སོ་ལྟ་བ། (ལྡོང་སྲས་ཀྱིས་འོས་སྦྱོར་བྱས།)
སྲིད་ཀྱི་ཁ་ལྕེ་ཅན་གྱི་སྲིད་སྐྱོང་།
སྲིད་འཛིན་ཞིག་ལ་སྲིད་ཀྱི་ཁ་ལྕེ་ནི་མ་མཐའ་ཡོད་དགོས་པ་ཞིག་རེད། གནམ་འོག་ན་སྲིད་འཛིན་ལྐུག་པ་ཞིག་ཡོད་ཀི་ཟེར་ན་མི་སྲིད་འདོད་དོ་ཟེར་ནས་མི་རྣམས་ཧ་ལས་རྒྱུ་རེད། ངས་བལྟས་ན་ངེད་ཚང་ལ་སྲིད་འཛིན་ལྐུག་པ་ཡང་བྱུང་མེད་པའི་ངེས་པ་གཏན་ནས་མི་འདུགདེའི་ཕྱིར་ན། ངས་མ་མཐའ་ཡང་ཨ་ཚོགས་ཀླུ་མཁར་བྱམས་ལ་སྲིད་ཀྱི་ཁ་ལྕེ་ཡོད་པའི་སྲིད་འཛིན་འོས་མི་ཞིག་ཏུ་ངོས་འཛིན་བྱས་ཡོད། ཁོས་ད་ཐེངས་རྒྱལ་ཁབ་དང་ས་གནས་མང་བོར་སོང་ནས་བསྒྲགས་གཏམ་སྤེལ་བ་དེ་ཡང་རྒྱལ་ཁབ་ལག་ནས་ཤོར་ཡོད་པའི་སྲིད་འཛིན་འོས་མི་ཞིག་གིས་ལངས་ཕྱོགས་ཀྱི་འགོ་བསླངས་པ་རེད། འགུལ་སྐྱོད་དེ་ནི་གདོང་གཏད་བསམ་བློ་ཡི་བམ་ཁ་མཐུག་པའི་སྲིད་ཀྱི་རྩ་འཛུགས་ཤིག་རེད།
དབུ་མའི་ལམ་ནས་འཛོལ་ཏེ་རང་བཙན་གཙང་མ་གླེང་མཁན་བྱུང་བ་ནི་ཨ་ཚོགས་གཅིག་པུ་མ་རེད། སྔོན་ཆད་གཞོན་ནུ་ཚོགས་པའི་ཁ་ཕྱོགས་ཀྱང་དེ་འདྲ་ཡིན་ངེས་རེད། འོན་ཀྱང་གཞོན་ནུ་ཚོགས་པ་ནི་བློ་བཟང་སེང་གེ་སྲིད་འཛིན་ལ་བཞུགས་རྗེས་ནས་བཟུང་ཅུང་གྲགས་མེད་འགུལ་མེད་ཅིག་ཏུ་གྱུར་སོང་བ་རེད། ངས་དབུ་མའི་ལམ་དེ་མི་བཟང་གི་ཟེར་ནས་ཕྱོགས་གཅིག་གཏན་ནས་འགོག་གི་མེད། རྒྱུ་མཚན་དབུ་མའི་ལམ་དེ་ཡང་ལམ་གཅིག་ཏུ་ངོས་འཛིན་ཡོད་པས་ཡིན།
རེད་དེ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གླེང་ཕྱོགས་དེར་བསམ་བློ་བཏང་ན་རང་བཙན་གཙང་མ་གླེང་ན་གཏན་ནས་མི་འོས་སོ་ཞེས་སྡོམ་ཚིག་ཀྱང་འགོད་ག་ལ་རིགས། གང་ལྟར་ངའི་བསམ་ཕྱོགས་ནི་དབུ་མའི་ལམ་དང་རང་བཙན་གླེང་མཁན་གཉིས་བོད་ལ་བྱུང་བ་དེ་བཟང་ཆ་ལས་ངན་ཆ་མེད་པར་སྙམ་ཡོད། ལམ་དེ་གཉིས་ཀྱི་གཅིག་ཤོས་ཀྱིས་གཅིག་ཤོས་མེད་པར་བཟོ་བ་མ་ཡིན་པར་རང་བཙན་གྱི་ལམ་ནི་ཆབ་སྲིད་ཁོ་ན་ལ་དམིགས་པའི་ལམ་ཕྱོགས་ཤིག་ཏུ་ངོས་བཟུང་ནས་འགྲོ་དགོས་པ་ལས། རང་བཙན་གླེང་བ་ནི་དམར་ཕྱོགས་ཀྱི་ལྟ་བ་རེད་ཟེར་ནས་མར་ལྟ་བྱེད་པ་ནི་མི་འོས་པར་སྙམ་ཡོད།
གོང་ས་མཆོག་གི་དབུ་མའི་ལམ་ཕྱོགས་ནི་སྲིད་ཁོ་ན་སྐྱོང་བའི་ལམ་ཞིག་མིན་པས་སྲིད་འཛིན་ཞིག་ཡིན་ན་སྲིད་ཁོ་ནས་ལངས་ཕྱོགས་འཛུགས་པ་ནི་ཧ་ཅང་གལ་ཆེ་བས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལྟ་བའམ་ལངས་ཕྱོགས་ནི་སྲིད་འཛིན་ཞིག་གི་ངོས་ནས་ལངས་ཕྱོགས་བཙུགས་པ་ཡིན་པས་དེ་ལ་བསམ་བློ་ནན་གྱིས་གཏོང་དགོས་པ་ལས་ཅོལ་གཏམ་ཙམ་བཤད་ག་ལ་འོས།
ངས་ད་དུང་འདི་འདྲ་བསམ་བྱུང་། གོང་ས་བཅུ་བཞི་བ་མཆོག་དབུ་བཞུགས་ཐོག་རང་བཙན་གཙང་མའི་ལངས་ཕྱོགས་ཀྱི་ལྟ་བ་རྒྱ་བསྐྱེད་ན་ལྷག་ཏུ་ཡག་པར་སྙམ་ཡོད། མ་འོངས་པར་གོང་ས་མཆོག་ཞལ་མི་བཞུགས་པའི་སྐབས་ཤིག་ལ་རང་བཙན་གླེང་ན་ཡང་། དེ་དུས་གཤོག་ཡ་མེད་པའི་བྱ་ཞིག་མཁའ་ལ་འཕུར་འདོད་སྐྱེས་པ་ནང་བཞིན་ཕམ་ཁ་ལས་རྒྱལ་ཁ་ཞིག་མེད་པར་སྙམ་ཡོད། ད་དུང་དེ་འདྲའི་གནས་སྟངས་འོག་ནས་ཁོང་གི་དབུ་མའི་ལམ་དེ་ཡང་སྤེལ་མཁན་ཁོང་ལྟ་བུའི་ཤེས་འཇོན་གཉིས་ལྡན་ཞིག་འབྱུང་སྲིད་དམ། གལ་ཏེ་སྲིད་རྒྱུའི་དབང་དུ་བཏང་རུང་དེའི་སྐབས་སུ་བོད་ཀྱི་གནས་བབ་ག་འདྲ་ཞིག་ཏུ་ཆགས་ཡོད་རྒྱུ་རེད།
དེ་འདྲའི་ཕྱོགས་ལ་བསམ་བློ་བཏང་ན་གོང་ས་བཅུ་བཞི་བ་མཆོག་དབུ་བཞུགས་སྐབས་རྒྱ་ནག་གི་ངོ་གདོང་བཙན་གྱིས་བཤུ་ནུས་པའི་རང་བཙན་གཙང་མའི་ལྟ་བ་དེ་མེ་འབར་འབར་བྱས་ན། རྒྱ་ནག་གིས་ང་ཚོ་བོད་ནང་ལ་སྤེལ་བཞིན་པའི་བདེ་འཇགས་ཟེར་བའི་ལམ་ལུགས་དང་། བོད་ཀྱི་གནས་བབ་ཐད་ནས་གྲགས་མེད་འགུལ་མེད་དུ་གནས་ན་བདེ་འཇགས་ཀྱི་ས་གནས་རེད་ཟེར་ནས། འུར་བསྟོད་བྱས་ཏེ་བོད་ཀྱི་ས་གནས་མང་བོ་ཞིག་རྒྱ་ནག་གི་བཀའ་འོག་ཏུ་བསྡུ་བའི་འཆར་གཞི་དེ་ཡང་རང་བཙན་གྱི་ལངས་ཕྱོགས་དེས་དཀྲུག་ཐུབ་པ་རེད།
དེ་འདྲ་མ་གཏོགས་ལྷིང་འཇགས་ངང་ནས་མི་གཅིག་གི་མི་ཚེ་ཙམ་ལ་རེ་ནས་བསྡད་ན་ནམ་ཞིག་རྒྱ་ནག་གིས་ང་ཚོ་ཤ་མོག་བཞིན་བཏུམས་པའི་དུས་སྐབས་ཤིག་མི་ཡོང་བའི་ངེས་པ་ཅི་ལ་ཡོད། རྒྱ་ནག་གིས་བོད་འུར་ལངས་ཀི་མི་འཇུག་པར་བྱིས་པ་སྲུང་སྲུང་བྱས་ཏེ་དུས་ཡུན་ལ་འགོར་འགྱང་བྱེད་པ་དེ་ལ་ཡང་དམིགས་དབེན་ངེས་ཅན་ཞིག་ཡོད་སྲིད། དེ་བས་ང་ཚོ་ད་ལྟའི་མི་གཅིག་གི་ཚེ་ཚད་ཙམ་ལ་བསམ་བློ་གཏོང་མཁན་མང་བ་ལས་མ་འོངས་པར་བསམ་བློ་གཏོང་མཁན་ཉུང་ཉུང་མ་ཡིན་ནམ།
སྤྱིར་རྒྱལ་ཁབ་གཞན་དག་ལ་བསམ་བློ་བཏང་ན་ཡང་ཁོ་ཚོས་རྒྱལ་ཁབ་ལེན་སྟངས་ནི་ཧ་ཅང་ལྷིང་འཇགས་ཤིག་གི་སྣེ་ནས་ལངས་ནི་མིན་པ་འགྲོ་མི་ཀུན་གྱིས་ཤེས་གསལ་རེད། དེ་བཞིན་དུ་ང་ཚོ་ཡང་འགུལ་དགོས་པ་ཞིག་ལས་འཇམ་ཅག་གེར་འདུག་ཚོད་ཅིག་ཡིན་སྣང་ཤར་ག་ལ་རུང་། ལྷག་ཏུ་མི་གཅིག་གི་མི་ཚེ་ནི་ཧ་ཅང་ཚད་ཐུང་ཐུང་ཞིག་ཡིན་པར་བསམ་བློ་གཏོང་དགོས་པ་ལས་མི་འགྱུར་རྟག་བརྟན་ཞིག་ཏུ་སྣང་ན་མི་འོས་པར་སེམས་ཡོད། ད་དུང་མི་སྒེར་གྱིས་འཕགས་འཚག་བྱེད་མཁན་ནི་བོད་ལས་རྒྱ་ཆེ་བ་ཞིག་མེད་ཤས་ཀྱང་ཆེ། རྒྱུ་མཚན་བོད་ནས་རང་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཆེད་དུ་རང་ལུས་མེ་ལ་བསྒྲོན་པ་གཅིག་པས་ཀྱང་ལོས་མཚོན།
དེ་ཡང་ཧ་ཅང་ཡུན་ཐུང་ཞིག་གི་ནང་དུ་ལྷིང་འཇགས་ལ་གནས་སུ་འཇུག་པ་དེ་ཡང་རྒྱ་ནག་གིས་ལྐོག་གཡོ་རེད། བདེ་འཇགས་སམ་ཁུ་སིམ་མེར་གནས་དགོས་པའི་བཀའ་འོག་ན་ཡོད་པའི་ཤུགས་རྐྱེན་ཆེ་བས་དེ་འདྲའི་ནུས་པ་བླ་ལྷག་ཅིག་ཐོན་གི་མེད་པ་རེད། དེ་འདྲའི་གནས་སྟངས་ལྐོག་ལྐོག་སུད་སུད་ཅིག་གི་འོག་ན་ངེད་ཚང་གི་སྲིད་འཛིན་རྣམས་ཀྱང་ལྷིང་འཇགས་ལ་དགའ་ཞིང་། མི་གཅིག་གི་མི་ཚེ་ལ་རོལ་དབྱངས་དཀྲོལ་མཁན་ཙམ་ལས། ནུས་པ་དང་འཇོན་ཐང་། ལངས་ཕྱོགས་ཀྱི་ལྟ་བ། སྲིད་ཕྱོགས་ཀྱི་རྩ་འཛུགས་སོགས་མེད་སོང་བ་ཡིན་དུས། བོད་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་ཉི་མར་རེ་བ་དེ་ནི་མོ་གཤམ་ཞིག་གིས་རང་ལ་བུ་ཞིག་སྐྱེ་བར་རེ་བ་བྱས་པ་དང་ཀུན་ནས་མཚུངས་སོ། །
བསམ་བློ་དེ་དག་ལ་གཏོང་གིན་གཏོང་གིན་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལངས་ཕྱོགས་དེ་ནི་སྲིད་འཛིན་ཞིག་གི་ཁ་ལྕེ་ལས་ཐོན་པའི་རེ་བ་ཞིག་ཡིན་པར་ངེས་ཡོང་། ཁོའི་སྐད་ཆ་ཁ་ཤས་ལ་ཞིབ་ཀྱིས་ཉན་ན་ཚུལ་མིན་གྱི་ཆ་ཅུང་རེ་ཡོད་སྲིད་མོད། དེ་ཡང་ཁག་མེད་པར་འདོད་ཡོད། རྨོངས་པ་ལས་མ་གྲོལ་བའི་སྤྱི་ཚོགས་ཤིག་གི་ངོ་གདོང་ནས་ཡར་ལང་དགོས་ན། གཏམ་འདྲ་མིན་གྱིས་སྤྱི་ཚོགས་འགུལ་དུ་མ་བཅུག་ན་ཁོའི་ལངས་ཕྱོགས་ཀྱི་ཡང་སྙིང་མི་རྟོགས་པའི་ཉེན་ཁ་འདུག
སྤྱི་ཚོགས་ལ་འདྲོགས་བསླངས་ཏེ་ཁོའི་ལངས་ཕྱོགས་ཀྱི་ལྟ་བ་གསལ་བསྒྲགས་བྱས་ན་ད་བཟོད་ནུས་པ་ཐོན་ངེས་རེད། མི་སྒྱིད་ལུག་ཅིག་ལ་དཔེ་བླངས་ནས་བཤད་ན་ཡང་སྟབས་བདེ་བོ་བྱས་ཏེ་གོ་ཐབས་འགྲིག་གི། མི་སྒྱིད་ལུག་ཅིག་ལ་འཚར་གཏམ་དང་ཧ་ལས་པའི་གཏམ་མང་བོའི་འོག་ནས་ཁོ་ལ་གནས་ལུགས་ཤིག་ངོ་སྤྲད་ན་གོ་སླ་བ་ནང་བཞིན་རེད། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གཉིད་ལ་ཤོར་བའི་སྤྱི་ཚོགས་དེར་ཐོག་མར་འདྲོགས་བསླངས་རྗེས་ཁོའི་སྲིད་ཀྱི་ལངས་ཕྱོགས་དང་། སྲིད་ཀྱི་རྩ་འཛུགས། བོད་ཀྱི་གནས་བབ་ལ་གཟས་པའི་རང་བཙན་གྱི་ལྟ་བ་གསལ་བསྒྲགས་བྱས་པ་དེ་རེད།
སྔོན་ཆད་བོད་ལ་སྲིད་འཛིན་ཞིག་ཡོད་པ་ཧ་གོ་ཡོད་མེད་གཉིས་ཀྱིས་ཐེངས་འདིར་སྲིད་འཛིན་ཞིག་བོད་ལ་ཡོད་པའམ། དེ་བརྗེ་སྤོར་བྱེད་རན་ཡོད་པ། དམངས་གཙོ་འོས་འདེམ་ཟེར་བ་ཞིག་བྱེད་ཀི་ཡོད་པ་བཅས་ཐེངས་འདིར་གཞི་རྒྱ་ཆེ་ས་ནས་ས་ཁྱབ་རྡོ་ཁྱབ་བྱས་སོང་བ་དེ་ཡང་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལངས་ཕྱོགས་ཀྱི་ནུས་པ་རེད་མ་གཏོགས། རང་བཙན་གྱི་ལྟ་བ་གླེང་མཁན་དེ་ངེད་ཚང་ལ་སྔོན་ཆད་ཀྱང་ཡོད་ནི་རེད། ལྷག་ཏུ་གོང་ས་མཆོག་གི་དབུ་མའི་ལམ་དང་མི་མཐུན་པར་སྲིད་ཁོ་ན་ལ་དམིགས་ཏེ་རང་བཙན་གླེང་མཁན་ཡོད་ནི་རེད། ཡིན་ཡང་དེ་དག་ལ་ནུས་པའམ་ལྟ་བ་དེར་སྲ་བརྟན་མེད་པས་ལན་སོང་བའམ། ཡང་ན་ཁོར་ཡུག་བཙན་དྲགས་པས་འགུལ་མ་ཐུབ་པ་ཞིག་རེད་སྙམ་ཡོད།
གང་ལྟར་བསམ་བློ་ཞིབ་ཀྱིས་བཏང་ན་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལངས་ཕྱོགས་ཀྱི་ལྟ་བ་དང་དམིགས་ཡུལ། གཟས་ས་བཅས་ནི་མི་གླེང་ཐུ་མེད་ཅིག་རེད། མང་བོ་ཞིག་གིས་གླེང་ཁུལ་འདྲ་བྱས་མོད་ཡིད་ཚིམས་པ་ཞིག་མ་མཐོང་བས་ཁོ་བོས་ཐེངས་འདིར་ཨག་ཅིག་བཏབ་པ་ཙམ་ཡིན། ཨ་ཚོགས་ཀླུ་མཁར་བྱམས་གླེང་མཁན་མང་བོ་ཞིག་གིས་གོང་ས་མཆོག་གི་མི་ཚེ་གཅིག་པུ་ལས་བསམ་བློ་གཞན་གཏོང་གིན་མི་འདུག བོད་སྤྱི་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ནས་བཟུང་། མི་གཅིག་གི་མི་ཚེ་ཙམ་ལ་བསམ་བློ་བཏང་ན་འགྲིག་གི་མ་རེད། ལྷག་ཏུ་དད་ཞེན་ཙམ་ལ་བརྟེན་ནས་ཨག་འདེབ་མཁན་མང་བ་ནི་རྨོངས་གཉིད་ལས་སད་ཡོད་སྙམ་པའི་རང་རློམ་ཙམ་ལས་སད་མེད་རྟགས་ཤིག་རེད།
ཨ་ཚོགས་ཀྱིས་བཤད་པ་བཞིན“མི་སྒེར་ཞིག་གི་ངོས་ནས་བཤད་ན་དད་པ་ཟེར་བ་དེ་ཧ་ཅང་གལ་ཆེན་ཡིན་ཡང་། རྒྱབ་ཁབ་ཅིག་ལ་མཚོན་ན་དད་པ་ལས་ཀྱང་གལ་ཆེ་བ་ནི་དམངས་གཙོ་ཡིན། ”ཞེས་པ་དང་། ཡང་ན་དྷི་ལྷ་ལྡན་གྱིས་བརྩམས་པའི་བསྟུན་རྒོལ་ཁྲིམས་གཏུགས་ཀྱི་ནང་དུ“མི་རིགས་ཀྱི་གནད་དོན་ལ་ལ་ཞིག་སྐད་ཡིག་གིས་ཐག་མི་ཆོད་ལ། ཆོས་ལུགས་ཀྱིས་ཐག་མི་ཆོད། ཐ་ན་ཚན་རིགས་ལག་རྩལ་གྱིས་ཀྱང་ཐག་མི་ཆོད། འོ་ན་གང་ཡིན་ན། དེ་ནི་དམངས་ཀྱི་བསམ་ཚུལ་ཐད་བརྗོད་དང་། ལག་པ་གྱེན་འདེགས་ཀྱི་ཁ་དང་ལག་པ་འགུལ་བ་ཁོ་ན་ལས་བྱུང་བའོ། །”
དེ་ལྟར་དམངས་གཙོའི་ལམ་གྱི་གནད་བསྟན་ཡོད་པ་ནང་བཞིན་ང་ཚོའི་འཚོ་བ་དངོས་ལ་རྒྱང་བཀྱེད་ནས་ཆོས་ལུགས་ཙམ་དང་དད་ཞེན་ཙམ་གླེང་ནས་བསྡད་པའི་དུས་ཡུན་རིང་མེད་ན་ཐུང་ག་ལ་ཡོད། དེའི་
ཕྱིར་ཨ་ཚོགས་ཀླུ་མཁར་བྱམས་ལྟ་བུའི་དམངས་གཙོའི་སྒམ་ཚུགས་ཀྱི་ལྟ་བ་སྲ་བའི་མི་དེ་འདྲ་བོད་ལ་མཁོ་གལ་ཧ་ཅང་ཆེ་བ་ཞིག་རེད།
འོན་ཀྱང་དམངས་གཙོའི་ལམ་ལུགས་ལ་བློ་རྨོངས་ཤིང་དམངས་ཀྱི་འཚོ་བ་དངོས་ལ་རྒྱང་བཀྱེད་པའི་གྲྭ་བ་སེར་མོ་བའི་སྡེ་ནས་ད་ཐེངས་ཉེས་པ་གནམ་ལ་མི་ཤོང་བ་རེ་བཟོས་སོང་། ད་དུང་ཁོ་ཚོས་དཔུང་བསྒྲིགས་ཏེ་ཨ་ཚོགས་ཀླུ་མཁར་བྱམས་བོད་རང་གི་མི་གྲལ་ནས་ཕུད་ནས་དམར་བོ་ཚང་གི་མི་གྲལ་དུ་བཞག་པ་དེ་རེད། དེ་དག་གི་རིགས་ལ་བསམ་བློ་བཏང་ན་དམངས་གཙོའི་ལམ་ཞིག་བོད་ནང་ལ་དར་རྒྱུའི་དབང་དུ་བཏང་རུང་སྒེར་གཅོད་རང་ལུགས་པའི་ངོ་གདོང་ནས་ང་ཚོ་ལ་ཐོབ་པ་རྒྱལ་ཁ་ཞིག་ཡིན་དཀའ་ཚོད་རེད།
དེའི་རིགས་ལ་སྐད་ཆ་རྣོན་པོ་ཞིག་དྲངས་ན། འོད་ནག་གིས་ཉེ་སྔོན་བྲིས་པའི་རྩོམ་ཡིག་ཅིག་གི་ནང་དུ“དམངས་གཙོའི་ལམ་ལུགས་ནི་དངོས་གནས་ཡག་པོ་རེད་ལ་བཙོག་པོ་ཡང་རེད། རྒྱུ་མཚན། དམངས་གཙོའི་འོས་ཤོག་ཁྱིས་ཀྱང་འཕེན་ཆོག་པ་རེད།” ཅེས་པ་དེས་བསྟན་དོན་ལ་དམིགས་ན་དངོས་གནས་ང་ཚོའི་དམངས་གཙོའི་ལམ་དེ་ཡང་ཧ་ཅང་འཇིགས་སུ་རུང་བ་ཞིག་ཏུ་མི་འགྲོ་བའི་ངེས་པ་མི་འདུག དེ་ཡི་གནད་ནི་དམངས་ཀྱི་འཚོ་བ་དངོས་ལ་བཀྱེད་ནས་བསྡད་ཡོད་པའི་དབང་ཤེད་རང་ལུགས་པའམ། ཡང་ན་དད་པ་ལོག་སྤྱོད་པ་འགས་བཟོས་པའི་ནག་ཉེས་ལས་མ་འདས།
མདོར་ན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཤད་པ་ནང་བཞིན“ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྐུབ་བཀྱག་འདི། ལོ་རྒྱུས་ཤིག་གི་ཐོག་ནས་བཤད་ན། ཆབ་སྲིད་ཀྱི་སྡིངས་ཆ་དང་ཆབ་སྲིད་པའི་རྐུབ་བཀྱག་ཅིག་རེད། ངས་འདི་ངོ་བོའི་ཐོག་ནས་བཤད་ན་འདི་དབང་ཆའི་རྐུབ་བཀྱག་ཅིག་མིན་པར་འཐབ་རྩོད་བྱེད་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་དཔོན་པོ་འཁྲབ་ས་ཞིག་མ་རེད།”ཁོའི་སྐད་ཆ་དེ་ཡང་གནད་ལ་ཁེལ་ཞིང་ད་ལྟའི་བོད་ཀྱི་འཚོ་བ་དངོས་ལ་མཁོ་བའི་སྲིད་འཛིན་ཞིག་གི་སྐད་ཆ་ཞིག་ཡིན་པ་ལས་མི་གཅིག་གི་མི་ཚེ་ལ་མིག་ཅེར་ཏེ་རྣ་བ་བླགས་པའི་སྲིད་འཛིན་སྒམ་ཚུགས་མེད་པ་ཞིག་གི་སྐད་ཆ་མ་རེད།
དེའི་ཕྱིར་ང་ཚོས་ཨ་ཚོགས་ཀླུ་མཁར་བྱམས་ཅིས་ཀྱང་གླེང་དགོས་ལ། ངན་ལངས་སུ་ཤོར་བའི་བོད་ཀྱི་སྤྱི་ཚོགས་ལད་པོ་དེས་ཁོང་ལྟ་བུའི་མི་བུ་དག་ཐུར་འདྲུད་བྱེད་པ་ནི་མི་རིགས་ཤིག་གི་རྒུད་རྟགས་ཤིག་ཡིན་པས་སྤྱི་ཚོགས་ལད་པོ་དེའི་ངོ་གདོང་ནས་ཨ་ཚོགས་ཀླུ་མཁར་བྱམས་ལྟ་བུའི་སྐྱ་བོ་དག་གླེང་བ་ནི་སྲིད་དོན་ལ་གཅེས་པ་རེད། དེའི་ཕྱིར་ང་ཚོས་ཁོང་ལྟ་བུའི་མི་བུ་སྒམ་ཚུགས་ཅན་དག་སྤྱི་ཚོགས་ལད་པོ་དེར་ཐུར་འདྲུད་བྱེད་དུ་འཇུག་པ་ནི་ཧ་ཅང་མི་རིགས་སོ། །
2015/11/04 ཉིན་སོ་ལྟ་བས་བྲིས།
ཀླུ་མཁར་བྱམས་ནི། བོད་གཞིས་བྱེས་གཉིས། གང་དུ་ཡང་མི་མཁོ་བའི། མི་ཕན་མེད། མི་ཀླད་མེད། མི་ཧམ་ཆེན། མ་རབས་ཅིག་རེད་འདུག་གོ།
