ཚེ་རིང་བསམ་འགྲུབ། ཨ་རི།
ཉིན་ཤས་སྔོན་ངེད་ཀྱིས་ལོ་འདིའི་དྭང་བླང་དཔྱ་དངུལ་ཕུལ་ཚར། དེ་ནི་ཨ་སྒོར་ ༩༦ རེད། ཨ་སྒོར་གྱི་གྲངས་ཀ་འདི་ནི་ངའི་ཉིན་གཅིག་གི་ལས་ཀ་ཡིན། ངས་ཉིན་གང་ལ་ཆུ་ཚོད་བརྒྱད་རིང་རྐུབ་ས་ལ་འཛུགས་ལོང་མེད་པར་ལས་ཀ་བྱས་པའི་འབྲས་བུར་ཨ་སྒོར་ ༩༦ ཙམ་ཐོབ། དེ་ནི་བཙན་བྱོལ་བོད་གཞུང་ལ་ཕུལ་བ་ཡིན། འདི་ལ་དམིགས་ཡུལ་ཉག་གཅིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་ཞེས་པའི་སྒྲིག་འཛུགས་འདི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་གནས་ན་བསམས་པ་ཡིན། དེ་ལ་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་བཞིན་བོད་མི་མི་རེ་ངོ་རེ་ནས་ཞབས་འདེགས་ཞུ་དགོས་པའི་བཀའ་སློབ་ཀྱི་ནང་དོན་ལྟར་རེད། ང་གཅིག་པུ་ག་ལ་ཡིན།
བྱང་ཨ་མི་རི་ཀར་གནས་སྡོད་བྱེད་པའི་བོད་མི་སྟོང་ཕྲག་མང་པོས་དངུལ་འདི་ལྟར་འབུལ་བཞིན་ཡོད་ལ། དེའི་དམིགས་ཡུལ་ཡང་ང་དང་ཧ་ཅང་མཚུངས། བོད་མི་སྟོང་གཅིག་གིས་དཔྱ་དངུལ་ཕུལ་ན་དེ་ནི་ཨ་སྒོར་སྟོང་ཕྲག་ ༩༦ ཡིན། འདི་ནི་ཧ་ལམ་ཨ་རིའི་དོན་གཅོད་ཀྱི་ལོ་གཅིག་གི་ཕོགས་ཐོབ་ལྟ་བུ་ཞིག་ཡིན་ནམ། བོད་མི་ཁྲི་གཅིག་གིས་དཔྱ་དངུལ་དེ་ལྟར་ཕུལ་ན་ཨ་སྒོར་འབུམ་དགུ་དང་ཁྲི་དྲུག་ཡིན། འདིས་ཨ་རིའི་དོན་གཅོད་ཁང་གི་ལོ་གཅིག་གི་འགྲོ་སོང་ཡོངས་རྫོགས་བསྡུ་ཐུབ་པ་འདྲ་ཞིག་མི་འདུག་གམ། གང་ལྟར་བོད་མི་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཅིག་ལ་བརྟེན་ནས་ལོ་རེའི་དྭང་བླང་དཔྱ་དངུལ་དེ་འབུལ་བཞིན་ཡོད་ལ། སྒྲིག་འཛུགས་ཀྱིས་ཀྱང་དོན་འདི་རྩ་ཆེན་གལ་ཆེན་དུ་གཟིགས་ཏེ་བཞེས་བཞིན་ཡོད།
འོན་ཀྱང་ད་དུང་མུ་མཐུད་ནས་ངས་དངུལ་འདི་འབུལ་དགོས་སམ། ངའི་དམིགས་ཡུལ་ནི་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ་ལྟ་བུའི་སྒྲིག་འཛུགས་ཤིག་གནས་རྒྱུ་དེ་ཡིན་མོད། ད་ལྟ་སྒྲིག་འཛུགས་ཀྱི་ངོ་བོ་ལ་གནམ་ས་ལྟ་བུའི་འགྱུར་བ་འགྲོ་བཞིན་ཡོད།
