ཕབ་བཀོད་པ། བསོད་ནམས་ནོར་བུ། རྣམ་གྲོལ་གླིང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་ཡོངས་ལ་ངས་ཟེར་རྒྱུ་ནི། དེ་རིང་བོད་ནང་གི་མིང་བཤད་འདོད་མེད་པའི་མི་ཞིག་གིས་དབུགས་ཧལ་ཧལ་ངང་། སྐད་ཆ་འདི་ཁྱེད་ཀྱིས་གསར་འགོད་པ་དང་བོད་གཞུང་གི་ལས་བྱེད་པ་ཡོངས་ལ་ཅི་ནས་སྙན་སྒྲོན་ཞུ་རོགས་ཞེས་བརྗོད་བྱུང་། ཁོས་ང་ལ་འདི་ལྟར་ལག་པས་ཐལ་མོ་སྦྱར་ཏེ། སྐར་མ་བཅོ་ལྔ་ཙམ་ལ་མང་པོ་ཞིག་བཤད་སོང་ཡང་། གནད་བསྡུས་ན། དོན་ཚན་གསུམ་དུ་འདུས་ཀྱི་འདུག
༡ བོད་གཞུང་དང་བོད་གཞུང་གི་ལས་བྱེད་རྣམས་ང་ཚོ་བོད་དང་བོད་ནང་གི་བདེ་སྡུག་ལ་ལྟ་རྟོག་དང་། གཟིགས་སྐྱོང་གནང་མཁན་ཡིན་ཟེར་ནས་ང་ཚོས་རེ་བ་དང་རྒྱབ་སྐྱོར་ཆེན་པོས་ཁྱོད་ཚོ་རྐུབ་བཀྱག་ཐོག་བདམས་པ་ཡིན་ཡང་། དོན་དངོས་ཐོག བོད་ནང་གི་བདེ་སྡུག་ལ་ལྟ་རྟོག་དང་གཟིགས་སྐྱོང་ཕར་ཞོག ཁྱབ་བསྒྲགས་ཀྱང་བྱེད་ཀྱི་མི་འདུག བོད་ནང་གི་རྒྱལ་གཅེས་བོད་མི་སྤུན་ཟླ་རྣམས་ཀྱིས་རྒྱ་དམར་གྱི་བཙན་དབང་དང་། མནར་གཅོད། བརྡུང་བརྡེག མཚན་སྨད། བཀག་རྒྱ་སོགས་ཀྱི་སྡུག་བསྔལ་མི་སྤྱོད་ལས་འདས་པ་རྣམས་སེམས་ལ་མ་ཤོང་བར་རང་གི་གཅེས་པའི་ལུས་པོ་ཡང་བོད་བསྟན་པ་ཆབ་སྲིད་ཆེད་ཚ་སྲེག་གི་མེ་ལྕེ་ལ་ཕུལ་གྱི་ཡོད་ཀྱང་། ཁྱོད་ཚོས་དེ་ནས་རང་དབང་གི་ལུང་པ་ན་བག་མེད་སྣང་བ་གང་དྲན་ངང་སྐྱིད་ཉལ་བྱེད་དེ་སྡོད་པ་ལས། འཛམ་གླིང་གི་ཤེས་ལྡན་མི་སྣ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་སྐུལ་དང་རོགས་རམ་ཞུ་བ་ང་ཚོས་མཐོང་གི་མི་འདུག་ལ། ཐོས་ཀྱི་མི་འདུག གལ་སྲིད་ཁྱོད་ཚོས་ཞུས་ཀྱང་། ད་དུང་ཡ་ལན་མ་བྱས་ན་ནི། ཡང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རྣམས་རྣ་འོན་པ་དང་། མིག་ལོང་བ་རྐྱང་རྐྱང་ཡིན་ས་རེད། ཁྱོད་ཚོས་ང་ཚོའི་བདེ་སྡུག་ལ་ཁུར་མ་བླངས་པ་དེ་ལྟར་བྱེད་དུས། ང་ཚོ་འདི་ནས་སེམས་ཤུགས་ཀྱང་ཆགས་ཀྱི་འདུག སྐབས་འགར་སེམས་ནས་ཁྱོད་ཚོ་རྒྱ་གར་ལ་ཡོད་མཁན་བོད་མི་རྣམས་ང་ཚོའི་གཅེན་གཅུང་ཡིན་དྲན་གྱི་མི་འདུག་ལ། གལ་ཏེ་ཁྱོད་ཚོས་ཤུལ་ལུས་སྤུན་ཟླ་རྣམས་ལ་ཕན་མ་ཐོགས་ན་གནོད་དེ་ལྟར་མ་སྐྱེལ་རོགས། སྐུ་མཁྱེན། ཞེས་དང་།
