བ་དང་ནང་ཁུལ་སྐྲུག་པའི་བྱ་སྤྱོད་འདི་རིགས་ཀྱིས་ངོ་མ་སུན་བྱུང་། དྲ་བདག་ཚོས་གཟབ་གཟབ་མ་གནང་ན་དྲ་རྒྱ་འདི་གཉིས་སྐབས་འཚོལ་དྲ་འབུ་ཚོས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གཏོར་བའི་ལག་ཆ་ལ་འགྱུར་རྒྱུའི་ཉེན་ཁ་འདུག
བློ་བཟང་སེང་གེས་བདེ་སྐྱིད་ཆོས་དབྱངས་ཁྲིད་ནས་ས་ཆ་སྐྱིད་ས་སྐྱིད་ས་རྣམས་སུ་འགྲོ་གི་འདུག ཡིན་ཡང་འགྲོ་སོང་གཏོང་སྤྱད་བྱེད་ཀྱི་དངུལ་མི་མང་གི་རང་བཙན་ལག་དེབ་ཀྱི་དངུལ་རེད་ཟེར་གྱི་འདུག བདེན་པ་རེད་དམ། བློ་བཟང་འཆམ་འཆམ་རྐྱང་རྐྱང་ལ་སོང་ནས་ལོ་ལྔ་རྫོགས་ས་རེད། མཚན་ལ་ངོ་དེབ་ནང་པར་བླུགས་ནས་ཆུ་ཚོད་བསྐྱལ་གྱི་ཡོད་པ་འདྲ། བཀའ་ཁྲི་ལགས་ལས་ཁུངས་ནང་ཕྱག་ལས་རེ་གནང་ན་མི་བཟང་ངམ།
རང་དབང་གི་ལུང་པར་རང་དབང་གི་ངང་ནས་སྐད་ཆ་ཤོད་མི་ཆོག་པའི་རྒྱུ་མཚན་ཅི། དྲ་རྒྱ་བརྒྱུད་ནས་མཐོ་རིམ་སྐུ་དྲག་ཚོའི་སྐྱོན་ཡོ་སྲང་བྱས་པར་དྲ་རྒྱའི་ནད་འབུ་ཞེས་བཏགས་ན་དམར་ཤོག་གི་ལྟ་གྲུབ་དང་ཁྱད་པར་ཅི་ཡོད།
བཀའ་ཁྲི་འདི་པས། ད་བར་འོས་གཞིར་ཞུགས་ནས་བཟུང་སྐད་ཆ་སྤོམ་ཚོད་རྐྱང་རྐྱང་དང་། སློབ་ཕྲུག་ཆུང་ངུ་བགྲོ་གླེང་ལ་ཞུགས་པ་ལྟ་བུའི་ངག་ཟློས་ཀྱི་གཏམ་བཤད་ཤ་སྟག་རེད། བཀའ་ཁྲིའི་གཏམ་བཤད་དང་ཅི་བྱེད་ལ་ཞིབ་སྐབས། བོད་ཀྱི་ཉེན་ཁ་སྐྱོབ་ཐུབ་པའི་རེ་བ་ས་མ་ཡ་རྒྱ་དང་། འཁྱམ་ཉུལ་བྱེད་སྟངས་དེས་མི་མང་དཀྱུས་མ་རྣམས་ཀྱིས་དངུལ་ཁྲག་ལས་ཐོན་པའི་དཔྱ་ཁྲལ་ལག་དེབ་ཀྱི་དཔྱ་དངུལ་ཆུད་ཟོས་ལས་གཞན་གང་ཡང་འོང་རྒྱུ་མེད། བཀའ་ཁྲིས་ཧྥ་རན་སིར་གནས་སྡོད་བོད་མི་ཚོ་ལ་ཐུག་འཕྲད་ཀྱིས་གཏམ་བཤད་སྐབས། རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་མ་འོངས་གནས་སྟངས་ད་ལྟ་གསལ་བོ་བཟོས་ཟིན་ཞེས་བཤད་འདུག
འོ་ན། བློ་སེང་གིས་རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་དང་མ་འོངས་གནས་སྟངས་ཇི་ལྟར་བྱས་ནས་གསལ་པོ་བཟོས་ཡོད་མེད་ང་ཚོས་རྩད་ཞིབ་བྱེད་དགོས་པ་ལས། ཤོད་མཁན་ཞིག་གིས་འགན་འཁུར་མེད་པར་ཤོད་རྐྱང་དང་། ཉན་མཁན་ཞིག་གིས་རྣ་ཅོག་སྲབ་པོས་ཉན་རྐྱང་བྱེད་པའི་ལམ་ལུགས་དོར་དགོས།