དེས་ན་ངའི་འདོད་པ་སྐོང་མི་ཐུབ་ཅིང་དམིགས་ཡུལ་གྱི་ནང་དོན་མེད་པའི་སྒྲིག་འཛུགས་ཤིག་ལ་ངས་མུ་མཐུད་ནས་དྭང་བླང་དཔྱ་དངུལ་འབུལ་དགོས་སམ། ཁ་སང་ངའི་དྲི་བ་འདི་ཇེ་ཆེར་ཕྱིན་སོང་། དེའི་རྒྱུ་མཚན་ནི། གསུམ་བཅུའི་དུས་དྲན་དེ་ཆབ་སྲིད་ཀྱི་གར་སྟེགས་ཤིག་ཏུ་བསྒྱུར་པ་དང་། ཆབ་སྲིད་པའི་གར་སྟེགས་དེ་ངའི་དམིགས་ཡུལ་གྱི་ལྡོག་ཕྱོགས་ཏག་ཏག་རེད། ༧གོང་ས་མཆོག་དང་སྲིད་འཛིན་ཞིས་གཉིས་འཕྲེད་དར་གཅིག་གི་སྟེང་དུ་བཞག་ནས་གོམ་བགྲོད་བྱས་སྐབས་ད་བར་དུ་ཚེ་སྲོག་ཤོར་བའི་བོད་མི་ཚོའི་རྣམ་ཤེས་དེ་དུར་འོག་ཏུ་བཅུག་པའི་ཚོར་སྣང་བྱུང་། ད་ལྟ་དངུལ་འབུལ་རྒྱུ་ཡོད་ན་འབུལ་ས་མེད་པའི་དཀའ་ངལ་མེད། ཤེས་རིག་ཁོ་ནའི་ལས་ཀ་ལ་ཕྱོགས་པའི་རོགས་ཚོགས་དེ་ཚོ་ལ་ཕུལ་ཆོག་ལ། ཡང་ན་རང་བཙན་རྩོད་པའི་ཚོགས་པ་དེ་ཚོ་ལའང་ཕུལ་ཆོག
བཙན་བྱོལ་བ་ཚོའི་ལག་ནས་རྩ་དོན་ཞེས་པའི་དངོས་པོ་དེའི་པགས་པ་བཤུས་བཤུས་ནས་ད་ནི་ཧ་ཅང་ཡང་མོ་ཞིག་ཏུ་གྱུར་ཡོད།
ད་ནི་རྒྱས་ཆ་རྐྱེན་གསུམ་བཏོན་པ་སྟེ། བོད་རང་བཙན་མིན་པའི་ཁས་ལེན་སོགས་ལ་མིང་རྟགས་བཀོད་ནས་བོད་ལ་མི་རེ་ངོ་རེ་བྱས་ནས་ཕེབས་རྒྱུའི་དུས་ལ་སླེབས་འདུག ད་ཅིའི་ཕྱིར་རྡ་རམ་ས་ལར་སྒྲིག་འཛུགས་ཤིག་བཟུང་སྟེ་སྡོད་དགོས་པ་རེད། བོད་ནང་གི་བོད་མི་ལ་ཕན་པ་ལས་གནོད་ཆེ་བ་འདུག བོད་ཕྱི་ཡི་བོད་པ་ལ་ཕན་པ་ལས་གནོད་ཆེ་བ་འདུག ད་༧གོང་ས་མཆོག་གི་མཚན་སྙན་དང་མཛད་རྗེས་ཀྱི་དར་འཕྱར་བཞིན་བོད་མི་མང་གི་ཐོག་ལ་ཟློས་གར་ཅི་ཡང་འཁྲབ་མཁས་པའི་དཔོན་ངན་རེ་ཟུང་དང་སྐབས་འཚོལ་བ་རེ་ཟུང་གིས་ཁེངས་པའི་སྒྲིག་འཛུགས་འདི་འདྲ་ཞིག་ཡོད་པ་ལས་མེད་པ་དྲག་ཆེ་བ་འདུག་ཅེས་དྲན། དོན་མེད་བརྡབས་གསིག་གཏོང་བའི་ཚོགས་པ་ཞིག་གིས་དགོས་པ་ཁྱོན་ནས་མི་འདུག