༢ ཨ་རིའི་རླུང་འཕྲིང་ཁང་གི་ལས་བྱེད་པ་རྣམས་ལ་ཟེར་རྒྱུ་ནི། ཁ་སང་གསར་འགྱུར་ཞིག་གི་ནང་དུ་དགའ་ཡལ་ལེ། འཛུམ་མེ་རེར་ཁྱོད་ཚོས་འདི་ལྟར་བཤད་བྱུང་། བོད་ལ་རྒྱ་མིས་དུས་འཁོར་དབང་ཞུ་བ་བརྒྱ་ཕྲག་ལྷག་ལྷ་སར་མགྲོན་ཁང་ཞིག་ཏུ་བཀག་ཉར་བྱས་ཏེ་བཞག་འདུག་ཅེས་བདེན་བདེན་ཅོག་ཅོག་གིས་བཤད་བྱུང་། སྐད་ཆ་འདིས་ངའི་སེམས་པ་སྡུག་ལ་སྦྱར་སོང་། ཁྱོད་ཚོ་ཤེས་ལྡན་མི་སྣ་དང་། འཛམ་གླིང་གི་གནས་ཚུལ་མཁོ་སྤྲོད་པ་ཡིན་ཟེར་གྱི་ཡོད་རེད། སྐད་ཆ་དེ་ཙམ་ལ་ཡང་རྟོག་ཞིབ་དང་། གསལ་བརྗོད་མ་ནུས་ན། གཞན་དག་བོད་རང་བཙན་གྱི་སྐད་ཆ་སོགས་ཕར་བཞག་ཞོག ངོ་མ་ང་སེམས་ཕམ་བྱུང་། དྲང་པོར་བཤད་ན། ཁ་སང་རྡོ་གདན་ལ་བོད་ནས་སླེབ་མཁན་ཆོས་ཞུ་བ་སྟོང་ཕྲག་བརྒྱད་ལྷག་འདུག་ཟེར་བ་ནི་མ་ཀིའི་བྱིས་པ་ལ་ཡང་ཡོངས་གྲགས་རེད། ཁྱོད་ཚོས་སོམས་དང་། ཁྱོད་ཚོས་བཤད་པ་ལྟར་ན། ཁོ་ཚོ་ཆོས་ཞུ་བ་སྟོང་ཕྲག་བདུན་ལྷག་ད་དུང་རྒྱ་གར་ལ་བསྡད་ཡོད་ཀྱི་རེད་དྲན་གྱི་ཡོད་སྲིད་དེ། དེ་འདྲ་ག་ལ་ནུས། ཚང་མ་ལྟ་སྐྱོང་དགོས་པའི་ཕ་མ་རྒན་རྒོན་དང་བྱིས་པ་ཆུང་ཆུང་ཡོད་མཁན་གྱི་གཟའ་ཚང་རྐྱང་རྐྱང་རེད། ངས་ད་དུང་འདི་ལྟར་བསམས་བྱུང་། ཁོ་ཚོས་སྐད་ཆ་འདི་ཙམ་དྲང་བཤད་དང་། གསལ་བཤད་བྱེད་མ་ནུས་ན། གཞན་དག་ཆེ་གེ་མོ་རྣམས་ལྟ་ཅི་དྲན་བྱུང་། མ་གཞི་ཁྱོད་ཚོ་སྐད་ཆ་འདི་ཚོ་བདེན་གཏམ་དུ་སྨྲས་ན། རྒྱ་དམར་ལ་ཞེད་པ་རེད་དམ། སྔངས་པ་རེད། གལ་སྲིད་ཞེད་སྣང་ལངས་ཀྱི་ཡོད་ན། ངས། ཁྱོད་ཚོ་ལ་ངོ་མ་ངོ་ཚ། ཞེས་བརྗོད་ཀྱི་ཡིན།
གང་ཡིན་ཞེ་ན། བོད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་བོད་དང་བོད་རིགས་སྤུན་ཟླའི་ཆེད་མེ་མདའ་དང་འབམ་གྱི་ཁ་རུ་ཉིན་ཟས་བཟའ་ལོང་དང་། མཚན་གཉིད་ཁུག་ལོང་མེད་པར་ཉིན་བཞིན་འཚོ་དགོས་ཀྱང་། སྐྲག་ནས་རྐང་པའི་སྒྱིད་པ་འདར་མ་མྱོང་ལ། འཇིགས་ནས་མགོ་ཡི་བ་སྤུ་ཡང་ལངས་མ་མྱོང་ན། ཁྱོད་ཚོ་ངོ་མ་ངོ་ཚ། ངོ་ཚ། ཕ་བཟང་བུ། ཁྱོད་ཚོ་ངོ་མ་མེས་པོ་སྲོང་བཙན་གྱི་བུ་རྒྱུད་རེད་འདུག ཅེས་བཤད་རྒྱུ་ཡིན།
དོན་དུ། བོད་ནང་དུས་འཁོར་དབང་ཆེན་ཆོས་ཞུ་བ་བརྒྱ་ཕྲག་ལྷག་བཀག་ཉར་བྱས་པ་ག་ལ་ཚད།ད་ལྟ་བདུན་བརྒྱ་བརྒྱད་བརྒྱ་ཙམ་ལས་གཞན་དག་ཚང་མ་བཀག་ཉར་བྱས་ཡོད་ཅིང་། ཆོས་ཞུ་བ་མང་ཆེ་བ་ནི་ས་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་ལ། ཉུང་ཤས་ཤིག་ནི་ལྷ་སར་མགྲོན་ཁང་ཞིག་ཏུ་ ‘ཁྱོད་ཚོར་སྒོར་མོ་ཡོད་རེད།’ ཅེས་མགྲོན་ཁང་གི་ཁང་གླ་དང་། ཟས་རིན་སྤྲད་བཅུག་ནས་རྒྱ་དམར་པོའི་ལག་འོག་ཏུ་འཚོ་དགོས་བྱུང་ཡོད། ད་དུང་རྒན་རྒོན་ལོ་ན་བདུན་ཅུ་ནས་བརྒྱད་ཅུ་བར་ཡང་བཀག་ཉར་བྱས་སྡུག་ལ་སྦྱར་ནས་བཞག་ཡོད་པ་རེད། མཐའ་དོན་ཁྱོད་ཚོས། གཅིག་ལ་དཔྱད་ཞིབ་དང་། གཉིས་ལ་དཔྱད་ཞིབ་དང་བགྲོ་གླེང་ཟེར་ནས་སྐར་མ་མང་པོ་ཞིག་བཤད་ཀྱི་འདུག་སྟེ། དེ་ལས་དངོས་ཡོད་གནས་ཚུལ་བོད་ནང་གི་སྤུན་ཟླ་ཚོའི་དཀའ་སྡུག་དང་། མནར་གཅོད་ལ་སེམས་ཁུར་དང་། ལྟ་རྟོག