རླུང་དམར།
དེ་ནི་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་ཉིན་ཞིག་རེད། གློ་རྡེག་ལ་དྲ་ཐོག་ནས་ངུ་ན་ངུ་མ་ཐུབ་པ་དང་། དགོད་ན་དགོད་མི་ཐུབ་པའི་སྨྲེང་སེམས་ཀྱི་ཚོར་བ་ཞིག་སྙིང་ནས་བྱུང་། དེ་ནི། དྲ་ལམ་གྱི་མི་ཚོས་གླེང་གིན་པ་ནི་<<ལྷ་སའི་ཇོ་ཁང་མེར་བཞེས་འདུག>>ཅེས་ཐན་ལྟས་ཀྱི་རྔམ་ཟིལ་ཞིག་དྲ་ལམ་མང་པོར་ཁྱབ་བཞིན་མཆིས། དེ་དུས། ངས་གང་མགྱོགས་དྲ་ལམ་གྱི་ཚོགས་པ་རེ་འགར་མིག་མྱུལ་བྱས་ཏེ་བསྡད་དུས། གསར་འགྱུར་བདེན་རྫུན་གཉིས་འཐབ་ཀྱིས་ཁེངས་ཏེ་འདུག་པས། ཅི་བྱ་འདི་བྱ་ཞིག་མེད་པར་ཚོར་སེམས་དྲག་པོ་ཞིག་གི་ངང་ནས་སྙིང་ལ་ན་ཟུག་རྫོགས་མེད་ཅིག་སྐྱེས། གལ་ཏེ། <<ལྷ་སའི་ཇོ་ཁང་མེར་བཞེས་འདུག>>པ་དེ་མངོན་གསལ་གྱི་དངོས་ཡོད་གནས་ཚུལ་ཞིག་ཡིན་ན།
ད་ཐེངས་བོད་ཀྱི་ནོར་རྫས་ཀྱི་ལྷ་ཁང་ཞིག་སྣང་མེད་ཀྱིས་མེད་བརླག་ལ་བུད་སོང་བར་དྲན་བྱུང་། མ་ཟད། བོད་ཀྱི་ལོ་རྒྱུས་ལྡན་པའི་<<ལྷ་སའི་གཙུག་ལག་ཁང་མེར་བཞེས་འདུག>>ཟེར་ཡོང་དུས་བློ་ཡིད་ལ་མི་ཤོང་བའི་གཏམ་འཆལ་ཞིག་ཡིན་པར་བསམས། ཡིན་ཡང་། ཁ་བ་གངས་རིའི་ལྗོངས་འདིར་ལས་བསོད་ནམས་ཀྱི་དབང་ཐང་ཅུང་ཟད་ཡོད་པའི་དབང་གིས་<<ལྷ་སའི་ཇོ་ཁང་།>>ལ་མེའི་འཇིགས་པས་གནོད་ཐེབས་མ་བྱུང་བས། གློ་སྙིང་བྲང་གསུམ་བདེ་བར་ལྷོད་ལྷོད་པོ་རེད་འདུག དེ་མིན། དྲ་ཐོག་གི་མི་ཚོས་ཅི་བཤད་འདི་བཤད་མེད་པར་གཏམ་ངན་སྨྲ་བའི་བློ་སེམས་འགོག་ཐབས་མེད་པ་འདྲ།
ད་དུང་། མི་ལ་ལས་གསར་འགྱུར་གྱི་བདེན་རྫུན་དེའི་རིགས་ལ་དབྱེ་འབྱེད་མི་ཤེས་པར་དུས་ཐོག་ཏུ་ཉ་ཉོག་རེར་བསྲེས་ཏེ་གསར་འགྱུར་སྒྲིག་སྦྱོར་བྱེད་པར་དད་ཅིང་། བོད་མི་རྒན་དར་གཞོན་གསུམ་ལ་དངངས་སྐྲག་དང་། སྐྱོ་སྣང་། ཐེ་ཚོམ་སོགས་ཀྱི་མུན་ནག་ལ་བརྫངས་བར་སྤྲོ་མོས་མཆིས་ཏེ་འདུག་ནའང་། ད་རེས་ལོ་སར་གྱི་ཚེས་མགོ་ལ་གཏམ་ངན་རེར་དྲ་སྟེང་ནས་བསྒྲགས་ཏེ་ཡོང་དུས་འདི་ལ་ཡང་ཕྱོགས་གཞན་ཞིག་ནས་མནོ་བསམ་རེ་བཏང་ན་ཁག་མི་འདུག་སྙམ། གང་ལ་ཟེར་ན། ལར་ན་བོད་མིའི་དད་སེམས་སྙིང་སྟོབས་ལ་འགྱུར་བ་མེད་པའི་རང་ཚུགས་ཡོད་པ་དང་གཅིག ལོ་འདིར་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་བརྗེས་པ་དང་གཉིས། ལྷ་སའི་ཇོ་ཁང་འགྲམ་གྱི་མ་ཎི་ཁང་ཞིག་ལ་མེེས་འཚིག་སྟེ་ཇོ་ཁང་ལའང་མེས་འཚིག་རྐྱེན་ཅུང་ཙམ་རེ་བྱུང་བས་གསུམ། འདི་དག་ལ་བསམས་པས་ཀྱང་བོད་ཕྱི་ནང་གི་དྲ་ལམ་གྱི་ཐོག་ན་བོད་མི་ཚོས་སེམས་ཁྲལ་དང་། སེམས་ངལ། སེམས་གཅོང་སོགས་ཀྱི་ཚོར་བ་བསླངས་ཏེ་སྨྱོ་ལ་ཁད་མི་བྱེད་རང་བཞིན་ཆགས་སོང་ཐལ།