ཀླུ་མཁར་བྱམས་གླེང་གི་ཡོད་བཟོ་རེད། སོ་ལྟ་བ་ཞིག་གི་ཚོད་ཀྱིས་གནས་ལུགས་ཀྱི་ཐག་ཉེ་ཞིག་ཤོད་མི་འདུག ད་རེས་ཀླུ་མཁར་བྱམས་ནི་ཆབ་སྲིད་པ་ཁག་ཅིག་གིས་རྩེད་ཆས་བྱས་སོང་། ཡི་གེ་བ་ཁག་ཅིག་གིས་ཀྱང་རྩེད་ཆས་བྱས་སོང་།
ལྡོང་སྲས་སོགས་འགའ་ཞིག་གིས་གནས་ལུགས་དང་དངོས་ཡོད་གནས་སྟངས་ལ་མི་བལྟ་བར། གྲོགས་པོའི་བརྩེ་ཞེེན་གྱི་སྟེང་ནས་ཀླུ་མཁར་བྱམས་གླེང་སྟངས་རིགས་དེ་ཙམ་གྱི་རིན་ཐང་ཅན་དུ་མཐོང་གི་མེད། འདི་ཡང་དེ་གྲས་དང་གཅིག་པ་རེད།
བོད་ནང་ནས་ཀླུ་མཁར་བྱམས་ལགས་འདི་ལྟར་གླེང་བཞིན་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་དབུ་ལས་ཚོས་བོད་དོན་ཐད་ཕན་ལས་གནོད་སྐྱེལ་བཞིན་པ་ཤེས་ཀྱི་ཡོད་པའི་རྟགས་རེད། ད་བོད་ནང་ནས་བོད་དོན་ལ་བདག་པོ་རྒྱག་གི་རེད་ལ། ཕྱི་རྒྱལ་ཁག་གིས་ཀྱང་རིམ་པས་སྟོབས་ཤུགས་གང་དུ་ཡོད་ན་དེ་ལ་རྒྱབ་བསྐྱོར་གནང་ངེས། དེའང་ཆབ་སྲིད་རིག་པའི་འགྲོ་སྟངས་ཤིག་རེད། ཀླུ་མཁར་བྱམས་མཆོག་འོས་བསྡུའི་ནང་མཉམ་ཞུགས་གནང་པར་བརྟེན་ནས་བོད་ནང་དོན་དངོས་ངོ་འཕྲོད་པའི་གྲུབ་འབྲས་གཞན་གཅིག་རེད།
ཀླུ་མཁར་བྱམས་གཡག་རྐུས་པའི་ཆབ་སྲིད་བརྩོན་པ་རེད་ཟེར་མདའ་དེ་བདེན་པ་ཨ་ཡིན་ཁྱེད་ཕ་ཡུལ་དུ་ཡོད་མཁན་ཚོའི་གསུང་དང་གསལ་པོ་བཤད་རྒྱུ་ཨེ་ཡོད་ཀླུ་མཁར་བྱམས་སྲིད་སྐྱོང་ལྟ་ཅི་སྤྱི་འཐུས་ལའང་མདོ་སྨད་འོས་ཀླུག་རྒྱུ་རེད་མིན་པ་ཐག་ཆོད་།
ལྡོང་སྲས་གནམ་ལོ་ཡག་ཡག་གིས་བོད་ནང་གི་ཅིག་ལ་ཅིག་སྤྲད། དེ་ནས་ཚུར་བཙན་བྱོལ་ནང་འཁྱེར་ཡོང་སྟེ་བོད་ནང་ནས་བྲིས་སོང་ཞེས་གཞིས་ཆགས་ཚོའི་མགོར་ངོམ་འཕྱར་བྱེད་པའི་འཁྲབ་སྟོན་འདི་འདྲའི་ཁུངས་གང་ཡང་འཁྱོལ་གྱི་མ་རེད། བོད་ནང་གི་སོ་ལྟ་བ་སོགས་སུ་ཡིན་ཡང་བཙན་བྱོལ་ནང་གི་གནས་སྟངས་ཆ་ཚང་ཞིག་ཤེས་ཀི་མ་རེད་ལ། དེ་བཞིན་གཞིས་ཆགས་ཚོས་བོད་ནང་གི་གནད་དོན་ཡང་ཕྱོགས་ཙམ་མ་གཏོགས་གླེང་ཁག་པོ་རེད། དཔེར་ན་ཆགས་བཞག ཀླུ་མཁར་བྱམས་དང་གནམ་ལོ་ཡག་སོགས་ཀྱིས་གཡག་རྐུས་ནས་བཙོན་དུ་བཅུགས་པ་ན་ནིང་ད་ལོར་གཞི་ནས་ཧ་གོ་གི་ཡོད་པ་རེད། བོད་གཞུང་བདེ་སྲུང་ལས་ཁུངས་ནས་མ་མཁྱེན་པ་རེད་ལ། བཙན་བྱོལ་སྤྱི་ཚོགས་ནས་ཧ་མ་གོ་བ་རེད། རྗེས་ལ་རིམ་པར་གོ་ཡོང་དུས་ཨ་མདོ་ཨ་ཚོགས་སྡེ་བའི་ཡུལ་མིའི་ཁ་ནས་ཀླུ་མཁར་བྱམས་སོགས་གཡག་རྐུན་གྱོད་གཞིའི་ཉེས་འཛུགས་འོག་བཙོན་དུ་བཅུགས་པ་ཐོས་པ་ནང་བཞིན་རེད། དེའི་རྐྱེན་ཀླུ་མཁར་དང་གནམ་ལོ་ཡག་གཉིས་ཀས་འགྲེལ་བཤད་རིང་ཐུང་སྣ་ཚོགས་ཡོད་པ་ཞིག་རྒྱག་དགོས་བྱུང་བ་རེད། ཧཧཧཧ དཔེར་ན་དེ་འདྲ་རེད། དེའི་ཆ་ནས་བོད་ནས་བྲིས་ན་བྱང་ནས་བྲིས་ན། མ་ཤེས་པ་དེ་མ་ཤེས་པ་རེད་མ་གཏོགས་ཧ་ལས་ཡ་ག་གེ་ཡོད་པ་མ་རེད་ལ། འཁྲབ་སྟོན་འདི་འདྲར་མགོ་འཁོར་དོ་སྣང་བྱས་ན་འཕྲོ་བརླག་རང་རེད། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དངོས་གནས་རང་གི་ནང་དུ་ཀླུ་མཁར་བྱམས་དང་གནམ་ལོ་ཡག་སོགས་བེད་སྤྱོད་གང་ཡང་མེད་པ། དངོས་ཡོད་གནས་ཚུལ་དང་རྒྱ་ཆེ་མི་མང་གིས་གསལ་བཤད་གནང་ཟིན་པ་སོང་ཙང་། ཁོ་ཚོའི་སྐད་ཆ་གྲིབ་གཟུགས་བཅས་པ་བདག་པོ་རྒྱག་རྒྱུ་ཡོད་པ་མ་རེད་བཅས་ཞུ་ཡ་གཙོ་བོ་དེ་ཡིན།
ཀླུ་མཁར་བྱམས་ནི་རྒྱ་ནག་དམར་པོས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་བཙན་བྱོལ་དུ་སླེབས་པའི་གཞོན་སྐྱེས་ཤིག་རེད། བྱེས་སུ་ཆབ་སྲིད་བཙོན་པ་ཞེས་འབོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་ལྟེ་གནས་ཁང་དང་། དགུ་ཆུ་གསུམ་ཚོགས་པ་སོགས་ནས་ཐོན་པའི་དེབ་དང་སྙན་ཐོ་རྣམས་ལ་གཟིགས་དང་། དེར་ཀླུ་མཁར་བྱམས་ལྟ་བུའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བགྲངས་ཀྱིས་མི་ལངས། དེ་དག་གི་ཁྲོད་ནས་སུ་གང་གིས་ཀྱང་༸རྒྱལ་བ་དོན་གྱིས་བདག་པོར་ཟུར་ཟ་དང་དད་ལོག་བྱས་མྱོང་མི་འདུག ཡིན་ནའང་། ཁོ་བོས་༸རྒྱལ་བ་དོན་གྱིས་བདག་པོར་མཚན་སྨོད་བྱས་ཡོད། དཔེར་ན། ཀླུ་མཁར་བྱམས་ཀྱིས “ང་རང་བཙན་གཙང་མ་རྩོད་པའི་མི་ཞིག་ཡིན་པར་ཆ་ཞོག རང་བཙན་གཙང་མ་རྩོད་པའི་མི་ཞིག་གིས་མི་གཞན་སུ་ཞིག་གིས་རང་བཙན་དགོས་ཀྱི་མེད་གསུངས་པ་ཡིན་ན། དེ་༧རྒྱལ་བ་རིན་པོ་ཆེ་ཡིན་ན་རེད། ངའི་པ་ལགས་ཡིན་ན་རེད། དེ་ངའི་ཁ་གཏད་དམ། དེ་ལ་ངའི་ངོས་ནས་མོས་མཐུན་མ་བྱས་པ་དེ་ངའི་རྩ་བའི་དམ་བཅའ་རེད། དེའི་སྟེང་ནས་བཤད་པ་ཡིན་ན། ངས་༧རྒྱལ་བ་རིན་པོ་ཆེ་ལ་ཐད་ཀར་རྒྱལ་འཚོང་བ་རེད་ཅེས་བྲིས་པ་དེ་འདྲ་མེད། ཡིན་ཡང་། སྲིད་དོན་གྱི་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནས་བཤད་ན་ཁོ་རྒྱལ་འཚོང་བའི་ཕྱོགས་ལ་འགྲོ་ཡི་རེད”ཅེས་བཤད་ཡོད། རང་བཙན་རྩོད་ཀྱི་ཡིན་ཟེར། དེ་འགྲིག ཅི་ལྟར་རྩོད། འཚེ་མེད་ཞི་བའི་འཐབ་རྩོད་ཅིག་གི་ཐོག་ནས་ཡང་ན་འཚེ་བ། དང་པོ་དེ་འཛམ་གླིང་ལོ་རྒྱུས་ཐོག་ནང་རྒྱལ་ཁབ་སུ་ཞིག་འཚེ་མེད་ཞི་བའི་ཐོག་ནས་རང་བཙན་བླངས་མྱོང་། གཉིས་པ་འཚེ་བ། ད་ལྟའི་ཆར་རྒྱ་ནག་དམར་པོ་ནི། འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེན་ཨང་གཉིས་པ་ཆགས་འདུག་པར་ཀུན་གྱིས་གླེང་། ལྷག་པར་ཏུ་དམག་དོན་ནི་དེ་བས་ཀྱང་ཆེ་བས། བོད་མི་ས་ཡ་དྲུག་པོ་རྡོ་སྒང་ལ་སྒོང་ང་འཕེན་གྱི་ཡིན་པས།
ཐེངས་འདིའི་འོས་བསྡུའི་ནང་ཀླུ་མཁར་བྱམས་ལ། ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་རེ་གཉིས་ཡོད་སྲིད་པ་རེད། འོན་ཀྱང་མང་ཆེ་བ་ཆབ་སྲིད་ཕྱོགས་ཞེན་གྱི་དུག་ཆུས་མྱོས་པ་དང་། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཁ་གཏོང་མཁན་གྱི་ཅོལ་ཅུལ་རིགས་ཕལ་ཆེ་བ་རེད། ངས་ནི་དོན་དངོས་ཀྱི་ཐོག་ནས་ཀླུ་མཁར་བྱམས་ནི་ཤ་ཚ་དགོས་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་རང་དུ་མཐོང་སོང་།།
ཅོལ་ཅུང་། བཅོས།
་་་་་་ དཔེར་ན་ཆགས་བཞག ཀླུ་མཁར་བྱམས་དང་གནམ་ལོ་ཡག་སོགས་ཀྱིས་གཡག་རྐུས་ནས་བཙོན་དུ་བཅུགས་པ་ན་ནིང་ད་ལོར་གཞི་ནས་ཧ་གོ་གི་ཡོད་པ་རེད། ་་་་་་ཟེར།
ཆབ་སྲིད་ཉེས་མིང་འོག་ལོ་ལྔ་ལྷག་བཙོན་དུ་ཚུད་པ་མ་ཟད་མནར་གཅོད་སྡུག་སྦྱོར་འོག་ཤི་ཁ་ལ་མོ་ལ་བཙོན་གྲོལ་ཐུབ་པའི་མི་ཞིག་ལ་གཡག་རྐུས་རེད་ཟེར་ནས་སྨ་འབེབས་པ་ནི་དོལ་ཚོགས་ལས་དེ་སྡུག་པས་བོད་ལ་ལྷ་དང་བཀའ་སྲུང་ཟེར་བ་ཞིག་ན་དེ་དག་ངོ་མ་ཁ་ནས་ཁྲག་ཐོན་ནས་ཤི་དགོས་ཡ་རེད
ཆབ་སྲིད་ཉེས་མིང་འོག་ལོ་ལྔ་ལྷག་བཙོན་དུ་ཚུད་པ་མ་ཟད་མནར་གཅོད་སྡུག་སྦྱོར་འོག་ཤི་ཁ་ལ་མོ་ལ་བཙོན་གྲོལ་ཐུབ་པའི་མི་ཞིག་ལ་གཡག་རྐུས་རེད་ཟེར་ནས་སྨ་འབེབས་པ་ནི་དོལ་ཚོགས་ལས་དེ་སྡུག་པས་བོད་ལ་ལྷ་དང་བཀའ་སྲུང་ཟེར་བ་ཞིག་ཡོད་ན་དེ་དག་ངོ་མ་ཁ་ནས་ཁྲག་ཐོན་ནས་ཤི་དགོས་ཡ་རེད
ཤེས་དགོས་ཡ་ཞིག་དེང་སོང་དབུ་མའི་ལམ་ཡིན་ཟེར་མཁན་ཁ་ཤས་ངོ་མ་བཙན་བྱོལ་གཞུང་འདི་ནང་རྒྱལ་ཁབ་བཙོང་བ་དང་མངོན་སུམ་འཛེམ་མེད་ཀྱིས་རྒྱ་མིའི་རྒྱུག་ཁྱི་བྱེད་ཕོད་པ་འདི་འདྲ་བོད་དོན་ཟེར་བ་ཞིག་ཕལ་ཆེར་རླགས་ཕྱིན་པའི་ཚོར་སྣང་སྐྱུར་མོ་ངོ་མ་ག་གས་གང་ནས་ཁའིས
་་་་་་ ངས་ནི་དོན་དངོས་ཀྱི་ཐོག་ནས་ཀླུ་མཁར་བྱམས་ནི་ཤ་ཚ་དགོས་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་རང་དུ་མཐོང་སོང་།། ་་་་་་་་་ཟེར།
བོད་ནང་གི་ཅིག་གིས་བྲིས་པ་རེད་ཟེར་ན་ཧ་ལས་རྒྱུ་དང་དམིགས་གསལ་བ་ཅི་གང་མ་རེད། ང་ཚོ་ཡང་བོད་ནས་ཡོང་ཡིན་པས་རུམ་དུ་ག་རེ་ཡོད་མེད་ལག་པར་གསལ་ནི་རེད། ཕྱི་ཕྱོགས་སུ་ཁྱི་རྒན་གྱིས་བདག་པོ་ལ་རྒོལ་བ་ནང་བཞིན་བོད་ནང་དུ་ཡང་དེ་བཞིན་ཡོད་རེད།
སྔོན་ཆད་ཀླུ་བྱམས་གཡག་རྐུན་རེད་ཟེར་བ་འདི་ལ་ཡིད་ཆེས་སྤུ་ཙམ་ཡང་བྱེད་མ་མྱོང་ཡིན་ཡང་ཀླུ་བྱམས་ཁོ་རང་གིས་གཡག་རྐུན་ཟེར་བའི་བཤད་ཡམས་འདི་ལ་འགྲེལ་བཤད་དགོད་བྲོ་བ་དེ་བརྒྱབས་རྗེས་ང་ནི་ཧ་ལས་ཧོན་འཐོར་ནས་བསྡད་ཡོད།
ཀླུ་བྱམས་ལགས། གཡག་རྐུན་ཡིན་པ་ངོས་ལེན་མེད། འོནད་ཀྱང་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ནི། སྙིང་ལ་གྲི་བརྒྱབས་པ་ནང་བཞིན་ན་ཟུག་འོང་བགྱིད་འདུག
འཁྲབ་སྟོན་འདི་འདྲའི་ཁུངས་གང་ཡང་འཁྱོལ་གྱི་མ་རེད། རྒྱ་གར་དང་བལ་ཡུལ་ནས་སྐྱེས་མཁན་ཚོས་བོད་ནང་གི་གནད་དོན་ཡང་ཕྱོགས་ཙམ་མ་གཏོགས་གླེང་ཁག་པོ་རེད། དཔེར་ན་ཆགས་བཞག ཀླུ་མཁར་བྱམས་དང་གནམ་ལོ་ཡག་སོགས་ཀྱིས་གཡག་རྐུས་ནས་བཙོན་དུ་བཅུགས་པ་ན་ནིང་ད་ལོར་གཞི་ནས་ཧ་གོ་གི་ཡོད་པ་རེད། བོད་གཞུང་བདེ་སྲུང་ལས་ཁུངས་ནས་མ་མཁྱེན་པ་རེད་ལ། བཙན་བྱོལ་སྤྱི་ཚོགས་ནས་ཧ་མ་གོ་བ་རེད། རྗེས་ལ་རིམ་པར་གོ་ཡོང་དུས་ཡུ་ཕྱོགས་གཅིག་པའི་ཡུལ་མིའི་ཁ་ནས་ཀླུ་མཁར་བྱམས་སོགས་གཡག་རྐུན་གྱོད་གཞིའི་ཉེས་འཛུགས་འོག་བཙོན་དུ་བཅུགས་པ་ཐོས་པ་ནང་བཞིན་རེད། དེའི་རྐྱེན་ཀླུ་མཁར་དང་གནམ་ལོ་ཡག་གཉིས་ཀས་འགྲེལ་བཤད་རིང་ཐུང་སྣ་ཚོགས་ཡོད་པ་ཞིག་རྒྱག་དགོས་བྱུང་བ་རེད། ཧཧཧཧ དཔེར་ན་དེ་འདྲ་རེད། དེའི་ཆ་ནས་བོད་ནས་བྲིས་ན་བྱང་ནས་བྲིས་ན། མ་ཤེས་པ་དེ་མ་ཤེས་པ་རེད་མ་གཏོགས་ཧ་ལས་ཡ་ག་གེ་ཡོད་པ་མ་རེད་ལ། འཁྲབ་སྟོན་འདི་འདྲར་མགོ་འཁོར་དོ་སྣང་བྱས་ན་འཕྲོ་བརླག་རང་རེད།
ཨ་ཚོགས་ཀྱིས་བཤད་པ་བཞིན“མི་སྒེར་ཞིག་གི་ངོས་ནས་བཤད་ན་དད་པ་ཟེར་བ་དེ་ཧ་ཅང་གལ་ཆེན་ཡིན་ཡང་། རྒྱབ་ཁབ་ཅིག་ལ་མཚོན་ན་དད་པ་ལས་ཀྱང་གལ་ཆེ་བ་ནི་དམངས་གཙོ་ཡིན། ”ཞེས་པ་དང་། ཡང་ན་དྷི་ལྷ་ལྡན་གྱིས་བརྩམས་པའི་བསྟུན་རྒོལ་ཁྲིམས་གཏུགས་ཀྱི་ནང་དུ“མི་རིགས་ཀྱི་གནད་དོན་ལ་ལ་ཞིག་སྐད་ཡིག་གིས་ཐག་མི་ཆོད་ལ། ཆོས་ལུགས་ཀྱིས་ཐག་མི་ཆོད། ཐ་ན་ཚན་རིགས་ལག་རྩལ་གྱིས་ཀྱང་ཐག་མི་ཆོད། འོ་ན་གང་ཡིན་ན། དེ་ནི་དམངས་ཀྱི་བསམ་ཚུལ་ཐད་བརྗོད་དང་། ལག་པ་གྱེན་འདེགས་ཀྱི་ཁ་དང་ལག་པ་འགུལ་བ་ཁོ་ན་ལས་བྱུང་བའོ། །
དྲོང་བདེན་ལ་གནས་མཁན་ངོ་མ་ཞིག་ཡིན་ན་ཀླུ་མཁར་བྱམས་ཀྱི་སྐད་ཆ་ལ་གཞི་མེད་པའི་སྐྱོན་བརྗོད་བཞག་པ་ཞིག་སུ་ལའང་བཤད་མེད གཏན་ཚིག་རིག་པས་ལན་ངོ་མ འདེབ་མི་ཐུབ་ཡོངས་དུས དད་ལོག་པ་དང་དམག་ཤོག་པ་སྐུ་མདུན་ལ་སྐུར་བ་འདེབས་མཁན་གཡག་རྐུས་སོགས་སྡོམ་རྒྱག་ཡོད ཁ་ཤས་ནི་དད་ཞེན་དབང་གིས་བཤད་ཡོད་ལ ཡང་ཁ་ཤས་ནི་ཆོལ་ཁག་དང་ཆོས་ལུགས་རང་ཉིད་སྒེར་གྱི་ཁེ་ཕན་ཆད་ཤོད་མཁན་ཡིན ཆབ་སྲིད་ཀྱི་གོ་རྟོགས་རྩ་ནས་མེད་མཁན་ཧ་མ་གོ་ནས་བཤད་མཁན་ཡང་ཡོད་པ་ཡིན
ངོ་དེབ་ཐོག་༼བྲག་བཙན་༽ཞེས་པའི་མིང་ཐོག་ནས་འདི་འདྲ་ཞིག་བྲིས་འདུག།
དེ་རིང་ཁ་སང་གི་གླེང་གཞི་ཆེ་ཤོས་ནི་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་ཞེས་གསུངས་པ་དེ་དང་། ཀླུ་མཁར་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ལབ་མིན་གྱི་སྐོར་དེ་ཡིན་པ་འདྲ། སོང་ཙང་གོ་སྐབས་འཚོལ་བའི་སྐབས་འཚོལ་རིང་ལུགས་པ་མང་པོ་ཞིག་ལ་བཀའ་སློབ་དེ་རང་ཕྱོགས་སྲུང་བའི་གོ་ཆ་དང་། གཞན་ཕྱོགས་རྒོལ་བའི་ལག་ཆ་ཡག་ཤོས་ཤིག་རག་ཡོད་པ་དང་འདྲ་བས་རྒྱུད་ལམ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཀྱིས་བཀྲམས་ནས་བཞག་འདུག། སྙུག་འཛིན་པ་བདག་གིས་ཀྱང་འགན་འཁུར་གྱི་འདུ་ཤེས་མ་བོར་བའི་ཐོག་ནས་དྲན་ཚུལ་གྱིགཏམ་ཐུང་ཞིག་འཆད་རྒྱུ་བྱེད།
༧གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་ཤ་ཚ་མེད་པ་དང་མི་ལོ་དྲུག་ཅུའི་ནང་དུ་བོད་དོན་དུ་དཀའ་ལས་བརྒྱབས་ཡོད་པ་མ་རེད་ཟེར་མཁན་སུ་ཡང་མི་འདུག་ཅིང་། གལ་སྲིད་ཡོད་དབང་དུ་བཏང་ཡང་དེ་ནི་དོན་དངོས་ཤིག་གཏན་གཏན་མ་རེད་བསམ་གི་ཡོད། རེད་དེ་མི་ལོ་དྲུག་ཅུའི་ནང་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་ཕྱོགས་ཐད་ལ་ནོར་འཁྲུལ་གཏན་ནས་མེད་པ་དང་འཐུས་ཤོར་གཞར་ཡང་མེད་པ་དེ་འདྲ་རེད་པས་ཟེར་ན་དེ་ཡང་དཀའ་ལས་རེད། དཔེར་ན་བཙན་བྱོལ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཤེས་རིག་སོགས་ཀྱི་གོ་སྐབས་དང་ཡར་རྒྱས་ཀྱི་གནས་སྟངས་སོགས་ལ་བལྟས་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་རང་ཉིད་ནས་ཀྱང་འཐུས་ཤོར་རྩ་བ་ནས་མེད་པའི་ཁས་ལེན་ཐུབ་མདོག་མ་རེད། དཔེ་དེ་དེ་བཞིན་ད་ལྟའི་བོད་སློབ་ཁག་གི་ལམ་ལུགས་དང་ཤེས་ཡོན་གྱི་ཁ་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། བོད་རིགས་ཕྲུགས་གུ་མང་པོ་ཞིག་གི་མདུན་ལམ་བེད་མེད་སྙིགས་རོར་གྱུར་བཞིན་ཡོད་པ་དང་། ཐུན་མིན་བོད་ཀྱི་སྐད་ཡིག་གཉིས་པོ་བསམ་བཞིན་འཆི་ལམ་དུ་འདེད་བཞིན་ཡོད་པའི་ངང་ཚུལ་འདི་ལས་ཐུ་བའི་ནོར་འཁྲུལ་ཞིག་དང་འཐུས་ཤོར་ཞིག་ཡོད་སྲིད་ཀྱི་མ་རེད། དེར་རྟེན་ནོར་འཁྲུལ་དང་འཐུས་ཤོར་འདི་ཚོའི་ནང་དུ་༧རྒྱལ་བ་རིན་པོ་ཆེ་ཐེ་མེད་པ་ཞིག་ཀྱང་མ་རེད་པཱ། ད་དུང་ཚོགས་ཁག་བཅུ་གསུམ་དང་། ཆུ་བཞི་སྒང་དྲུག་ས་ཇོ་གཉིས། དོལ་ཚོགས་བཅས་ཀྱི་རྙོག་གྲ་ཡོངས་སུ་རྫོགས་པ་འདི་ནོར་འཁྲུལ་གྱི་ངོ་བོ་ལས་འདའ་ས་མེད་པ་རེད་པཱ། ནོར་འཁྲུལ་ཡོད་ན་དེ་འདུག་ལབ་དུས་ཐུགས་ཕམ་གནང་དགོས་ཡ་མི་འདུག་པཱ། ད་དུང་དབུ་ལམ་དང་རང་བཙན་བར་གྱི་གདོང་འཐུག་འདི་༧རྒྱལ་བ་རིན་པོ་ཆེས་གུ་ཡངས་ཉན་ཤེས་མ་གནང་བ་ཁོ་ནའི་རྐྱེན་ལས་བྱུང་བ་རེད་པཱ། དེ་ལ་བརྟེན་ནས་བོད་རིགས་ནང་ཁུལ་གྱི་མཐན་སྒྲིལ་ལ་གནོད་སྐྱོན་ག་ཙམ་འགྲོ་གི་འདུག། དེ་ལ་བརྟེན་ནས་ཆབ་སྲིད་འཐབ་རྩོད་མཚོན་པའི་ལས་དོན་ཁག་ལ་འཐུས་ཤོར་ཇི་ཙམ་འགྲོ་གི་འདུག་ཚང་མས་ཤེས་གསལ་ལྟར་རེད་པཱ། འདི་འདྲའི་དོན་དག་ཆུང་ཚགས་ཙམ་ལ་གཅིག་གཅིག་ང་མ་བིན་བཟོ་གི་འདུག། གཉིས་གཉིས་ནས་ངའི་ཁ་ལ་ཉན་མ་སོང་། གསུམ་གསུམ་ལ་བློ་ཕམ་བྱུང་ཅེས་གསུང་བསྡད་ན་ལན་པོ་མི་འདུག་པཱ། དེ་བོད་མི་ཤི་གསོན་ཡོངས་ཀྱི་རེ་བའི་མིག་འབུར་གཏོད་ས་ཞིག་གི་སྐད་ཆ་འདྲ་པོ་མི་འདུག་པཱ། འདི་ཚོ་ཡང་བོད་སྤྱི་པའི་རྩ་དོན་ལ་ལྷག་བསམ་དང་སེམས་ཤུགས་ཆེ་དྲགས། སེམས་ཁུར་དང་དོ་སྣང་མང་དྲགས་མདོར་ན་སེམས་ཀྱིས་མ་བཟོད་ནས། གྲོས་འདེབས་ཀྱི་ཚུལ་དུ། བགྲོ་གླེང་གི་ཚུལ་དུ། དྲན་བསྐུལ་གྱི་ཚུལ་དུ། གསལ་འདེབས་ཀྱི་ཚུལ་དུ་སྨྲས་པ་ཉག་ཅིག་རེད་པས། དེ་དག་དང་ལེན་མ་ཐུབ་ན་ཡང་འོས་མེད་ཀྱི་བཀའ་ལྕིད་ཕེབས་ནས་མི་རྣམས་སྡུག་ཏུ་སྦྱར་བ་མི་འོས་འདུག་པཱ། སྐུ་མདུན་གྱི་བཀའ་ཉེས་ཕོག་ནས་འཚོ་བའི་དང་ག་འགགས། ལུས་ཟུངས་ནད་ཀྱིས་མནར། དྲན་པ་གཅོང་གི་ཟིན་པ་ག་ཚད་འདུག། དེ་ཚོ་ལ་ཡང་དགོངས་པ་བཞེས་ན་ཡག་པོ་འདུག་པཱ། སྐུ་ཉིད་ཀྱིས་འཛམ་གླིང་མི་དམངས་ལ་ཕེབས་པའི་བཀའ་སློབ་ཟབ་མོ་དག་ག྄ི་ནང་དོན་ལྟར། རིགས་ཀྱི་ཞེན་པས་གདུང་བའི་བོད་རིགས་ཉུང་ཤས་ཤིག་གི་སེམས་ཚོར་དེ་ཚོ་ཡང་འཛུམ་པའི་གཞིན་གྱིས་གཟིགས། བྱམས་པའི་ཐུགས་ཀྱི་དཔྱོད། བརྩེ་བའི་གསུང་གིས་རྗེས་སུ་གདམས་པ་ལས། སྐབས་འཚོལ་བ་རྣམས་འུར་གྱིས་དཀྲོགས། རྒྱལ་གཅེས་པ་རྣམས་སེམས་ཤུགས་ཉམས་པའི་གསུང་ཐལ་མི་གནང་བའི་རེ་བསྐུལ་ཡང་ཞུ་རྒྱུ་ཡིན་ནོ།
གཞན་༧རྒྱལ་བ་རིན་པོ་ཆེའི་སྐུ་ཡི་གཅེན་པོ་ཞིག་ནས་༼གཅུང་པོ་བཟང་པོ་ཁྱོད་ཀྱིས་བོད་རྒྱལ་ཁབ་བཙོང་སོང་༽ལབ་ནས་བཀའ་བཀྱོན་གནང་རབས་དེ་ཡོངས་ཁྱབ་གསུང་བཤད་ནང་སྐུ་མདུན་རང་ཉིད་ནས་གསལ་པོ་གསུངས་པ་རེད་པཱ། སྐབས་དེ་དུས་སྐུ་ཡི་གཅེན་པོ་ལ་ངོ་རྒོལ་དང་སྐྱོན་བརྗོད་མི་བཟོ་བར། དེ་རིང་ཀླུ་མཁར་བྱམས་ལ་ཐུག་དུས་གོ་སྐབས་མ་འཆོར་བའི་ཐོག་ནས་མཐོ་དམན་དྲག་ཞན་མེད་པར་ཁྱི་ཟུག་འུར་འུར་བྱེད་དོན་ཅི་རེད། སྐུ་ཡི་གཅེན་པོས་༧རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ལབ་དུས་བོད་མིའི་སེམས་ལ་ཕོག་ཐུག་བཟོ་ཡི་མེད་ཅིང་། ཀླུ་མཁར་བྱམས་ཀྱིས་འགྲེལ་བཤད་གོ་སྐོན་ཇི་ཙམ་བརྒྱབས་ཀྱང་ཁྱེད་རྣམས་ཀྱི་ཁོང་ཁྲོའི་སེམས་མགོ་གནོན་མི་ཐུབ་དོན་ཅི་རེད། སྐུ་ཡི་གཅེན་པོས་རྒྱལ་བཙོང་བ་རེད་ལབ་དུས་ཉེས་པ་མེད་ན་ཀླུ་མཁར་གྱི་ལབ་མིན་ལ་མ་ལྟོས་པར་ཉེས་པ་ནམ་མཁར་མི་ཤོང་དོན་ཅི་རེད། འདི་ལྟར་གང་ཟག་སྒེར་གྱི་ངོ་གདོང་ལ་བལྟས་ནས་ཁྲིམས་ལ་བཟོ་བཅོས་དང་ཉེས་པ་ལ་ཡང་ལྕི་བྱས་ཀྱིན་བསྡད་ན། དེ་ནི་དམངས་གཙོའི་ལེགས་བྱང་གོང་གོང་འཕེལ་དུ་འགྲོ་བའི་འགོག་རྐྱེན་ཞིག་ལས་དམངས་གཙོའི་ཆ་ལག་ཚང་བའི་རྒྱུ་རུ་མི་འགྱུར་འདུག་པས། བོད་སྤྱི་པའི་ལས་ཀྱི་སྣེ་མོར་གཏོགས་པ་དག་དང་དད་འབངས་བོད་རིགས་ཡོངས་ཀྱིས་དྲང་བདེན་གཞི་ལ་བཞག་ནས་ཐག་ཆོད་ཡོང་བའི་རེ་བསྐུལ་ཡང་ཞུ་གི་ཡོད་ལགས། ཅེས་སྨྱུག་འཛིན་པས་འདི་ལྟར་བྲིས་འདུག།
དེས་ན་གནད་དོན་ལ་འཇུས་ཏེས་བགྲོ་གླེང་གནང་གལ་ལས་གནས་ལུགས་ལས་གཡོལ་ཏེས་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་ནས་བསྡད་ན། བོད་མི་རིགས་འདི་འགྱེལ་ས་ནས་ནམ་ཡང་ལང་མི་ཐུབ་པས་སོ་སོའི་རྣམ་དཔྱོད་དེ་བོད་དང་བོད་མི་རིགས་འདི་འགྱེལ་ས་ནས་ཇི་ལྟར་ལངས་དགོས་མིན་གྱི་དགོངས་ཚུལ་གསུང་ཐུབ་ན་དགའ་བསུ་ཡོད། དེ་མིན་རྒས་མོ་ཅོ་འཛིང་ལྟ་བུའི་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་མཁན་དག་ལ་ཁ་ཡ་བྱེད་ལོང་མེད་པས་དེ་དོན་དགོངས་འཇགས་འཚལ།
ངའི་ཆབ་སྲིད་གཏན་ནས་མི་ཤེས། རྒྱབ་ལྗོངས་ལ་དེ་ལས་ཀྱང་རྒྱུས་མེད། ཀློག་པ་པོ་ཞིག་གི་བསམ་གཞིག་ལས་འཕྲོས་པའི་ཚོར་བ་རྣལ་མ་བརྗོད་ན།
༡༽ཀླུ་མཁར་བྱམས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཞིག་རེད་བསམ་པ་མི་འདུག ལུས་ལ་སེམས་ཡོད་ཁོངས་ན་སྙིང་ཡོད་མཁན་ཞིག་གིས་མི་ཚེར་བོད་ཀྱི་མི་རིགས་དང་བསྟན་སྲིད་ཆེད་དཀའ་ལས་གནང་མཁན་ཞིག་ལ་ངོ་རྒོལ་བྱེད་པ་ནི་ནམ་ཡང་མི་འོས། དམངས་གཙོའི་སྤྱི་ཚོགས་ཁྲོད་གླེང་བརྗོད་འདྲ་མིན་བྱུང་བ་ཆོས་ཉིད་རེད། དེ་ཙམ་གྱིས་དད་པ་མེད་མཁན་དང་། ངོ་རྒོལ་མཁན་དུ་བརྩི་མི་རུང་སྙམ། ཀླུ་མཁར་བྱམས་ནས་མི་རིགས་ཀྱི་བདེ་སྡུག་གི་ཚོར་བ་དང་སྐྱོ་གདུང་གི་་ན་ཟུག་མ་བཟོད་པར་ཚིག་སྣེ་ཕྲན་བུ་རེར་སྟེང་འགལ་ཞབས་འཛོར་རེ་བྱུང་འདུག་སྙམ།
༢༽མི་རིགས་ལྟ་གྲུབ་ཀྱི་ཆ་ནས་སྲིད་སྐྱོང་དུ་འདམས་མཁན་ཁྲོད་ཁོ་ལས་ལྷག་པ་གཅིག་ཀྱང་མི་འདུག
༣༽མི་རིགས་ཤིག་ཡར་རྒྱས་གཏོང་བ་ལ་ཆིག་སྒྲིལ་མེད་མི་རུང་། དེ་ཡང་མི་རིགས་ཀྱི་ལྟ་བ་ཤུགས་ཆེར་ཡར་རྒྱས་འགྲོ་དགོས་སྙམ། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གཅིག་འོག་ལ་གཅིག་མི་འདུ་བས་ཁ་ཆེ་ལྟ་བུའི་ཆོས་ཞེན་གྱིས་ཆིག་སྒྲིལ་གྱི་ནུས་པ་མི་ཐོན། རྒྱ་ནག་མཉྫུ་འོག་ནས་ཡར་ལངས་དང་། རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་སོགས་ཆོས་ལུགས་ཀྱིས་ཆིག་སྒྲིལ་ཐུབ་པ་མིན་ཚུལ་ཤེས་དགོས།
༤༽སྤྱི་ཚོགས་རིང་ལུགས་དང་། དམངས་གཙོའི་རིང་ལུགས་སོགས་གང་རུང་ཞིག་ལ་ཡིད་ཆེས་ཁྱད་པར་བ་རྙེད། དེའི་ཁར་མི་རིགས་ཀྱི་ལྟ་བ་སྲ་བརྟན་ཆགས་ན་ཆོས་ལུགས་ཀྱི་ཞེན་པ་ལས་ཀྱང་ནུས་པ་ཆེ་བ་ཡོང་ངེས་པ་རེད། ཆོས་ལུགས་ཀྱི་ལྟ་བ་ནི་ཆོས་གཙོ་བ་དང་། སྤྱི་ཚོགས་ཀྱི་ལྟ་བ་ནི་མི་གཙོ་ཆེ་བས་མིའི་སྤྱི་ཚོགས་ལ་བདག་འཛིན་ཤུགས་ཆེར་རྒྱས་པའི་ཐབས་ལམ་ཡག་པོ་ཞིག་རྙེད་ན་དེ་ལ་འོས་ཤོག་ཐོབ་ངེས་པ་རེད། ནང་ཆོས་ནི་བདག་འཛིན་གཅོད་བྱེད་ཀྱི་ཐབས་ལམ་ཡིན་མོད། ཆོས་ལུགས་ཀྱི་སྤྱི་འཐུས་དང་། ཆོས་པ་ཆབ་སྲིད་པ་དག་གི་ཕྱག་ལས་ནི་བྱང་ཆུབ་སེམས་དཔའི་རང་གཞན་གྱི་དོན་སྒྲུབ་ཐབས་ཞིག་ལ་འཇོག་པ་ལས་འོས་མེད།
