ཉེར་ཆར་བོད་ནང་ནས་ཕེབས་པའི་མི་སྣ་ཁ་ཤས་མཇལ་བའི་གོ་སྐབས་ཐོབ། དེའི་ནང་ནས་མི་གཅིག་གིས་ང་ལ་དམིགས་སུ་བཀར་ནས་འདྲི་བ་འདི་དྲིས། ངས་ལན་རྒྱག་མི་ཤེས་སྟབས། གཞན་ལ་འདྲི་བར་བྱའོ་ཞུས། ཁྱེད་ནས་ང་ལ་ལན་ཞིག་སྟེར་ཨེ་ཐུབ།
ཁོང་ན་རེ། “ངེས་སྟོན་པ།”་ཟེར་ན་ཅི། མིང་ཚིག་འདི་ཚིག་མཛོད་སོགས་གང་ནས་ཀྱང་མི་རྙེད་ཟེར། ཁོང་ན་རེད། མིང་ཚིག་འདི་ཆོས་སྟོན་པ་ལ་གོའམ། ཡང་ན། མཐར་ཐུག་གི་ཐག་གཅོད་བྱེད་པོ་དབང་འཛིན་པ་ཞིག་ལ་གོའམ། ཡང་ན། བློ་འདྲི་ཡུལ་ལ་གོའམ་ཟེར།
ཁྱེད་ནས་འགྲེལ་བཤད་ཤིག་རྒྱོབ་རོགས།
ངའི་གྲོགས་པོ་ཡིག་སྒྱུར་གྱི་ལས་ཀ་བྱེད་མུས། འདི་སྒྱུར་བར་དཀའ་ངལ་འཕྲད་བཞིན་འདུག
ཐུགས་རྗེ་ཆེ།
དོན་དེ་ཁོང་ཚང་ལ་ཐད་ཀར་བཀའ་འདྲི་ཞུས་ན་ལས་གཞན་དྲི་་ལན་འདེབས་མཁན་ཞིག་དང་། བཏབ་ཀྱང་ཕོག་མཁན་ཞིག་ཨེ་ཡོད།
ཁོང་ཚང་ཟེར་ན།ངེས་སྟོན་གསར་བཏོད་པ་དྲན་པའི་དབང་པོ་ཟམ་གདུང་རིན་པོ་ཆེ་མཆོག་ལ་ཟེར་བ་ཡིན།
༼ངེས་སྟོན་པ༽ཞེས་པ་ནི།
རིག་བའི་གཞུང་ལུགས་གང་ཞིག་རང་ཉིད་ཀྱིས་ཁོང་དུ་ཆུད་པ་འམ་ཤེས་བ་ཡང་ན་ངེས་བའི་
སྟེང་ནས་གཞན་ལ་ལམ་སྟོན་བྱེད་བ་པོ་ལ་ངེས་སྟོན་པ་ཟེར་བ་འདྲ།
དེ་ལ་ནང་སེས་ཆོས་ཀྱིས་ངེས་སྟོན་པ།ཡང་ཆབ་སྲིད་ཀྱིས་ངེས་སྟོན་པ་སོགས་དབྱེ་བ་མང་པོ་ཕྱེ་ཆོག་སྙམ།།
ངེས་སྟོན་པ་ཞེས་པ་ནི་སཾསྐྲྀཏ་निर्देशकःནིརྡེཤཀ༔་དང་ཧིནྡཱི་ལའང་དེ་དང་ཆ་འདྲ་བར་ནིརྡེཤཀ་ཞེས་ཟེར་བ་སྟེར་བོད་དུ་འགྱུར་བ་ཞིག་རེད།
निर् ནི་ཉེ་བསྒྱུར་ཏེ་ངེས་པར་ཞེས་པའི་དོན་ཡིན།
དེ་བས་ངེས་སྟོན་པ་ཞེས་སྟོན་པ་ཞེས་པ་རེད།
རྒྱུན་སྤྱོད་དུ་སློབ་གྲྭའི་ངེས་སྟོན་པ་ཅེས་བློ་འདྲི་ས་ལྟ་བུ་ཞིག་ལ་གོ
ད་དུང་ཉེ་བའི་རིགས་བདག་ཅེས་པ་ཞིག་ཡོད་པ་དེར་ལེགས་སྦྱར་དུ་उप कुलपति ཞེས་བརྗོད་པ་དང་དབྱིན་ཇིའི་སྐད་དུ་Vice chanceller ཞེས་འབོད་པ་འདི་གཙུག་ལག་སློབ་གཉེར་ཁང་ངམ་སློབ་གྲྭ་ཆེན་མོའི་སློབ་སྤྱི་ལ་གོ
གལ་ཏེ་བོད་ནང་ཡིན་ན་འདི་ལ་སློབ་གཙོའམ་སློབ་སྤྱི་ཞེས་འདོགས་པར་འདོད།
བདག་གི་རྨོངས་འཆར་ཙམ་ཡིན།
བདེན་ནམ
chanceller འདི་དབྱིན་ཇིའི་ཡིན་ནམ། དོན་ཅི་རེད།
སྤྱིར་དུས་རབས་དང་མི་རབས་ལ་བསྟུན་ནས་སྐད་ཡིག་གི་བརྡ་དོན་ལ་ཅུང་འགྱུར་བ་འགྲོ་ཡི་ཡོད་སྟབས་ངེས་སྟོན་པ་ཞེས་པའི་ཚིག་ལྟ་བུ་ཡང་གོ་དོན་དང་བཅས་ཚིག་མཛོད་དུ་འཇུག་དགོས་པར་མཐོང་། དེ་མིན་ངའི་སེམས་སུ་ར་མི་འཕྲོད་པའི་ཚིག་གཞན་ཞིག་ཡོད་པ་ནི་༧གོང་ས་མཆོག་ལ་”སྐུ་མདུན་”ཞེས་གསོལ་བ་རེད། ཚིག་འདིའི་གོ་དོན་ཐད་འབྲེལ་བཤད་ཅིག་གནང་རོགས་ཞུ།
ཚོགས་སྡེ་ཞིག་གི་མགོ་འཛིན་འདི་དང་འདིའོ་ཞེས་མགོ་ཁྲིད་གནང་་བའི་དབང་ཆ་ཡོད་མཁན་ཞིག་ལ་ངེས་སྟོན་པ་ཟེར་བ་རེད།
Director ལ་ ངེས་སྟོན་པ། དབུ་འཛིན་དང་འགོ་དཔོན་ལ་གོ་བར་ཨིན་བོད་ཚིག་མཛོད་གསར་མར་འཁོད་འདུག
གང་སྐུ་སུའི་མདུན་ལ་བཅར་དགོས་སམ་ཞེས་ན་༸གོང་ས་མཆོག་གི་༧སྐུའི་མདུན་ནམ་དྲུང་དུའོ། ལྟ་བུས་སྐུ་མདུན་ཞེས་མཚན་ཆགས་པ་མིན་ནམ།
དྲ་གྲོགས་ལྷན་རྒྱས་ཐུགས་རྗེ་ཆེ། ཕན་ཐོགས་ཆེན་པོ་བྱུང་། གྲོགས་པོ་ལ་འདི་དག་ཕྱོགས་བསྒྲིགས་བྱས་ནས་བསྐུར་བར་བྱའོ།