གྲོགས་པོ་ཚོ།
ངའི་ཚོར་སྣང་ལ། བོད་ནང་ལ་སྤེལ་བའི་ཟིན་བྲིས་ཏེ། དཔེར་ན། བོད་ཀྱི་སྐད་ཡིག་དྲ་རྒྱའི་ཟིན་བྲིས་དང་༏ མཆོད་མེ་ཟིན་བྲིས་སོགས་དང་། བོད་ཀྱི་ཕྱི་ལ་སྤེལ་བའི་ཟིན་བྲིས་ཏེ། ཁ་བརྡ་དང་། དུས་བབ་ཟིན་བྲིས་སོགས་དང་བསྡུར་སྐབས། བོད་ནང་གི་ཟིན་བྲིས་དང་མཆན་དེ་ཚོ་ཅུང་ནང་དོན་ཟབ་པ་དང་། བརྗོད་བྱེད་ལེགས་པ། ད་དུང་། བསམ་བློ་གཏོང་སྟངས་དེ་ཅུང་གཏིང་ཟབ་པ་ཡོད་པའི་ཚོར་སྣང་ཡོང་གི་འདུག
བོད་ཀྱི་ཕྱི་ལ་སྤེལ་བའི་ཟིན་བྲིས་དེ་ཚོར་གང་ཟག་སྒེར་ལ་སྐྱོན་བརྗོད་ཤུགས་ཆེ་བ། བརྗོད་བྱའི་ཐོག་བགྲོ་གླེང་ཉུང་བ། བསམ་ཚུལ་གཙོ་བོར་དམིགས་ཏེ་ཤོད་པ་ལས། ཞིབ་འཇུག་དང་དངོས་ཡོད་ཅུང་ཉུང་བ་ཡོད་པའི་ཚོར་བ་སྤྲོད་ཀྱི་འདུག
དེ་ལ་ཁྱེད་ཚོས་མཐོང་ཚུལ་གང་འདྲ་འདུག་གམ།
མི་རེ་ཁོག་ན་བསམ་ཚུལ་རེ།།
མི་རེ་མིག་གིས་ལྟ་སྟངས་རེ།།
མི་རེ་དཔྱད་པ་བྱེད་ལུགས་རེ།།
མི་འདྲ་མི་སྣ་གོམ་ཕྱོགས་རེད།།
བདེན་རྫུན་དབྱེ་བ་སོ་སོའི་དཔྱོད།།
ཕུགས་འདུན་ཡོད་མེད་སོ་སོའི་བརྟག།
རེ་བ་ཡོད་མེད་སོ་སོའི་ལྟོས།།
གང་ལྟར་བོད་ཞེན་གཙང་མ་ཡིས།།
ཟིན་བྲིས་སྤེལ་མཁན་བོད་ཕྱི་གཉིས།།
གཅིག་སེམས་གཅིག་ལ་སྤྲེལ་སོང་ན།།
ད་གཟོད་དེ་ཡིས་དོན་ཀུན་འགྲུབ།།
འདི་ནི་མི་ལོ་ཆུང་ཆུང་དེ།།
བོད་མིང་འཁྱམ་པོས་ཕྱི་ཡུལ་ནས།།
རིགས་ཞེན་དངས་མའི་བསམ་ཚུལ་ཡིན།།
གཏན་ནས་མི་འཐད་ཀི
རེ་རྐང་གླིང་གི་གཙོ་བའི་ཟིན་བྲིས་ནས་འབུད་རྒྱུ་ཡིན་ཟེར་མཁན་དག་ལ་གསལ་འདེབས་སུ།
རྩ་བ་ནས་འཐད་པ་མེད། འགྲོ་རྒྱུ་ཡིན། གང་དུ་འགྲོ་རྒྱུ་ཡིན། བོད་ལུས་ཤིག་བླངས་ཡོད་པ་དེ་བཞག་ནས་འགྲོ་རྒྱུ་ཡིན་ནམ། བོད་སྐད་བཤད་ཤེས་པ་དེ་བརྗེད་དུ་འཇུག་རྒྱུ་ཡིན། ཡང་ན། བོད་ཡིག་འབྲི་ཤེས་པ་དེ་དག་བེད་སྤྱོད་མེད་པར་བལྟས་པ་ཡིན། དེ་འདྲ་ནི་ཡིན་རྒྱུ་མ་རེད། དེ་མིན་ན་བསམ་མེད་ཁ་ཤས་ཀྱི་ཚིག་ཟུར་མི་ཆག་གི་ཟེར་བཞིན་ཡོད་དམ། དེ་འདྲ་ཡིན་ན་ནི་ལྷག་དུ་མ་འགྲིག་པ་རེད། མི་ཚེ་ཕྱེད་ཀ་ལྷག་གི་རིང་དུ་བོད་ཡིག་འདི་ཉིད་ཡར་རྒྱས་སུ་སོང་ན་ཅི་མ་རུང་སྙམ་ནས་ཧུར་ཐག་འབད་ཐག་གིས་བརྩོན་པ་བྱེད་མྱོང་བའི་ཁྱེད་རང་ཚོ་འདི་ལྟར་འགྲོ་རྒྱུ་ཡིན་ཟེར་ན། དངོས་ནས་འཐད་པ་མེད། བོད་ཡིག་ལ་འགན་ལེན་བྱེད་པར་སྐུལ་ལོངས་དང་སེམས་ཤུགས་བླ་ལྷག་ཡོད་མྱོང་བའི་གསར་རྒོད་དར་མ་ཁྱེད་རང་ཚོས་སེམས་ཤུགས་དེ་འདྲའི་ལས་སླ་བོ་ཞིག་ཆགས་སོང་བ་ཡིན་ན། བསམ་བློ་ལ་སྟོབས་ཤུགས་རྒྱས་མེད་པའི་མི་ཁ་ཤས་ཀྱི་ཚིག་སྒོ་ལ་གཡོལ་ནས་བྲོས་པ་ཡིན་ན། བོད་པ་ཚང་གི་བོད་ཡིག་འདི་ཉིད་ལ་གཅེས་སེམས་དང་བོད་མིའི་བླ་སྲོག་གི་འཆི་གསོན་ལ་འགན་འཁུར་ཟེར་བ་དེ་ལེན་སྟངས་ཤིག་ག་ནས་ཡིན། གཏན་ནས་མི་འཐད་ཀི འགྲོ་རྒྱ་ཡིན་ཟེར་ན་གཏན་ནས་མོས་མཐུན་མེད་པ་མ་ཟད། ཟིན་བྲིས་སྤེལ་སར་མི་ཕེབས་ཟེར་ན་དེ་བས་ཀྱང་འཐད་པ་མེད། ཤི་རེག་བར་དུ་ཟིན་བྲིས་སྤེལ་དགོས། ཤི་རེག་བར་དུ་བོད་ཡིག་འབྲི་དགོས། ཤི་རེག་བར་དུ་བོད་སྐད་བཤད་དགོས། ཤི་རེག་བར་དུ་བོད་ལུས་ཤིག་བླངས་ཡོད་པ་བརྗེད་ཐབས་མེད། འདི་ལྟར་བསམ་བློ་གནད་དུ་བཞག་ནས་བོད་པ་ཚང་གི་གསེར་ཟམ་འདི་བརྒྱུད་དེ་བོད་མིའི་དག་གཙང་གི་ལར་ཞེན་ལ་སྟོབས་ཤུགས་མེ་རི་བཞིན་མཆེད་དུ་བཅུགས་དེ་སླར་ཡང་གཏན་ཚུགས་ཡོད་པའི་སྒོ་ནས་ཟིན་བྲིས་སྤེལ་རོགས། འགྲོ་གི་ཡིན། གཏན་ནས་འཐད་པ་མེད། ལྷག་པར་དུ་ཁྱེད་རང་ཚོ་ལྟ་བུ་བོད་ཡིག་གི་དག་གཙང་འབྲི་གསུམ་ལ་དཀའ་ངལ་མེད་མཁན་ཚོ་འགྲོ་རྒྱུ་ཡིན་ཟེར་ན་གཏན་ནས་འཐད་པ་མིན་ལ། བོད་པ་ཞིག་གིས་བོད་མིའི་བླ་སྲོག་གི་རིན་ཐང་ལ་དམའ་འབེབས་བྱས་པ་དང་གཅིག་མཚུངས་རེད། གཏན་ནས་མི་འཐད། སོང་ན་མི་ཆོག