ཁྱབ་སྤེལ་གང་མང་བྱ་རོགས་བྱས་ན་དགེ་ཕན་དང་ཁེ་ནུས་ཆེ་ས་རེད་ཅེས་འབོད་སྐུལ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། ཞེས་དང་།
༣ ད་དུང་ཉོན་དང་། ད་ནི་ང་ཚོའི་ལག་གི་ལག་ཁྱེར་ཀྱང་ཡར་འཕྲོག་ཟིན། ཁྱོད་ཚོ་ཡིད་ཆེས་ས་རེད་དམ། ང་ཚོ་ཚང་མའི་དུས་འཁོར་དབང་ཆེན་གྱི་ཆོས་ཞུའི་ལག་ཁྱེར་འདྲ་བཤུས་བྱས་ནས་རྒྱ་མིའི་ལག་ཏུ་སླེབ་ཚར་འདུག་བརྗོད་ཀྱི་འདུག འདི་འདྲ་ག་འདྲས་རེད། ཁྱོད་ཚོ་བོད་གཞུང་གི་ལས་བྱེད་རྣམས་ཀྱིས་བོད་ཀྱི་ལས་ཀ་བྱེད་ཀྱི་ཡོད་དམ། རྒྱ་མིའི་ལས་ཀ་བྱེད་ཀྱི་ཡོད། ངོ་མ་ཧ་གོ་གི་མི་འདུག མ་ཟད་རྒྱ་མིས་ཆོས་ཞུ་བ་ཕལ་ཆེ་བས་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ཚུན་ཆད་ཀྱང་གསལ་ཐིང་ཐིང་བཤད་རྒྱུ་ཡོད་པར་མ་ཟད། བོད་གཞུང་གི་ལས་བྱེད་པ་རྣམས་ཀྱིས་རྟུལ་དྲི་ངན་པ་ཞིག་བཏང་ཡང་རྒྱ་མིས་ཧ་གོ་ཐུབ་ཀྱི་ཡོད་ན། ང་ཚོ་བོད་གཞུང་གི་ལས་བྱེད་རྣམས་རྒྱ་མིས་དྲག་གནོན་དང་། བཅར་རྡུང་། ཐུབ་ཚོད་ཅི་བྱས་ཀྱང་ཧ་མ་གོ་མདོག་མདོག་དང་། ཧ་མ་ལས་མདོག་མདོག་རྐྱང་བྱས་ནས་བསྡད་འདུག་པ་ནི། ང་ཚོའི་ལས་བྱེད་པ་རྣམས། ངོ་མ་ཞར་ལོང་འོན་ལྐུགས་ཆགས་སོང་བ་མིན་ནམ་སྙམ་གྱི་འདུག ང་ད་ལོར་རྒྱ་གར་ཐེངས་ཤིག་སླེབ་དུས་རྒྱང་ནས་སྐད་གྲགས་ཅན་གྱི་ང་ཚོའི་བོད་གཞུང་དང་། ང་ཚོའི་ལས་བྱེད་པ་རྣམས་ཀྱི་ལས་ཀ་བྱེད་སྟངས། དེ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱི་ཁའི་ལ་རྒྱ་དེ་ཚོ་མཐོང་དུས་ངོ་མ་ང་སེམས་ཤིན་ཏུ་སྐྱོ་བྱུང་། ཞེས་བརྗོད་ཀྱི་འདུག
ལས་འགན་འདི་ཨ་རིའི་རླུང་འཕྲིན་ཁང་གཅིག་པོར་ཡོད་མེད་མི་ཤེས། རིགས་པས་དཔོགས་ན་སྐད་ཆ་འདི་བོད་ནས་ཁ་པར་རྒྱུད་བྱུང་ཡང་རུང་མ་བྱུང་ཡང་རུང་བསམ་བློ་གཏོང་དགོས་པ་ཞིག་ནི་འདུག ང་ཚོའི་སྲིད་འཇུས་ལ་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་ལ་ཡིད་ཆེས་སླེབ་པ་བཟོ་རྒྱུ་དེ་གཅིག་རེད་སྟེ། གང་ཕྱི་གསལ་ནང་གསལ་བཟོ་དགོས་མིན་དེ་ཡང་ཧ་གོ་དགོས་པ་ཞིག་རེད་འདུག་ ལས་བྱེད་པ་རེ་གཉིས་ལ་དེ་ལྟའི་རྣམ་དབྱེ་མ་ཤེས་པ་ཡོང་སྲིད། དཔེར་ན། མི་ཇི་ཙམ་སླེབ་མིན་དེ་རྒྱ་ནག་གཞུང་ལ་ཕྱི་གསལ་ནང་གསལ་དགོས་པའི་གྲལ་མ་རེད།ལས་བྱེད་ནང་རྒྱའི་གསོ་བ་ཡང་ཡོད་སྲིད་དུས་ནམ་ཡང་ཟབ་ནན་གནང་དགོས་པ་རེད་འདུག སྐར་ཆ་རེ་རེ་ནས་ཟབ་ནན་གནང་དང་གནང་བཞིན་པ་བཞིན་ད་དུང་ཡང་མུས་འཐུད་རོགས་གནང། བོད་ནང་ཡོད་པའི་སྤུན་ཟླ་རྣམ་པ་དང་། བཙན་འབྱོལ་གཞུང་གི་ལས་བྱེད་པ། ཨ་རིའི་རླུང་འཕྲིན་ལས་བྱེད་བཅས་ཚང་མ་ང་ཚོར་བཀྲིན་ཆེན་པོ་རེད་དང་ཕན་ཐོག་ཆེན་པོ་ཡང་རེད།
