བོད་ནམ་ཡང་འཆི་གི་མ་རེད། Posted on 2012-04-092012-04-09 By ཁ་བརྡ་ 40 Comments on བོད་ནམ་ཡང་འཆི་གི་མ་རེད། གློག་བརྙན་།
ཕ་མ་བཟང་པོའི་བུ་ཆུང་ཟེར་ན་འདི་འདྲ་ཞིག་དགོས་ནི་རེད། ཐུགས་རྗེ་ཆེ་ཕ་མ་བཟང་པོ། ལྷག་བསམ་ལའང་ཐུགས་རྗེ་ཆེ་ཞི་བཞིན་ཡོད།།
བྱིས་པ་འདི་རིགས་ཀྱིས་བོད་སྐད་དེ་ཙམ་མི་ཤེས་ཀྱང་བོད་ཀྱི་རྣམ་ཤེས་གསོན་པོ་རེ་རེ་ཡིན་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས་པར་འདུག འདི་རིགས་ཀྱི་རྩ་ལམ་ན་གངས་སེང་དཀར་མོའི་ཟུངས་ཁྲག་ལྷོག་ལྷོག་ཏུ་འཁོལ་བཞིན་འདུག
ངའི་གཡས་གཡོན་དུ་ཕྱི་གླིང་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་མང་པོ་ཡོད་པ་རེད། ཡིན་ན་ཡང་བྱིས་པ་འདི་འདྲའི་རྣམ་རིག་གཙང་མ་ཡོད་མཁན་ཤིན་ཏུ་དཀོན། འདིའི་རིགས་ལ་ངེད་ཚང་གི་སྤྱི་ཚོགས་ཁྲོད་གྲགས་ཆེ་བའི་སྤྲུལ་སྐུ་ཟེར་བའི་ཐ་སྙད་ཀྱང་ལན་པོ་འདུག གང་ལྟར་བུ་ཕྲུག་ཁོ་བོད་རྒད་ཆབ་སྲིད་པ་ཞིག་གི་རྣམ་སྤྲུལ་ས་སྟེང་དུ་འཕོས་པར་ཐེ་ཚོམ་མ་མཆིས་སོ།
བོད་འཆི་གི་མ་རེད་ཟེར་བ་ལས། བོད་འཆི་བ་མ་རེད་དང་ཡང་ན་བོད་འཆི་ནི་མ་རེད་ཅེས་བརྡ་སྤྲོད་དང་མཐུན་པ་ཞིག་ཁྱོད་ཁ་བརྡ་ཚང་གིས་འབྲི་མི་ཤེས་སམ།
བོད་ཕྲུག་འདིའི་སེམས་ཤུགས་དང་བྱ་སྤྱོད་ནི་དགའ་འོས་པ་ཞིག་རེད་དེ། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པ་ལྟར་རྒྱལ་ཁབ་ཕྱི་ནང་གང་དུ་གནས་རུང་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུར་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་སྤྲོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་བརྩི་རིགས། ཕ་མས་འགན་དེ་མ་ཁུར་ན་ཕྲུ་གུ་ཚོ་ནར་སོན་རྗེས་སོ་སོའི་ཕ་མར་ལེ་འདེད་བྱ་སྲིད་ཅིང་། ལར་མི་རིགས་སུ་ཡིན་རུང་རང་ཉིད་ཀྱི་ཕ་སྐད་མ་ཤེས་ན་ཆེས་ངོ་ཚ་དགོས་པ་དང་ཐ་ཤལ་དུ་ངོས་འཛིན།
ཐུབ་པ་སྣང་བ་དགྲར་ལངས་ཁ་ལ་ཐལ་བས་ཆོད། འཆི་ནི་མ་རེད། ཟེར་བ་འདི་བརྡ་སྤྲོད་དང་མཐུན་པ་འདོད་པ་སྣང་བ་འཕྲུལ་པ་རང་རེད།
མི་རབ་ནས་མི་རབ་བར་ལ་ང་ཚོའི་རྩོད་གླེང་འདི་འགྲོ་བཞིན་པའི་སྐབས་འདིར་སེམས་པ་སྐྱོ་དགོས་བ་ཞིག་རེད་འདུག ཕྱོགས་གཅིག་ནས་གོ་ལ་གཅིག་གྱུར་དུ་འགྲོ་བཞིན་པ་དང་ཕྱོགས་གཞན་ཞིག་ནས་་་་་་་་
རྣམ་རིག་ཤིན་ཏུ་གྲུང་བའི་བུ་་ཆུང་་ཚེ་རིང་་ལོ་བརྒྱ། རིག་པ་སེམས་ཤུགས་འཕྲོད་བརླགས་མ་གཏོང་བོད་སྐད་ཡག་པོ་སྤྱོངས།
སྐྱག་ཕྲུག་འདི་ལ་རྣམ་་རིག་རྒོད་པོ་ཞིག་དང་། མི་རིགས་རང་ལུགས་ཀྱི་ལྟ་བ་ངར་ཤུགས་ལྡན་པ་ཞིག་འདུག བོད་སྐད་མ་ཤེས་ཀྱང་འགྲིག་གི་རེད། ཕྱི་སྡོད་བོད་རིགས་ཁྲོད་འབུར་དུ་ཐོན་པའི་བོད་དོན་ལས་འགུལ་བ་མང་པ་ཆེ་བ་ཕྱི་བོད་འདྲེས་མ་དང་བོད་སྐད་མི་ཤེས་པའི་བོད་ཕྲུག་དག་རེད། བོད་སྐད་ཤེས་ཀྱང་བོད་དོན་ལ་ཕན་པའི་ལས་ཀ་ལྟ་ཞོག་རང་དོན་མི་འཆོང་བ་ཅི་ཙམ་འདུག དཔེར་ན་བརྙན་པར་འདིའི་འོག་མཆན་འགོད་མཁན་ཚོ་དེའི་དཔེ་མཚོན་རེད། མ་རེད་དམ།