ཁྱེད་རང་ཚོ་བོད་པ་ཡིན་ལ། ཁྱེད་རང་ཚོས་བོད་སྐད་བཤད་དགོས། ཁྱེད་རང་ཚོས་བོད་ཡིག་འབྲི་དགོས། ཁྱེད་རང་ཚོས་ཟིན་བྲིས་སྤེལ་དགོས། ཁྱེད་རང་ཚོས་སེམས་ཤུགས་གཏན་ནས་ཆག་ན་མི་འགྲིག ཁྱེད་རང་ཚོས་བོད་ལུས་བླངས་པ་དེར་འགན་ལེན་བྱེད་དགོས། བོད་པ་ངེད་ཅག་གིས་ངེད་ཚང་གི་དར་རྒུད་ལ་ཁ་ཡ་བྱེད་དགོས། ངེད་ཚང་གིས་འཆི་གསོན་ལ་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་བརྩི་དགོས། དེའི་ཕྱིར་འགྲོ་རྒྱུ་ཡིན། འབུད་རྒྱུ་ཡིན། ཟིན་བྲིས་མི་སྤེལ་སོགས་ཀྱི་སྐད་ཆ་དེ་དག་ལ་གཏན་ནས་འཐད་པ་མེད། འདི་ལྟར་ངས་བཤད་ཀྱི་ཡོད་ལ། འདི་ལྟར་ངས་སེམས་བསམ་པའི་བོད་ཞེན་གྱི་དྲན་སྐུལ་དང་འབོད་སྐུལ། རེ་སྐུལ། སྐྱབས་འཇུག་སོགས་ཁྱེད་ཚོ་ལ་ཞུ་བཞིན་ཡོད།
དྲ་ཐོག་འདིའི་རྩོམ་ཡིག་ཁྲོད་དུ་འོས་པ་ཞིག་ཡིན་ན་དྲ་གྲོགས་སྤུན་ཟླ་གང་ཡང་རུང་བ་ཞིག་ནས་དྲ་ཐོག་ལ་འགོད་རོགས་ཞུ། མིན་ན་ནི་མ་བཀོད་ཀྱང་འགྲིག་གི་རེད།
བོད་ནང་གི་གསར་སྐྱེས་རྩོམ་པ་པོ་ཚོ་སྔོན་མའི་རྩོམ་པ་པོ་ཚོ་དང་བསྡུར་ན་རྩོམ་ཡིག་སྒྱུ་རྩལ་ཐད་ཡར་སྐྱེད་ཆེན་པོ་བྱུང་འདུག ང་སྔོན་མ་ཡིན་ན་བོད་ཡིག་ནང་རྩོམ་འབྲི་མཁན་གྱི་རྩོམ་ལས་བོད་ཡིག་ནང་བསྒྱུར་བའི་བོད་ཀྱི་རྩོམ་པ་པོ་ཡི་དམ་ཚེ་རིང་དང་དོན་འགྲུབ་དབང་འབུམ་སོགས་ཀྱི་རྩོམ་ལ་དགའ་མོས་ཡོད།
ད་ལྟ་ཁོ་ཚོས་བཤད་བཞིན་པ་ལྟར་མི་རབས་གསུམ་པས་གཙོ་བྱས་པའི་རྩོམ་མཁན་གསར་བ་འགའ་ཞིག་གི་རྩོམ་དེ་ལྷག་པར་དུ་སྙན་ངག་ཕྱོགས་ནས་ཚིག་དོན་གང་ཐད་ནས་རྒྱལ་སྤྱིའི་རྩོམ་རིག་གི་གདན་གྲལ་དང་མཉམ་ཡོད་པའི་ཚོར་སྣང་སྐྱེ་གི་འདུག
ཡིན་ན་ཡང་། ཁོ་ཚོའི་གོ་རྟོགས་ད་རུང་མ་ཟད་པ་ཡིན་ནམ་མི་ཤེས་ཀྱང་དམར་ཤོག་གི་གཞུང་རྣམས་ཁོ་ནར་ཡོད་པའི་ནད་ཡམས་རྙིང་པ་དེ་ཟག་སྒེར་ལ་འགོས་ཏེ། ཆེས་རབ་བྱུང་དང་ང་ཚོས་ཆེས་བརྩི་བཀུར་ཞུ་འོས་པའི་དམངས་སྲོལ་རྣལ་མ་དག་ལ་ཁབ་གཙགས་འབིགས་གཙགས་བྱས་འདུག་རྒྱུའི་ངན་གོམས་ཤིག་རྩོམ་མཁན་རེ་ཟུང་ལ་འདུག