༥༽མདོར་ན་གནད་དོན་ལ་འཇུས་ཏེ་བགྲོ་གླེང་བྱེད་དགོས་པ་ནི་གལ་གནད་རེད། གནད་དོན་ལ་ཡོལ་ཐབས་ཀྱིས་སྐྱོན་བརྗོད་བྱེད་པ་ནི་ཁྲེལ་མེད་ཚོའི་སྐད་ཆ་བཤད་ཚུལ་རེད། ཆོས་པ་ཞིག་ཡིན་ན་མ་རྒན་སེམས་ཅན་སུ་ཡིན་ཡང་དྲིན་ཅན་ཞིག་ཡིན་བསམ་དགོས། མི་ཡོན་ཏན་ཅན་ཞིག་ཡིན་ན་དགྲ་གཉེན་ཆོས་ལུགས་སུ་ཡིན་ཡང་གུས་པ་བྱེད་དགོས། ཞེས༧གོང་ས་མཆོག་གིས་དེ་འདྲ་བོ་ཞིག་གསུངས་ཡོད་སྙམ། ཕྲན་ལྟ་བུའི་ཚིག་འདི་སྐྱོར་དུས་རང་གི་ལྕེས་ཀྱང་རྫུན་རྐྱལ་ཞེས་ཞེ་ཁྲེལ་བཏང་ཡོང་གི་འདུག །འོན་ཀྱང་ངོ་ཚ་ལ་མ་འཛེམས་པར་བཤད་ཤོར་སོང་། །
༦༽ངས་ཀླུ་བྱམས་ལ་རྒྱབ་སྐྱོར་མི་བྱ། ང་ནི་མི་རིགས་འདྲེས་མ། ཆབ་སྲིད་མི་ཤེས། ལྟ་གྲུབ་མེད་མཁན། ཤ་ཞེན་ཆུང་བ། ལ་རྒྱ་མེད་པ། སྤྱི་དོན་མི་སེམས། རང་དོན་གཉེར་མཁན་ཡིན་པས་སོ། །དེ་བཞིན་སྲིད་སྐྱོང་ཡར་ལང་མཁན་སུ་ལ་ཡང་རྒྱབ་སྐྱོར་མེད། ང་ལ་འདམ་ཤོག་གི་ཐོབ་ཐང་གཏན་ནས་མེད་པས་སོ། །སུ་ལ་ཐོབ་ཀྱང་ཁྱད་པར་མེད། ངའི་མེས་པོའི་སྲིད་གཞུང་ནམ་མཁའི་དམུ་ཐག་ལ་འཇུས་ནས་ཕེབས་ཟིན་ལ། སྒྲིགས་འཛུག་འདི་དང་བུ་ལོན་ལན་ཆགས་ཀྱི་འབྲེལ་བ་མེད་པས་སོ། ། གླེང་བརྗོད་ཐོར་བུ་རེ་སྤེལ་སྲིད། དེ་ནི་ང་གཏམ་ལ་དགའ་ཞིང་དཔྱད་ལ་གོམས་པའི་བག་ཆགས་འབའ་ཞིག་གོ །མདོར་ན་ཀུན་ལ་བཀྲ་ཤིས་བདེ་ལེགས་ཡོད། །
འདི་བོད་ནང་ནས་བཤད་པ་ཨེ་ཡིན་མི་ཤེས། གལ་ཏེ་ཡིན་པའི་དབང་དུ་བཏང་ཡང་ཧ་ལས་རྒྱུ་ཅི་ཡོད། དེང་སང་བོད་ནང་ལ་ཡང་རྩ་མ་ཚང་བའི་མི་འགའ་ཞིག་ཡོད་པ་རེད། ཁོ་ཚོས་ཕྱི་ལོག་གི་དངོས་ཡོད་གནས་ཚུལ་མ་ཤེས་པར། རང་བཙན་ཁ་ལ་ཁྱེར་ནས་གོང་ས་མཆོག་ལ་ཁ་གཏོང་མཁན་དང་བོད་པའི་སྤྱི་ཚོགས་དཀྲུག་མཁན་ཚོའི་གཡོ་འོག་ལ་ཚུད་ནས་ཅིག་བཤད་ཁ་བྱེད་ཀྱི་ཡོད་པ་རེད།
༼དེ་ནི་ང་གཏམ་ལ་དགའ་ཞིང་དཔྱད་ལ་གོམས་པའི་བག་ཆགས་འབའ་ཞིག་གོ༽
ལེགས་ཉེས་ཀྱི་ཕུག་རྒྱང་ལ་བསམ་བློ་མེད་ན། སྐབས་འདི་ལ་ཁ་རྒྱགས་པ་དང་མགོ་བདེ་བདེ་འདྲ་བྱས་ན་འགྲིག་འགྲོ།
ཡིན་ན་ཡང་།
ང་ཚོ་ནི་དགྱ་ནག་འཐོར་བའི་མཐའ་ནས་འཚོ་དགོས་བ་ཞིག་ཡིན་དུས།
ཇ་ཁང་ཆང་ཁང་གི་འུར་རྩ་ལ་འབྱར་ནས། གཅེས་ཕྲུག་ཚོར་མགོ་སྐོར་དང་། དྲིན་ཆེན་ཚོར་བཀའ་ལོག་ཞུ་མི་ཉན།
བོད་ནང་གི་བོད་མིའི་བདེ་སྡུག་གཅིག་པོ་རྩོད་ངོ་མ་ཡིན་ན།
རྡ་སའི་རི་གྲོང་གཅིག་པོ་ལ་རྐུབ་བཞག་ནས་ཨ་མའི་བུ་ལ་འཇོན་ཐང་ཡོད་རབས་བཤད་པས་ཅི་ཕན།
ཨ་རི་དང་ཁ་ན་དྲ། དབྱིན་གོ། ཨོ་སུ་ཁྲི་ལེ་ཡ་སོགས་ན། མཁས་བ་ཡིན་ཟེར་མཁན། འཇོན་པ་ཡིན་ཟེར་མཁན། བོད་སེམས་ཆེ་ཟེར་མཁན། ཆབ་སྲིད་ཤེས་ཟེར་མཁན་སྐོར་ཞིག་ཡོད་པ་རེད། དེ་ཚོ་ཡོད་སར།
གནམ་བརྟོལ་ནས། ས་བཤག་ནས་ཅིག་སོང་དང་། ང་ཚོས་ལྟ་ཆོག་གི་རེད། ཁྱེད་ཚོ་ལྟ་བུ་ལ་ནུས་བ་འཇོན་པ་ཅི་ཞིག་ཡོད་པ་ཕྱི་ལ་བཏོན་རན་ཡིན།
ཕྱི་བྲན་ནང་དགྲ་བ་ཁྱེད་ཚོ་ལ་ཅི་གང་མེད་པ་མ་ཡིན་པའི་དཔའ་རྟགས་ཤིག་ཡོད་ན་གོ་སྐབས་ཡོད་ས། རང་དབང་ཆེ་ས། དངུལ་རྩ་མཐོ་ས་དེ་ཚོ་ནས་ཅིག་འཕག་དང་།
ད་གོང་ས་མཆོག་གི་རྒྱབ་བསྐྱོར་བ་ཡིན་མདོག་སྟོན་མཁན་ཚོ་ཐང་ཆད་འདུག ད་དུང་གནད་གོ་མི་འདུག བོད་རྒྱལ་ཁབ་སུའི་ལག་པ་ནས་ཤོར་སོང་ན་དེ་ལ་འགན་ཡོད་པ་ལས་དེའི་ཕྱིས་སུ་བྱུང་མཁན་ཚོར་འགན་ཡོད་པ་མ་རེད། སོ་སོ་ལས་འགུལ་དེའི་ནང་ཞུགས་ཀྱི་ཡིན་ཟེར་ན་འོས་ཡོད་པ་རེད།
དེ་འདྲ་ཡིན་ན་བོད་ཤོར་མཁན་གྱི་མི་རབས་དེ་ཕལ་ཆེར་རྫོགས་ལ་ཉེ་འདུག་པས་ད་ཡིན་ན་འགན་མེད་རྐྱང་ཆགས་གྲབ་འདུག རྒྱ་གུང་ཕྲན་དང་དེའི་རྗེས་འབྲང་བ་ཚོའི་འདོད་པ་འགྲུབ་རེན་ཡོད་པ་འདྲ།
གཡག་རྐུས་ནས་ལོ་ལྔ་བཙོན་ཁང་ལ་འདུག་དགོས་པ་རེད་དམ། ཁྲིམས་ལུགས་མི་་ཤེས་མཁན་རང་རེད། ལོ་ལྔ་བཙོན་ཁང་ལ་བསྡད་པ་ཡོངས་གྲགས་རེད། ངོ་མ་ཆོས་སྐྱོངས་གཤིན་རྗེ་ཡོད་ན་དེ་ཚོའི་རིགས་ལ་དྲང་བདེན་གྱིས་ཁྲིམས་གཅོད་གཏོང་དགོས་ངེས་རེད། ད་གང་ལྟར། བསྐལ་བ་དང་པོར་་་གོང་ས་མཆོག་དགོས་སམ་ལི་ཐང་ཨ་ཐར་དགོས་ཟེར་ནས་གདམ་ཁ་སྤྲད་པ་རེད། བར་གྱི་བསྐལ་པ་ལ། གོང་ས་མཆོག་དགོས་སམ་དོལ་རྒྱལ་དགོས་ཟེར་ནས་གདམ་ཁ་སྤྲད་པ་རེད། ད་ལྟ་དུས་ཀྱི་མཐའ་མ་ལ། གོང་ས་མཆོག་དགོས་སམ་ཀླུ་མཁར་བྱམས་དགོས་ཟེར་ནས་གདམ་ཁའི་སྐད་ཆ་ཞིག་འདུག དེ་ལྟར་ན་གོང་ས་མཆོག་དང་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ཀྱི་དབར་ལ་འགྲན་ཚོད་ཅིག་སླེབས་པའི་བཟོ་འདྲར་མཐོང།།
སྤྱིར་ན་ཀླུ་མཁར་གྱིས་གཡག་རྐུས་ཏེ་བཙོན་འཇུག་བྱས་པ་རེད་ཟེར་བར་ངོས་ལེན་མེད། ཡིན་ནའང་། ད་ནི་ངོས་ལེན་མི་བྱེད་ཐབས་མེད་ཆགས་སོང་། རྒྱུ་མཚན་ཀླུ་མཁར་རང་ཉིད་ནས་ངོས་ལེན་བྱས་ཏེ་གསལ་བསྒྲགས་སྤེལ་འདུག ཉེ་ཆར་ཕྱི་རྒྱལ་བ་ཞིག་གིས་སྐད་ཆ་དྲི་སྐབས་ཀླུ་མཁར་རང་གིས་ཁས་ལེན་བྱས་ཏེ་རྒྱ་གཞུང་གི་ཤོག་ཐོག་ཏུ་དེ་ལྟར་ཡོད་པ་བཤད་སོང་། དེ་ནས་ང་ལ་དོགས་པ་མི་འདུག
ཀླུ་མཁར་གྱིས་རྒྱུ་མཚན་གཞན་ཞིག་བཤད་སོང་། གལ་སྲིད་གཡག་རྐུས་པ་རེད་མ་ལབ་ན་རྒྱ་གཞུང་གིས་ཆབ་སྲིད་ལས་ཀ་བྱས་པ་རེད་ཅེས་བརྗོད་ཤེས་ཀྱིན་མེད་པས་རེད་ཟེར། དེ་ལྟར་ཡིན་ན་བོད་ལ་ཆབ་སྲིད་བཙོན་པ་སྟོང་ཕྲག་བརྒལ་བ་ཡོད་པས་དེ་ཚོ་ཚང་མར་རྐུན་མིང་བཏགས་ཡོད་པ་རེད་དམ། གལ་སྲིད་དེ་ཚོར་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང་། སྲིད་གཞུང་ངོ་ལོག་པ་སོགས་བཏགས་ཡོད་ན་ཀླུ་མཁར་གཅིག་པོར་གཡག་རྐུན་འབྲི་དགོས་དོན་གང་ཡིན་ནམ། ཧེ་ཧེ་ཧེ་་་
ལི་ཐང་ཨ་ཐར་གྱིས་མདོ་སྟོད་ཐེ་ཝན་བོད་སོག་ལས་ཁུངས་ལ་བཙོང་འཆར་འཐེན་པ་རེད། དོལ་རྒྱལ་གྱིས་དགེ་ལུགས་པ་མ་ཡིན་པའི་ཆོས་རྒྱུད་རྩ་མེད་ཀྱི་ངན་ཇུས་འཐེན་པ་རེད། ཀླུ་མཁར་གྱིས་བོད་མིའི་སྒྲིག་འཛུགས་གཏོར་རྒྱུར་གྲ་སྒྲིག་བྱས་པ་རེད།
ཡིན་དང་ཡིན། སངས་རྒྱས་ནི་གདོན་འདྲེ་ཡི་ཁ་གནོན་ཡིན་པས་གང་ན་གདོན་འདྲེ་ཡོད་ན་དེ་ལ་སངས་རྒྱས་ཀྱང་ཕེབས་ངེས་ཡིན་པས། གདོན་འདྲེ་འདི་རིགས་ཚར་གཅོད་ཆེད་མི་མང་གིས་ལངས་ཕྱོགས་མ་ནོར་བ་ནི་བོད་པ་མི་མང་ལ་དཔྱད་འདེམས་ཀྱི་མིག་ཡོད་པས་རེད། བོད་རྒྱལ་ལོ།
བོད་པ་མི་མང་རྒྱལ་ལོ།
གོང་ས་མཆོག་གི་ངབུ་མའི་ལམ་ཕྱོགས་ནི་སྲིད་ཁོ་ན་སྐྱོང་བའི་ལམ་ཞིག་མིན་པས་སྲིད་འཛིན་ཞིག་ཡིན་ན་སྲིད་ཁོ་ནས་ལངས་ཕྱོགས་འཛུགས་པ་ནི་ཧ་ཅང་གལ་ཆེ་བས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལྟ་བའམ་ལངས་ཕྱོགས་ནི་སྲིད་འཛིན་ཞིག་གི་ངོས་ནས་ལངས་ཕྱོགས་བཙུགས་པ་ཡིན་པས་དེ་ལ་བསམ་བློ་ནན་གྱིས་གཏོང་དགོས་པ་ལས་ཅོལ་གཏམ་ཙམ་བཤད་ག་ལ་འོས།
