ཀླུ་སྨྱོན།
སྐབས་རེར་ཨ་མ་སྐྱིད་འཛོམས་ཀྱིས་གསོས་པའི་ཁྱི་ལྡོམ་རེ་ཟུང་གི་ཟུག་སྐད་གྲག་ཡོང་བ་མ་གཏོགས་སྟོད་པ་གྲོང་གསེབ་དང་ཨ་མདོ་གྲོང་གསེབ་ཀྱི་ཁོར་ཡུག་དེ་ལྷིང་འཇགས་སུ་གནས། རྩོམ་པ་པོ་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་རྡ་རམ་ས་ལར་བསྐྱོད་དུས་ཨ་མ་སྐྱིད་འཛོམས་ལ་ཁྱི་ལྟོ་ཉོ་སྤྱད་ཀྱི་སྒོར་མོ་འགའ་སྤྲོད་ཆེད་སྟོད་པ་གྲོང་གསེབ་ཏུ་ལན་གཅིག་བསྐྱོད་མྱོང་། དེ་དུས་མོའི་ཁྱི་ལྡོམ་གཉིས་མཆེ་གཙིག་སྡེར་བགྲད་ཀྱིས་མཆོངས་ཡོང་སྟེ་རྩོམ་པ་པོའི་བྱ་སྤུའི་སྟོད་གོས་གསར་པ་དེ་ཐེར་ཚལ་སྦར་ཚལ་བཟོས་སོང་།
ར་ཇུ་དང་སོ་ནེ་ཡ་གཉིས་སོ་ནེ་ཡའི་ཨ་ནེའི་ནང་དུ་དགོང་ཟས་བཟའ་བར་བསྐྱོད་དེ་ཅུང་འཕྱི་བོ་ཆགས། ཁོ་གཉིས་ཕྱིར་ལོག་པའི་ལམ་བར་དུ་ལྗོན་པ་ཞིག་གི་འོག་ནས་རྡ་སའི་མཚན་ལྗོངས་ལ་བལྟས། རྡོ་ལ་རྡར་རི་རྒྱུད་དང་སྔོ་ནག་གི་ནམ་མཁའ་གཉིས་ཡུག་གཅིག་ཏུ་འབྲེལ། རྒྱང་རིང་གི་སྐར་ཚོགས་དང་གྲོང་གསེབ་ཀྱི་གློག་འོད་གཉིས་མཉམ་དུ་མཚན་མོའི་མཛེས་སྡུག་གི་རྒྱན་ཆ་རུ་སྣང་།
དེ་ནི་ད་སོ་མ་གསེར་གྱི་མེ་ཏོག་གྲངས་ལས་འདས་པ་ཞིག་འཇིག་རྟེན་ཁམས་འདིར་བཞད་པ་དང་ཡང་མཚུངས། སོ་ནེ་ཡའི་ཕ་མ་གཉིས་ཆུང་དུས་ནས་གྲོངས་ཟིན་པས་མོའི་ཨ་ནེ་ལ་ལི་ནི་མོ་ལ་མཚོན་ན་ཧ་ཅང་དྲིན་ཆེན་ཞིག་ཡིན། མོ་མཐོ་སློབ་མ་ཐོན་བར་དུ་ཨ་ནེའི་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བ་དང་། མཐོ་སློབ་ཐོན་རྗེས་དགའ་རོགས་ར་ཇུ་དང་མཉམ་དུ་རྡ་སྟེང་གི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་བསྡད་ཡོད།