བརྡབས་གསིག་འདིའི་ཁྲོད་ནས་བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་གྱི་ཚེ་སྲོག་ཤོར་སོང་། མེ་ལྕེས་ཤ་རུས་ཀྱི་ཕུང་པོ་ལ་བརྒྱབ་པའི་ན་ཟུག་དེ་བསམས་ན་བློ་བཟང་སེང་གེས་མིག་ཤེལ་ནག་པོ་གོན་ནས་སྲིད་སྐྱོང་ཡིན་མདོག་མདོག་བྱེད་པ་ནི་ངོ་ཚ་བའི་གནས་ཤིག་རེད།
བཙན་བྱོལ་དཔོན་འབངས་ཀྱི་འབྲེལ་བ་འདི་ལ་བལྟས་ན་སྙིང་རླུང་འཕར་བ་ཞིག་ལས་ཅི་ཡང་མི་འདུག རིག་གནས་ཀྱི་ནང་དུ་འདྲ་མཉམ་གྱི་བསམ་བློ་མེད་པ་དེས་དཔོན་དང་གཡོག་པོའི་འདུ་ཤེས་ལྟ་བུ་ཞིག་ལས་ཅི་ཡང་མེད་པ་འདྲ། རང་གི་མི་དམངས་ལ་ཁ་འཁོར་ནས་ཆིག་སྒྲིལ་དགོས་ཞེས་གསུངས་ཏེ་སྨྱོ་གྲབས་བྱེད། མི་དམངས་ཀྱི་ཁྲོད་ཀྱི་གཞུང་དང་བསམ་བློ་མི་མཐུན་པ་རྣམས་ལ་གཉའ་གནོན་དང་གཏོར་བཅོམ་བྱེད་རྒྱུ་ལ་གླང་ཆེན་སྨྱོན་པ་ཞིག་དང་འདྲ། རང་གི་འདོད་ཐོག་ལ་འབབ་དགོས་ན་ཆིག་སྒྲིལ་དགོས་ཟེར། གཞན་གྱི་འདོད་ཐོག་ལ་འབབ་དགོས་ན་རྒྱ་མིའི་སོ་པ་དང་རྒྱལ་བ་རིན་པོ་ཆེ་ལ་མ་དགའ་མཁན་དང་དད་པ་མེད་མཁན་སོགས་ཡོད་ཚད་སྤྱད་ནས་བོད་མིའི་གྲས་ནས་ཕྱིར་འབུད་བྱེད། ད་འདི་ལྟ་བུའི་སྒྲིག་འཛུགས་ཤིག་དགོས་པ་འདུག་གམ། བོད་མི་ཚོ། གཟབ་གཟབ་བྱོས་ཨ།
ཁོ་རེ་ཨ་རོག་ ཁྱོད་ཀྱི་དཔྱ་དངུལ་སྒོར་༩༦ལ་ཡུད་བཤད་མི་དགོས་ཁྱོད་ཨ་རིར་རང་མགོ་མཐོན་སོང་དྲན་ཡོད་ཀྱི་རེད་ཁྱོད་ཀྱི་དཔྱ་དངུལ་དེས་གོས་ས་མཆོག་གི་དབུ་འཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་ལ་ལག་ཐོག་པ་གང་ཡང་མེད་དེ་ལས་ཁྱོད་རང་གི་དངུལ་དེ་དེད་ཚོགས་ལ་སྤྲོད་ངོ་གསོ་ཡོང་ཧ་ཧ་ཧ་
དཔྱ་༼དཔྱའ་༽དང་དེད་༼དོད་༽གོས་༼་གོང༽བཅོས་རོགས་གནང་
