གནས་ཚུལ་མཁོ་གཏོང་བ་སུ་སུད་གནས་སྡོད་པ་ལྷ་སྲས་བསོད་ནམས།
དེ་རིང་བོད་ནང་གི་སྔ་དྲོ་ཆུ་ཚོད་10:30 ཐོག་ཕ་ཡུལ་ཨ་མདོ་རེབ་གོང་ཆུ་མ་ཀླུ་གཤོང་ནས་ཡིན་པ་ཕ་འབྲུག་ཐར་རྒྱལ་དང་། མ་ཤ་བོ་གཡང་མོགཉིས་ཀྱི་བུ་ཆེ་བ་རྡོ་རྗེ་ལྷུན་གྲུབ་ལགས་རང་ལོ་༢༥སོན་པ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་འདུག ཁོང་གིས་རེབ་གོང་རོང་བོའི་ས་དཀྱིལ་་མགྲོན་ཁང་གི་སྲང་ལམ་ནས་མེ་སྦར་ཏེ་སྐད་ཤུགས་ཆེན་པོས་ཀི་སྒྲ་དང་བཅས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་རྒྱག་བཞིན་རོང་བོ་གྲྭ་ཚང་སྡེབ་ཚོང་ཁང་གི་སྒོ་འགྲམ་བརྒྱུད་ཁ་པར་ཀུང་ཟི་དང་པོ་ཡོད་སར་(china mobile) བར་དུ་བསྐྱོད་ནས་སྐར་མ་གསུམ་རྗེས་ལ་ས་འགྱེལ་བས། དེ་གར་རྒྱ་མི་དང་ཁ་ཆེ། བོད་པ་མང་པོས་དབྱར་རྩྭ་དགུན་འབུ་ཚོང་ལས་ཉོ་སྒྲུབ་བྱེད་སར་ཁེལ་ཡོད་པས་མི་མང་པོས་མེར་མ་བསད་པར་ཡུན་ཙམ་བཞག་ནས་ཉལ་ཆས་ཞིག་གི་ནང་བཏུམ་སྟེ་རོང་བོ་དགོན་ཆེན་གྱི་སྒྲོལ་མ་ཐང་ཆེན་དུ་གདན་འདྲེན་ཞུས་སྐབས་སེར་སྐྱ་མང་ཚོགས་གང་མང་འདུས་ནས་སྨོན་ལམ་གསུངས་པ་དང་། རྒྱུན་རིང་བསྡད་ན་རྒྱ་མིའི་ཉེན་རྟོག་པ་ཡོང་ཉེན་དོགས་ནས་རོང་བོ་དགེ་རྒན་སློབ་གྲྭའི་ནང་བརྒྱུད་སྟེ་གདོང་རྒྱ་ཀླད་ཅེས་པ་ནམ་རྒྱུན་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་འདྲེན་ཞུས་ནས་ཡུན་ཙམ་འདས་རྗེས་དཔའ་བོ་ཁོང་སུ་ཡིན་པ་ངོ་ཐག་ཆོད་པ་དང་། ཁོང་གི་སྡེ་བ་གཅིག་པ་དང་ཨ་ཕ་སོགས་དེ་གར་དངོས་སུ་ཡོང་ནས་སྐུ་ཕུང་སྦྱིན་སྲེག་བྱེད་སྐབས་ཨ་ཕས་ངས་སྐད་ཆ་བཤད་ཐུབ་ཀྱི་མི་འདུག་པ་དང་ངའི་བུ་དང་བཟའ་ཟླའི་བར་ལ་རྙོག་དྲ་གཅིག་ཀྱང་མེད་པའི་ཁར་ནང་མི་ལ་དཔལ་འབྱོར་དཀའ་ངལ་ཡང་མེད་པར་ཁྱིམ་ཚང་མཐུན་པོ་འགྲིག་པོ་ཡོད། མ་ཟད་ཁོང་དུས་རྒྱུན་བོད་མི་རིགས་ཀྱི་ལ་རྒྱ་ཧ་ཅང་ཆེ་བ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཀྱང་ཧ་ཅང་ཡོད་མཁན་ཞིག་ཡིན་པས་ངའི་བུ་ཁོང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་ཡིན་པས་ངས་སེམས་ཁུར་དང་མིག་ཆུ་ཙམ་ཡང་བཞུར་གི་མེད་ཞེས་ཁོང་གི་ཨ་ཕའི་ཚབ་བྱས་སྟེ་རྒན་རྒོན་ཞིག་གིས་མི་མང་ལ་གསལ་བཤད་གནང་བ་དང་། སྐུ་ཕུང་སྦྱིན་སྲེག་བྱས་རྗེས་མི་དམངས་ཚང་མ་ལ་རྙོག་དྲ་སོགས་མི་ཡོང་བར་བདེ་འཇགས་ངང་རང་རང་གི་ས་གནས་སོ་སོར་ལོག་ཕེབས་རོགས་གནོང་ཞེས་རེ་ཞུ་འབོད་སྐུལ་གནང་འདུག དེ་རིང་གཟའ་ཉི་མ་ཁེལ་བར་བསྟེན་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་སྟོང་ཕྲག་དྲུག་བརྒལ་བ་འཛོམས་འདུག དཔའབོ་རྡོ་རྗེ་ལྷུན་གྲུབ་ཁོང་གི་ཆུང་མ་རང་ལོ་༢༦ཡིན་པའི་མིང་ལ་གཡང་མོ་མཚོ་ཟེར་བ་དང། ཁོང་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་བུ་ཕྲུག་གཉིས་ཡོད་འདུག
བཀླགས།
བོད་པ་ཚོ་འདི་ལྟར་ཚར་ས་རེད། ཚང་མའི་བསམ་བློ་ཞིག་གཏོང་རོགས།
སྐྱེས་དུས་མི་ལ་ཁྱད་པར་མེད་ན་ཡང་།།
གཤེགས་དུས་མི་ལ་ཁྱད་པར་ཧ་ཅང་ཆེ།།
ཁ་ཤས་གྲོངས་དུས་ཁྱི་བཞིན་གཞུར་ན་ཡང་།།
དམ་
པ་གཤེགས་ཚེ་འཇིག་རྟེན་གཉིད་ལས་དཀྲོགས།།
ཨ་ཧོ། ད་དྲུག་ཅུ་རེ་གཉིས་ཆགས་སོང། མེ་བསྲེག་ཁོ་ནའི་ཚེ་སྲོག་དྲུག་ཅུ་རེ་གཉིས་ལོན་སོང་། ང་ཚོའི་མི་འབོར་ལ་གཞིགས་ན་ཉུང་ཉུང་གཏན་ནས་མ་རེད། འཛམ་གླིང་ལ་ཕྱི་མིག་རེ་བསྲིངས་ན་ལོ་རྒྱུས་ཀྱི་ཐོག་མ་རེད།
ངས་ང་རང་གི་ཚོར་རྟོག་ལ་བསམ་པ་སྦྱར་ན་དྲན་མི་ཐུབ་ཀི བཤད་མི་ཤེས་ཀི བསམ་མི་ཕོད་ཀི བྱང་ཁོག་ཡོམ་ནས་ཡོང་ཀི སེམས་པ་འཁྲུགས་ནས་ཡོང་ཀི མགོ་བོ་འདར་ནས་ཡོང་ཀི སྐྱི་པགས་གཡའ་ནས་ཡོང་ཀི སྤྱིད་པ་གུག་ནས་ཡོང་ཀི ཚ་ཟུག་རེ་ཡིས་བྱང་ཁོག་བསྲེགས་ནས་འགྲོ་ཀི ད་མཚམས་བཞག་ན་བསམ་ཀི རྒྱུན་ཆད་ན་འདོད་ཀི