ལྷ་ལྡན་ལགས། བོད་སྐད་མི་ཤེས་པའི་འབུར་དུ་ཐོན་པའི་ལས་འགུལ་བ་སུ་འདུག གཅིག་བསྟོན་གནང་དང་། ངས་བལྟས་ན་ལས་འགུལ་བ་གཅིག་ཡོད་པ་ནི་བཀྲས་འཐོང་ལྷག་སྒྲོན་ལགས་རེད། དེ་མིན་འབུར་དུ་ཐོན་པའི་ལས་འགུལ་བ་དཔེར་ན་བསྟན་འཛིན་བཙོན་འགྲུས་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ད་ལྟ་རྒྱ་གར་ནང་ལས་འགུལ་སྤེལ་བཞིན་པའི་མིག་དམར་ཚེ་རིང་སོགས་རེད་ལ། ཁོང་ཚོ་ཚང་མ་བོད་སྐད་ཧ་ཅད་ཡག་པོ་ཡོད་པ་མ་ཟད་བོད་ཡིག་ཀྱང་གང་འཚམས་ཤེས་མཁན་རེད། ད་དུང་ཁྱེད་རང་སྤྱི་དོན་ལྟ་ཞོག་རང་དོན་ཡང་མི་འཁྱོང་མཁན་ཞིག་ཡིན་ནམ། འདིར་མཆན་འགོད་མཁན་ནང་ཡོད་པས་སོ།
ཐུབ་བསྟན་ཟེར་བ་ཞིག་གིས་བོད་འཆི་ནི་མ་རེད་ཟེར་ན་བརྡ་སྤྲོད་དང་མཐུན་རབས་བཤད་པ་ལ་གཟིགས་དང་། ད་ནི་ཡུལ་སྐད་ཡང་ཡིག་སྐད་དང་མཐུན་པར་བསྒྲུབ་བཞིན་འདུག །ད་དུང་བོད་སྐད་དང་རིག་གཞུང་ལ་ལ་རྒྱ་ཡོད་རབས། གད་མོ་གཏིང་ནས་ཤོར་གྱི།
ཕ་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཕྲུག་གུ་ཆུང་ཆུང་དེ་ལྟ་བུའི་སེམས་ནང་བོད་རྒྱ་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་དང་། རྒྱ་མིས་ཚུར་བརྩེ་སེམས་བྱས་ན་རྒྱ་མི་དང་གྲོགས་པོ་བྱ་འདོད་ཡོད་པའི་ཀུན་སློང་ཡོད་པ་ནི་བོད་མི་རྣམས་དགའ་འོས་པ་ཞིག་རེད།།
༡ཆུ་གཏེར་ཆེན་པོའི་འབབས་སྒྲ་བསྒྲོགས་པའི་དུས་གསར་འདི་ཡི་རྡོག་འགྲོས་དེས།། སྲོལ་རྒྱུན་བཅོམ་པས་གངས་རིས་རང་མདོངས་འབག་བཙོག་རྡུལ་གྱིས་ཕྱོགས་སར་གཏོམ།། ཆོས་སྲིད་ཉི་ཟླ་མུན་པས་སྒྲིབ་པའི་ལྔ་རྒྱའི་དུས་ཀྱི་རང་གཤིས་ནི།། རྫུན་དང་ཕྲ་མའི་དྲོད་རླངས་འབར་བས་མི་གཙང་དྲི་ཡི་གོ་ལ་ཁེན།། ༢སྒོར་མོའི་ཆེད་དུ་ཡོད་ཚད་གཏོང་བའི་གླད་མེད་རང་རིགས་རེ་འགའ་ཡི།། རྨད་བྱུང་སྔར་གཤེགས་དམ་པའི་གཞུངས་ལུགས་རིན་དུ་བསྒྱུར་བས་མ་ཚིམས་པ།། ཀྱོག་བཤད་ཧོམ་བཟོ་རང་མོས་དང་བཏུན་རྒྱུན་བཟང་ཕལ་ཆེར་བརླགས་པའི་ཉེས།། རང་རེའི་ཕ་ཆོས་ཉམས་ལ་ཉེ་བས་དུས་རབས་འདི་ལ་སུ་མི་འཇིགས།། ༣ངམ་ནག་མུན་སྤྲིན་འཁྲིགས་པ་ལྟར་བུའི་བརྩེ་མེད་སྲིད་ངན་ཀྱིས་གཟིར་བའི།། རང་བོད་ཉམས་ཐག་ཅན་དུ་གྱུར་བའི་ཉེས་ཁའི་དུས་ཚེས་གལ་ཆེན་འདིར།། ཕན་འདུན་འཁྱེར་བའི་གམས་འགྲོས་མཉོམ་པོར་རང་ཡུལ་འདི་ལ་མི་འདོར་བ།། མོས་པོར་སྐུར་འདེབས་བྱེད་སར་ཕེབས་པའི་རུས་མེད་རེ་འགས་སྨྱོས་གཏམ་བསྒྲོགས།། ༤སྙིང་རུས་རྟེན་པོས་གཞན་ཕན་འདུན་ལ་རང་གཤིས་བཟང་པོའི་མཛུམ་མདོངས་མངོན།། དྲི་སླད་བྲལ་བས་བཅོས་མ་མིན་པའི་ལྷག་བསམ་དར་དཀར་ཕྱར་བཞིན་པའི།། བྱང་ཐང་ཞིག་ནས་སྨོན་ལམ་འདེབས་པའི་རྒྱུན་ལྡན་ཆོས་པ་འདི་ཚོ་ལ།། ཕུག་བསམ་བརྗོད་པའི་ནུས་མིང་མེད་པ་རང་རིགས་ཡིད་འཕངས་ཤོར་བའི་གཞི།། ༥འོན་ཀྱང་གསར་དུ་བཞད་པའི་བདེན་འབྲས་ཡ་ག་རེ་ཡི་བར་མཚམ་ནས།། རྗེས་མའི་མི་རབས་འདི་ལ་གཏེར་བའི་འབྲས་བཟང་རིམ་བཞིན་སྨིན་པའི་ཆེད།། ན་གཞོན་ཁྱུ་གཅིག་རེ་བའི་ཡིད་སྨོན་ས་བན་བཟང་པོ་འདབས་བཞིན་དུ།། སོ་ནམ་བྱས་བའི་ལག་རྗེས་རེ་ཡི་ཕྱི་རབས་པ་ལ་ནུས་ཤུགས་སྤྲོད།། ༦རྨ་འབྲི་རྫ་གསུམ་བརྙེད་ལས་སད་པའི་གཡུ་འབྲུག་ངར་སྐད་བསྒྲོགས་དང་ལྷན།། ཡར་ལུང་གཙང་པོའི་ཟུར་འགྲམ་ཞིག་ནས་འབོད་སྒྲའི་དྲོད་རླུང་ཕྱུར་བ་ལས།། ཁ་བ་རི་བའི་སྔོ་ལྗོང་སྐྱེད་བྱེད་ཕུག་འདུན་དྲག་ཆར་གཞུར་བ་དེས།། སྤྱིད་ཀྱི་ཕོ་ཉའི་འགྲིམ་དབྱངས་སྒྲོག་བཞིན་སྔར་དུ་མེད་པའི་འདུན་ལམ་མངོན།། ༧བདེན་པའི་རང་སྒྲ་ཐང་དཀར་གཤོག་རྩལ་ཤེས་རིགས་མཁའ་རླུང་དང་འདྲེས་ཏེ།། ཤར་ནུབ་འཇིག་རྟེན་ཞི་བདེར་བསྐྲུན་པའི་རྨད་བྱུང་དམ་པའི་མཛད་པ་བསྐྱོངས།། འོད་དཀར་གངས་རིས་རང་མདོངས་མ་ཡལ་སྲོལ་རྒྱུན་ཚུལ་ཞིན་འཛིན་པ་ལས།། དུས་གསར་རྒྱ་མཚོའི་རྦ་རླབས་ཕྱུར་བའི་མཚན་གསར་ཕལ་ཆེར་ཞབས་ཀྱིས་བརྫིས།། ༨ངར་ཤུགས་འབར་བའི་ཟུང་ཁྲག་གཙང་མ་ལ་རྒྱར་ཕུལ་བའི་དཔའ་བོ་ཚོས།། ཤ་རུས་ཟུག་ངུའི་ན་གཟུགས་བཟོད་ཏེ་མེ་ཆེན་ཕྱོགས་སར་སྦར་བ་ལས།། ཁྱིམ་འཛིན་ཨ་མ་རྒན་མོ་ཚུན་ལ་ནུས་ཤུགས་གསར་པ་སྤྲོད་པའི་མོད།། དགྲ་སྡེ་གཞོམས་ལ་དཀའ་ཚད་མེད་ཅེས་གཡུལ་ངོར་རྒྱལ་བའི་ངར་སྐད་འབྱིན།།
ཐུབ་པ་ཁྱོད་ཀྱིས་བཤད་པ་བཞིན་འཆི་གི་མ་རེད་ཟེར་བ་ནོར་བ་རེད་ལ། ཁྱེད་རང་གིས་འགྲིག་པར་འདོད་པའི་འཆི་ནི་མ་རེད་ཡང་ནོར་བ་རེད།
ཕྲུ་གུ་ཆུང་ཆུང་རྣམ་རིག་རྒོད་པོ་ཁྱོད། བོད་སྐད་ཤེས་ཀྱང་བོད་དོན་ཁྱབ་བསྒྲགས་ཆེད། དབྱིན་སྐད་དྭངས་མ་སྐྱོན་པས་ཅི་ལ་ནོངས། སེམས་ཤུགས་མ་ཆག་ཨ་མའི་དགའ་དགའ་ཁྱོད།
དམར་པོའི་རླུང་རླབས་དྲག་ཏུ་གཡོ་ལས་ཁ་བའི་ལས་དབང་འཛད་ལ་ཉེ། ཁྲག་རྒྱུན་འདྲ་མིན་གཅིག་ཏུ་བསྲེས་ནས་ཚ་བོ་ཚ་མོ་ཛོ་མོ་མང་། ཕ་སྐད་གཙང་མ་ཞལ་ནས་མི་ཐོན་ཕྱི་སྐད་སྤྱོད་ལ་སྤོབ་པ་ཅན། ཕྱི་སེར་ནང་དཀར་ངང་ལག་ཅེས་པའི་མཚན་གྱིས་སྙད་པའང་དོན་ལ་གནས།
བོད་པ་ཞིག་གིས་བོད་སྐད་མི་ཤེས་པ་ཞབས་འདྲེན་དུ་བརྩི་ཡི་ཡོད། བུ་གུ་འདིས་བོད་སྐད་བཤད་ཡོད་ན་དངོས་གནས་རྗེས་སུ་ཡི་རང་གི་གནས་རེད། ཁོང་གིས་ད་དུང་བོད་དང་རྒྱ་གཉིས་ལ་མི་འདྲ་ས་གང་ཞིག་ཡོད་པའང་ཤེས་མི་འདུག བོད་སྐད་སྦྱང་དུ་འཇུག་རོགས། སུའི་བུ་གུ་ཡིན་ན་ཡིན
འདི་ན་་བུ་ཕྲུག་ཕལ་ཆེར་བས་བོད་སྐད་མི་ཤེས་ཀི་་་་་འདུག་སེ་བྱས་ཏེ་བལྟས་ན་བུ་ཕྲུག་ཚོར་ཁག་མེད་ནི་འདྲ་མ་ཞིག་རེད་འདུག སློབ་གྲྭའི་ནང་ན་བོད་སྐད་ཤོད་ས་མེད་ལ་སོ་སོའི་ནང་ན་ཡང་ཕ་མ་སྤུན་ཟླ་ཚོས་རྭ་སྐད་ལུག་སྐད་འདྲེས་མས་བུ་ཕྲུག་ཚོ་སྐྱག་ལངས་ལ་གཏོང་འཇོག་གི ལྷག་པར་དུ་རྒྱ་གར་དང་བལ་ཡུལ་ནས་ཡོང་བའི་སྒོར་དགའ་མ་འདི་ཚོ་ཅིག་མི་སྡིག་གི་ན་དཀོན་མཆོག་གསུམ། འདི་ཕྱོགས་ཀྱི་བུ་ཕྲུག་ཚོར་མ་འོངས་རེ་བ་བཅོལ་དགོས་ཐུབ་དུས་ད་ཚར་འདུག ད་མི་བཤད་་་སྙིང་ལངས་ཀི
ནོར་འཁྲུལ་ཆེ་ཤོས་ཤིག་ནི་ཕ་མའི་ནོར་འཁྲུལ་རེད། ཕ་མས་ནང་ལ་བོད་སྐད་ཡག་པོ་བཤད་ཐུབ་ན་འཁོར་ཡུག་གི་དབང་གིས་བོད་ཡིག་མ་ཤེས་ཀྱང་བོད་སྐད་ཤེས་པ་ཞིག་བཟོ་ཐུབ་ངེས་རེད།
རྩམ་དགའ་ལགས། རྒྱ་གར་དང་བལ་ཡུལ་ལ་སྐྱེས་པ་མ་གཏོགས་སྒོར་མོ་ལ་དགའ་མཁན་ཡོད་མ་རེད་པས། ཁྱེད་རང་ལ་སྒོར་མོ་མ་རག་པ་མ་གཏོགས་སྒོར་མོ་མི་དགའ་མཁན་ཡིན་གྱི་མ་རེད། ཕྲུ་གུ་འདིའི་རྒྱ་བོད་ཐ་དད་ཡིན་པ་རྒྱུ་མཚན་སྐད་མི་འདྲ་བ་གཅིག་པུ་བཤད་ཀྱི་འདུག ཡིན་ནའང་ལོ་ན་ཆུང་ཆུང་རེད་མ་འོངས་པར་ཡག་པོ་སྦྱང་ཐུབ་པ་དགོས། ཕྲུ་གུ་དེའི་ཕ་ལྷག་བསམ་ཟེར་བ་དེ་ཡིན་ས་རེད། ཁོ་རང་བོད་དོན་ལ་སེམས་ཤུགས་ཅན་ཞིག་རེད། མི་གཤིས་ཁྱད་མཚར་ཞིག་ཡོད་སྐད་འདུག ང་ལ་རྒྱུས་དེ་ཙམ་མེད།