ཚེ་རིང་བསམ་འགྲུབ་ལགས་ཀྱིས་དུས་ལ་བབས་པའི་སྐད་ཆ་བཤད་འདུག འོན་ཀྱང་ད་ལྟའི་བཙན་བྱོལ་གཞུང་གིས་གཏན་འབེབས་ཀྱི་སྲིད་བྱུས་གུ་ཡང་དེའི་འགན་ཡོངས་རྫོགས་བློ་སེང་ལ་ཐུག་གི་མི་འདུག་བསམ། དེ་བཞིན་ཆིག་བསྒྲིལ་དང་གོང་ས་མཆོག་དང་རྒྱ་དཔོན་མཉམ་གནས་ཀྱི་འདྲ་པར་མཉམ་དུ་འཁྱེར་ནས་ཁྲོམ་བསྐོར་བྱེད་པའི་གནས་སྟང་ཐམས་ཅད་བློ་སེང་གི་སྐྱོན་ཁོ་ནར་བརྩིར་མི་རུང། ཁྱེད་ནས་ད་དུང་ལྐོག་ཏུ་སྦས་པའི་གནད་མང་པོ་ཞིག་མ་མཐོང་བའམ་ཡང་ན་ཤོད་མི་ཐུབ་པ་གང་ལྟར། གཞོན་ནུ་དུམ་བུ་གཉིས་དང་ཆུ་སྒང་དུམ་བུ་གཉིས་ལས་སོགས་བོད་མི་ནང་ཁུལ་དུ་དུམ་བུ་མང་པོར་གཏོང་མཁན་བློ་སེང་གཅིག་པུ་མ་རེད་བསམ། གསང་བ་ལྐོག་གྱུར་གྱི་ཇུས་ངན་འདིང་མཁན་མང་པོ་ཡོད་རེད་བསམ། འོན་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་དེ་གསལ་པོར་བཤད་ན་རྒྱ་མིའི་སོ་པ། འདྲེ་བསྟེན་མཁན། ངོ་ལོག་པ། རྒྱལ་བ་རིན་པོ་ཆེར་སྐུར་འདེབས་སྒྲོ་སྐུར་བྱེད་མཁན་བླ་མ་ལ་དད་ལོག་བྱེད་མཁན་བདུད་དང་སྲིན་ལོ་མུ་སྟེགས་ལས་སོགས་ཀྱིས་ཉི་ཤུ་དགུའི་བཟློག་པ་འཕེན་ངེས་རེད། བྱས་ཙང་ད་ལྟ་ཕྱི་གསལ་ནང་གསལ་གྱི་ཁ་སངས་ནས་ཤོད་ཕོད་མཁན་མེད། དེ་ཡིན་དུས་དུས་ཚོད་ལ་སྒུགས་ནས་བསྡོད་རྒྱུ་ལས་མེད།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
ད་བོད་པ་ཚང་དཀའ་ལས་ཁག་པོ་རེད་།
རྒྱ་ལ་ངོ་རྒོལ་བྱ་རྒྱུའི་ཚབ་ལ་དགའ་བསུ་ཞུས་ཧ་ཧ་།།
ས་ཡ་གཉིས་ཀྱི་ཤ་ལན་།ཧ་ཧ་
དགོན་པ་དྲུག་སྟོང་རྩ་་མེད་།ཧཧ
མི་རིགས་ས་གནས་རང་སྐྱོང་།
ས་གནས་།མི་རིགས་རང་སྐྱོང་་།
ལུང་ཚན་ཁ་འཐོར་རང་སྐྱོང་།
རང་བཙན་ནས་རང་དབང་།
རང་དབང་ནས་དབུ་མ་།
དབུ་མ་ནས་མི་རིགས་ས་གནས་རང་སྐྱོང་།
མི་རིགས་ས་གནས་རང་སྐྱོང་ནས་ས་གནས་མི་རིགས་རང་སྐྱོང་།
ད་དགྲ་ལ་དགའ་བསུ་ཞུས་།
ཕོ་བླ་རྩོང་ཧ་ཧ་ཧ།
འཛམ་གླིང་མི་མང་གི་མདུན་ལ་ངོ་ཚ་།