བློ་སེང་གིས་རྡ་རམ་ས་ལའི་མི་ཁ་ཤས་ཀྱིས། གཞུང་མ་རེད་སྒྲིག་འཛུགས་རེད། སྒྲིག་འཛུགས་མ་རེད་ཚོགས་པ་རེད། སོགས་བཤད་ཀྱི་ཡོད་ནའང་། ཟེར་བའི་མི་ཁ་ཤས་དེ་སུ་ལ་གོ་འམ།
གྲོས་ཚོགས་ནས་བཅའ་ཁྲིམས་སུ་དབུས་བོད་མིའི་སྒྲིག་འཛུགས་སུ་གཏན་འབེབས་ཞུ་སྐབས། དེ་དུས་བློ་སེང་ཁ་ལྐུགས་ནས་ཅི་བྱེད། རང་གི་བཅའ་ཁྲིམས་ལ་བརྩི་བཀུར་མེད་པའི་བཀའ་ཁྲི་ཞིག་ང་ཚོ་ལ་ཐོབ་འདུག་གོ
མ་ཟད། བློ་སེང་རང་ཉིད་དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་སྒོ་བྱང་འོག་སྡོད་འདོད་མེད་པ་གསལ་པོ་འདུག་གོ
སྐབས་རེ་ངས་དངོས་གནས་བཤད་ཐུབ་ཀྱི་མི་འདུག་་་་ང་ཚོའི་བོད་པའི་སྤྱིར་ཚོགས་ཆེས་བརྗོད་དཀའ་བའི་གནས་སྟངས་རེད་་་་དེང་སང་གི་ཤེས་ཡོན་གྱི་གོ་སྐབས་གང་ཙམ་ཐོབ་ཡོད་ཀྱང་ད་དུང་འགའ་རེ་སྤྱིར་ཚོགས་རྙིང་མའི་ཡོད་ཚད་སེམས་ཀློང་ན་ཡོད་པ་ནི་ཆཻས་གསལ་པོ་ཆགས་འདུག་་་་ཁ་བརྡའི་ནང་དུ་རིགས་གཅིག་ནི་རང་མི་རིགས་ཀྱི་ཆེད་དུ་བློ་ཟུར་གནས་ཀྱི་བསམ་ཚུལ་མང་དག་ཞིག་ཞུ་ཤིང་འདུག་་་ཡིན་ཀྱང་རིགས་གཅིག་ནི་ཕན་ཚུར་ནང་ཁུལ་རྐྱོན་ཁུངས་དག་གང་ཡང་མེད་པར་ཡོད་པའི་རང་སྣང་གང་དྲན་བྱེད་བཞིན་ཡོད་ནི་ང་ནམ་ཡང་བློ་ཕམ་ཅིང་སེམས་སྐྱོ་་་མཁས་དབང་བློ་བཟང་སེང་གེར་མཆོག་ལ་སྐད་ཆ་དེ་འདྲའི་རིགས་ཧམ་བཤད་བྱེད་པ་ནི་ངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་ཡང་རང་ངོ་རང་གིས་མ་ཤེས་མཁན་འགའ་ཤས་ཀྱིས་ཧམ་བཤད་བྱེད་རང་རེད་མཁས་དབང་བློ་བཟང་བློ་སེང་གེ་མཆོག་རྒྱལ་ཁབ་གང་དུ་ཕེབས་ཀྱང་བོད་རིགས་ཀྱི་ཡོད་ཚད་ཚོན་ཐུབ་པའིཡོན་ཏན་གྱི་ནུས་ལྡན་་་་་ང་ཚོ་ཚང་མ་ཁོང་ལ་ནམ་ཡང་གུས་ཞབས་དང་ཁོང་གི་ཆ་ཤས་ལ་སེམས་རྕེ་གཅིག་ཏུ་འདུལ་ཏེ་རྒྱབ་བསྐྱོར་བྱེད་རྒྱུ་ནི་བོད་མི་མི་རེ་ངོ་རེའི་ལས་འགན་དང་པོ་དེ་རེད་སྙམ་་་་་མཁས་དབང་ཁོང་འདྲ་བོ་ནི་དངོས་གནས་ང་ཚོའི་སྤྱིར་ཚོགས་ནང་དུ་སུ་འདུག་ལབ་དང་