ཕྱོགས་གཞན་ཞིག་ནས་སྐྱེས་ཆེན་ཚོའི་མཛད་རྣམ་ལ་བསམ་པ་གླན་དུས། རང་ཉིད་ཀྱི་རིན་ཐང་གི་ཆེད་དུ། མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ། ཡོངས་ཁྱབ་རིག་གནས་ཀྱི་ཆེད་དུ། འཛམ་གླིང་བདེ་སྐྱིད་ཀྱི་ཆེད་དུ། རང་ཉིད་ཀྱི་ཡོད་ཚད་དོར་དགོས། ཕུལ་དགོས། མིག་གིས་རྒྱང་ལ་ལྟ་དགོས། རྣ་བ་གཞན་ལ་གླན་དགོས། ཅིས་ཀྱང་། ནམ་ཡང་།
མེ་ལྕེ་མཚམས་ཆད་མི་འོས། བླ་སྲོག་བློས་མ་བཏང་ན། དོན་ཆེན་འགྲུབ་མི་སྲིད། མི་མཐུད་ནས་། ཆོས་ཤེས་བྱེད་མི་རིགས། སྐྱེས་འཆི་འཁོར་བའི་ཆོས་ཉིད་རེད། མི་འདོད་བཞིན་ཤི་དགོས་ན་རིན་ཐང་གི་ཆེད་དུ་ཤི་ན་འོས། སྐྱོ་གདུང་གི་ངང་ནས་ཤི་བ་ལས་གཟི་བརྗིད་ཀྱིས་ཤི་ན་ལེགས། མི་འདོད་བཞིན་ཤི་བ་ལས་རིན་ཐང་གིས་ཤི་ན་ལེགས། གཞན་དོན་དུ་་་་་་ཕུགས་བསམ་གྱི་ཆེད་དུ་་་་་་། འཐབ་རྩོད་ཀྱི་ཆེད་དུ་་་་་་་།
རྡར་མ་ངས་མི་ཕོད་ཀི བྱབ་ཆུང་ངས་མི་འཇོན་ཀི ཡིན་ནའང་། ཁྱེད་ཅག་ངའི་ཆེད་དུ་བཞུད་པ་ངས་རྟོགས་ཡོད། ངས་ཁྱེད་ཀྱི་རྨི་ལམ་ནི་ངའི་བདེ་སྐྱིད་ཡིན་པ་ཤེས་ཡོད། ཁྱེད་ཀྱི་དྲིན་ལན་ནམ་ཡང་བརྗེད་མི་སྲིད། ཨོ་མ་ཎི་པདྨེ་ཧཱུྂ་་་་་་་་་་་་་་་་་་་་་
སླུ་བ་མ་མཆིས་རིན་ཆེན་རྣམ་གསུམ་གྱིས།། བར་དོའི་འཁྲུལ་སྣང་མྱུར་ཏུ་ཞི་མཛད་ཅིང་།། སྒྲིབ་གཉིས་མ་ལྷད་ཡིད་ཀྱི་རང་གཞིན་གསལ།།
རྫོགས་པའི་སངས་རྒྱས་ས་ལམ་བརྙེས་པར་ཤོག།
ཨ་དམར་བོས་བཤད་པ་ལྟར་ངས་ཀྱང་། ཅི་ཡང་མི་འཇོན་གི གང་ཡང་མི་ཕོད་ཀི དཔའ་པོ་ཚོ་འདི་ལྟར་གཤེགས་ཐེངས་རེ་རེར ། ངས་རང་ཉིད་ལ། སྐྱེས་ཚོ་ཚོ་དེ་ལྟར་གྲོང་སོང་། དཔའ་བོ་ཚོ་འདི་ལྟར་གཤེགས་སོང་། ཁྱོད་ཀྱང་ཤ་གཙང་རུས་གཙང་གི་བོད་མི་ཞིག་མ་ཡིན་ནམ། ཞེས་འདྲི་དུས། ངའི་སྙིང་འཕར་བཞིན ཉྭ་འདར་བཞིན ། ངས་མི་ཕོད་ཀི ངས་མི་འཇོན་གི ང་རང་ཉིད་རང་ཉིད་ལ་ངོ་གནོང་གིན་གིན་འདི་ལྟར་ལྷག་སོང་།