བོད་ཀྱི་གཏམ་དཔེར། སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱི། །རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ། ། ཞེས་པ་ལྟར་ཕྱོགས་གང་ནས་བསམ་རུང་ལྟ་བ་གུ་ཡངས་མདོག་གིས་རང་རེའི་སྐད་ཡིག་ལ་སྣང་ཆུང་བྱེད་པ་ནི་བླུན་རྟགས་བླ་ན་མེད་པ་ཞིག་གོ །
གོང་གི་དྲ་གྲོགས་རྣམ་པ་ཚོས་བོད་སྐད་དང་བོད་ཡིག་ཟེར་ནས་མཆན་བཏབས་ཏེ་དྲ་ངོས་གད་ལ་ཁད་དང་གཏོར་ལ་ཁད་རེད་མོད།་་་ཡིན་ན་ཡང་རང་རང་གིས་བཏབས་པའི་མཆན་བུའི་ནང་ན་ཡིག་ནོར་ནི་མིག་གིས་མཐོང་ཚོད་དང་ལག་པས་ཟིན་ཚོད་ཡིན་པ་མ་ཟད་ཕྲད་དང་རྣམ་དབྱེ་ཕྱིན་ཅི་ལོག་ཏུ་སྦྱོར་བའི་དྲི་ངན་དྲ་ངོས་ཡོངས་ལ་ཁྱབ་པས་རང་མི་རང་སྐད་ལ་དུང་བའི་བོད་མི་ཞིག་ཡིན་ཕྱིན་དང་པོ་བྱིས་པ་ཆུང་ཆུང་དེའི་བོད་སྐད་ཤེས་མིན་དེ་ལ་མི་བལྟ་བར་རང་བློ་ནང་དུ་བསྐོར་ནས་རང་གིས་བཤད་ཀྱིན་པའི་སྐད་ཆ་ནི་བོད་སྐད་བརྡ་སྤྲོད་དང་མཐུན་ཞིང་དག་སྐྱོན་ཅི་ཡང་མེད་པ་ཞིག་བྲིས་པའི་རྗེས་ལ་ད་བཟོད་བྱིས་པ་ཆུང་ཆུང་གི་སྐོར་ལ་ཁ་བརྡ་དང་བསམ་ཚུལ་རེ་སྤེལ་ན་དགོས་མཚན་ཅི་འདྲའི་ཆེ་ཨང་།
བྲོ་འཚལ་ལགས། དེང་སྐབས་བཙན་བྱོལ་ནང་བོད་སྐད་ཁ་ནས་བཤད་ཅིང་བོད་ཡིག་ལག་ནས་འབྲི་བ་ཙམ་ཞིག་ཡོད་ན་ཨང་དང་པོ་ཡིན་པ་ལས། བོད་སྐད་བརྡ་སྤྲོད་དང་མཐུན་ཞིང་དག་སྐྱོན་ཅི་ཡང་མེད་པ་ནི་ཕ་རིའི་སྤང་རྒྱན་རེད་དོ།
བཙན་བྱོལ་བོད་མིས། ཧིན་སྐད་ལ་དབྱིངས་བཞུགས། གཞིས་བཞུགས་བོད་མིས། རྒྱ་སྐད་ལ་དབྱིངས་བཞུགས། ཕྱི་རྒྱལ་སྡོད་མཁན་བོད་མིས། ཨིན་སྐད་རྒྱག་རྒྱུར་དབྱིངས་བཞུགས་ནས། བོད་མི་ས་ཡ་དྲུག་ནས་མའོངས་པར་བོད་མི་ག་ཚད་ཙམ་གྱིས་བོད་སྐད་ལ་དབྱིངས་བཞུགས་ཐུབ་བམ།
བོད་པ་གསོན་པོའི་ཞིག་གི་བུ་ཕྲུག་ཡིན་པ་འདྲ་་་་་་་་་་་་མ་འོངས་ཕ་ནོར་ལེན་མཁན་ཞིག་ཡིན་འདྲ་་་་་་་་་བུ་ཕྲུག་འདི་ཡི་བྱ་བ་ལམ་ལྷུང་ཡོང་བར་སྨོན་་་་་་་་་་་་
གསེར་རྟ་བསོད་ཕུན་ལགས། བྱིས་པ་དེ་བཀའ་ཁྲི་བློ་བཟང་སེངྒེ་ནང་བཞིན་ཁ་རྒྱག་པ་བཤད་མཁན་མ་ཡོང་བར་ཤོག བྱིས་པ་དེ་བློ་བཟང་སེངྒེ་ནང་བཞིན་རང་རང་སོ་སོ་བསྟོད་ར་གཏོང་མཁན་སྐྱག་པས་རྐུབ་བརྐྱག་པ་ནང་བཞིན་མ་ཡོང་བར་ཤོག བྱིས་པ་དེ་བློ་བཟང་སེངྒེ་ནང་བཞིན་བསམ་ཚུལ་དང་དྲི་བ་དྲིས་ན་རླུང་ལངས་མཁན་ཞིག་མ་ཡོང་བར་ཤོག དེ་ལས་ལྡོག་ནས་བློ་བཟང་སེངྒེ་ཡོན་ཏན་གཞན་འགའ་ཤས་ཡོད་པ་དེ་བྱིས་པཁྱོད་ལ་ཡོང་བར་ཤོག
བུ་ཕྲུག་འདི་གཉའ་ཁྲི་བཙན་པོའི་སྤྲུལ་སྐུ་ཡིན་ཐག་ཆོད་རེད། ཞེན་ཁོག་ལ་ལྟོས་དང་། བློ་བཟང་སེངས་གེའི་ཐུགས་སྤྲུལ་ཡང་རེད་འདུག སྐྱག་ཕྲུག་འདི་རྒྱ་ནག་གཞུང་གི་མིག་ནང་གི་ལིང་ཏོག་རེད།
རྨོངས་དད་ཆེ་གྲགས་ནས་སྤྲུལ་སྐུ་ཡིན་རབས་བཤད་ན་ཆེས་རྗེས་ལུས་ཞིག་རེད། ཨ་རི་ལུང་པར་ཕྲུ་གུ་ཚང་མ་སྤྱང་པོ་འདྲེ་ནང་བཞིན་ཤ་སྟག་ཡོད་རེད། ཚང་མ་བོད་པའི་སྤྲུལ་སྐུ་ཡིན་གྱི་རེད། གད་མོ་ཤོར་བའི་སྐད་ཆ་མ་བཤད་རོགས་ཐུགས་རྗེ་གཟིགས།
ནུབ་ཕྱོགས་ཀྱི་ཕྲུ་གུ་དེ་ཚོ་སྤྱང་པོ་འདྲེ་ནང་བཞིན་ཡོད་ན་མ་གཏོག་ནུབ་ཕྱོགས་གངས་ཕྲུག་ཁྱེད་རང་སྤྱང་པོ་དེ་ཙམ་རེད་མི་འདུག་ག
ལུང་རྟོགས་ལགས། བློ་བཟང་སེངྒེ་ནང་ཆོས་སློབ་གཉེར་དང་ཉམས་ལེན་གང་ཡང་མ་བྱས་པར་མ་འདས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ལྐུགས་པ་ལྐུགས་རྐྱང་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ལ་མཐོང་ཆུང་མ་གནང་རོགས། ཐུགས་རྗེ་གཟིགས།