མོ་རང་ར་ཇུ་ལ་སེམས་གཏིང་ནས་དགའ་བོ་བྱུང་། དེ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནི་ར་ཇུ་ཡང་མོ་དང་འདྲ་བར་ཕ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་ཞིང་། གཉིས་པ་ནི་ར་ཇུའི་གཤིས་ཀ་འཇམ་པོ་ཞིག་ཡིན། མོ་ར་ཇུ་ལ་འཕྲད་པའི་ཉིན་དེ་ནས་བཟུང་མོའི་མི་ཚེ་ལ་འོད་སྣང་གསར་བ་ཞིག་འཕྲོས། མོའི་ཆེས་ཐོག་མའི་ལང་ཚོའི་མེ་ཏོག་ཀྱང་ར་ཇུས་བཏོགས་པ་རེད། དེ་ནི་ཟུག་གཟེར་དང་བདེ་སྣང་གཉིས་ཀྱིས་མཉམ་དུབཟི་བ་ཞིག་རེད། དེ་ནི་བུ་མོ་ཕལ་ཆེར་གྱིས་བརྒྱུད་དགོས་པའི་མི་ཚེའི་སྤྱི་འགྲོས་ཤིག་དང་དཀྱོགས་མཚམས་ཤིག་རེད། ད་ནངས་ཞོགས་པར་སོ་ནེ་ཡས་མོའི་ས་རས་དེ་ཆུ་དྲོད་འཇམ་ནང་ཡུན་རིང་ཙམ་སྦངས་རྗེས་དྲི་ཞིམ་འདག་རྫས་སྤྱད་ནས་ཐེངས་ཤིག་བཀྲུས་ཟིན་པས། དོ་ནུབ་ཀྱི་བསིལ་རླུང་ཁྲོད་དེ་ནས་སེམས་པ་ལྷིང་འཇགས་སུ་གཏོང་ཐུབ་པའི་དྲི་མ་ཁྱད་པར་བ་ཞིག་འཐུལ་བཞིན་འདུག སྤྱིར་ན་བུ་མོ་གཞོན་ནུ་མ་ཚོར་ལུས་དྲི་ཁྱད་པར་བ་ཞིག་ཡོད་པ་དང་། སོ་ནེ་ཡའི་མི་བརྒྱུད་ལས་འོངས་པའི་དྲི་མ་ཞིམ་པོ་དེ་རྒྱ་གར་བྱང་ཕྱོགས་ཀྱི་སྙན་ངག་མཁན་མང་པོའི་སྙན་ངག་གི་བརྗོད་བྱར་ཡང་དང་སྐྱར་དུ་གྱུར་ཡོད། ཁོ་ཚོས་དེ་ལ་ཁྲག་གི་མེ་ཏོག་གི་དྲི་ཞིམ་ཟེར་ཞིང་དེ་ལ་འགྲེལ་ལུགས་ཀྱང་མི་འདྲ་བ་སྣང་། རྒྱ་གར་གྱི་སྙན་ངག་མཁན་གྲགས་ཅན་ཐེ་གོར་གྱིས་སྐབས་འདིའི་དྲི་ཞིམ་དེ་རྒྱ་གར་བྱང་ཕྱོགས་ཀྱི་བུ་མོ་གཞོན་ནུ་མ་ཚོའི་ཟླ་མཚན་གྱི་དྲི་ཞིམ་ལ་གོ་དགོས་པར་བཀྲལ་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་སྙན་ངག་མཁན་གྱི་རྒྱལ་པོ་ར་ཇུ་ཀུ་ཤུ་ནས་དེ་ནི་ཟླ་འོད་འོག་གི་ཨ་གར་ལྗོན་པའི་དྲི་ཞིམ་ལ་གོ་དགོས་ཞེས་བསྟན་ཡོད། མུ་འགོད།
ཨ་ཁུ་འདིས་ངོ་མ་སྒྲུང་སྙན་མོ་ཞིག་བྲིས་འདུག་བཀའ་དྲིན་ཆེ་མུ་འགོད་གནང་རོགས།
ལུས་དྲི་དང་ཁ་དྲི་ལ་སྦྱར་ན་འོས་ཀྱང་། སྟུ་དྲི་ལ་སྦྱར་ན་ཤིན་ཏུ་མི་འོས་པའི་སྙན་དངགས་སུ་གྱུར་བར་ངེས་སོ།།
ཡ་མཚན།ཡ་མཚན། ཡ་མཚན།
བར་དེ་ནས། “ད་ནང་ཞོགས་པར”་ཟེར་ནས་བྲིས་ཡོང་དུས། ངའི་འཆར་སྣང་གི་གཟུགས་བརྙན་དེ་རྒྱང་བསྒྱུར་གྱིས་གཞན་ཞིག་ལ་བསྒྱུར་སོང་།
