ཨ་རིར་སྐྱེས་པའི་བོད་ཕྲུག་བསམ་གཏན། ༼ལོ་༡༢༽
བོད་ནང་ལ་བཞུགས་པའི་བླ་མ་དང་མཁན་པོ་ཚོས། གཙོ་བོ་དང་པོ་རང་གི་སྐད་ཡིག་སྲུང་སྐྱོབ་བྱོས། དེ་ནས་འཛམ་གླིང་ཞི་བདེ་དང་། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ། འགྲོ་བ་རིགས་དྲུག་ལ་བྱུས་གཏོགས་བྱས་ན་ལེགས། ད་ལྟ་བོད་ནང་ལ་བྱིས་པ་རྣམས་རང་གི་སྐད་ཡིག་འབོར་འགྲོ་བའི་ཛ་དྲག་གི་གནད་དོན་འདི་གཡུགས་ནས། འཛམ་གླིང་ཞི་བདེ་ཟེར་བ་དང་། འགྲོ་བ་རིགས་དྲུག་ཟེར་བ། གོ་ལའི་བདེ་ཐང་ཟེར་བ། ཚན་རིག་ཟེར་བ་བཤད་ནས་གང་སར་འཁྱམས་ནས་བསྡད་ན། ལོ་རྒྱུས་ཀྱི་དེབ་ཐོག་ལ་ཁྱེད་ཚོའི་ནོར་འཁྲུལ་གསལ་ཐིང་ངེར་འཁོད་ཀྱི་རེད། ༼Your miserable failure will be clearly recorded in history)
རང་གི་སྐད་ཡིག་མེད་ན། ཚང་མ་གཞན་གྱི་ལད་བཟློས་རེད། རང་གི་ཁྱད་ཆོས་མེད་པར་འགྲོ། དཔེར་ན། རྩ་བ་སྐམ་པའི་སྡོང་པོ་ལྟ་བུ་རེད། རིམ་བཞིན་གཞན་ཚང་མ་ནུབ་ཀྱི་རེད།
ཨ་རིར་བཞུགས་པའི་བོད་རིགས་བྱིས་པ་ཞིག་གི་ཉིན་དེབ་ལས་ལྐོག་བཤུས་བྱས།༽
བསྟོད་ན་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་དང་། རེ་ན་དངོས་ཡོད་གནས་ཚུལ་གྱི་དྲན་གསོ། སྨད་ན་གནད་ལ་ཕན་པའི་སྨད་རར་ཆགས་འདུག དགའ་བསུ་དང་རྒྱབ་སྐྱོར་ཡོད་དོ།།
ཡག་པོ་བྲིས་འདུག
ལྐོག་བཤུས་བྱས།
ཚིག་དེ་སྣང་བ་འགྲོ་མ་སོང་།
མིའི་བསམ་བློ་དང་ཀུན་སྤྱོད་ལ་བག་ཆགས་ངན་པ་འཇོག་གི་རེད།
༄༅། བོད་པར་དངོས་གནས་རྒྱལ་ཞེན་ཡོད་ན་རང་དབང་ལུང་པར་ཡོད་པའི་བོད་རིགས་
ཚོ་ནས་བོད་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་རེད།
བོད་ནང་ལ་ཡོད་པའི་བླ་མ་གྲ་བ་སོགས་ནས་བོད་སྐད་ཡིག་ལ་འབད་བརྕོན་བྱས་དང་
བྱེད་བཞིན་པ་རེད། ཡིན་ཡང་བོད་ནང་ལ་ཡོད་པའི་བོད་རོགས་ཚོ་རྒྱ་དམར་པོའི་དྲག་རྩུབ་འོག་
ཁ་ནང་ནས་མེ་འབར་ཡང། དུ་བ་ཕྱི་ལ་གཏོང་རྒྱུའི་རང་དབང་མེད་པ་ཤེས་དགོས་པ་ཡིན།
སྐྱོན་འཛུགས་བྱེད་རྒྱུ་ཡོད་ན་རྒྱ་དམར་པོ་ལ་བྱེད་དགོས།
ང་ཚོས་ཅི་སྟེ་ངེས་པར་དུ་གསུམ་བཅུའི་དུས་དྲན་ལ་སྐད་འབོད་བྱེད་དགོས་ན། བོད་ནང་ལ་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་དགོས་པའི་འབོད་སྒྲ་བརྒྱབ་ན། འབབ་ས་ཞིག་འདུག དེ་མིན་ཀྱི་འབོད་སྒྲ་མང་པོ་ཞིག་ཆུའི་ནང་ལ་རྟུག་དྲི་བཏང་བ་དང་གཅིག་པ་རེད།
སྐད་འབོད་དེ་ཐོག་མར་རྒྱའི་གཞུང་ཚབ་ལ་བརྒྱབ། དེ་ནས་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གི་ཕྱི་ལ་བརྒྱབ། དེ་ནས་བོད་པའི་ཆོས་ཚོགས་ཆེན་པོ་དེ་དག་གི་སྒོ་འགྲམ་ལ་བརྒྱབ་དགོས་འདུག
6:R ཨིན་ཡིག་ཨར་དྲུག་གིས་ལེགས་བཤད་བསླབ་བྱ།
1..Refugee ང་ཚོ་བཙན་བྱོལ་དུ་སྐྱབ་བཅོལ་བ་རེད། དེ་ནམ་ཡང་བརྗེད་མི་ཉན།
2. Rise ང་ཚོ་ཡར་ལོངས་ཤོག འགྱེལ་ས་ནས་ཡར་ལང་དགོས་རེད།
3. Rihgt བོད་མི་རིགས་ཀྱི་ཐོབ་ཐང་དེ་དག རང་གིས་ཤེས་ནས། རང་གིས་ལག་པར་བླངས་དགོས་རེད།
4. Responsible བོད་མི་ཀུན་ལ་བོད་སྤྱི་སྒེར་དོན་དང་། ཚེ་འདི་ཕྱིའི་དོན་ལ་ལས་འགན་དང་། འགན་འཁྲི་ཡོད་རེད།
5. Resist གཞན་དང་ཕྱི་ཡི་བཙན་དབང་ལ། ཞི་བ་དང་། དྲང་བདེན་གྱི་སྒོ་ནས་ཕར་རྒོལ་བྱེད་དགོས་རེད།
6. Resilience མི་རིགས་སྐད་ཡིག་ཆོས་དང་། ཡ་རབས་ལེགས་བྱང་རིག་གཞུང་ཡོངས་རྫོགས་སྔ་སོར་འཆུད་ཐུབ་པ་བཟོ་དགོས་རེད།
1..Refugee སྐྱབ་བཅོལ་བ།
2. Rise ཡར་ལང་།
3. Rihgt ཐོབ་ཐང་།
4. Responsible འགན་འཁྲི།
5. Resist ཕར་རྒོལ།
6. Resilience སྔ་སོར་འཆུད་པ།