ཁ་སང་ང་ཡི་ཕྱི་རྒྱལ་གྲོགས་ཚང་མས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བསྟོད་བསྔགས་ཀྱི་མེ་ཏོག་བར་གནམ་མཆོད་ཅིང་འདུག་པ་ནི་གསལ་པོ་ཆགས་་་་་་
གང་ལྟར་གལ་སྲིད་སུ་ཞིག་གིས་བོད་མི་རིགས་ཀྱི་གནས་སྟངས་ལེགས་པོ་ཡོང་འདོད་ན་དང་ཐོག་ཕན་ཚུར་མཐུན་བསྒྲིལ་ནི་བོད་མི་རིགས་ཀྱི་རིན་གོང་བྲལ་བའི་ལག་ཆ་དང་པོ་ཡིན་པ་ནམ་ཡང་མ་བརྗེད་རོགས་
སྤུན་ཟླ་ཚོ་་་་་་་་་ང་དངོས་གནས་མགོ་ན་གྱིན་འདུག་ང་ཚོའི་སྤུན་ཟླ་འགའ་ཞིག་གིས་ཕན་ཚུར་ནང་ཁུལ་ཁོ་ནར་སྐྱོན་རྩོལ་རེ་བྱེད་རྒྱུ་ལས་གཞན་བོད་མི་རིགས་ཀྱི་རྩ་དོན་ཕན་བྱེད་ཀྱི་སྐད་ཆ་དང་བསམ་བློ་གཏོང་བ་ངས་མཐོང་མ་སོང་་་དཀོན་མཆོག་མཁྱིན་བོད་རིགས་ཀྱི་ལས་ག་རེ་བསགས་ཡོད་དམ་་་
བསམ་བློ་ཆུང་ཆུང་
བསམ་བློ་རྙིང་མ་
བསམ་བློ་དཀྲུགས་ཤིག་
བསམ་བློ་ནང་ཁུལ་འཁོན་འཛིན་
དཀོན་མཆོག་མཁྱེན་་གལ་སྲིད་མུ་མཐུད་དེ་འདིའི་རིགས་ཀྱི་དུག་ནད་དག་ང་ཚོའི་ཁོང་དུ་འཛུལ་ཚེ་
བོད་མི་རིགས་ཀྱི་ལྡན་མཐལ་ག་དུས་སེལ་གྱི་རེད་དམ་
སོང་ཙང་སྙིང་ཉེ་བའི་སྤུན་ཟླ་ཚོར་བསམ་བློ་ལེགས་གཏིང་གཏོང་རོགས་་
རེད། རེད། ཏག་ཏག་རེད། བློ་སེང་ཆུ་ལ་མཆོངས་ཀྱང་ཁྱོད་ཀྱང་མཉམ་དུ་མཆོངས་ཤིག་གུ
ལྷག་པ་ལགས་་་ཁྱོད་རང་གིས་རང་ངོ་ཤེས་ཀྱི་ཡོད་དམ་
དང་ཐོག་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་དཔྱོད་པ་གང་གཟབ་གནང་རོགས་
གཞན་ལ་འཛུབ་མོ་བཙུགས་ཡས་ཤིན་ཏུ་བདེ་ཀྱང་རང་སྐྱོན་མ་རྟོགས་ན་རང་གདོངརང་གིས་ངོ་མི་ཤེས་མཁན་ཞིག་དང་ཁྱད་ཅི་
མཁས་པས་རང་གི་སྐྱོན་སྔོན་ལ་བཤད་ཅིང་
བློན་པོས་གཞན་སྐྱོན་སྔོན་ལ་རྩོལ་
སྤྱིར་ངས་ཁོང་ལ་ནོར་འཁྲུལ་ཅི་ཡང་མི་འདུག་ཞུ་ཡི་མིན་འཇིག་རྟེན་འདིར་ནོར་འཁྲུལ་གང་ཡང་མེད་མཁན་བྱུང་མི་སྲིད་ལ་སྲིད་པའི་རང་བཞིན་དུ་གཏོང་ན་དུག་གསུམ་གྱིས་གཏོམས་པའི་ང་ཚོས་དམ་པའི་ཡོན་ཏན་ཡང་སྐྱོན་དུ་མངོན་པ་ནི་མཐོང་ཆོས་སུ་འགྱུར་།།