བོད་རྒྱ་ལག་ཤོར་དུས་རྒྱ་ནག་ཁ་ཐུག་ངོ་ལོག་རྒྱག་ཐུབ་མཁན་གཅིག་རང་ཡོད་པ་ནི་ལི་ཐང་ཨ་ཐར་སོགས་བསྟན་བསྲུང་དངས་ལོངས་དམག་སྒར་ཡིན སྡེ་བ་གཞུང་གི་སྐུ་དྲག་དང་མི་དྲག་བླ་དྲག་ཚོ་ཚང་མས་རང་མགོ་གང་ཐོན་གྱིས་བྲོས་ལམ་ལ་རྩ་མི་སྐྱེ་ཞེས་ཤོད་སྲོལ་པ་བཞིན་བྲོས་ཡོངས་དུས ཆུ་བཞི་སྒང་དྲུག་དམག་མིས་རང་སྲོག་བློས་བཏང་ནས་སྐུ་མདུན་སྲུང་སྐྱོབ་དང་མི་དམངས་སྣ་ཁྲིད་པ་སོགས་བྱས་རྗེས་ཚད་ལས་བརྒལ་བ་མང་པོ་བཞག་ཡོད་ཀྱང རྒྱ་ནག་གི་རྩོམ་སྒྲུང་སྐད་གྲགས་ཆེན་པོ་ཆུ་ངོགས་གཏམ་རྒྱུད་ནང་བཞིན་མི་སྣ་སྐད་དྲག་ཙན་དག་རེ་རེ་ནས་མེད་པ་བཟོས་པ་ཅིས་མི་ཤེས
མཚོ་སྔོན་པོ་བ་མཚོ་ལ་གཡུག་དུས་འདྲ་བྱུང་ན། ཀླུ་བྱམས་ལ་སྲོག་མགོ་སྐྱོབས་པའི་ཀོ་རྐྱལ་ཙམ་ཡང་མེད།
ཁོ་ས་རྒྱང་མི་ཆོད་ནི་ཞིག་དང་། བཙན་གཞུང་ལ་མི་དགའ་ནི་ཞིག་རེད།
བོད་ལ་གཏམ་དཔེ་ཞིག་ཡོད། གཅིག་ལ་མ་འགྲིག་ན་གཞན་སྐྱོན་ཡིན། མང་ལ་མ་འགྲིག་ན་རང་སྐྱོན་ཡིན་ཟེར་བ་ལྟར། ཁོ་ལ་འགྲིག་མཐུན་བྱེད་ནིའི་མགོ་བ་དཔོན་པོ། ལོ་ལོན་རྒན་མགོ། བླ་མ་གྲྭ་བ། རྩ་ཚང་ནིའི་ཡོན་ཏན་ཅན་གཅིག་ལ་མེད།
དེ་ན་སུ་ཡོད་བ་རེད་ཟེར་ན། ༧གོང་ས་མཆོག་དང་བཙན་བྱོལ་ཡ་མཐོར་ལ་འགྲོ་འདོད་རེ་བའི་གསང་མངོན་གཉིས་ན་གནས་བའི་མི་བུ་རྫབ་ཆེན་མྱུང་ཤས་ཡིན། ཁོང་ཚོར་དགོས་བ་དེ་བོད་མིན། ཏང་དངུལ་ཡིན། ཏང་དངུལ་གྱི་ཆར་བ་འབབ་པར་རེ་བའི་མི་རབས་ལད་པོ་དེ་ཚོ་ཡིན།
མིག་ལོང་བརྒྱ་ནི་འཛོམས་གྱུར་ཀྱང།
མིག་ལྡན་གཅིག་ལ་འགྲན་མི་ནུས།
སྤྲེལ་ལད་མཁན་ནི་འཛོམས་གྱུར་ཀྱང།
ཀླུ་བྱམས་དཔའ་བོར་འགྲན་མི་ནུས།
གནམ་ལགས་ཀྱིས། (གཅེས་ཕྲུག་ཚོར་མགོ་སྐོར་དང་། དྲིན་ཆེན་ཚོར་བཀའ་ལོག་ཞུ་མི་ཉན།)ཚིག་འདི་བདེན་པའི་གཏམ་རེད།
༡༽ཆབ་སྲིད་གཉེར་མཁན་སུ་ཡིན་ཡང་རང་གི་མི་རབས་མི་བརྒྱུད། གཞོན་པ་གསར་སྐྱེས། གཅེས་ཕྲུག་སྙིང་འདྲ་བ་ཚོར་ལོ་རྒྱུས་བདེན་པ། མདུན་ལམ་གསལ་བོ། རིག་གཞུང་གཙང་མ་། མཐུན་སྒྲིལ་བརྟན་པོ། སློབ་གསོ་ཚད་ལྡན་རེ་གཏོང་རྒྱུ་གལ་ཆེན་པོ་རེད། དཔེར་ན། རྒྱ་ནག་དམར་ཕྱོགས་ཀྱི་བརྒྱུད་འཛིན་ཚོར་བརྒྱ་ཆའི་༩༠་ལ་གུང་ཁྲན་གྱི་ལྟ་བ་བརྟན་པོ་གནས་ཐུབ་ཡོད། རྒྱུ་ནོར། བུད་མེད། གོ་གནས་གསུམ་མིན་ཚད་གུང་ཁྲན་གྱི་ལྟ་ཡང་དག་པ་དང་། བློ་གཏད་ཐུབ་པར་བརྩི།
༢༽མི་རིགསཀྱི་ཆེད་དུཡོད་ཚད་གཏོང་བའི་སྤོབས་པ་ཅན་རྒྱལ་པཎ་རྣམ་གཉིས། མཁས་པ། ཚོང་པ། ཆབ་སྲིད། དམག་དོན། ལུས་སྲོག་ལོངས་སྤྱོད་གཏོང་བའི་དཔའ་བོ་རྒོད་པོ་ཚོའི་སྐྱོན་ཆ་ནན་གྱིས་མི་བཙལ། སྐྱོན་བརྗོད་ཡོན་ཏན་དུ་མི་རློམ། དྲིན་ལན་ལོག་མཇལ་མི་བྱ། རང་གི་མི་རིགས་ཀྱི་ལོ་རྒྱུས་ལ་སྐྱོན་བྱེད་པ་ནི་རང་ལ་སྐྱོན་བརྗོད་བྱེད་པ་ལས་ཀྱང་ངན་པ་ཐ་ཆད་ཡིན་པས། ལོ་རྒྱུས་ཀྱི་མི་སྣ་བྱས་རྗེས་ཅན་དེ་དག་གི་ལེགས་ཕྱོགས་རྒྱ་ཆེར་བསྒྲགས། གཞོན་པའི་མིག་ལྟོས་དང་། དེ་ཚོའི་བཞེད་དོན། འོད་སྟོང་འབར་བའི་མི་རིགས་ཀྱི་གཟི་བརྗིད་ཕྱོགས་བཅུར་འགྱེད་པའི་ཐབས་ལ་བརྩོན་དགོས་པ་ནི། དྲིན་ཤེས་ཤིང་དྲིན་བཟོ་བའི་ཤེས་ལྡན། མཛང་ལྡན། བློ་ལྡན། སྤོབས་པ་ལྡན་པ། ལྷག་བསམ་ལྡན་པ། ལ་རྒྱ་ལྡན་པ་དག་གི་གཉེར་བྱ་ཡང་དག་པའོ། །
༣༽ལོ་རྒྱུས་ཀྱི་མི་སྣ། བྱས་རྗེས་ལྡན་པ་རྣམས་དང་། ད་ལྟའི་དཔུང་གྲོགས་དག་དང་ལྟ་བ་མི་མཐུན་པ་ཕྲན་བུ་བྱུང་བ་དང་སྐྱོན་ཐམས་ཅད་དེ་ལ་སྤུང་ནས་གནོད་པ་བྱེད་ཅི་ཐུབ་བྱ་བ་ལས། རྒྱུ་འབྲས་དང་གང་མཐུན། གཏན་ཚིག་སུ་ཆེ། དངོས་དོན་ལ་དམར་འཇུ་བྱས་ནས་བགྲོ་གླེང་བྱས་ན་དོན་ཆེ་བར་སེམས། །
༤༽ལོ་རྒྱུས་མི་སྣ་ནག་གསུམ་གཏོང་བ་ནི་རང་གི་མི་རིགས་ཀྱི་ལོ་རྒྱུས་ནག་པོ་གཏོང་བ་ཡིན། ལོ་རྒྱུས་ལ་སྟོང་ཆ་བཟོ་བ་དང་། ལོ་རྒྱུས་ཀྱི་སྲོག་རྩ་གཅོད་པ་ཡིན། སྐབས་དེའི་མི་རབས་བཀྲག་མདངས་མེད་པའི་སྐྱ་བོར་བཟོས་པ་ཡིན༎ ལོང་བ་བཟོས་པ་ཡིན། ཞ་བོ་བཟོས་པ་ཡིན། རོ་རུལ་དུ་བཟོས་པ་ཡིན། མི་གཅིག་གི་ལོ་རྒྱུས་ཙམ་མིན་པར་མི་རབས་བརྒྱུད་པ་གནོད་པས་བག་ཡོད་པ་གནང་དགོས། ༎
དྲི་མེད་ལགས་ཀྱིས་གསུང་པ་འདི་དྲང་པོ་གཅིག་ལ་ངོས་འཛིན་ཞུ་ཐུབ། ཁྱེད་རྣམ་དུས་ཚོད་ཆུད་ཟོས་སུ་མ་གཏང་བ་དྲང་བདེན་ཞིག་བརྗོད་ཐུབ་ན་ངོ་མ་བོད་མི་རིགས་ལ་ཕན་ཐོག་དང་། ལམ་ཡག་པོ་ཞིག་སྟོན་ཐུབ་ཀྱི་རེད། དྲང་པོར་བསམ། དྲང་པོ་བརྗོད། དྲང་པོའི་ལམ་སྣེ་ལ་འཇུག་རོགས་གནང་། རེ་བསྐུལ་ཡིན།
ཨ་འབྲུག་སྦའཡིན་བདག་སོགས་བསྟན་སྲུང་དངས་བླང་དམག་གིས་བྱེད་རྗེས་འདྲན་ཟླ་བྲལ་བ་བཞག་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ལི་ཐང་ཨ་ཐར་སོགས་མི་འགའ་ཞིག་གིས་རྐང་རྗེས་ལག་པས་བསུབས་ཡོད། ལི་ཐང་ཨ་ཐར་གྱིས་དོལ་རྒྱལ་ཆེད་དུ་བླ་མ་དང་རང་གཞུང་ཚང་མ་བློས་བཏང་ཡོད། ཁོ་ལྟ་བུ་ལ་བྱེད་རྗེས་ཅན་གྱི་ཐ་སྙད་དེ་ནམ་ཡང་མི་མཛའ།
ནོར་བཅོས། ཨ་འབྲུག་སྦྱིན་བདག་ཅེས་བཅོས།
ཀླུ་མཁར་བྱམས་ཀྱིས་གཡག་བརྐུས་ནས་བཙོན་ཁང་ནང་ལོ་ལྔར་བསྡ་པ་དེ་་་་ཀླུ་བྱམས་ཀྱི་ཕ་ཡུལ་གྱི་ས་གནས་སྲིད་གཞུང་གི་ཡིག་ཆའི་ངོར་གསལ་པོ་བཀོད་འདུག་ཟེར་་་དེར་ཁོང་གི་འཛུབ་ཐེ་ཡང་འདུག་ཟེར། དེ་ཡོད་པ་དེ་ཀླུ་བྱམས་ཁོ་རང་གིས་བརྙན་ཐུང་ནང་འགྲེལ་བརྒྱབ་འདུག་་་་ཧཧཧཧཧ་་་་་ཆབ་སྲིད་བཙོན་ཟུར་ཡིན་ནམ་་་་ཆབ་སྲིད་བཙོན་རྫུན་ཡིན་་་་་་་
དེང་སང་བཙན་བྱོལ་སྤྱི་ཚོགས་ནང་ལ་འཐབ་ཕྱོགས་གཅིག་འགྱུར་གྱི་གླ་བརླན་ལེན་མཁན་གང་ཙམ་ཡོད་ཚོད་འདུག།
༡༽ ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ་ངོ་ཚ་ཞེ་ཁྲེལ་མེད་པའི་སྐད་ཆ་ཤོད་མཁན་ཡང་འདུག།
༢༽ ༧གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ལ་དགོངས་བཞེད་ཀྱིས་ཆབ་སྲིད་ཀྱི་འགན་དབང་མི་མང་ལ་སྩལ་ཏེ་མང་ཚོགས་ཀྱིས་འདེམས་པའི་སྲིད་སྐྱོང་ཤེས་འཇོན་གཉིས་ལྡན་འཛམ་གླིང་དབུ་འཁྲིད་གཞན་དང་དཔུང་པ་མཉམ་བཤིབས་ཀྱིས་ལས་དོན་སྒྲུབ་ཐུབ་མཁན་ལའང་གཞི་མེད་སྐྱོན་འཛུགས་དང་། མ་ཉེས་ཁ་གཡོག་བྱེད་ཀྱི་འདུག།