༣ ད་དུང་ཉོན་དང་། ད་ནི་ང་ཚོའི་ལག་གི་ལག་ཁྱེར་ཀྱང་ཡར་འཕྲོག་ཟིན། ཁྱོད་ཚོ་ཡིད་ཆེས་ས་རེད་དམ། ང་ཚོ་ཚང་མའི་དུས་འཁོར་དབང་ཆེན་གྱི་ཆོས་ཞུའི་ལག་ཁྱེར་འདྲ་བཤུས་བྱས་ནས་རྒྱ་མིའི་ལག་ཏུ་སླེབ་ཚར་འདུག་བརྗོད་ཀྱི་འདུག འདི་འདྲ་ག་འདྲས་རེད། ཁྱོད་ཚོ་བོད་གཞུང་གི་ལས་བྱེད་རྣམས་ཀྱིས་བོད་ཀྱི་ལས་ཀ་བྱེད་ཀྱི་ཡོད་དམ། རྒྱ་མིའི་ལས་ཀ་བྱེད་ཀྱི་ཡོད། ངོ་མ་ཧ་གོ་གི་མི་འདུག
བརྗོད་ཀྱི་འདུག་ཟེར་བ་ལས་དཔང་རྟགས་མི་འདུག ངོས་ལེན་ཞུ་ཐབས་བྲལ།
གོང་གི་སྐད་ཆ་དེ་མི་གཅིག་གི་རེད། བོད་ནས་ཡིན་དང་རྒྱ་ནས་ཡིན་ངས་མི་ཤེས། དཔང་པོ་ཁུངས་རྩན་གང་ཡང་མི་འདུག
དངོས་གནས་ཡིན་ན་གནད་འགག་ཆེན་པོ་འདུག སྐད་ཆའི་འགྲོས་ལ་ལྟ་ན་ཁོ་བས་བོད་ཀྱི་ལས་ཀ་བྱེད་ཀྱི་ཡོད་དང་ རྒྱ་ཡི་ལས་དོན་བྱེད་ཀྱི་བཤད་ཚོད་ཐིག་མ་སོང། ཞིབ་ནན་བྱེད་ན་མ་གཏོགས་ འདི་ཁྱད་མཚར་ཞིག་འདུག་གདའ།
སྐད་ཆ་འདི་ལ་ཞིབ་ཕྲའི་བདེན་དཔང་དང་རྒྱབ་ལྗོངས་མི་འདུག བོད་གཞུང་གི་སྣེ་ལེན་གང་འཇོན་འཇོན་གནང་ཡོད་པ་མིག་མཐོང་ལག་ཟིན་རེད། བོད་ཕྱི་ནང་གི་ཡི་གེ་ལ་ལའི་གཞི་བྱེས་བར་ལ་འགལ་བ་ཡང་བཟོ་སྲིད། ད་ལྟའི་དུས་འདིར་ང་ཚོའི་རྣམ་རིགས་སྒྲིམ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡང་འགའ་རེ་བརྟག་དཔྱད་ཅི་ཡང་མེད་པརགནས་ཚུལ་འདི་འདྲ་ལ་བརྟེན་ནས་བཙན་བྱོལ་གཞུང་དམངས་ལ་ཁ་རྡུང་གཏོང་བའི་གོ་སྐབས་བཙལ་ན་ཐང་། ང་ཚོ་དམངས་གཙོ་ཡིན་པས་སྐྱོན་ཡོད་ན་ཐེར་འདོན་བྱེད་པའི་དབང་ཆ་ཡོད་རེད། ཡིན་ན་ཡང་དམངས་གཙོ་ཟེར་བ་དེ་ཡང་གང་དྲན་དྲན་མིན་པ་འགའ་ཞིག་གིས་བསམ་བློ་ཐོངས།
ཁ་པར་རྒྱུད་ནས་བཤད་བྱུང་ཟེར། ལག་པ་ཐལ་མོ་སྦྱར་བ་དེ་མངོན་ཤེས་ཀྱིས་མཐོང་བ་འདྲ། མི་དེ་ལ་དང་པོ་བོད་གཞུང་མཇུག་བསྡུས་ཟིན་པའི་སྐོར་ལ་གསལ་བཤད་བྱོས། བཙན་བྱོལ་བ་རྣམས་སྐྱིད་ཉལ་རྒྱག་ནས་མ་བསྡད་པར་རང་ས་ནས་ནུས་པ་སྟོན་བཞིན་པའི་སྐོར་ཤོད། བོད་ནས་ག་གེ་མོའི་བཤད་ཚད་ཧ་ལས་དགོས་དོན་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མིའི་ཚེ་སྲོག་གི་རིན་ཐང་ལ་སྣང་ཆུང་ཐོག་ཡ་མེད་གཏོང་བཞིན་པར