དྲ་གྲོགས་རྣམས་་་་་་དངོས་གནས་བཤད་ན་སྲིད་སྐྱོང་མཆོག་དབུས་བོད་མིའི་སྒྲིག་འཛུགས་དང་བོད་རང་ལ་མཚོན་ན་མཐོང་ཆེན་པོ་རེད་ཡིན་ཡང་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུ་སྤྱི་ཚོགས་ལ་རག་ལས་ཡོད་པ་མ་གཏོགས་རང་ཉིད་རང་ལ་མི་སུ་ཡིན་རུང་ཆེ་སྲིད་་དེས་ན་ང་ཚོའི་ངོས་ནས་གཞན་གྱི་ཟེར་རྒྱུས་འབྲང་བའི་ལད་ཟློས་ཙམ་མ་ཡིན་པར་སོ་སོའི་ངོས་ནས་དཔྱད་ཞིབ་ཀྱིས་བསམ་ཚུལ་བཏོན་ན་སྐྱོན་ལས་དགེ་མཚན་དུ་ཆེ་སྙམ།འཁོན་དང་ལྡོག་པའི་སྐད་ཆ་ལ་ནམ་ཡང་ཆ་འཇོག་མེད།
དྲ་གྲོགས་རྣམ་པ་ལགས།
བཀའ་ཁྲི་ཡིན་ནམ་སྲིད་བློན་སུ་ཡིན་ཀྱང་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུ་སྤྱི་ཚོགས་ལ་རག་ལས་པ་ནི་ཧ་ཅང་བདེན་པ་རེད། དེ་མིན་ན་དམར་ཕྱོགས་ལས་ཁྱད་པར་ཅི་ཞིག འོན་ཀྱང་ཡོ་བསྲང་བྱེད་མཁན་རྣམ་པས་ཀྱང་རང་འདོད་དང་ཕྱོགས་རིས་མེད་ཐོག་དཔྱད་པ་ལེགས་པོ་གཏོང་དགོས་པར་སྣང་། རང་མིང་རྒྱབ་ཏུ་སྦས་ནས་སྨྱུག་མིང་ཞིག་བེད་སྤྱོད་བྱས་ཏེ་ཡ་ང་བག་ཚ་མེད་པར་གང་དྲན་དྲན་བཤད་བསྡད་ན་སྤྱི་ཚོགས་ཀྱི་ནང་ལ་གནོད་པ་ལས་ཕན་པ་ཁག་པོ་ཡིན་ས་རེད། ཁྱད་པར་དུ་ཉེ་ཆར་བཏོན་པའི་ནང་དུ་ཡིག་ནོར་ཧ་ཅང་མང་བས། གསར་འགྱུར་མཁོ་གཏོང་བྱེད་མཁན་དང་། བསམ་བློའི་ཁ་ཕྱོགས་བཤད་མཁན་གྱི་དྲ་འབུ་སུ་ཡིན་ཀྱང་རིག་གཞུང་གི་གོམ་ཁ་གང་ལ་གང་འཚམས་རེ་སྔོན་དུ་བསྐྱོད་དང་སྐྱོད་བཞིན་ཡོད་པ་ཁོ་ན་ཡིན་ལ། དེར་བརྟེན་བརྗོད་བྱ་དང་དག་ཆའི་ཐད་ལ་དོ་སྣང་མ་བྱས་ན་སོ་སོའི་སྐད་ཡིག་གི་ཆུ་ཚོད་མཐོ་རུ་འདེགས་པ་ལས་དམའ་རུ་འགྲོ་བའི་ཉེན་ཁ་སྣང་བས་ཐུགས་གཟབ་མཛད་དགོས་པར་སེམས། སྔར་ནས་ང་ཚོའི་འཚོ་བའི་ཁྲོད་དུ་ཁྱབ་བརྡལ་དུ་སོང་བའི་དཔེ་ངན་། ང་ན་ ཚ་མེད་ གཡག་ལྔ་ཀ་ཤི ཞེས་པ་ཞིག་ཡོད་པའི་རྗེས་སུ་ཡང་འགྲོ་སྲིད་པས་ཐུགས་གཟབ་མཛད་དགོས་གྲོགས་པོ་རྣམ་པ།
ཧཧཧཧ་ རིག་པའི་མེ་ལྕེ་ལགས། མི་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བའི་མེ་ལོང་དགོས་པr་དངོས་གནས་རེད་འདུག་ག ཁྱེད་ཀྱིས་༼སྐད་ཡིག་གི་ཆུ་ཚོད་༽ལབ་ཡག་གི་ཐ་སྙད་གསར་པ་ཞིག་བཟོས་འདུག་ག རིག་པའི་ཆུ་ཚད་དམ་ཡང་ན་སྐད་ཡིག་གི་ཆུ་ཚད་མ་གཏོགས་རིག་པའི་ཆུ་ཚོད་ལབ་ཡག་དེ་དེང་བར་གོ་མ་མྱོང་། དང་པོ་རང་སྐྱོན་འཚོལ། དེ་ནས་གཞན་སྐྱོན་བཙལ། གཟོད་ནས་དྲེགས་གཏམ་གསུང་ན་ལན་པ་ལ་ཨང་།