༣༽ དོན་སྙིང་༧གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་མི་རབས་རྒན་པ་ཚོས་སྐུ་ངལ་ཆེན་པོའི་འོག་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་པ་འདི་གཏོར་བཤིགས་གཏོང་འཆར་མིན་ནམ་སྙམ་གྱི་འདུག་པས་འབྲེལ་ཡོད་མཛད་གཙོ་རྣམ་པས་ཉམས་ཞིབ་གནང་རྒྱུའི་དུས་ལ་སླེབས་མེད་དམ་སྙམ་གྱི་འདུག་པས་དགོངས་འཇགས་ཞུ།།
བུ་དང་བུ་མི་འདྲ་ཟེར་བ་ཅི་མ་བདེན། གོང་ས་མཆོག་གིས་ཀྱང་སྐྱོན་བརྗོད་གསན་སྐབས་བློ་ཕམ་ཡོང་གི་ཡོད་མོད། ཨ་ཚོགས་ཀླུ་མཁར་བྱམས་མཆོག་གིས་སོ་སོར་སྐྱོན་བརྗོད་བྱེད་མཁན་གྱི་སྐད་ཆར་གཟབ་ནན་གྱིས་ཉན་གྱི་ཡོད་གསུངས་པ་དེ་ངོ་མཚར་རེད།
་་་་་་་་་་ ཀླུ་མཁར་བྱམས་ཀྱིས་གཡག་བརྐུས་ནས་བཙོན་ཁང་ནང་ལོ་ལྔར་བསྡ་པ་དེ་་་་ཀླུ་བྱམས་ཀྱི་ཕ་ཡུལ་གྱི་ས་གནས་སྲིད་གཞུང་གི་ཡིག་ཆའི་ངོར་གསལ་པོ་བཀོད་འདུག་ཟེར་་་དེར་ཁོང་གི་འཛུབ་ཐེ་ཡང་འདུག་ཟེར། དེ་ཡོད་པ་དེ་ཀླུ་བྱམས་ཁོ་རང་གིས་བརྙན་ཐུང་ནང་འགྲེལ་བརྒྱབ་འདུག་་་་ཧཧཧཧཧ་་་་་ཆབ་སྲིད་བཙོན་ཟུར་ཡིན་ནམ་་་་ཆབ་སྲིད་བཙོན་རྫུན་ཡིན་་་་་་་ ་་་་་་་་
འདི་འདྲ་དངོས་བདེན་ཡིན་ན། བོད་རིགས་ལས་བྱེད་ནས། ལམ་སང་ཕུད་དགོས་རེད།
་་་་་ཧཧཧཧཧ་་་་་ཆབ་སྲིད་བཙོན་ཟུར་ཡིན་ནམ་་་་ཆབ་སྲིད་བཙོན་རྫུན་ཡིན་་་་་་་
ཆབ་སྲིད་བཙོན་ཟུར་དང་བཙོན་རྫུན་སུ་ཡིན་དཔྱད་འདོད་ན་ཨོའུ་གླིང་ནང་༼བཙོན་པའི་མིང་ཁུར་ནས༽འབྱོར་ཟིན་པའི་བོད་པ་ལ་ལྟོས་ཅིག་་་་དེ་ནས་གནས་ཚུལ་མང་པོ་ཡོད་རེད། མ་གཞི་ལས་ཀ་འདི་བདེ་སྲུང་བཀའ་བློན་དངོས་གྲུབ་ཀྱིས་འགན་འཁྱེར་ཡོད་པས་བཟང་ངན་གང་བྱས་ཡོད་ཁོང་ལ་དྲིས་དང་ལན་ཐར་ཐོར་གནང་ངེས།
ཨ། ལྡོང་སྲས། ཀླུ་མཁར་གྱིས་རང་བཙན་ལྟ་བ་ཁར་འཁྱེར་ནས༸གོང་ས་མཆོག་གིས་མ་འགྲིག་མ་འཐུས་པ་དང་ལམ་དབུ་མར་སྐྱོན་བརྗོད་བྱས་པ་དངོས་ཡོད་གནས་ཚུལ་རེད། དེས་རྐྱེན་གྱིས་ད་རེས་ཀླུ་མཁར་ལ་ས་གནས་ཁག་ཅིག་གིས་གཏམ་བརྗོད་སྟེགས་བུ་མ་སྤྲད་པའང་དངོས་ཡོད་གནས་ཚུལ་རེད། ལྡོག་ལྡོག་འདིར་སུས་ལན་པ་བཤད་མ་དགོས་པ་ཞིག་རེད། ཉིད་ནས་བཙན་བྱོལ་ནང་ཀླུ་མཁར་ལ་རྒྱབ་སྐྱོར་གྱི་ཡི་གེ་འགོད་རྒྱུ་མ་རྙེད་པར་ཚོར་བའི་ཟིན་པས་བོད་ནང་གི་ཡི་གེ་ཞིག་འདིར་འགོད་ཁུལ་བྱས་ཀྱང་ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་པ་ནི་དངོས་ཡོད་གནས་ཚུལ་ལས་བརྒལ་ཏེ་ཚོར་བ་དབང་བཙན་པའི་རྗེས་རྒྱུག་ལས་གང་ཡང་མ་འདས་པས་ཡུལ་ཕྱོགས་དང་གྲོགས་འབྲེལ་གྱིས་ཡིག་འཁྱམས་ཅི་ཙམ་དཔུང་དུ་འཁྱེར་ཡང་ཕན་འབྲས་ནི་ནམ་མཁའི་སྐར་མ་ལས་མི་སྲིད་དོ།
འཇམ་ནོར། ལྷག་བསམ། གཞོན་ལྷན་ཚོགས་ཟུར་མགོ་དམར་གསུམ་པོ། བོད་རང་བཙན་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་གསུམ་རེད།
རང་བཙན་རྩོད་པ་ཙམ་གྱིས་མི་དགའ་མི་བྱས་པའི་ཁུངས་ནི། བསྟན་འཛིན་བརྩན་འགྲུས་ལྟ་བུ་འགའ་ཤས་ཡོད་རེད།
འོནད་ཀྱང་ངས་ནི། ཁོང་ཚོ་ལ་ཡང་རྒྱབ་སྐྱོར་བྱེད་མི་ཐུབ་གང་ཡིན་ཟེར་ན། རང་བཙན་པས། དབུས་ལམ་གྱི་རྒྱ་བོད་མོས་མཐུན་ལ་བགེགས་བྱས་ནས་དུས་ཚོད་རིང་དུ་གཏོང་བས་རེད། ད་མཁྱེན་སོང་ངམ།
ཀླུ་བྱམས་ནི། བོད་གཞིས་བྱེས་སུ་མི་དགོས་པའི་སྤྲང་འཁྱམས་པ་ཅིག་ཡིན་ཚོད་འདུག ད་ག་ལེར་ཤེས་སོང་།
རྒྱ་བཙོང་བ་ཚོའི་རྒྱ་ནག་སྐད་ཆ་ལ་རྒྱབ་རྩ་ལོས་ཡོད ཡིན་འང་གཡག་ཞིག་རྐུས་ནས་ལོ་ལྔ་བཙོན་ལ་ཚུད་རེད་ཟེར་ན དེ་ལ་ཡིད་ཆེས་མཁན་ནི་བཤད་མཁན་རྒྱ་ནག་གཞུང་ཁོ་རང་ཚོ་དང་རྒྱལ་བཙོང་བ་ཁ་ཤས་ཕར་ཕུད་འཛམ་གླིང་མི དམངས་སུ་ཡང་ཡིད་ཆེས་མི་སྲིད རྒྱལ་ཁབ་བཙོང་བ་མ་ཚད་་ནང་མགོ་རྡུང་མ་ཡོངས རྒྱ་ནག་གཞུང་དང་མི་དམངས་ལ་སྤྲེལ་ལད་ཕྱི་གསལ་ནང་གསལ་ཙ་ཚོད་བཤད་ཀྱིས་འདུག བོད་པ་ལ་དེ་འདྲ་ཤོད་མ་ཐུབ་པ་ག་རེ་ཆགས་སོང ཞབས་འདྲེན་མ་ཞུ་
་་་་་་་་་་ #46 དྲང་བདེན ་ལགས་ཀྱིས་སྤེལ་དོན།:
November 8th, 2015 at 1:39 pm
རྒྱ་བཙོང་བ་ཚོའི་རྒྱ་ནག་སྐད་ཆ་ལ་རྒྱབ་རྩ་ལོས་ཡོད ཡིན་འང་གཡག་ཞིག་རྐུས་ནས་ལོ་ལྔ་བཙོན་ལ་ཚུད་རེད་ཟེར་ན ་་་་་་་་་་་་་་
ཆོས་ལུགས་ནི་བོད་མི་རིགས་སེམས་ཁམས་ཀྱི་སྨན་དང་སྲོག་གསོ་བའི་བཅུད་ལེན་ཡིན་མོད། འཇིག་རྟེན་པའི་གཉེར་བྱའི་བོད་ལ་རང་དབང་སྟེར་བའི་ཐབས་ལམ་ཡག་ཤོས་སུ་མི་འགྱུར། སྲིད་པར་འཁོར་བ་དང་སྲིད་ལས་བརྒལ་བར་བྱེད་པའི་ཐབས་སོ་སོ་ཡིན་པས་སོ། ། བོད་ནང་གི་ལྟ་ལོག་པ་ཚོས་འདྲི་འདྲ་ཟེར། ལོ་རྒྱུས་ནང་དུ་སོག་དམག རྒྱ་དམག འཇང་དམག ཧོར་དམག གོར་དམག ཁ་ཆེའི་དམག་སོགས་བོད་དུ་དྲངས་ནས་བོད་ཡུལ་དུམ་བུར་གཏོང་མཁན་རྣམས་ནི་གྲྭལ་གྱི་དབུ་ན་འགྱང་བའི་བླ་ཆེན་མི་ཆེན་ཁག་རེད༎ བོད་ཀྱི་ད་ལྟའི་དཀའ་ངལ་ནི་ཆེན་པོ་དེ་དག་གིས་ཕྱི་རབས་པར་བསྩལ་བའི་ཕ་ནོར་རེད་ཟེར།
དབུ་བླ་མཛད་ཀྱིན་མཛད་གྱིན་དབུ་འཛིན་གཞན་ལ་བཅོལ།
དབང་ཆེན་གནང་གིན་གནང་གིན་དབང་ཆ་གཞན་ལ་ཤོར།
ཞི་ཆིང་གནང་གིན་གནང་གིན་ཞི་བདེ་དགྲ་ལ་བསྐྱལ།
གྲོས་མོལ་བྱས་གྱིན་བྱས་གྱིན་གྲོས་ཆོད་གཞན་གྱིས་བཞག །
ཟེར་བ་སོགས་ལོ་བརྒྱད་བརྒྱ་ལྷག་གི་ནང་དུ་བྱུང་བའི་བོད་ཀྱི་རྒྱ་བླ་ཚོར་སྡོམ་བཞག་འདུག །དེ་ལ་སོགས་ཀྱི་ཤུགས་རྐྱེན་ཀླུ་བྱམས་ལའང་ཡོད་པ་འདྲ། བཤད་པ་ལ་བདེན་པའི་ཆ་ཤས་ཀྱང་འདུག ཀླུ་བྱམས་ཀྱིས། ལོ་རྒྱུས་ཀྱི་སློབ་གསོ་ལ་དམིགས། སེམས་ཀྱིས་མ་བཟོད་པར་མི་མང་པོས་སེམས་ལ་ཤར་ཀྱང་ཁ་ནས་བརྗོད་མི་ཕོད་ཞིག་བརྗོད་སོང་བ་འདྲ། འོན་ཀྱང་སྐྱོན་བརྗོད་གཅིག་པོས་ས་ཆེར་མི་ཕེར་བར་མ་ཟད། མང་པོ་མ་གསུངས་ན་ལེགས། མ་ཟད་སྲིད་སྐྱོང་དུ་འགྲོ་འདོད་མཁན་སུ་ཡིན་ཡང་དྲིན་ཤེས་ཤིང་དྲིན་བཟོ་བའི་མི་གཞི་བཟང་པོའི་ཡོན་ཏན་ངེས་པར་དགོས། མཁས་དབང་གི་ཕྱག་ཁྱེར་དང་། ཁ་བདེ་བོ། ཆབ་སྲིད་འཁྲབ་ཤེས་པ་གཅིག་པོས་མི་ཡོང་སྙམ། །
ཀླུ་མཁར་བྱམས་པས་ལྟ་བ་གང་འཛིན་ཡང་ང་ཚོར་དགག་བྱ་མེད། དེ་ནི་རང་དབང་ཡིན། འོན་ཀྱང་རང་བཙན་གཙང་མ་བླང་དགོས་ན་རྒྱ་དམར་གྱི་ལག་ནས་བླང་དགོས་པས་ང་ཚོ་བོད་མི་རྣམས་ཀྱི་སར་མེད། ངོས་བོད་མི་བརྒྱ་ཆ་ཚད་མཐོ་བོ་ཞིག་གིས་དབུ་མའི་ལམ་ལ་གདམ་ཀ་ཞུས་ཡོད། དེ་ཡང་ང་ཚོའི་རང་དབང་ཡིན་པས་སྐྱོན་ཆ་མེད།
འོན་ཀྱང་ཆེས་ཡ་མཚན་པ་ཞིག་ལ། ཀླུ་མཁར་བས་༸སྤྱི་ནོར་༸གོང་ས་བཅུ་བཞི་པ་མཆོག་ལ་གཞི་མེད་བསྙོན་འཛུགས་འདྲ་མིན་བྱས་པ་དེ་ཧ་ཅང་གི་བྱ་སྤྱོད་མ་རབས་ཐ་ཤལ་ཞིག་དང་། བོད་མི་རྩམ་གཟན་པ་ཞིག་གིས་སྡུག་འཁུར་ཞུ་ཐུབ་པ་ཞིག་མིན་པས་ཁོ་རང་ནས་འདི་འཐད་བསམ་བློ་ཡག་པོ་གཏོང་ཐུབ་ན་ལེགས།