ཚོར་སྣང་ཟབ་པའི་རྩོམ་ཞིག་བྲིས་འདུག ཁ་ས་ནེའུ་ཡོག་ཏུ་སྐད་འབོད་སྐབས་སུ་བོད་རང་བཙན་སོགས་ཀྱི་འབོད་སྒྲ་སྒྲོག་མི་ཆོག་པ་དང་། དེ་ལྟར་འཁོད་པའི་ཕྲེད་དར་སོགས་ཀྱང་ཕྱར་མི་ཆོག་པའི་བཀའ་བཏང་བར་མ་ཟད་ས་གནས་གཞོན་ནུའི་ཚོགས་གཙོ་སོགས་ནས་དེ་ལྟར་སྐད་འབོད་རྒྱག་མཁན་རྣམས་ཉེན་རྟོག་པར་མར་ཕུད་དགོས་ཚུལ་བཤད་སོང་ཡང་ཉེན་རྟོག་པས་ཉན་མ་སོང་། གྲོང་ཁྱེར་དབུས་སུ་སྐད་འབོད་རྒྱག་བཞིན་འགྲོ་སྐབས་གཡས་གཡོན་གྱི་མི་ཚོས་པར་རྒྱག་པ་དང་། free Tibet ཞེས་སྐད་འབོད་ཀྱིས་ང་ཚོར་རྒྱབ་སྐྱོར་བྱེད་བཞིན་པར་གུས་པའི་ཉེ་འཁོར་ནས་བོད་པའི་བུ་མོ་ལོ་ཆུང་ཁ་ཤས་ནས་free Tibet ཞེས་སྐད་ཤུགས་ཆེན་པོས་འབོད་སོང་བར་གོམ་བགྲོད་རུ་བསྟར་ནང་ནས་མི་ཤས་ཡོང་ནས་ཁོང་ཚོར་དེ་ལྟར་ལབ་མི་ཆོག་སྐོར་བཤད་སོང་བས་དེ་ནས་འཇམ་ཐིང་ཐིང་ངང་ཕེབས་སོང་། གང་ལྟར་ཡང་བོད་རང་བཙན་དང་རྒྱ་མི་དང་། རྒྱ་མིའི་སྲིད་འཛིན་ལ་ཟུར་ཟའི་ཚིག་བཤད་ན་ལམ་སེང་ཁ་རྡུང་གཏོང་གི་འདུག
ཟུར་དེ་ནས་ཞིས་ཅིང་པིང་བོད་པའི་སྐུ་ཚབ་མཉམ་སྐད་ཆ་ཤོད་དགོས་འདྲ་བོའི་འབོད་ཚིག་སྒྲོག་གི་འདུག་ཀྱང་མི་མང་ཡང་འཐོམ་ནས་གང་ལབ་དགོས་མིན་་མི་ཤེས་པ་ཡིན་ནམ་གང་ལྟར་ཡང་ནམ་རྒྱུན་བཞིན་འུར་པོ་དེ་འདྲ་མིན་འདུག རྒྱ་མིས་བོད་རང་བཙན་མ་ལབ་ན་གནས་དོན་ཚང་མ་གྲོལ་མོལ་བྱ་ཆོག་ཅེས་བཤད་པ་བཞིན་ད་བོད་དོན་ཐག་གཅོད་མགྱོགས་མྱུར་ཡོང་བའི་རེ་བ་འདུག ཚང་མས་ཉལ་ནོན་འོན་སང་བྱོས་ཨང་། འོན་ཀྱང་སྐུ་གཟུགས་ཞུགས་སུ་ཕུལ་བའི་དཔའ་རྒོད་རྣམ་པས་དབུས་རིན་ཆེན་སྐུ་གཟུགས་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་མཁན་རྣམས་ལ་དགོངས་དག་ཞུ་རྒྱུ་ཡིན།
རྩོམ་ཡིག་ཡག་པོ་སྤེལ་འདུག ཕྲན་ནས་ཀྱང་ལོ་མང་པོའི་ཡར་སྔོན་༼བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས༽འབྲི་མྱོང་ལ། དེ་ནི་ངྷ་སའི་ཆེས་ཆེས་དྲག་དྲག་ཚོར་ལོ་བཅུའི་ཡར་སྔོན་ནས་ནང་མོལ་བྱས་པའི་མ་རྩོམ་གཞིར་བཟུང་ཡོད་པར་མ་ཟད། ད་ལྟ་འབྱུང་གིན་པའི་གནད་དོན་ཁག་ལ་དབྱེ་ཞིབ་བྱས་ཡོད། རྩོམ་ཡིག་དེ་བཞིན་དྲ་རྒྱའི་ནང་བརྙེད་ཐུབ་ངེས་ཡིན།