བཀྲ་རྒྱ་ཟེར་བ་སོགས་མི་རེ་ཟུང་གི་རྩོམ་ལ་བལྟས་ཡོང་ན་ང་ཕྱི་མི་རྩོམ་པ་ཚོར་ངོ་ཚ་གི་འདུག དེའི་ངན་ཁག་རྒྱ་གཞུང་གི་སློབ་གསོའི་ལམ་སྲོལ་དང་དྲིལ་བསྒྲགས་བྱེད་སྟངས་ཀྱི་རིག་པ་ཕྱོགས་རེ་བ་དེ་དང་ཡང་ན་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྒྱ་མིའི་རྩོམ་མཁན་ནམ་སློབ་དཔོན་ཆེན་མོར་འབོད་པ་དག་ལ་བཀལ་ན་ཡང་མ་འགྲིགས་པ་ཅི་ལ་ཡོད། གལ་སྲིད་བྱེད་སྟངས་དེ་རིགས་རང་རང་གི་མཚན་གནས་རྗེས་འབྲེལ་ཆེད་ཡིན་ན་དངོས་གནས་ངོ་ཚ་དགོས་པའི་གནས་རེད།
མི་རིགས་གང་ཞིག་གི་གོམས་སྲོལ་དེ་ནི་རིག་གནས་ཀྱི་རྒྱབ་རྩ་འཐུག་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་ཡིད་ཆེས་ཤིག་ལ་འབྲེལ་ཡོད་པས་དེ་ལ་ངན་དམོད་བྱེད་པ་ནི་མི་རིགས་རིང་ལུགས་པ་དང་ཕྱོགས་ཞེན་རིང་ལུགས་པ་བཞིན་བསམ་བློ་གུ་དོག་ཅན་གྱི་ལྟ་བ་ཞིག་ཡིན་པ་རེད། དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་ཡིད་ཆེས་ཡོད་མཁན་ཞིག་ནས་ཆོས་ལུགས་གཞན་ཞིག་ལ་ཡིད་ཆེས་བྱེད་མཁན་ཞིག་ལ་མ་ཤེས་འཕྱ་དམོད་བྱེད་པ་དང་གཅིག་མཚུངས་སུ་འདུག
གོམས་སྲོལ་ཞིག་བསྒྱུར་བཅོས་འགྲོ་རེས་གོམས་སྲོལ་གང་དེར་སྐྱོན་བརྗོད་ཁོ་ན་བྱེད་པ་ནི་རྒྱ་དམར་གྱི་ལག་ལེན་ཁྲོད་ཡོངས་སུ་ཕམ་པར་གྱུར་པའི་ལྐུགས་རྟགས་ལྡན་པའི་སྲིད་བྱུས་དེ་བཞིན་རང་མཚམས་སྟོན་པ་ཙམ་ལས་གཞན་ཅི་ཡང་མིན། ཡིད་ཆེས་དང་དད་མོས་གང་འདྲ་ཞིག་ཡིན་ན་ཡང་ང་ཚོས་ངེས་པར་བརྩི་བཀུར་ཞུ་འོས། རང་གང་ལ་ཡིད་ཆེས་པ་དེ་བདེན་པའི་མཆོག་ཏུ་བཟུང་ནས་དེ་དང་འགལ་བར་འཕྱ་དམོད་བྱེད་པ་དང་གཞན་རྣམས་རང་གི་རྗེས་སུ་འབྲང་བར་སྐུལ་སློང་བྱེད་པ་ནི་ཆེས་བསམ་བློས་ཕོངས་པའི་མི་དག་ཡིན་པ་མ་ཡིན་ནམ།