་བཙན་བྱོལ་མི་མང་དང་སྒྲིག་འཛུག་གཉིས་ཀས་བློ་ཕམ་ཐོག་གཉིད་དཀྲོག་གི་ལས་འག་སོགས་སྤེལ་གྱིན་པ་ཡིན་པས་དེའི་སྡུག་ཡུས་ཕྱི་སྡོད་བོད་མིར་བཤད་པས་ཅི་ཕན། ལར་ནས་ལར་ནས་རྣམ་གྲོལ་གླིང་བསོད་ནམས་ཀྱིས་ཕན་ཟེར་བ་མནའ་སྔ་མོའི་ནང་ཁུལ་གྱི་ན་ཚ་མ་ཡལ་བའི་བླ་རྒན་ལག་ཏུ་ཕྲེང་བ་འབྲལ་མེད་ཐོགས་ཤིང་། ང་ཆོས་པ་ཡིན། སྲིད་དོན་མི་ཤེས་ཟེར་ཞོར་མགོ་ཚོད་ལ་མ་ཚོད་ལའི་སྐད་ཆ་བཤད་ནས་ཉིན་སྐྱེལ་མཁན་དེ་ཚོའི་ཟེར་བགྲོས་འདྲ་པོ་ཞིག་འདུག
ཚང་མ་བདེན་པ་ཡིན་མིན་མི་ཤེས། རྒྱ་གར་ལ་སོང་མ་སོང་ཐོ་གཞུང་ཞིག་གི་སྟེང་ནས་ནག་འདེད་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད་འདུག ད་དུང་སྣེ་ལེན་ཁང་གི་གུར་ནང་ནས་བསྡད་མ་བསྡད་ཀྱི་ཐོ་གཞུང་ཞིག་ཀྱང་འདུག་ཟེར་གྱི་འདུག ཡིན་ནའང་། དེ་ནི་བོད་གཞུང་གི་ལས་བྱེད་པས་མ་འགྲིག་པར་ངོས་འཛིན་བྱེད་མི་རུང་བ་ཞིག་རེད། ད་ལོར་རྡོར་གདན་ན་ཆོས་ཞུ་བ་ཡིན་ཁུལ་གྱིས་པར་ཆས་དང་བརྙན་ཕབ་འཕྲུལ་ཆས་བཟུང་ནས་གང་ས་གང་ལ་པར་ལེན་དང་། བརྙན་ལེན་བྱེད་བཞིན་པ་ཁ་ཤས་ཤིག་འདུག་ལབ་ཀྱི་འདུག་ག དེ་ཚོས་རྒྱ་གཞུང་གི་ལས་ཀ་ཏན་ཏན་བྱས་ཡོད་ས་རེད། འཛིན་བཟུང་བྱས་པའི་མི་ཁ་ཤས་ལ་ཁྱེད་རང་མི་འདི་ལ་ཐུག་ཡོད་པ།་དེ་ལ་ཐུག་ཡོད་པ་ཞེས་བཀར་ནས། ཁས་ལེན་མ་བྱས་པའི་སྐབས་ལ་པར་དེ་འདྲ་ཡང་བསྟན་ཡོང་གི་འདུག་ཅེས་བཤད་མཁན་ཡང་འདུག
འདི་བོད་ནས་བཤད་པའི་སྐད་ཆ་དང་འདྲ་བོ་མི་འདུག གང་ཡིན་ཟེར་ན་དབུ་ཁྲིད་ཚོ་ང་ཚོས་གདམ་པ་ཡིན་ཟེར་སྟངས་ལ་གཞིགས་ན་བཙན་བྱོལ་ནང་གི་གླུད་རྫས་ཤིག་གིས་སྐད་ཆ་འདྲ་བོ་འདུག
ད་མི་ཤེས་མང་པོ་མི་བཤད་ང་ཚོ་ཚང་མས་ཤུགས་རྒྱག་དགོས་རེད།།
བསམ་ཚུལ་འདི་བོད་ནང་གི་བོད་མི་ཞིག་གི་བསམ་ཚུལ་ཡིན་མིན་བཤད་ཚོད་ཐེབས་ཀྱིན་མི་འདུག་ལ། བོད་ནང་གི་བོད་མི་ཚོས་རང་གཞུང་ལ་དེ་འདྲའི་སྡང་བོ་ཡོད་མེད་ཀྱང་མི་ཤེས།
གནས་སྟངས་མགོ་མ་ཚོས་པར་བཤད་ཀི་འདུག
ཨ་རིའི་རླུང་ཕྲིན་ཁང་ནི་བོད་གཞུང་གི་ལས་བྱེད་མ་རེད་དོ། བོད་གཞུང་གི་ལས་བྱེད་ནི་བོད་མིའི་སྒྲིག་ཛུགས་ལས་དོན་པ་རེད་མ་གཏོག་དྲིལ་བསྒྲགས་པ་མ་རེད་དོ། དྲིལ་བསྒྲགས་ལ་ཕྱི་འབྲེལ་དང་དྲིལ་བསྒྲགས་སྡེ་ཚན་ཡོད་རེད་དོ། གནས་ཚུལ་གསལ་བོ་མེད་པར་བཟུང་ཤག རྡུག་ཤག་ལབ་ནས་གང་ཡང་སྟོན་ཡ་ཡོད་མ་རེད། སྐད་ཆ་འདི་ཚོ་རྒྱ་ནག་གི་བཤད་ཡ་རེད་དོ