ཕ་མ་བཟང་པོའི་བུ་ཆུང་ཟེར་ན་འདི་འདྲ་ཞིག་དགོས་ནི་རེད། ཐུགས་རྗེ་ཆེ་ཕ་མ་བཟང་པོ། ལྷག་བསམ་ལའང་ཐུགས་རྗེ་ཆེ་ཞི་བཞིན་ཡོད།།
བྱིས་པ་འདི་རིགས་ཀྱིས་བོད་སྐད་དེ་ཙམ་མི་ཤེས་ཀྱང་བོད་ཀྱི་རྣམ་ཤེས་གསོན་པོ་རེ་རེ་ཡིན་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས་པར་འདུག འདི་རིགས་ཀྱི་རྩ་ལམ་ན་གངས་སེང་དཀར་མོའི་ཟུངས་ཁྲག་ལྷོག་ལྷོག་ཏུ་འཁོལ་བཞིན་འདུག
ངའི་གཡས་གཡོན་དུ་ཕྱི་གླིང་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་མང་པོ་ཡོད་པ་རེད། ཡིན་ན་ཡང་བྱིས་པ་འདི་འདྲའི་རྣམ་རིག་གཙང་མ་ཡོད་མཁན་ཤིན་ཏུ་དཀོན། འདིའི་རིགས་ལ་ངེད་ཚང་གི་སྤྱི་ཚོགས་ཁྲོད་གྲགས་ཆེ་བའི་སྤྲུལ་སྐུ་ཟེར་བའི་ཐ་སྙད་ཀྱང་ལན་པོ་འདུག གང་ལྟར་བུ་ཕྲུག་ཁོ་བོད་རྒད་ཆབ་སྲིད་པ་ཞིག་གི་རྣམ་སྤྲུལ་ས་སྟེང་དུ་འཕོས་པར་ཐེ་ཚོམ་མ་མཆིས་སོ།
བོད་འཆི་གི་མ་རེད་ཟེར་བ་ལས། བོད་འཆི་བ་མ་རེད་དང་ཡང་ན་བོད་འཆི་ནི་མ་རེད་ཅེས་བརྡ་སྤྲོད་དང་མཐུན་པ་ཞིག་ཁྱོད་ཁ་བརྡ་ཚང་གིས་འབྲི་མི་ཤེས་སམ།
བོད་མི་ནི་ནམ་ཡང་། འཆི་བགྱི་མ་རེད། གཟིགས་དང་། དྲ་བརྙན་འདི་ལ་གཟིགས་དང་།
བོད་ཕྲུག་འདིའི་སེམས་ཤུགས་དང་བྱ་སྤྱོད་ནི་དགའ་འོས་པ་ཞིག་རེད་དེ། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པ་ལྟར་རྒྱལ་ཁབ་ཕྱི་ནང་གང་དུ་གནས་རུང་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུར་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་སྤྲོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་བརྩི་རིགས། ཕ་མས་འགན་དེ་མ་ཁུར་ན་ཕྲུ་གུ་ཚོ་ནར་སོན་རྗེས་སོ་སོའི་ཕ་མར་ལེ་འདེད་བྱ་སྲིད་ཅིང་། ལར་མི་རིགས་སུ་ཡིན་རུང་རང་ཉིད་ཀྱི་ཕ་སྐད་མ་ཤེས་ན་ཆེས་ངོ་ཚ་དགོས་པ་དང་ཐ་ཤལ་དུ་ངོས་འཛིན།
ངོ་མ་བྱིས་པ་ཆུང་ཆུང་དེའི་ལྷག་བསམ་དང་རྒྱལ་ཞེན་གྱི་སྤོབས་པ་ལ་རྗེས་སུ་ཡི་རང་ཡོད།་་་་
ཐུབ་པ་སྣང་བ་དགྲར་ལངས་ཁ་ལ་ཐལ་བས་ཆོད། འཆི་ནི་མ་རེད། ཟེར་བ་འདི་བརྡ་སྤྲོད་དང་མཐུན་པ་འདོད་པ་སྣང་བ་འཕྲུལ་པ་རང་རེད།
བརྙན་པར་འདིས་དགའ་སྐྱོའི་མིག་ཆུ་་་་་་་་་
་་་་་་་དགའ་འོ་སྐྱིད་དོ།
སེམས་ཤུགས་ཅན་གྱི་གངས་ཅན་པའི་བུ་ཕྲུག་འདིས་རང་གི་ཕ་སྐད་ཧྲ་ཐག་ཐག་ཅིག་ཤེས་ན་ཅི་མ་རུང་།
མི་རབ་ནས་མི་རབ་བར་ལ་ང་ཚོའི་རྩོད་གླེང་འདི་འགྲོ་བཞིན་པའི་སྐབས་འདིར་སེམས་པ་སྐྱོ་དགོས་བ་ཞིག་རེད་འདུག ཕྱོགས་གཅིག་ནས་གོ་ལ་གཅིག་གྱུར་དུ་འགྲོ་བཞིན་པ་དང་ཕྱོགས་གཞན་ཞིག་ནས་་་་་་་་
རྣམ་རིག་ཤིན་ཏུ་གྲུང་བའི་བུ་་ཆུང་་ཚེ་རིང་་ལོ་བརྒྱ། རིག་པ་སེམས་ཤུགས་འཕྲོད་བརླགས་མ་གཏོང་བོད་སྐད་ཡག་པོ་སྤྱོངས།
སྐྱག་ཕྲུག་འདི་ལ་རྣམ་་རིག་རྒོད་པོ་ཞིག་དང་། མི་རིགས་རང་ལུགས་ཀྱི་ལྟ་བ་ངར་ཤུགས་ལྡན་པ་ཞིག་འདུག བོད་སྐད་མ་ཤེས་ཀྱང་འགྲིག་གི་རེད། ཕྱི་སྡོད་བོད་རིགས་ཁྲོད་འབུར་དུ་ཐོན་པའི་བོད་དོན་ལས་འགུལ་བ་མང་པ་ཆེ་བ་ཕྱི་བོད་འདྲེས་མ་དང་བོད་སྐད་མི་ཤེས་པའི་བོད་ཕྲུག་དག་རེད། བོད་སྐད་ཤེས་ཀྱང་བོད་དོན་ལ་ཕན་པའི་ལས་ཀ་ལྟ་ཞོག་རང་དོན་མི་འཆོང་བ་ཅི་ཙམ་འདུག དཔེར་ན་བརྙན་པར་འདིའི་འོག་མཆན་འགོད་མཁན་ཚོ་དེའི་དཔེ་མཚོན་རེད། མ་རེད་དམ།