ཨ’ཙི’མི’ཁ’ཤས’ཀྱིས’ཆོས’སྲིད’གང’གི’ཐད’ནས’ཀྱང’ནང’ཁུལ’ཁ’གཏོང’རྐྱང’བྱས’ཀིན’འདུག’
ཨ’མའི’བུས’འགྱོན’ན’མཁས’བློ’བཟང’སེང’གེ’ནང’བཞིན’ཨ’རིའི’སློབ’གྲ’ཆེན’པོ’ཞིག’ནས’མཁས’དབང’གི’མིང’ལོངས’ཤིག བོད’ཀྱི’རྩ’དོན’ལ’ཕན’གྱིན’རེད། གཞན’ཕན’ཐོག’མི’འདུག
བོདཀྱི’རྩ’དོན’ལ’གནོད’པ’མ’ཟད’ བོད’མིའི’ཆིག’སྒྲིལ’ལ’ཡང’གནོད
ཀུན’སློང’བཟང’བོ’ཞིག’གིས’སྐྱོན’དག’སེལ’བྱེད’ཀྱིན’ཡོད’ན’ཚིག’གཅིག’ཞུ’ཡ’མེད།
རྗེས’སུ’ཡི’རང’ཡོད། དེ’མིན’དེ’འདྲ’རྩ’བ’ནས’བྱེད’ཀྱིན’མེད’ཡ’ ལས’ངན’འཚབ’ཆེན’རེད’ འཚབ’ཆེན’རེད’ རྒན’པོ’ངའི’སེམས’གཏམ’ཡིན།
རྒོད་བསམ་རང་འགན་རང་ཁུར་ལགས། དྲྭ་ཐོག་ཏུ་བྱོན་པ་ལེགས་ཞེས་ཞུ་རྒྱུ་ཡིན། ང་ལྷག་པ་རང་ངོ་ཤེས་ཀྱི་ཡོད། འཇིག་རྟེན་ཕལ་པ་ཞིག་དང་། རང་ཉིད་ལ་མགོ་བླ་མ་བཤེས་གཉེན་དང་། དཔོན་པོ། མཉམ་འགྲོགས་མི་མང་བཅས་དགོས་པའི་མི་ཕོ་ཕལ་པ་ཞིག་ཡིན། དེའི་ཕྱིར། རང་གི་ལུས་ངག་ཡིད་གསུམ་འཇིག་རྟེན་ཕལ་པའི་གྲལ་དུ་འཚུད་ཀྱི་ཡོད་ཀྱང་། ཉིན་མཚན་སྦྲེལ་མར་ཅེར་གྱིས་ཉོན་མོངས་དུག་གསུམ་ལ་ལྟ་ཐུབ་པའི་སྒོམ་ཆེན་པ་ཞིག་མིན། ཁྱོད་རང་ཡང་སྒོམ་ཆེན་པ་ཞིག་ཨེ་ཡིན་སྙམ་ཡང་། ཆོས་ཀྱི་སྐབས་སུ་སྲིད་འཆད་ཅིང་སེམས། སྲིད་ཀྱི་སྐབས་ཆོས་འཆད་ཅིང་སེམས་པའི་མི་ཞིག་ཡིན་པར་ནི། ཐེ་ཚོམ་དགོས་པ་མི་འདུག
ང་རང་འཇིག་རྟེན་པ་ཞིག་ཡིན་པའི་ངོས་ནས་ངས་ང་ཚོའི་རྩ་དོན་ལ་འགན་འཁུར་ནས་ད་སྐབས་ཀྱི་ང་ཚོའི་ལོ་ན་གཞོན་པའི་བཀའ་ཁྲི་དེའི་ཧོལ་རྒྱུགས་དང་། འགན་འཁུར་མེད་པའི་སྐད་ཆར་མཛུབ་མོ་བཙུགས་ཏེ་ཡོད། ཁྱོད་རང་གིས་བཀའ་ཁྲིར་སྐྱོན་དང་ཡོན་ཏན་གཉིས་ཡོད་པ་ཁས་བླངས་པ་བཞིན། ངས་ཁོང་ལ་ཡོད་པའི་སྐྱོན་ལ་མཛུབ་མོ་བཙུགས་ཏེ། ལས་རྒྱུན་ལོ་ལྔ་དེ་དོན་ཡོད་པར་བྱས་ན་ཅི་མ་རུང་སྙམ་པའི་རྣམ་པར་དག་པའི་ཀུན་སློང་ལ་ཁྱོད་རང་མི་དགའ་བ་བྱས་ཅི་ལ་ཕན། དོན་ངོ་མ་ངས་སྐྱོན་དུ་བཙུགས་པ་དེ་དངོས་ཡོད་ཡིན་མིན་དཔྱད་ནས་དགག་བཞག་གནང་ན་ལེགས། དེ་མིན་མཐོང་ཡང་མ་མཐོང་བའི་ཚུལ་བྱ་ན་ང་ལྷག་པ་གཅིག་པུ་ཕུང་གི་མ་རེད་དོ།