བར་བར་གྱི་ཚིག་སྦྱོར་ལ་ཆ་ཡ་རེ་སྤྲད་རུང་། ད་ནི་མགོ་སྔ་མ་རིག་པའི་གློག་བརྙན་ལ་བལྟས་བ་ལྟར་སྤྲོ་བ་དེ་ཙམ་མི་འདུག།
མི་བརྒྱུད་ཀྱི་དྲི་ཞིམ་ནི་སྐབས་དེའི་དྲི་ཞིམ་ལ་ནི་ཡིན་མདོག་མེད། ཧ་ཧ་ཧ།
རང་གི་སེམས་ངོར་ཡོད་པའི་ཆགས་སེམས་འབོད་ཐབས་ཙམ་ཞིག་རེད། དོན་མེད་དོན་ལོག་དོན་དང་ལྡན། དེང་སང་གི་རྩོམ་འབྲི་བ་རེ་ཟུང་གིས་ཉི་མ་འཕུད་ཐབས་འདི་ལ་དགོད་བྲོ་བ་ལས་གང་ཡང་མི་འདུག
ངས་ཤེས་དུས་ནས་ཀླུ་སྨྱོན་གྱིས་འདི་ལྟར་ཡིན་ལ་མིན་ལ་རེ་བཤད་བཞིན་འདུག ད་དུང་ཡང་དེ་འདྲ་རེད། མ་འོངས་པར་ཡང་དེ་ལྟར་རྫོགས་ངེས་འདྲ།
ཀུན་སྤྱོད་འཆལ་སྤྱོད།
ཆོས་ལུགས་འཆལ་སྤྱོད།
རྩོམ་ཡིག་འཆལ་སྤྱོད།
གཏམ་གླེང་འཆལ་སྤྱོད།
ངོ་མ་མི་འདིའི་སྒང་ན་ཚད་ལྡན་གཅིག་ཀྱང་མི་འདུག
ང་ཚོ་བོད་པ་ཚང་ཆོས་པ་ལྕགས་མགོ་འདི་ཚོའི་ཁ་ནས་སྤྱི་ཚོགས་ཡར་བཀུར་གྱི་ལྷག་བསམ་ཚིག་སྣ་གཅིག་མེད་ཁ་གཞན་གྱིས་བྱས་པ་ལ་ཕྲག་དོགས་དང་མ་རབས་ཞེ་གཅིག་བཤད་ནས་་་་་་་་་་་་་་ལྟས་དང་སྒང་བ་ཚང་མེ་ཤི་ཐལ་རྡུལ་མེད་པ་བྱེད་བསམ་འདུག
རང་རེའི་རིགས་བརྒྱུད་མ་འོངས་པ་དག་ལ་བོད་ཚད་ལྡན་གྱི་དག་ཆ་རྩིས་སྤྲོད་པ་ལ། སྐད་གྲག་ཡོང་བ་ཞེས་པར། སྐད་གྲགས་འོང་བ། ཞེས་འབྲི་ན་སྐྱོན་གང་ཡོད་དམ།
རྡོ་རྗེ་འཆང་གི་གཞུང་ལུགས་དང་། །
འདོད་པའི་བསྟན་བཅོས་ནོར་ཉེན་ཡོད། །
འདོད་བསྟན་ཆགས་སྤེལ་ཚིག་རིས་དང་། །
སྙན་དངགས་མཛེས་རྒྱན་བསྲེས་ཉེན་ཡོད། །
རྒན་འཇམ་དཔལ་ལགས་ཀྱི་དགོངས་བཞེད་ལྟར་བྱས་ན།
༼རྡ་༽དྷ་སར་རང་ཉིད་སྐད་གྲགས་༼གྲག་༽འོང་༼ཡོང་༽བར་༼ཐེངས་༽ལན་ཅིག་མཁས་པར་ཇུས་༼བཏོགས་༽གཏོགས་གྱིས་ཤིག ལྟ་བུ་དགོས་འདུག་གསུང་འདོད་ཡོད་པ་ཡིན་ནམ། ལགས།
གོ་ཐོས་ལ་ཨ་ཁུ་ཀླུ་སྨྱོན་ཟེར་བ་འདི་ཆགས་པས་སྨྱོས་ཡོད་པ་དང་། ཨ་ཁུ་བེ་རི་སྨྱོན་པ་ཟེར་བ་ཞིག་ཡོད་པ་དེ་ནི་ཕྱོགས་ཞེན་གྱིས་སྨྱོས་ཡོད་ཟེར་གྱིན་འདུག འདི་བདེན་པ་ཡིན་ནམ།