ཕ་བཟང་བུ་གཡག་བཟང་གོ་།
ལྷ་ལྡན་ལགས། བོད་སྐད་མི་ཤེས་པའི་འབུར་དུ་ཐོན་པའི་ལས་འགུལ་བ་སུ་འདུག གཅིག་བསྟོན་གནང་དང་། ངས་བལྟས་ན་ལས་འགུལ་བ་གཅིག་ཡོད་པ་ནི་བཀྲས་འཐོང་ལྷག་སྒྲོན་ལགས་རེད། དེ་མིན་འབུར་དུ་ཐོན་པའི་ལས་འགུལ་བ་དཔེར་ན་བསྟན་འཛིན་བཙོན་འགྲུས་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ད་ལྟ་རྒྱ་གར་ནང་ལས་འགུལ་སྤེལ་བཞིན་པའི་མིག་དམར་ཚེ་རིང་སོགས་རེད་ལ། ཁོང་ཚོ་ཚང་མ་བོད་སྐད་ཧ་ཅད་ཡག་པོ་ཡོད་པ་མ་ཟད་བོད་ཡིག་ཀྱང་གང་འཚམས་ཤེས་མཁན་རེད། ད་དུང་ཁྱེད་རང་སྤྱི་དོན་ལྟ་ཞོག་རང་དོན་ཡང་མི་འཁྱོང་མཁན་ཞིག་ཡིན་ནམ། འདིར་མཆན་འགོད་མཁན་ནང་ཡོད་པས་སོ།
ཐུབ་བསྟན་ཟེར་བ་ཞིག་གིས་བོད་འཆི་ནི་མ་རེད་ཟེར་ན་བརྡ་སྤྲོད་དང་མཐུན་རབས་བཤད་པ་ལ་གཟིགས་དང་། ད་ནི་ཡུལ་སྐད་ཡང་ཡིག་སྐད་དང་མཐུན་པར་བསྒྲུབ་བཞིན་འདུག །ད་དུང་བོད་སྐད་དང་རིག་གཞུང་ལ་ལ་རྒྱ་ཡོད་རབས། གད་མོ་གཏིང་ནས་ཤོར་གྱི།
ཕ་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཕྲུག་གུ་ཆུང་ཆུང་དེ་ལྟ་བུའི་སེམས་ནང་བོད་རྒྱ་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་དང་། རྒྱ་མིས་ཚུར་བརྩེ་སེམས་བྱས་ན་རྒྱ་མི་དང་གྲོགས་པོ་བྱ་འདོད་ཡོད་པའི་ཀུན་སློང་ཡོད་པ་ནི་བོད་མི་རྣམས་དགའ་འོས་པ་ཞིག་རེད།།
༡ཆུ་གཏེར་ཆེན་པོའི་འབབས་སྒྲ་བསྒྲོགས་པའི་དུས་གསར་འདི་ཡི་རྡོག་འགྲོས་དེས།།
སྲོལ་རྒྱུན་བཅོམ་པས་གངས་རིས་རང་མདོངས་འབག་བཙོག་རྡུལ་གྱིས་ཕྱོགས་སར་གཏོམ།།
ཆོས་སྲིད་ཉི་ཟླ་མུན་པས་སྒྲིབ་པའི་ལྔ་རྒྱའི་དུས་ཀྱི་རང་གཤིས་ནི།།
རྫུན་དང་ཕྲ་མའི་དྲོད་རླངས་འབར་བས་མི་གཙང་དྲི་ཡི་གོ་ལ་ཁེན།།
༢སྒོར་མོའི་ཆེད་དུ་ཡོད་ཚད་གཏོང་བའི་གླད་མེད་རང་རིགས་རེ་འགའ་ཡི།།
རྨད་བྱུང་སྔར་གཤེགས་དམ་པའི་གཞུངས་ལུགས་རིན་དུ་བསྒྱུར་བས་མ་ཚིམས་པ།།
ཀྱོག་བཤད་ཧོམ་བཟོ་རང་མོས་དང་བཏུན་རྒྱུན་བཟང་ཕལ་ཆེར་བརླགས་པའི་ཉེས།།
རང་རེའི་ཕ་ཆོས་ཉམས་ལ་ཉེ་བས་དུས་རབས་འདི་ལ་སུ་མི་འཇིགས།།
༣ངམ་ནག་མུན་སྤྲིན་འཁྲིགས་པ་ལྟར་བུའི་བརྩེ་མེད་སྲིད་ངན་ཀྱིས་གཟིར་བའི།།
རང་བོད་ཉམས་ཐག་ཅན་དུ་གྱུར་བའི་ཉེས་ཁའི་དུས་ཚེས་གལ་ཆེན་འདིར།།
ཕན་འདུན་འཁྱེར་བའི་གམས་འགྲོས་མཉོམ་པོར་རང་ཡུལ་འདི་ལ་མི་འདོར་བ།།
མོས་པོར་སྐུར་འདེབས་བྱེད་སར་ཕེབས་པའི་རུས་མེད་རེ་འགས་སྨྱོས་གཏམ་བསྒྲོགས།།
༤སྙིང་རུས་རྟེན་པོས་གཞན་ཕན་འདུན་ལ་རང་གཤིས་བཟང་པོའི་མཛུམ་མདོངས་མངོན།།
དྲི་སླད་བྲལ་བས་བཅོས་མ་མིན་པའི་ལྷག་བསམ་དར་དཀར་ཕྱར་བཞིན་པའི།།
བྱང་ཐང་ཞིག་ནས་སྨོན་ལམ་འདེབས་པའི་རྒྱུན་ལྡན་ཆོས་པ་འདི་ཚོ་ལ།།
ཕུག་བསམ་བརྗོད་པའི་ནུས་མིང་མེད་པ་རང་རིགས་ཡིད་འཕངས་ཤོར་བའི་གཞི།།
༥འོན་ཀྱང་གསར་དུ་བཞད་པའི་བདེན་འབྲས་ཡ་ག་རེ་ཡི་བར་མཚམ་ནས།།
རྗེས་མའི་མི་རབས་འདི་ལ་གཏེར་བའི་འབྲས་བཟང་རིམ་བཞིན་སྨིན་པའི་ཆེད།།
ན་གཞོན་ཁྱུ་གཅིག་རེ་བའི་ཡིད་སྨོན་ས་བན་བཟང་པོ་འདབས་བཞིན་དུ།།
སོ་ནམ་བྱས་བའི་ལག་རྗེས་རེ་ཡི་ཕྱི་རབས་པ་ལ་ནུས་ཤུགས་སྤྲོད།།