ངས་ཚངས་དབྱངས་ལགས་ལ་དྲི་བ་ཞིག་འདྲི། ཁྱེད་ཀྱིས་བོད་ནང་གི་རྩོམ་གང་དང་བཙན་བྱོལ་ནང་གི་རྩོམ་གང་བསྡུར་བ་ཡིན། རྩོམ་ཡིག་གཉིས་ཀྱི་མིང་སྨྲོས་ཏེ་གསུངས་ན་ང་ཚོ་ལ་ཤེས་རྒྱུ་དང་གོ་རྒྱུ་གཉིས་ཀ་འདུག དེ་མིན་དངོས་གནས་ཚོར་སྣང་ཞིག་ལས་གང་ཡང་ཆགས་རྒྱུ་མིན་པ་འདྲ།
ངེད་ཀྱིས་ཀྱང་བོད་ཕྱི་ནང་གི་བོད་ཡིག་གི་དྲ་རྒྱ་ཁག་ཉིན་ལྟར་ྐློག་གིན་ཡོད།
འོན་ཀྱང་། དེ་ལ་སྡོམ་རྒྱག་རྒྱུའི་བློ་ཁོག་མེད་ལ་ཞིབ་འཇུག་ཡང་མཐིལ་ཕྱིན་པ་ཞིག་བྱས་མེད།
ཡིན་ན་ཡང་། ཚངས་དབྱངས་ལགས་ཀྱི་བསམ་ཚུལ་འདི་ལ་བསྟུན་ནས་སྡོམ་ཆུང་ཆུང་ཞིག་རྒྱག་གི་ཡིན།
གལ་སྲིད། བྱེས་བཞུགས་ཟིན་བྲིས་སྤེལ་མཁན་ཚོས་ཚངས་དབྱངས་ལགས་ཀྱི་རྩོམ་ཡིག་ལྟ་བུ་ཞིག་མ་གཏོགས་སྤེལ་ཐུབ་ཀྱི་མེད་པའི་དབང་དུ་བྱས་ན།
བོད་ནང་གི་ཟིན་བྲིས་སྤེལ་མཁན་ཚོ་བོད་ཕྱི་ལས་ཡར་རྒྱས་ཆེ་བ་དང་ཁོང་ཚོས་སྤེལ་བའི་རྩོམ་ཡིག་ལ་བརྗོད་བྱ་ཟབ་པ་དང་དངོས་ཡོད་དང་ཐག་ཉེ་བ་སོགས་ཀྱི་ཁྱད་ཆོས་འདུག
དེ་ཙམ་ཞུ།
ཚངས་དབྱངས་ལགས།
རྩོམ་ཡིག་གཅིག་གཉིས་རེ་བྐླགས་ཏེ་སྡོམ་རྒྱག་པ་དང་དཔྱད་ཞིབ་ཀྱི་བློ་སྔོན་ལ་མ་བཏང་བར་ཚོར་སྣང་བཤད་པ།
ཚོར་སྣང་དང་པོ་དང་ཞིབ་འཇུག་གཉིས་པར་འཇོག་པ་སོགས་ནི་བོད་རིགས་རྩོམ་འབྲི་བ་ཚོའི་ཡོན་ཏན་ཞིག་མ་རེད་སྙམ།
ཚངས་དབྱངས་ལགས།
ཁྱེད་ཀྱིས་དགེ་འདུན་རབ་གསལ་ལགས་ཀྱི་མཆན་བུ་དེར་ལན་འདེབས་བྱས་བའི་མཆན་བུ་ལྔ་པ་དེ་ཡང་གསུབས་འདུག
སོ་སོའི་མཆན་བུ་དང་སོ་སོའི་རྩོམ་ཡིག་ལ་སོ་སོས་འགན་ཁུར་དགོས་རྒྱུ་གལ་ཆེ།
ད་ཕན་མཆན་བུ་གསུབས་པ་རྣམས་བསྐྱར་འགོད་བྱེད་རོགས།
ཚངས་དབྱངས་ལགས།
མདང་དགོང་ཁྱེད་ཀྱི་རྩོམ་ཡིག་རྣམས་ལ་སྡོམ་ཞིབ་མོ་ཞིག་རྒྱག་གི་ཡིན་ཞེས་སྨྲས་བ་ནང་བཞིན། དེ་རིང་ཁྱེད་ཀྱིས་ཁ་བརྡའི་སྒང་ལ་སྤེལ་ཚར་བའི་རྩོམ་ཡིག་རེ་རེ་བཞིན་ཞིབ་བྐླགས་བྱས་བ་ཡིན། ཁྱེད་ཀྱི་རྩོམ་ཡིག་རྣམས་བྐླགས་ཚར་བའི་རྗེས་སུ། ངེད་ལ་སྡོམ་རྒྱག་རྒྱུའི་སྤོབས་པ་དེ་ཞུམ་སོང་། རྒྱུ་མཚན། ད་ཕན་ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་རྣམས་ཀྱི་བརྗོད་བྱ་དེ་ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་སྔོན་ཏུ་བཏང་ནས་བྲིས་བ་ཞིག་རེད་མི་འདུག ད་ཕན་ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་རྣམས་ལ་བརྗོད་བྱ་ངེས་ཅན་ཞིག་མེད་པར་སེམས་ལ་གང་དྲན་ཞིག་བྲིས་འདུག ད་ཕན་ཁྱེད་ཀྱིས་རང་གི་བསམ་ཚུལ་ཞིབ་ཚགས་པོས་མི་གླེང་བར་སེམས་ཀྱི་དོགས་འཆར་ལྟ་བུའི་དྲི་གཞི་རེ་འཁྱེར་ཡོང་འདུག དེ་ནས་ཁྱེད་རང་དྲི་བ་གཏོང་མཁན་ཞིག་རེད་འདུག་སྙམ་པའི་ཚོར་སྣང་རིབ་རབ་ཞིག་ཀྱང་བྱུང་། དཔེར་ན། ཁྱེད་ཀྱིས་བོད་ནང་གི་ཟིན་བྲིས་དང་། བོད་ཀྱི་ཕྱིར་སྤེལ་བའི་ཟིན་བྲིས་བསྡུར་བ་ཞེས་བའི་ནང་དུ།ངའི་ཚོར་སྣང་ལ། བོད་ནང་ལ་སྤེལ་བའི་ཟིན་བྲིས་ཏེ། དཔེར་ན། བོད་ཀྱི་སྐད་ཡིག་དྲ་རྒྱའི་ཟིན་བྲིས་དང་༏ མཆོད་མེ་ཟིན་བྲིས་སོགས་དང་། བོད་ཀྱི་ཕྱི་ལ་སྤེལ་བའི་ཟིན་བྲིས་ཏེ། ཁ་བརྡ་དང་། དུས་བབ་ཟིན་བྲིས་སོགས་དང་བསྡུར་སྐབས། བོད་ནང་གི་ཟིན་བྲིས་དང་མཆན་དེ་ཚོ་ཅུང་ནང་དོན་ཟབ་པ་དང་། བརྗོད་བྱེད་ལེགས་པ། ད་དུང་། བསམ་བློ་གཏོང་སྟངས་དེ་ཅུང་གཏིང་ཟབ་པ་ཡོད་པའི་ཚོར་སྣང་ཡོང་གི་འདུག
བོད་ཀྱི་ཕྱི་ལ་སྤེལ་བའི་ཟིན་བྲིས་དེ་ཚོར་གང་ཟག་སྒེར་ལ་སྐྱོན་བརྗོད་ཤུགས་ཆེ་བ། བརྗོད་བྱའི་ཐོག་བགྲོ་གླེང་ཉུང་བ། བསམ་ཚུལ་གཙོ་བོར་དམིགས་ཏེ་ཤོད་པ་ལས། ཞིབ་འཇུག་དང་དངོས་ཡོད་ཅུང་ཉུང་བ་ཡོད་པའི་ཚོར་བ་སྤྲོད་ཀྱི་འདུག
ཞེས་སྡོམ་ཆེན་པོ་ཞིག་བརྒྱབ་ཡོད། འོན་ཀྱང་། དགེ་འདུན་རབ་གསལ་ལགས་ཀྱིས་ཁྱེད་ལ། ཁྱེད་ཀྱིས་བོད་ནང་གི་རྩོམ་གང་དང་བཙན་བྱོལ་ནང་གི་རྩོམ་གང་བསྡུར་བ་ཡིན་ཞེས་དྲི་བ་ཞིག་བཏང་ཡོད་ཅིང་། དྲི་བ་དེར་ཁྱེད་ཀྱིས་དྲི་ལན་ཞིག་བཏབས་ཡོད། དྲི་ལན་དེར་ཁྱེད་ཀྱིས། ངས་རྩོམ་ཡིག་གཅིག་གཉིས་ཞིག་བྐླགས་དུས་ཚོར་སྣང་དེ་འདྲ་ཞིག་བྱུང་ཞེས་བཤད་ཡོད།