མཆན་འདེབས་གནང་སྐབས་ཡི་གེའི་དག་ཆར་ཐུགས་ཞིབ་གནང་དགོས་པ་འདུག་གོ
ལྷག་པ་ལགས་ཀྱིས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག ཕྱོགས་ཞེན་ཅན་ལ་ལྟ་རྒྱུ་ག་རེ་ཡོད་གཞན་ལ་དཀྲུག་གིན་འདུག་ཁོ་ན་བརྗོད་པ་ལས་རང་ཉིད་ཀྱིས་ཕྱོགས་ཞེན་དེས་ནང་ཁུལ་འཁྲུགས་གཞིར་འགྲོ་བ་མི་ཤེས་པའི་གླན་ལྐུག་དེ་རྣམས་སྙིང་རྗེའི་རྒྱུ་ཙམ་དུ་ཟད་དོ།། །།
ལྷག་པ་ལགས་ཁྱོད་ཀྱིས་ལན་ཕུལ་བར་ཐུགས་རྗེས་ཆེ་ཞུ་
ངས་བཤད་པར་དག་རང་སྣང་གང་དྲན་དང་དཔྱོད་པ་གང་ཡང་མི་བྱས་་པ་ཅི་ནས་ཀྱང་མིན་
ཉིན་རེའི་བོད་ཀྱི་གནས་དོན་དག་ལ་དོ་སྣང་དང་ཡིག་རིགས་འགའ་རེའི་ཐོག་རང་ཉིད་ཀྱི་བསམ་ཚུལ་ཙམ་མིན་པར་ལེགས་དཔྱོད་ཀྱི་ཐོག་ནས་གང་ནུས་ཅི་འཇོན་བྱེད་ཅིང་ཡོད་པ་ནི་ངའི་ཉིན་རེའི་ལས་འགན་གལ་འགངས་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ་
མཁས་དབང་བློ་བཟང་སེང་གེ་མཆོག་འདྲ་བོ་གཞོན་སྐྱེས་བརྒྱ་བཤད་ན་སྟོང་གླེང་ན་བཙན་བྱོལ་སྤྱིར་ཚོགས་ནང་ངས་དངོས་གནས་མཐོང་མ་སོང་
ཁྱོད་ཀྱིས་མཐོང་ངམ་
རྒོད་བསམ་རང་འགན་རང་ཁུར་དྲྭ་ཐོག་རུ་བྱོན་པ་ལེགས་སོ། ད་ནི་ཡག་ཀྱང་རུང་སྡུག་ཀྱང་རུང་། བློ་སེང་ང་ཚོའི་བཀའ་ཁྲི་ཡིན་པས། མི་གཤིས་ཐོག་ནས་ཡག་ཉེས་དང་ཁོང་ལས་རྒོད་པའི་བུ་རྒོད་ཡོད་མེད་རྩད་པའི་དུས་མིན་པར་སེམས་ཀྱང་། དགེ་འདུན་རབ་གསལ་གྱིས། སེང་གེའི་སྡེར་མོ། གླེང་མི་འོས་པ་ཞིག་གླེང་བ། ཞེས་པའི་རྩོམ་ཡིག་ནང་། ཁོང་དང་སློབ་གྲྭ་ཆེན་མོའི་ལས་ཀའི་བར་ཐའེ་ཝན་གྱི་ཚོགས་པ་ཞིག་ཡོད་པའི་ལོ་རྒྱུས་བྱུང་ཡོད། ཅེས་པ་དེ་གཟིགས་ཡོད་ལས་ཆེ། ད་དུང་ངས་བློ་སེང་གི་མི་གཤིས་ལ་སྐྱོན་བརྗོད་མ་ཡིན་པར། ཁོང་གིས་གསུངས་པའི་བཀའ་མོལ་གྱི་མཇུག་དེད་ཀྱི་ཡོད།