༦རྨ་འབྲི་རྫ་གསུམ་བརྙེད་ལས་སད་པའི་གཡུ་འབྲུག་ངར་སྐད་བསྒྲོགས་དང་ལྷན།།
ཡར་ལུང་གཙང་པོའི་ཟུར་འགྲམ་ཞིག་ནས་འབོད་སྒྲའི་དྲོད་རླུང་ཕྱུར་བ་ལས།།
ཁ་བ་རི་བའི་སྔོ་ལྗོང་སྐྱེད་བྱེད་ཕུག་འདུན་དྲག་ཆར་གཞུར་བ་དེས།།
སྤྱིད་ཀྱི་ཕོ་ཉའི་འགྲིམ་དབྱངས་སྒྲོག་བཞིན་སྔར་དུ་མེད་པའི་འདུན་ལམ་མངོན།།
༧བདེན་པའི་རང་སྒྲ་ཐང་དཀར་གཤོག་རྩལ་ཤེས་རིགས་མཁའ་རླུང་དང་འདྲེས་ཏེ།།
ཤར་ནུབ་འཇིག་རྟེན་ཞི་བདེར་བསྐྲུན་པའི་རྨད་བྱུང་དམ་པའི་མཛད་པ་བསྐྱོངས།།
འོད་དཀར་གངས་རིས་རང་མདོངས་མ་ཡལ་སྲོལ་རྒྱུན་ཚུལ་ཞིན་འཛིན་པ་ལས།།
དུས་གསར་རྒྱ་མཚོའི་རྦ་རླབས་ཕྱུར་བའི་མཚན་གསར་ཕལ་ཆེར་ཞབས་ཀྱིས་བརྫིས།།
༨ངར་ཤུགས་འབར་བའི་ཟུང་ཁྲག་གཙང་མ་ལ་རྒྱར་ཕུལ་བའི་དཔའ་བོ་ཚོས།།
ཤ་རུས་ཟུག་ངུའི་ན་གཟུགས་བཟོད་ཏེ་མེ་ཆེན་ཕྱོགས་སར་སྦར་བ་ལས།།
ཁྱིམ་འཛིན་ཨ་མ་རྒན་མོ་ཚུན་ལ་ནུས་ཤུགས་གསར་པ་སྤྲོད་པའི་མོད།།
དགྲ་སྡེ་གཞོམས་ལ་དཀའ་ཚད་མེད་ཅེས་གཡུལ་ངོར་རྒྱལ་བའི་ངར་སྐད་འབྱིན།།
ཐུབ་པ་ཁྱོད་ཀྱིས་བཤད་པ་བཞིན་འཆི་གི་མ་རེད་ཟེར་བ་ནོར་བ་རེད་ལ། ཁྱེད་རང་གིས་འགྲིག་པར་འདོད་པའི་འཆི་ནི་མ་རེད་ཡང་ནོར་བ་རེད།
ཕྲུ་གུ་དེས་བོད་སྐད་མི་ཤེས་པ་ཁྱོད་ཚོས་ག་འདྲ་བྱེད་ནས་བཤད་པ་ཡིན་ན།
འཆི་གི་མ་རེད་ཟེར་བའི་གི་སྒྲ་དྲུག་པ་འབྲེལ་བ་མ་རེད་སྙམ་མོ།།
ཧ་ཧ་ཧ་་ཡང་ཅལ་འདྲོག་མང་གི་ཡ།
ཕྲུ་གུ་ཆུང་ཆུང་རྣམ་རིག་རྒོད་པོ་ཁྱོད།
བོད་སྐད་ཤེས་ཀྱང་བོད་དོན་ཁྱབ་བསྒྲགས་ཆེད།
དབྱིན་སྐད་དྭངས་མ་སྐྱོན་པས་ཅི་ལ་ནོངས།
སེམས་ཤུགས་མ་ཆག་ཨ་མའི་དགའ་དགའ་ཁྱོད།
དམར་པོའི་རླུང་རླབས་དྲག་ཏུ་གཡོ་ལས་ཁ་བའི་ལས་དབང་འཛད་ལ་ཉེ།
ཁྲག་རྒྱུན་འདྲ་མིན་གཅིག་ཏུ་བསྲེས་ནས་ཚ་བོ་ཚ་མོ་ཛོ་མོ་མང་།
ཕ་སྐད་གཙང་མ་ཞལ་ནས་མི་ཐོན་ཕྱི་སྐད་སྤྱོད་ལ་སྤོབ་པ་ཅན།
ཕྱི་སེར་ནང་དཀར་ངང་ལག་ཅེས་པའི་མཚན་གྱིས་སྙད་པའང་དོན་ལ་གནས།
བོད་པ་ཞིག་གིས་བོད་སྐད་མི་ཤེས་པ་ཞབས་འདྲེན་དུ་བརྩི་ཡི་ཡོད།
བུ་གུ་འདིས་བོད་སྐད་བཤད་ཡོད་ན་དངོས་གནས་རྗེས་སུ་ཡི་རང་གི་གནས་རེད།
ཁོང་གིས་ད་དུང་བོད་དང་རྒྱ་གཉིས་ལ་མི་འདྲ་ས་གང་ཞིག་ཡོད་པའང་ཤེས་མི་འདུག
བོད་སྐད་སྦྱང་དུ་འཇུག་རོགས། སུའི་བུ་གུ་ཡིན་ན་ཡིན
འདི་ན་་བུ་ཕྲུག་ཕལ་ཆེར་བས་བོད་སྐད་མི་ཤེས་ཀི་་་་་འདུག་སེ་བྱས་ཏེ་བལྟས་ན་བུ་ཕྲུག་ཚོར་ཁག་མེད་ནི་འདྲ་མ་ཞིག་རེད་འདུག སློབ་གྲྭའི་ནང་ན་བོད་སྐད་ཤོད་ས་མེད་ལ་སོ་སོའི་ནང་ན་ཡང་ཕ་མ་སྤུན་ཟླ་ཚོས་རྭ་སྐད་ལུག་སྐད་འདྲེས་མས་བུ་ཕྲུག་ཚོ་སྐྱག་ལངས་ལ་གཏོང་འཇོག་གི ལྷག་པར་དུ་རྒྱ་གར་དང་བལ་ཡུལ་ནས་ཡོང་བའི་སྒོར་དགའ་མ་འདི་ཚོ་ཅིག་མི་སྡིག་གི་ན་དཀོན་མཆོག་གསུམ། འདི་ཕྱོགས་ཀྱི་བུ་ཕྲུག་ཚོར་མ་འོངས་རེ་བ་བཅོལ་དགོས་ཐུབ་དུས་ད་ཚར་འདུག ད་མི་བཤད་་་སྙིང་ལངས་ཀི
ནོར་འཁྲུལ་ཆེ་ཤོས་ཤིག་ནི་ཕ་མའི་ནོར་འཁྲུལ་རེད། ཕ་མས་ནང་ལ་བོད་སྐད་ཡག་པོ་བཤད་ཐུབ་ན་འཁོར་ཡུག་གི་དབང་གིས་བོད་ཡིག་མ་ཤེས་ཀྱང་བོད་སྐད་ཤེས་པ་ཞིག་བཟོ་ཐུབ་ངེས་རེད།
རྩམ་དགའ་ལགས། རྒྱ་གར་དང་བལ་ཡུལ་ལ་སྐྱེས་པ་མ་གཏོགས་སྒོར་མོ་ལ་དགའ་མཁན་ཡོད་མ་རེད་པས། ཁྱེད་རང་ལ་སྒོར་མོ་མ་རག་པ་མ་གཏོགས་སྒོར་མོ་མི་དགའ་མཁན་ཡིན་གྱི་མ་རེད།