སྟབས་ཉེས་པ་ཞིག་ནི་ན་ནིང་གཞེས་ནིང་ནས་སྐུ་སྒེར་ཡིག་ཚང་དང་ཕྱི་དྲིལ་ལས་ཁུངས་གཉིས་ནས་ཡུ་རོབ་ཀྱི་སྒོར་མོ་མང་པོ་ཁ་མེད་མིག་མེད་དུ་ནང་འཁྲུག་སློང་བའི་ལས་གཞི་མང་པོའི་ཐད་བཀོལ་བཞིན་པར་བཤད། དེས་འབྲས་བུར་གཞོན་ནུ་ཁག་གཉིས་སུ་གྱེས་པ་དང་། ད་རེའི་ངྷ་སའི་ཚོགས་པ་ལྔར་མཉམ་འབྲེལ་མི་ཡོང་བ། ནེའུ་ཡོག་ཏུ་བྱུང་བའི་གླེང་རྙོག་སོགས་བྱུང་བ་རེད། ཡིན་ནའང་། རྒྱ་དམར་གཞུང་གིས་ཁ་སང་ཐ་ན་ཏཱ་ལའི་བླ་མ་རིམ་བྱོན་གྱི་ཐག་གཅོད་དབང་ཆ་རྒྱ་གཞུང་ཁོ་ན་ལས་ཏཱ་ལའི་བླ་མ་སྐུ་སྒེར་ལའང་མེད་ཅེས་ཐ་ཚིག་བསྒྲགས་སོང་། དེ་བས། བཙན་བྱོལ་བོད་མི་གང་མང་མང་གིས་གོང་གི་རྩོམ་ཡིག་འདི་ལྟར་སྐད་ཆ་དྲང་མོར་བཤད་གལ་ཤིན་ཏུ་ཆེ།
དྭངས་དངུལ་དོན་ཡོད་སར་གཏོང་རྒྱུ་གལ་ཆེ། ༡༽ལྟ་བ་དང་ཐབས་ལམ་ཐད་རྩོད་པ་བྱེད་པ་དམངས་གཙོ་སྤྱིའི་འགྲོ་སྟངས་རེད། རྩ་བ་བོད་དོན་གཅིག་ཏུ་མཐུན་ཞིང་ཐབས་ལམ་མི་འདྲ་བར་རྩོད་པ་བྱས་ཀྱངའཁོན་འཛིན་མི་བྱ་བར་མཐར་མཐུན་སྒྲིལ་གྱི་ལམ་ལས་བྱ་བ་འགྲུབ་པར་བྱེད་པ་དམངས་གཙོའི་ཡོན་ཏན་དང་འགན་ཁུར་རེད། ༢༽ཕྱོགས་གཉིས་གྲོས་མོལ་བྱེད་དུས་ཐག་གཅོད་མ་བྱུང་བར་ངོ་རྒོལ་དགོས་པའང་འགྲོ་སྟངས་དང་ཐོབ་ཐང་རེད། དཔེར་ན་ཆུ་ཚོད་དང་པོར་མཐུན་སྒྲིལ་ཐག་གཅོད་ས་རྟགས་བཀོད་དགོས་པ་ཡིན་ན། ཆུ་ཚོད་དང་པོའི་ཅོང་བརྡ་མ་གྲགས་པར་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས། མཐུན་སྒྲིལ་གྱི་ལམ་ལ་འགྲོ་དགོས་པས་ངོ་རྒོལ་མི་རུང་བ་གཏན་ནས་མེད། མ་བྱས་ན་རང་གི་ཐོབ་ཐང་རྩིས་མེད་བཏང་བ་རེད། ཆུ་ཚོད་ལ་སླེབས་པའི་ཅོང་བརྡ་གྲགས་འཕྲལ་འདས་པའི་སྙོག་མ་མི་སློང་བར་མདུན་ལམ་གྱི་དཀར་འོད་དེད་ནས་མཐུན་སྒྲིལ་གྱི་ཐབས་ལ་བརྩོན་དགོས། ༣༽ཁྱབ་བསྒྲགས་ལ་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བ་ལས་དམག་དོན་གྱི་འཐབ་ཕྱོགས་གཙོ་བོར་འཛིན་དགོས། དེ་ལྟར་བྱས་ན་གཞུང་སྒེར་ལ་ནང་ནས་སྐྱོན་བརྗོད་ལས་ཕྱི་ལ་དེ་ཙམ་མ་བསྒྲག་ན་བཟང་། སྐབས་རེར་ཕྱིའི་རྣམ་པ་འགལ་ཞིང་ནང་དུ་གྲོས་མཐུན་ཡོད་པའི་ཐབས་ལམ་གཉེར་དགོས་པའང་དམིགས་བསལ་ལོ། །