གཞིས་ལུས་བོད་མི་བེད་སྤྱོད་བཏང་ནས་མི་ལ་ཤས་ཀྱིས་བོད་ཕྱི་ནང་དཀྲུག་ཤིང་བཟོ་གི་འདུག ཡང་མི་ཁ་ཤས་ཀྱིས་ཆོལ་ཆའི་བར་དུ་དཀྲུག་ཤིང་འཕེན་གྱིན་འདུག ད་ལྟའི་དུས་ཚོད་འདི་ལ་བོད་ཕྱི་ནང་གི་ཕན་ཚུན་ཁ་ཐག་སེམས་ཐག་ཉེ་བོ་བྱ་དགོས།
དཀྲུག་ཤིང་དང་མ་རུང་བ་བཤད་མཁན་ཚང་མ་བོད་ཡིག་འབྲི་མཁན་ཚོ་རེད་དོ
ལག་པའི་ཕྱི་ནང་གཉིས་ཀ་ཤ་ཡིན་ལ།།
སེམས་ཀྱི་ཕྱི་ནང་གཉིས་ཀ་གཅིག་ཡིན་པའི།།
གཞིས་བྱེས་ཁ་ཁར་གྱུར་བའི་བོད་པ་ཚོ།།
སྐྱིད་སྡུག་མཉམ་མྱོང་བྱེད་ལ་ལྷན་དུ་ལོངས།།
བསམ་ཚུལ་འདི་དང་གནས་ཚུལ་འདི་དྲང་བོ་མ་རེད། བོད་ནང་གི་མིང་འཁྱེར་ནས་སྤྱི་ཚོགས་དཀྲུགས་སྟངས་འདི་དོགས་པ་ཡོད།
གོང་གི་བསམ་ཚུལ་འདི་ཁ་པར་བརྒྱུད་ནས་ཡོང་བའི་སྐད་ཆ་ཁུངས་ལྡན་མིན་པ་ཁོ་རང་ཉིད་ཀྱིས་འོག་ཏུ་རྫུན་རྔ་བླུགས་ཚར་འདུག ཁ་པར་ནང་དུ་ལག་གཉིས་ཐལ་མོ་སྦྱར་ནས་དང་། གོང་གི་དབུ་ཁྲིད་ཚོ་ང་ཚོས་བདམས་པ་ཡིན་སོགས་སྐད་ཆ་མགོ་མཇུག་མི་མཚུངས་རྐྱང་འབྲི་སྟངས་ལ་ལྟོས་ན་ཆེད་དུ་བོད་པའི་སྤྱི་ཚོགས་ལ་མིག་སྐྲང་སྒང་ལ་ཁུ་ཚུར་སྣུན་བསམ་བཞིན་ཡོད་པ་འདྲ། དེ་མིན་ཁ་སང་དུས་བབ་ནང་དུ་ཡང་ཟིན་བྲིས་བ་ཞིག་གིས་དབུས་གཙང་བ་དང་སྟོད་པ་ཚོ་སྐྱིད་ཉལ་རྒྱབ་ནས་བསྡད་འདུག་ཞེས་ཆོད་ཁའི་མིང་བཟུང་ནས་ཆེད་དུ་དཀྲུགས་དཀྲུགས་གཏོང་མཁན་འགའ་བཏོན་བཞིན་འདུག ཚང་མས་མཉམ་འཇོག་གནང་རོགས།
བཙན་བྱོལ་གྱི་དྲ་ཞུགས་པའི་ནང་དུ་མི་འདྲ་མིན་སྣ་ཚོགས་ཡོད་པའང་ཤེས་པར་མཛོད་ཅིག རིག་པ་སྒྲིམ་ཤིག གཞན་གྱི་ཁ་ལ་རྒྱུག་སྔ་མ་བྱེད།
དྲ་གྲོགས་ཁ་ཤས་ཀྱི་གསུངས་པ་བཞིན་ངའི་བསམ་པ་ལ་ཡང་བོད་ནང་གི་སྐད་ངོ་མ་ཡིན་མིན་ལ་དོག་པ་སླེབས་སོང་། ས་ཆ་འདིར་སེམས་ཤུགས་ཧ་ཅང་གི་ཡོད་མདོག་བྱས་ཏེ་གཞུང་གི་སྒྲིག་འཛུགས་དང་གཞུངས་གི་ལས་བྱེད་དག་ལ་ངན་སྨོད་ཅིག་བྱེད་ཨེ་ཐུབ་བལྟ་ཡོད་དེ་དག་གི་རྫུན་བཟོ་ཞིག་ལས་བོད་ནང་གི་སྐད་ཆ་ངོ་མ་ཞིག་ཨ་ཡིན་འདོད།
མི་ཤེས། གཅིག་གིས་རེད་ཟེར་གྱིན་འདུག གཅིག་གིས་མ་རེད་ཟེར་གྱིན་འདུག དོན་དངོས་ཐོག་འདི་དག་ཀྱང་སུ་ལ་མངོན་ཤེས་ཡོད་སོང་བ་ཡིན་ནམ། ད་ནི་ང་ལ་ཐེ་ཚོམ་དུ་གྱུར་རྒྱུ་ལས་གཞན་ཅང་ཡོད་མ་ཐལ། བཤད་ཚོད་ཚང་མ་བདེན་པ་འཇིན་དགོས་དོན་མེད། ཁུངས་ལུང་མེད་པའི་མྱི་སྐད་དེ་དག་བདག་པོ་བྱས་ནས་ཁ་རྩོད་རྒྱན་རིན་ཞིག་འདུག་གམ།
ལག་པས་ཐལ་མོ་སྦྱར་ཟེར་བ་འདི། ཁོ་རང་གིས་ཁྱོད་ལ་ལག་པས་ཐལ་མོ་སྦྱར་ནས་ཟེར་གྱི་ཡོད་གསུང་གི་འདུག ཐལ་མོ་སྦྱར་མིན་ངས་མཐོང་མ་བྱུང་། སྐད་ཆ་འདི་ཁ་པར་ནས་ཐོས་པ་རེད། ང་ལ་ཁྱོད་ཚོས་རྒྱ་མིའི་ཉུལ་མ་ཡིན་མིན་བརྟགས་དཔྱད་གྱིས་དང་། ངས་ཁྱོད་ཚོར་རང་དབང་སྤྲད་ཆོག ཡིན་ཡང་སྐད་ཆ་འདི་བོད་ནང་མི་ཞིག་གིས་སེམས་ཚོར་ཆེན་པོས་བཤད་བྱུང་ལ། ང་ལ་འགན་ཡང་སྤྲད་སོང་བས། དངོས་གནས་ངས་ཁོའི་སེམས་ཚོར་དེ་སྣང་མེད་དུ་མ་བཏང་བར་ཡི་གེར་འདི་ཕབ་དགོས་བྱུང་སོང་།
བསོད་ནམས་ནོར་བུ་ཟེར་བའི་ཅོལ་ཆུང་འདིས་ཀྱང་དངོས་ཡོད་ལ་གསལ་བཤད་ཙམ་ཡང་བྱེད་མ་ཕོད་པར་མི་ཞིག་གི་ཚོར་བ་དང་ལེན་གྱིས་ཡིན་ཤག་ཤག་ཏུ་རང་གི་ལྟ་གྲུབ་དང་སྦྱར་ནས་བཤད་པ་འདི་ཡང་ངོ་ཚ།
འདི་ཡང་བོད་གཞུང་ལ་ཤ་ཚ་ནས་ལབ་པ་ཡིན་ནམ་ཤ་ཚ་མདོག་གིས་གཞུང་ལ་དམའ་འབེབས་ཀྱིས་རྒྱ་ཡི་དགོས་དོན་བསྒྲུབ་པ་ཡིན་ཐེ་ཚོམ་རེད། ངོ་མ་གཡོ་རྒྱུ་ཅན་དང་ལྐོག་གཡོ་བ་མང་པོ་རེད་ཡ།
མི་ཁ་ཤས་ཀྱིས་ཁ་པར་ནང་ནས་སྐད་ཆ་བཤད་པ་ཞིག་སྒྲོ་འདོགས་བྱས་འདུག ངས་ནི་དེ་ལྟ་བུ་ཞིག་མཐོང་གི་མི་འདུག དེ་ཡག་པོ་མེད་པ་མཐོང་། དེའི་ཕྱིར། ཁ་པར་ནང་ནས་སྐད་ཆ་བཤད་པ་དེ་སུ་ཡིས་མཐོང་། ད་དུང་བོད་ཀྱི་དྲ་ཤོག་ཉུལ་མཁན་ཞིག་ཡིན་པས་ཆ་ནས་དག་ཆ་ལ་གཟབ་རོགས
ཡིག་ཆ་ཚང་མ་རྒྱ་མིའི་ལག་ལ་འབྱོར་ཚར་བ་ཡིན་ན་དེ་ང་ཚོའི་ལས་བྱེད་ཚོས་མ་འགྱོན་པ་ཡིན་པ་གསལ་པོ་རེད་བ། ཡིག་ཆ་ཁོང་ཚོས་བཟོས་ནས་ཁོང་ཚོའི་ལག་པ་ལས་གཞན་པ་སུ་ཞིག་གི་བྱས་པ་རེད་ཟེར་རྒྱུ་ཡོད་དེ་དངོས་གནས་ཐབས་སྡུག་རེད། སྣེ་ལེན་ཡག་པོ་བྱས་མ་བྱས་ཀྱི་སྐད་ཆ་བཤད་དགོས་མ་རེད་
དྲ་གྲོགས་ཚོ། སུས་སུ་ལ་ངར་དབང་མི་འདུག ཡང་སྙིང་སྐད་ཆ་འདིའི་བདེན་དཔང་དགོས་འདུག དེ་ནས་ང་ཚོས་གཞུང་དང་སྒེར་སུ་རེད་ལྟ་ཆོགས། དངོས་གནས་བདེ་པ་ཡིན་ན་བསོད་ནོར་ལགས་ཐུགས་རྗེ་ཆེ།
བསོད་ནོར་ཟེར་བ་དེ་རྒྱའི་ཉུལ་མར་དོགས་པ་སོགས་ནི་དོགས་པ་ཙམ་རང་རེད། ཡིན་ནའང་གོང་གོ་ཟེར་བགྲོས་དེ་འདྲ་མང་པོ་ཐོས་མྱོང་། དེའི་གྲས་རྣམས་རྡ་ས་ནས་ཡིན་ཚད་བོད་གཞུང་དང་དེའི་ལས་བྱེད་ཤག་བྱེད་པ་སོགས་ཆབ་སྲིད་གི་གོ་རྟོགས་ཤིན་ཏུ་དམན། ཡིན་ནའང་འགྲེལ་བཤད་འགྲོ་ས་མེད་དེ་ཨུ་ཚུགས་ཆེ་བ་གཡག་རྒན་རང་རེད།
བསོད་ནམས་ནོར་བུ་ཟེར་བ་འདི་ཡིག་རྫུན་རང་ལ་ངོས་འཛིན་ཞུ་གི་ཡོད། གལ་སྲིད་དངོས་ཡོད་གནད་ཚུལ་བཀོད་དགོས་ན་འདྲ་པར་གཅིག་དང་ལྷན་དུ་བཀོད་ན་བདེན་རྫུན་ཞིབ་འཇུག་བྱ་བདེ་བོ་ཡོད། གསར་འགྱུར་འདི་འདྲ་དངོས་སུ་བྱུང་ཡོད་ན་འདྲ་པར་བཀོད་རྒྱུ་ལ་ངོ་ཚ་བྱེད་ག་ལ་དགོས། ཡིན་ཡང་ཡི་གེ་བྲི་མཁན་འདི་བོད་གཞི་བྱེས་གཉིས་མཐུན་སྒྲེལ་མེད་པ་བཟོ་མཁན་ཞིག་རེད་འདུག མ་ཟད་རྣམ་གྲོལ་གླིང་དགོན་པའི་མཚན་སྨོས་ནས་སྤྱི་ཚོགས་འདི་ནང་ནག་པོ་བཟོ་འདོད་རེད་འདུག