དོན་དངོས་སུ་ཁྱེད་ཀྱིས་བོད་ཕྱི་ནང་གི་རྩོམ་ཡིག་རྣམས་ལ་དཔྱད་བསྡུར་གཏིང་ཟབ་ཞིག་བྱས་མེད་པ་དེ་ཡང་སོ་སོའི་དྲི་ལན་གྱི་ཁོངས་སུ་གསལ་ཡོད། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་།
ཁྱེད་ཀྱིས་དྲི་ལན་དེ་གསུབས་ཚར་འདུག
གང་ལྟར།མདོར་བསྡུས་ན་འདི་དག་ཁྱེད་ལ་ཡོད་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་རེད། འཚར་ལོངས་ཀྱི་བརྒྱུད་རིམ་འདིར་དགག་གཞག་བྱེད་འདོད་དང་ཁ་གཏད་གཅོག་འདོད་མེད།
གང་ལྟར། བོད་རིགས་རྩོམ་འབྲི་བ་ཚོས། དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ཏུ་སོང་ནས་རྩོམ་ཡིག་སྤེལ་བ་དང་སོ་སོའི་བསམ་ཚུལ་ལསོ་སོས་འགན་ཁུར་བ།
ཞིབ་འཇུག་དང་པོ་དང་ཚོར་སྣང་གཉིས་པར་འཇོག་པ་སོགས་ལ་དོ་སྣང་ངེས་པར་སྤྲོད་དགོས་བར་མཐོང་།
དེ་ནས། བོད་ནང་གི་ཟིན་བྲིས་དང་། བོད་ཀྱི་ཕྱིར་སྤེལ་བའི་ཟིན་བྲིས་བསྡུར་བ་ཞེས་བའི་ཁ་བྱང་འདི་ལ་དོགས་སློབ་ཆུང་ཆུང་བྱེད་འདོད་བྱུང་།
བོད་ནང་གི་ཟིན་བྲིས་དང། བོད་ཀྱི་ཕྱིར་སྤེལ་བའི་ཟིན་བྲིས་བསྡུར་བ་ལབ་ན། ངེད་ཀྱིས་ཐད་ཀར་གོ་བ་ལེན་སྟངས་ནི། བོད་ནང་གི་ཟིན་བྲིས་དང་བོད་ཀྱི་ཆེད་དུ་སྤེལ་བའི་ཟིན་བྲིས་བསྡུར་བ་ལབ་འདུག་བསམ་པ་དེ་རེད། འོན་ཀྱང་། བོད་ཀྱི་ཕྱིར་སྤེལ་བའི་ཟིན་བྲིས་ལབ་དུས། ཁྱེད་ཀྱི་བསྟན་དོན་ནི་བོད་ཀྱི་ཕྱི་ལོགས་སུ་སྤེལ་བའི་ཟིན་བྲིས་སམ་བྱེས་བཞུགས་རྩོམ་པ་པོ་ཚོས་སྤེལ་བའི་ཟིན་བྲིས་ལབ་ཀྱི་ཡོད་པ་དེ་རེད། དེར་བརྟེན། བོད་ཀྱི་ཕྱིར་ཟེར་བ་འདི་བོད་ཀྱི་ཕྱི་ལོགས་ཟེར་བའི་གོ་དོན་ལས་བོད་ཀྱི་ཆེད་དུ་ཞེས་བའི་གོ་དོན་དང་ཐག་ཉེ་བ་འདུག་པའི་བསམ་ཚུལ་ཞིག་ངེད་ལ་བྱུང་། དེ་ཙམ་བྱུང་།