རེད། བོད་རང་བཙན་ཡིན་ཟེར་མཁན་དང་ལམ་དབུ་མར་འགྲོ་རྒྱུ་ཟེར་མཁན་གཉི་གའི་དབར་ན་འགལ་བ་ཡོད་པ་མ་རེད། དེ་ནི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ཡིན། བཙན་གྱིས་གཅིག་ཆོག་པ་དང་གཅིག་མི་ཆོག་པ་ཞེས་ཐག་བཅད་ན་སྒེར་གཅོད་པའི་གཤིས་ལུགས་ལས་མ་འདས་པས་འཛམ་བུ་གླིང་བས་དམོད་པར་འགྱུར་རོ། དེའི་ཕྱིར་དོགས་སྐྲག་མེད་པར་རང་གི་ཆབ་སྲིད་ཀྱི་ལྟ་བའི་རྒྱལ་མཚན་སྒྲེངས་བར་ཤོག་ཡ་སྤུན་ཟླ་ཚོ།
བོད་པས། བོད་ཀྱི་འབོད་སྒྲ་སྒྲོགས།
དབུས་ལམ་པས། དབུས་ལམ་གྱི་འབདོ་སྒྲ་སྒྲོགས།
རང་བཙན་པས། རང་བཙན་གྱི་འབོད་སྒྲ་སྒྲོགས།
གང་གིས་གང་ལ་ཕན་དང་། སུ་ལ་ཕན་དང་། སུ་ལ་གནོད་རྗེས་སུ་ཤེས་སུ་རྒྱུ། དེ་དུས་འགྱོདཔ་སྐཡེས་་སོང་ན། རང་ཤི་བརྒྱབ་རྒྱུ་ལས། མ་འདས་པ་རེད། ཧ་ཧ། ཕྱེད་ཀུ་རེ་ཡིན་གདའ།། །།
“སྟབས་ཉེས་པ་ཞིག་ནི་ན་ནིང་གཞེས་ནིང་ནས་སྐུ་སྒེར་ཡིག་ཚང་དང་ཕྱི་དྲིལ་ལས་ཁུངས་གཉིས་ནས་ཡུ་རོབ་ཀྱི་སྒོར་མོ་མང་པོ་ཁ་མེད་མིག་མེད་དུ་ནང་འཁྲུག་སློང་བའི་ལས་གཞི་མང་པོའི་ཐད་བཀོལ་བཞིན་པར་བཤད། དེས་འབྲས་བུར་གཞོན་ནུ་ཁག་གཉིས་སུ་གྱེས་པ་དང་། ད་རེའི་ངྷ་སའི་ཚོགས་པ་ལྔར་མཉམ་འབྲེལ་མི་ཡོང་བ། ནེའུ་ཡོག་ཏུ་བྱུང་བའི་གླེང་རྙོག་སོགས་བྱུང་བ་རེད། ”
ལྷ་ལྡེ་གནམ་ལོ་ཡག་ལགས། གོང་གི་ཚིག་དུམ་འདི་ལ་གསལ་བཤད་འདྲ་ཨེ་ཡོད། ཡང་ན་འདིའི་སྐོར་གྱི་གནས་ཚུལ་གསལ་བའི་ཡི་གེ་རེ་ངོ་སྤྲོད་བྱེད་རོགས།
ངོ་མ་དོ་རྒྱལ་ཟེར་བའི་བོད་དོན་ལ་གནོད་པ་བྱེད་མཁན་ཞིག་ཡོད་ན་བཙན་བྱོལ་གཞུང་གིས་གསོ་ཡོད་ས་རེད
བློ་ཕམ་ཡོད།