ཕྲུ་གུ་འདིའི་རྒྱ་བོད་ཐ་དད་ཡིན་པ་རྒྱུ་མཚན་སྐད་མི་འདྲ་བ་གཅིག་པུ་བཤད་ཀྱི་འདུག ཡིན་ནའང་ལོ་ན་ཆུང་ཆུང་རེད་མ་འོངས་པར་ཡག་པོ་སྦྱང་ཐུབ་པ་དགོས། ཕྲུ་གུ་དེའི་ཕ་ལྷག་བསམ་ཟེར་བ་དེ་ཡིན་ས་རེད། ཁོ་རང་བོད་དོན་ལ་སེམས་ཤུགས་ཅན་ཞིག་རེད། མི་གཤིས་ཁྱད་མཚར་ཞིག་ཡོད་སྐད་འདུག ང་ལ་རྒྱུས་དེ་ཙམ་མེད།
བོད་ཀྱི་གཏམ་དཔེར། སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱི། །རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ། ། ཞེས་པ་ལྟར་ཕྱོགས་གང་ནས་བསམ་རུང་ལྟ་བ་གུ་ཡངས་མདོག་གིས་རང་རེའི་སྐད་ཡིག་ལ་སྣང་ཆུང་བྱེད་པ་ནི་བླུན་རྟགས་བླ་ན་མེད་པ་ཞིག་གོ །
གོང་གི་དྲ་གྲོགས་རྣམ་པ་ཚོས་བོད་སྐད་དང་བོད་ཡིག་ཟེར་ནས་མཆན་བཏབས་ཏེ་དྲ་ངོས་གད་ལ་ཁད་དང་གཏོར་ལ་ཁད་རེད་མོད།་་་ཡིན་ན་ཡང་རང་རང་གིས་བཏབས་པའི་མཆན་བུའི་ནང་ན་ཡིག་ནོར་ནི་མིག་གིས་མཐོང་ཚོད་དང་ལག་པས་ཟིན་ཚོད་ཡིན་པ་མ་ཟད་ཕྲད་དང་རྣམ་དབྱེ་ཕྱིན་ཅི་ལོག་ཏུ་སྦྱོར་བའི་དྲི་ངན་དྲ་ངོས་ཡོངས་ལ་ཁྱབ་པས་རང་མི་རང་སྐད་ལ་དུང་བའི་བོད་མི་ཞིག་ཡིན་ཕྱིན་དང་པོ་བྱིས་པ་ཆུང་ཆུང་དེའི་བོད་སྐད་ཤེས་མིན་དེ་ལ་མི་བལྟ་བར་རང་བློ་ནང་དུ་བསྐོར་ནས་རང་གིས་བཤད་ཀྱིན་པའི་སྐད་ཆ་ནི་བོད་སྐད་བརྡ་སྤྲོད་དང་མཐུན་ཞིང་དག་སྐྱོན་ཅི་ཡང་མེད་པ་ཞིག་བྲིས་པའི་རྗེས་ལ་ད་བཟོད་བྱིས་པ་ཆུང་ཆུང་གི་སྐོར་ལ་ཁ་བརྡ་དང་བསམ་ཚུལ་རེ་སྤེལ་ན་དགོས་མཚན་ཅི་འདྲའི་ཆེ་ཨང་།
བྲོ་འཚལ་ལགས། དེང་སྐབས་བཙན་བྱོལ་ནང་བོད་སྐད་ཁ་ནས་བཤད་ཅིང་བོད་ཡིག་ལག་ནས་འབྲི་བ་ཙམ་ཞིག་ཡོད་ན་ཨང་དང་པོ་ཡིན་པ་ལས། བོད་སྐད་བརྡ་སྤྲོད་དང་མཐུན་ཞིང་དག་སྐྱོན་ཅི་ཡང་མེད་པ་ནི་ཕ་རིའི་སྤང་རྒྱན་རེད་དོ།
བཙན་བྱོལ་བོད་མིས། ཧིན་སྐད་ལ་དབྱིངས་བཞུགས། གཞིས་བཞུགས་བོད་མིས། རྒྱ་སྐད་ལ་དབྱིངས་བཞུགས། ཕྱི་རྒྱལ་སྡོད་མཁན་བོད་མིས། ཨིན་སྐད་རྒྱག་རྒྱུར་དབྱིངས་བཞུགས་ནས། བོད་མི་ས་ཡ་དྲུག་ནས་མའོངས་པར་བོད་མི་ག་ཚད་ཙམ་གྱིས་བོད་སྐད་ལ་དབྱིངས་བཞུགས་ཐུབ་བམ།
བོད་པ་གསོན་པོའི་ཞིག་གི་བུ་ཕྲུག་ཡིན་པ་འདྲ་་་་་་་་་་་་མ་འོངས་ཕ་ནོར་ལེན་མཁན་ཞིག་ཡིན་འདྲ་་་་་་་་་བུ་ཕྲུག་འདི་ཡི་བྱ་བ་ལམ་ལྷུང་ཡོང་བར་སྨོན་་་་་་་་་་་་
མཁས་དབང་བློ་བཟང་སེང་གེའི་སྐུ་འཚབ་ཞིག་ཡོང་ངེས་རེད་སེམས་པ་ཧ་ཅང་དགའ་སོང་་་་་་་་་ཨ་སྐྱིད་ད་ན་་་་་་
གསེར་རྟ་བསོད་ཕུན་ལགས། བྱིས་པ་དེ་བཀའ་ཁྲི་བློ་བཟང་སེངྒེ་ནང་བཞིན་ཁ་རྒྱག་པ་བཤད་མཁན་མ་ཡོང་བར་ཤོག བྱིས་པ་དེ་བློ་བཟང་སེངྒེ་ནང་བཞིན་རང་རང་སོ་སོ་བསྟོད་ར་གཏོང་མཁན་སྐྱག་པས་རྐུབ་བརྐྱག་པ་ནང་བཞིན་མ་ཡོང་བར་ཤོག བྱིས་པ་དེ་བློ་བཟང་སེངྒེ་ནང་བཞིན་བསམ་ཚུལ་དང་དྲི་བ་དྲིས་ན་རླུང་ལངས་མཁན་ཞིག་མ་ཡོང་བར་ཤོག དེ་ལས་ལྡོག་ནས་བློ་བཟང་སེངྒེ་ཡོན་ཏན་གཞན་འགའ་ཤས་ཡོད་པ་དེ་བྱིས་པཁྱོད་ལ་ཡོང་བར་ཤོག
བུ་ཕྲུག་འདི་གཉའ་ཁྲི་བཙན་པོའི་སྤྲུལ་སྐུ་ཡིན་ཐག་ཆོད་རེད། ཞེན་ཁོག་ལ་ལྟོས་དང་། བློ་བཟང་སེངས་གེའི་ཐུགས་སྤྲུལ་ཡང་རེད་འདུག སྐྱག་ཕྲུག་འདི་རྒྱ་ནག་གཞུང་གི་མིག་ནང་གི་ལིང་ཏོག་རེད།
འདི་ནི་བློ་བཟང་སེང་གེའི་མ་འདས་ཡང་སྲིད་ཡིན་ད།