ཨོཾ་མ་ཎི་པདྨེ་ཧཱུཾཿ ད་གང་དྲག་་་ཚེ་སྲོག་དོན་མེད་ཤོར་ན་ཕང་བ་ལ་་་་
ཚབ་ཆེན་ལས་འདིཆེ་ནས་ཆེ་རུ་སོང།།
སྡུགགི་ཁུར་བོ་ལྗིད་ནས་ལྗིད་དུ་སོང།།
མེ་སྟག་རྩྭ་ལ་ཕྲད་པ་ཇིབཞིན་དུ།།
སྟོབས་དང་ཤེད་ཤུགས་ཆེ་ནས་ཆེར་འགྲོ་བ།།
ཆོས་ཉིད་འགྱུར་མེད་ཅིག་གི་གཤིས་ཡིནཔས།།
ད་དུང་གང་མང་འདིལྟར་འགྲོ་བ་ལས།།
ག་ལེར་འཇགས་པའི་གོ་སྐབས་ཧ་ཅང་ཕྲ།།
རྒྱ་གཤིས་ཕ་བོང་བཞིན་དུ་མཁྲེགས་པ་དང།།
བོད་གཤིས་རང་རིགས་ཆེད་དུ་བསྟིམས་པ་གཉིས།།
སྐབས་ཐོག་གྱོང་དང་ཕམ་པར་སྣང་ན་ཡང།།
མཐའ་མའི་རེ་བ་ཆེ་ནས་རུ་ཡོད།
ཨཽ མ ཎི པདྨེ ཧུྃ། ཨཽ མ ཎི པདྨེ ཧུྃ། ཨཽ མ ཎི པདྨེ ཧུྃ། འདི་ནི་འཚོ་གནས་པ་ཞྀག་གིས་མུན་ནག་ཕྱི་མའི་ཡུལ་ལ་སྤྲིངས་པའི་ལེགས་སྐྱེས་ཡིན་ལ་སེམས་པའང་ཡིན།
གཞོན་ནུའི་ཤེད་ལས་རྒན་པོའི་ཇུས་ཟབ་ཟེར་བའི་དཔེ་ལྟར་ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་ཐབས་ཇུས་ལ་བརྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ད་ལྟའི་ཆར་ང་ཚོ་ལ་དགྲ་བོ་ལ་ཕར་རྒོལ་བྱེད་པ་ལས་རང་ཉིད་ཀྱི་ནུས་པ་གསོག་འཇོག་དང་རྒྱ་སྐྱེད་གཏང་རྒྱུ་ནི་ཤིན་ཏུ་གལ་ཆེ།
ད་དེ་ངོ་མ་ཅི་འདྲའི་བྱེད་ཐབས་དཀའ་བ་ཞིག་ཡིན་ཨ་ཕ་ཨ་མ་ཆུང་མ་ལོ་གཞོན་ད་དུང་བྱིས་པ་
གཉིས་བཅས་དེ་འདྲའི་བཤད་མི་ཤེས་པ་ཞིག་མཉམ་འགྲེལ་རྒྱལ་ཚོགས་ནི་ད་དུང་རེག་མེད་ཚོར་
མེད་བྲག་རྡོ་སྐམ་པོ་ལ་ཆུ་བཤོས་པ་ལྟ་བུར་རེད།
ཨ་ཕ་ཨ་མ་དང་ཆུང་མ་བུ་ཕྲུག་སོགས་ཀྱི་དཀའ་སྡུག་ནི་མི་རིགས་ཤིག་གི་འཆི་གསོན་བདེ་སྡུག་དང་བསྡུར་ན་ཆུང་ཆུང་རེད། སྔོན་གཤེགས་དཔའ་བོ་དཔའ་མོ་དེ་ཚོས་ཀྱང་དགོངས་པ་འདི་འདྲ་ཞིག་བཞེས་ཏེ་རང་སྲོག་བློས་བཏང་གནང་བ་ལོས་ཡིན། དེ་མིན་བཙན་བྱོལ་བ་འདི་ཚོ་ནང་བཞིན་གྱི་སྒེར་སེམས་ཅན་ཞིག་ཡིན་ན་རང་ལུས་མེ་ལ་བསྲེགས་རྒྱུ་ཕར་ཞོག་སྐད་འབོད་ཙམ་ཡང་བྱེད་ག་ལ་ནུས།