སེམས་པ་སྐྱོ་བའི་གླུ་ཞིག།
ཕ་ཡུལ་ཕྱོགས་ནས་བླངས་ཡོད།
བོད་ཁམས་སྟོད་སྨད་ཀུན་ལ།
བཙོན་དང་དམག་མིས་འཁེངས་འདུག
གསོན་པོ་རང་དབང་བྲལ་བ།
གཤིན་པོ་མར་མེ་བྲལ་བ།
ཕ་མ་བུ་ཕྲུག་མེད་པ།
བུ་ཕྲུག་མགོ་འདོན་མེད་པ།
ལྷག་བསམ་ཅན་གྱི་བོད་མི།
དམག་དང་དྲག་པོས་མི་ཐུབ།
ཚོང་དང་ཏང་གིས་མི་ཐུབ།
བདེན་པ་གཅིག་པུས་ཐུབ་བོ།
ཏཱ་ལའི་བླ་མའི་དྲིན་ལས།
མཐའ་ཡས་རྒྱ་མཚོའི་ཞིང་ནས།
ནོར་བུའི་འོད་ཟེར་འཕྲོས་པས།
རྒྱལ་སྤྱིའི་མིག་རྒྱང་ཕྱེ་སོང་།
ང་ཚོ་བོད་ཀྱི་མི་ལ།
དངུལ་དང་རྒྱུ་ནི་མི་དགོས།
མུ་ཏིག་དོ་ཤལ་མི་དགོས།
རང་དབང་བྱུང་ན་འགྲིག་པ།
ཁྱེད་ཅག་རང་དབང་བོད་མིས།
སྙིང་ལ་སྒྲོན་མེ་སྤར་ནས།
མུན་པས་འགྲིབས་པའི་ཡུལ་ལ།
རང་དབང་སྒྲོན་མེ་འདྲེན་རོགས།
བོད་མིའི་རང་དབང་ནོར་བུ།
བོད་ཁམས་ཡོང་ལ་ཤར་བར།
བོད་མི་ཐམས་ཅད་ཡོངས་ནས།
ཐབས་ཤེས་རྩལ་རྒུ་འདོན་རོགས།
ང་ཚོ་གཞིས་ཀྱི་བོད་མིས།
སྙིང་གི་འཚིལ་ལུ་བཞུར་ནས།
ལུས་སྲོག་ཤོར་བའི་སྤུན་ཟླར།
མཆོད་མེ་ཆད་པ་མེད་དོ།
བོད་ནང་གནས་པའི་བོད་མི།།
བོད་མིའི་ཁོག་གི་སྙིང་རེད།།
སྙིང་ལ་གས་ཆག་བཏང་དུས།།
ང་ཚོ་སེམས་པ་སྐྱོ་སོང་།།
སེམས་པ་སྐྱོ་དང་མ་སྐྱོ།།
ང་ཚོ་བོད་པའི་སེམས་རེད།།
སྐྱོ་བའི་སྨྲེ་སྔགས་ཐོས་མཁན།།
འཛམ་གླིང་མི་ནི་དཀོན་པོ།།
བོད་དོན་བོད་མིས་ལོས་བྱེད།།
ཡིན་ཡང་དེ་རིང་ནང་ཀ།
ཕྱི་བསྡོད་བོད་མི་མང་བོ།།
བོད་སེམས་བརླག་པ་མང་གི།
བོད་ཡུལ་བོད་ཀྱི་ལྗོངས་སུ།།
བོད་མིའི་རྩ་དོན་ཆེད་དུ།།
བོད་མིས་རང་གི་ཚེ་སྲོག།
རང་དབང་ཆེད་དུ་འབུལ་ཐུབ།།
ཕྱི་བསྡོད་བོད་མི་དག་གིས།།
དུས་ཚོད་གཅིག་གཉིས་ཤིག་དང་།།
ཉིན་མ་གཅིག་གཉིས་དེ་ཡང་།།
བོད་དོན་ཆེད་དུ་དཀའ་མོ།།
འདི་འདྲའི་ཕྱི་བསྡོད་བོད་མི།།
ཁ་ལས་ལག་པ་མེད་པར།།
གཅིག་གིས་གཅིག་ལ་ངན་བརྗོད།།
ཉིན་མཚན་སྟོང་གཟད་བྱེད་ཀི།
བོད་ཡུལ་ཁམས་ན་གནས་པའི།།
རྒྱ་ཆེ་བོད་ཀྱི་མི་དམངས།།
རྒྱལ་བའི་བཀའ་སྲུང་བརྩིས་དེ།།
རང་གི་ཚེ་སྲོག་སྲུང་དགོས།།
དྲ་གྲོགས་ཚོ། བོད་ཀྱི་སྐད་ཡིག་གི་སྒོ་ཡང་བསྐྱར་ཕྱེས་འདུག