ལྷག་པ་ལགས་་་་་་ད་ཁྱོད་ཀྱིས་ཚང་མ་ཤེས་ཀྱི་རེད་
ཡོད་པར་མེད་པ་ཁྱོད་ཀྱིས་མཐོང།
མིན་པར་ཡིན་པ་ཁྱོད་ཀྱིས་གོ།
མི་ཕན་པར་ཕན་མདོག་ཁྱོད་ཀྱིས་བྱེད།
མ་ཤེས་ཤེས་མདོག་ཁྱོད་ཀྱིས་དེ་བས།
ད་ཁྱོད་ལ་ག་རེའི་ན་ཚ་ཞིག་ཡོད་པ་གཞོན་ནུ་ངས་རྟོགས་མི་ནུས་
བོད་མི་རིགས་ལ་ཕན་བྱེད་ཀྱི་ན་ཚ་ཞིག་གཏན་ནས་ཡིན་ནམ་
ཁྱོད་ལ་སྒེར་གྱི་ན་ཚ་ཡོད་དམ་
གལ་སྲིད་ལ་ཁྱོད་ལ་ཡོན་ཏན་དང་འཇོན་ཐང་ཁོང་ལས་ཁྱད་དུ་འཕགས་ཡོད་ཚེ་
སྟིངས་ཆ་མང་པོ་ལྷག་འདུག་པས་ང་ཚོས་ཁྱོད་ལ་རྗེས་སུ་ཡིད་རོང་ཡོད་
གལ་སྲིད་མེད་ཚེ་་་ཁ་བཙུགས་ཏེ་བསྡོད་ན་ཡག་
ཁྱོད་ཀྱི་ཁ་དེ་བཙུགས་ཏེ་བཞུགས་ན་བོད་དོན་ལ་ཕན་ནུས་ཆེ་བ་འདུག་
ཁྱོད་ལ་འཁྲུལ་སྣང་མང་པོ་ཞིག་གསྲུང་ཡག་འདུག་གདའའའའའའའའ།
ཀ་དག་ཆོས་དབྱིངས་ལགས་ཀྱིས་ནོར་བཅོས་བྱས་པར་ཐུགས་རྗེ་ཆེ་ཞུ།
ཁྱེད་གཟིགས་རྒྱ་ཆེན་པོ་ཅན་ཞིག་ཡིན་པར་ཡིད་ཆེས་ཡོད། འོན་ཀྱང་ཁྱེད་ཀྱིས་དུང་དཀར་ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད་གཉིས་ཀྱང་གཟིགས་མྱོང་ས་མ་རེད། ཚིག་མཛོད་དེ་གཉིས་ཀྱི་ནང་དུ་”དུས་ཚོད”ཞེས་བྲིས་འདུག ཞིབ་ཏུ་གཟིགས་རོགས་གནང་། ཆུ་ཚོད་དེ་སྔར་གྱི་དུས་སུ་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དང་། དེང་སྐབས་ཉིན་མཚན་འཇལ་བྱེད་དུ་ཆུ་ཚོད་ཞེས་ཡོངས་གྲགས་སུ་ཡོད་པ་རྣམས་ནི་མདོར་ན་ཚད་འཇལ་བྱེད་ཞིག་ཡིན་པ་ནི་བ་ལང་རྫི་བོ་ཡན་ཆད་ཀྱིས་མཁྱེན་གསལ་ཡིན་པས་གསལ་བཤད་ག་ལ་དགོས། ཁྱེད་ཀྱིས་ད་ལྟ་བར་དུ་ཆུ་ཚོད་ཟེར་བ་ཞིག་གཟིགས་མ་མྱོང་གསུངས་པ་ནང་བཞིན་ཁོ་བོས་ད་ལྟ་བར་དུ་ཆུ་ཚད་ཟེར་བ་ཞིག་མཐོང་མ་མྱོང་མོད། འོན་ཀྱང་ཕྲན་པར་མཚོན་ན་ཐོས་བསམ་གྱི་ན་ཧ་ཅང་ཕྲ་བས་མ་མཐོང་བ་དང་མ་ཤེས་པ་བགྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་ནི་ཕྲན་རང་ངོས་ནས་ཡིད་འགྱོད་དང་། ཁྱེད་མཁས་དབང་རྣམས་ལ་དགོངས་དག་ཞུ་བ་ལས་བྱེད་ཐབས་གཞན་དབེན།