གསར་འགྱུར་འདི་་གནད་དོན་ངོ་མའི་་གསར་འགྱུར་ཞིག་ཡིན་པ་ཡིད་ཆེས་བྱེད་དཀའ་བ་ཞིག་འདུག་ལ་དེ་ལས་ལྡོག་ཏེ་་ཁ་ནས་བོད་མིའི་བདེ་སྡུག་ཡིན་ཟེར་ཚིག་འགའ་རེ་་རྗོད་དེས་སེམས་ཤུགས་ཧ་ཅང་གི་ཡོད་མདོག་བྱས་ཏེ་གཞུང་གི་སྒྲིག་འཛུགས་དང་གཞུང་གི་ལས་བྱེད་དག་ལ་ངན་སྨོད་ཅིག་བྱེད་ཨེ་ཐུབ་བལྟ་བྱེད་ཀྱི་རྫུན་བཟོ་ཞིག་ལས་བོད་ནང་གི་སྐད་ཆ་ངོ་མ་ཞིག་ཨ་ཡིན་འདོད།
ད་ལྟའི་དུས་སུ་ཆོས་ལུགས་འཐེན་འཁྱེར་དང་།།
མི་རིགས་ཕྱོགས་ཞེན་གཞེ་བྱེས་དཀྲུགས་ཤིན་སོགས།།
བསོད་ནམས་དམན་པའི་ལམ་ནོར་བུ་ཕྲུག་འདིའི།།
ཁ་ལ་ལྟ་བ་བཅོལ་ཆུང་བྱིས་པའི་ཟླ།།
༄།། རྣམ་གྲོལ་གླིང་གི་བསོད་ནམ་ནོར་བུ་ཟེར་མཁན་མི་ངན་ཅོལ་ཆུང་འདིས་གཞིས་བྱས་གཉིས་ནང་ཡོད་པའི་བོད་མིའི་བར་དཀྲུགས་ཤིང་དང་། བཙན་བྱོལ་གཞུང་དང་ལས་བྱེད་ཡོངས་ལ་སྨ་འབེབ་དང་མ་འགྲིག་པའི་སྐོར་མང་དག་ཞིག་བོད་ནས་ཡིན་ཁུལ་གྱི་བརྗོད་ཡོད་པ་འདི་ལ་གཞུང་སྒེར་གཉིས་ནས་ངོས་ལེན་བྱ་ཐབས་དང་བྲལ་ སྤྱིར་གཏང་བྱས་ན་ད་ལོ་དུས་དབང་སྐབས་བོད་ནས་ཕེབས་མཁན་ཚང་མ་ལ་བཙན་བྱོལ་གཞུང་ནས་ངོས་ལེན་གང་དྲག་ཞུས་ཡོད་ལ། བོད་མི་རྣམས་ཀྱིས་ཀྱང་་གཅིག་བསྒྲིལ་གྱི་གོམ་ཁ་དང་བློ་སེམས་གཏན་རུ་ཕྱིན་ཡོད། འདི་ནས་ཀྱང་བོད་ཀྱི་ཛ་དྲག་གི་གནས་སྟངས་སྐོར་ལ་བཀའ་ཁྲིར་མཆོག་གིས་དབུ་ཁྲིད་པའི་གཞུང་ཞབས་ལས་བྱེད་རྣམས་དང་བྱས་ཀྱི་མི་མང་ཡོང་ནས་རང་ནུས་གང་ཡོད་ཀྱི་ནུས་པ་གཏོན་བཞིན་ཡོད་པས་གང་བྱུང་མགོ་མ་འཚོས་པ་མ་བཤད་རོག།
བསོད་ནོར་གྱིས་བཤད་པ་བདེན་མིན་གང་ཡིན་ཀྱང་གནས་ཚུལ་མི་ཤེས་པའི་ལོང་གཏམ་ཞིག་ལས་སེམས་ཚོར་སྤྲོད་ཐུབ་པ་གང་ཡང་མི་འདུག དང་པོ་དབང་ཞུས་ནས་ཕྱིར་ལོག་འགྲོ་མཁན་མི་བདུན་སྟོད་བརྒྱད་སྟོང་མང་ཆེ་བ་བཀག་ཉར་བྱས་ཡོད་རེད་ཟེར་བ་རྫུན་ཡིན་པ་སུས་བལྟས་ཀྱང་ཤེས་ཐུབ། གཉིས་པ་རྒྱ་གར་དུ་དབང་ཞུ་བར་སླེབས་མཁན་ཚོ་འགྲམ་གྱི་དགག་སྒོ་བརྒྱུད་ནས་ཡོང་བ་ཡིན་པས་རྒྱ་གཞུང་ལ་མིང་ཐོ་ལོས་ཡོད། གསུམ་པ་ཨ་རིའི་རླུང་འཕྲིན་ཁང་སོགས་བོད་ཀྱི་རླུང་འཕྲིན་ཁང་རྣམས་ཀྱིས་བོད་དོན་དྲིལ་བསྒྲགས་ལ་བྱས་རྗེས་ཧ་ཅང་བཞག་ཡོད་པ་རྒྱ་གཞུང་ཡན་ཆད་ཀྱི་ཤེས་ཀྱི་རེད། བཞི་པ་ཁོ་ཨ་རིའི་རླུང་འཕྲིན་ལ་ལྟ་ཡི་ཡོད་ན་བསམ་ཆར་ཐད་ཀར་མ་བཤད་པར་བསོད་ནོར་བརྒྱུད་དགོས་དོན་གང་ཡོད་རེད། ལྔ་པ་གཞུང་དམངས་གཉིས་ནས་གང་འཇོན་འཇོན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ཙམ་ཡང་མི་ཤེས་པ་གང་རེད།