གཞན་ཡང་ཁྱེད་ཀྱི་ནོར་བཅོས་ནང་དུ་” ཁྱེད་ཀྱིས་ལབ་ཡག་གི་ ཞེས་པ་དང་ ་ལབ་ཡག་དེ་ དང་ འདུག་ག” ཞེས་པ་རྣམས་ནི་ཁྱེད་ཀྱི་ཕ་སྐད་ཞིག་ཡིན་ན་མ་གཏོགས་ཆོལ་གསུམ་ཡོངས་ཀྱི་སྤྱིའི་སྐད་ཡིག་དང་མཐུན་པའི་ཡིག་སྐད་ཞིག་མ་རེད།
ད་དུང་ཁྱེད་ཀྱི་ནོར་བཅོས་ལས་” དང་པོ་རང་སྐྱོན་འཚོལ། དེ་ནས་གཞན་སྐྱོན་བཙལ།” ཞེས་པའི་འཚོལ་ཞེས་པ་དེ་སྐུལ་ཚིག་ཡིན་མིན་ལའང་མནོ་བསམ་ལེགས་པོ་ཞིག་གཏོང་རོགས་ཞུ། །
དགོངས་དག མང་པོ་ཞིག་ཞུ་འདོད་མེད་ཀྱང་དགེ་ཆོས་ཀྱིས། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ་སོགས་གསུངས་པ་ལྟར་དུ། སྐྱོན་མེད་སྐྱོན་ཅན་དུ་བསྒྱུར་ཚེ་ཡིད་ཅུང་མ་རངས་པས་བྲིས་པ་ལ་དགོངས་འགལ་མེད་པར་ཞུ། །
རྒོད་བསམ་རང་འགན་རང་ཁུར་ལགས།
ང་བློ་སེང་གཉིས་གཤིབ་བསྡུར་མ་བྱེད། དེ་ཁྱོད་ཀྱི་ལས་འགན་མ་རེད། སྔོན་གྱི་གཏམ་དཔེར། བསྟོད་མ་ཤེས་པའི་བསྟོད་པ་ལས།། སྨད་མ་ཤེས་པས་སྨད་པ་ལེགས། ཞེས་པ་ལྟར། ཤོག་སེང་ག་ཚོད་བསྟོད་ཀྱང་རླུང་བུ་ཆེ་ཆུང་གང་ཡང་རུང་བས་དེད་འགྲོ་གི་རེད། ང་ལ་ཡོན་ཏན་དང་འཇོན་ཐང་ཁྱད་དུ་འཕགས་པ་མེད་ཀྱང་། གང་ཡོད་པ་དེ་འུར་སྒྲ་མེད་ཅིང་། དྲང་བདེན་དང་། ལོག་འཚོའི་དབང་དུ་མ་སོང་བར་སྒྲུབ་བཞིན་ཡོད། འོན་ཀྱང་ཁྱོད་རང་གི་རྗེས་སུ་ཡི་རངས་ཐོབ་ཕྱིར་མིན།
ང་དང་ངའི་རིགས་ཀྱི་རང་དབང་གི་སྨྲ་ལྕེ་འགུལ་བ་པོ་རྣམས་རྨེག་མེད་གཞོམ་དགོས་ཞེས་བློ་སེང་གིས་ཁྱོད་ལ་གླ་རྔན་སྤྲད་དེ་མངགས་བཅོལ་བྱས་ཡོད་དམ།
ཤེས་ཡོན་དང་སྤྱི་ཚོགས་ཀྱི་ཉམས་མྱོང་བྱང་ཚད་ཧ་ཅང་ཞན་པའི་ཁྱོད་དང་ཁྱོད་ཀྱི་རིགས་ཀྱི་ཞེན་འཁོགས་དང་ཧོལ་རྒྱུག་དབང་གིས་བློ་སེང་སྐད་ཅིག་མའི་ཡུན་ལ་བཀའ་ཁྲིར་འཁོད་པ་རེད། མི་ལེགས་ཉེས་ཅི་རུང་བོད་སྡེ་པ་གཞུང་གི་བཀའ་ཁྲིའི་ཞབས་སྟེགས་དེ་བཙོག་པ་མ་བཟོ་བའི་ཆེད། ངས་ཁ་བཙུམ་སྟེ་སྡོད་ཀྱི་མ་རེད་ལོ། བུ་ཆུང་ཆུང་།
དེ་ལས་བློ་སེང་ཁ་སྔོན་ཡོ་རོབ་ཏུ་སྤྲོ་སེང་བསྐྱོད་དེ་ཁྱོད་ལ་རྔན་པ་ཨ་ལད་པད་ཀོ་ཞིག་འཁུར་འདུག་པ་དེ་བླང་བར་སོང་། སྐད་ཆ་དེ་རིགས་མ་གཏོགས་ཁྱོད་རྩོད་པ་ཤེས་པའི་གང་ཟག་ཅིག་ཏུ་མི་འདོད་དོ།