དེ་ཡང་། མནོ་བསམ་གནད་ལ་ཐིངས་བ་རེར་བྱས་ཏེ་གླེང་རྒྱུར་ང་ཚོ་བོད་ལ་རྟེན་གཙོ་བོ་ཞིག་ཡོད་པ་ནི། ཕོ་བྲང་པོ་ཏཱ་ལ་དང་། ལྷ་སའི་ཇོ་རིན་པོ་ཆེ་སོགས་ཡིན་པས། དེ་དག་ནི་བོད་མིའི་སྙིང་དབུས་ཀྱི་དད་སེམས་བཅངས་སའི་ནོར་རྫས་རིན་པོ་ཞིག་ཡིན་ལ། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་བླ་སྲོག་ཅིག་ཀྱང་རེད། ཡིན་ཡང་། ང་ཚོ་བོད་མི་སུ་ཞིག་ཡིན་ཡང་། བསམ་བློ་གཏོང་གིན་ཡག་སྡུག་གཉིས་ལ་གཏོང་དགོས་ལ། མ་འོངས་བའི་ཆར་འབྱུང་བཞིའི་གནོད་འཚེ་ནི་སུས་ཀྱང་འགོག་ཐབས་མེད་པས། བོད་ཀྱི་རིགས་རྫས་རྩ་ཆེན་གང་ཡིན་ཡང་དེ་ལ་བདག་གཅེས་ལེགས་པོ་རེར་གནང་གིན་ད་ཐེངས་ལྟ་བུའི་རྐྱེན་ངན་འདྲ་བྱུང་བ་ཡིན་ན། ང་ཚོས་ཅི་ཞིག་བྱེད་དགོས་སམ། ཞེས་རང་ཉིད་ལ་དྲི་བ་རེ་དྲིས་ཏེ་བསམ་བློ་གཏོང་དགོས་ཚོད་རེད་འདུག
ཇོ་བོ་བཞུགས་སའི་རྒྱབ་ཕིབས་ཡོངས་རྫོགས་མེ་འབར་བཞིན་པ་ནི་ཀུན་གྱིས་མཐོང་བཞིན་པ་དེ་རེད། ཇོ་སྐུ་ལའང་མེ་སྐྱོན་ཤོར་ཡོད་པའི་བདེན་དབང་ནི་ཚེ་གཅིག་གི་ཉིན་པར་བླངས་བའི་ཇོ་སྐུ་དང་ཚེ་གསུམ་གྱི་ཉིན་བླངས་བའི་ཇོ་སྐུའི་རྣམ་པ་གཏན་ནས་མི་འདྲ་བ་ནི། ད་ལྟ་མཐོང་བཞིན་པའི་ཇོ་བོའི་དབུ་རྒྱན་བརྗེས་ཡོད་པ་མ་ཟད་གཡས་གཡོན་གྱི་དྲ་བྱེད་ཆ་ཚང་གོས་ཀྱིས་གཡོགས་འདུག་ལ་་མདུན་གྱི་མཆོད་བཤམས་ཡང་བསྡུས་ཚར་འདུག དེར་མ་ཟད་ཇོ་བོ་ལ་ལམ་སང་སྐུ་གསེར་འབུལ་དགོས་བྱུང་བ་དང་མཇལ་བ་རྣམས་ཇོ་ཁང་ནང་དུ་སོང་ཆོག་ཀྱང་ཇོ་བོ་ལ་མཇལ་མི་ཆོག་པ་དང་པར་ཡང་རྒྱབ་མི་ཆོག་པར་བྱས་འདུག
གང་ལྟར་ཀྱང་ཇོ་བོའི་སྐུ་ལ་མེ་སྐྱོན་ཅུང་ཤོར་ཡོད་པ་ཐག་གིས་བཅད་ཆོག་མོད། རྒྱ་ནག་ལ་བློ་སེམས་དཀར་བ་དག་གིས་རྒྱ་ནག་གིས་གསལ་བསྒྲགས་ལ་རམས་འདེགས་ཀྱིས་ཇོ་ཁང་ལ་མེ་སྐྱོན་ཤོར་མེད་ཅེས་ཨ་ཚུགས་མཐར་སྐྱལ་བྱེད་བཞིན་པ་འདིའོ།།
རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན་གཙུག་ལག་ཁང་ལ་མེ་སྐྱོན་ཅུང་བྱུང་ཡོད་པར་བཤད་འདུག་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་སེང་དང་་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་གཉིས་ཀྱིས་ཇོ་ཁང་ལ་མེ་སྐྱོན་རྩ་བ་ཉིད་བྱུང་མེད་པ་དང་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བར་བཤད་པ་གཏམ་འཆལ་ཡིན་པས་དངོས་ལེན་རྩ་བ་ཉིད་ནས་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གསལ་བསྒྲགས་སྤེལ་འདུག་མོད།
སྤྱིར་ཇོ་བོ་བཞུགས་སའི་རྒྱབ་ཕིབས་ཡོངས་རྫོགས་མེ་འབར་བཞིན་པ་ནི་ཀུན་གྱིས་མཐོང་བཞིན་པ་དེ་རེད། ཇོ་སྐུ་ལའང་མེ་སྐྱོན་ཤོར་ཡོད་པའི་བདེན་དབང་ནི་ཚེ་གཅིག་གི་ཉིན་པར་བླངས་བའི་ཇོ་སྐུ་དང་ཚེ་གསུམ་གྱི་ཉིན་བླངས་བའི་ཇོ་སྐུའི་རྣམ་པ་གཏན་ནས་མི་འདྲ་བ་ནི། ད་ལྟ་མཐོང་བཞིན་པའི་ཇོ་བོའི་དབུ་རྒྱན་བརྗེས་ཡོད་པ་མ་ཟད་གཡས་གཡོན་གྱི་དྲ་བྱེད་ཆ་ཚང་གོས་ཀྱིས་གཡོགས་འདུག་ལ་་མདུན་གྱི་མཆོད་བཤམས་ཡང་བསྡུས་ཚར་འདུག དེར་མ་ཟད་ཇོ་བོ་ལ་ལམ་སང་སྐུ་གསེར་འབུལ་དགོས་བྱུང་བ་དང་མཇལ་བ་རྣམས་ཇོ་ཁང་ནང་དུ་སོང་ཆོག་ཀྱང་ཇོ་བོ་ལ་མཇལ་མི་ཆོག་པ་དང་པར་ཡང་རྒྱབ་མི་ཆོག་པར་བྱས་འདུག
གང་ལྟར་ཀྱང་ཇོ་བོའི་སྐུ་ལ་མེ་སྐྱོན་ཅུང་ཤོར་ཡོད་པ་ཐག་གིས་བཅད་ཆོག་མོད། རྒྱ་ནག་ལ་བློ་སེམས་དཀར་བ་དག་གིས་རྒྱ་ནག་གིས་གསལ་བསྒྲགས་ལ་རམས་འདེགས་ཀྱིས་ཇོ་ཁང་ལ་མེ་སྐྱོན་ཤོར་མེད་ཅེས་ཨ་ཚུགས་མཐར་སྐྱལ་བྱེད་བཞིན་པ་འདིའོ།།
ཇོ་ཁང་དང་ཇོ་སྐུ་ལ་སྐྱོན་ཆགས་བྱུང་ཡོད་མེད་ས་གནས་ས་ཐོག་ལ་ཡོད་པའི་བོད་མི་ཚོའི་ཤེས་ཐུབ་པ་ལས་ཕྱི་ལོག་ལ་ཡོད་པའི་བོད་མི་ཚོའི་ག་འདྲ་བྱས་ནས་ཤེས་པ་ཡིན་ནམ་སྐྱག་རྫུན་བཤད་ནས་ཅི་ལ་ཕན་གྱི་ཡོད་
དམ་།
ཨ་རི་ནས་བདག་གིས་གྲོགས་པོ་ཞིག་གིས་བསྐུར་པའི་གློག་འཕྲིན་འཕྲུལ་ཆས་་སྱ། ཇོ་ཁང་རྒྱ་ཕིབས་ལ་མེ་འབར་བར་མཐོང་བ་ན། སངས་རྒྱས་ཤཱ་ཀྱ་ཐུབ་པ་ཇོ་བོའི་བྱིན་རླབས་ཀྱིས་བོད་ཡུལ་དུ་སྐྱིད་པའི་ཉཻ་མ་ཤར་བ་སེམས་ལ་ཤར་ཏོ།
སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།
འཁྱལ་ཞིང་འཇིག་པར་བྱེད་པ་ལའང་།
བདག་གིས་ཞེ་སྡང་མི་རིགས་ཏེ།
སངས་རྒྱས་སོགས་ལ་གནོད་མི་མངའ།
་
བཟོད་ལེ་༦་པ། ཚིགས་༦༤་ན། སངས་རྒྱས་གསུང་ལ་རྗེས་འབྲངས་ཀྱིས། དད་ལྡན་ལ་དྭགས་པ་སོགས་བོད་རིགས་དག་ལ་སློབ་དཔོན་ཞི་བ་ལྷས་ལོན་སྐྱེལ་མཛད་དོ།
བོད་མིའི་སྒྲིག་འཛུགས་ཀྱི་མིང་བེད་སྤྱོད་བྱས་ནས་བློ་སེང་དང་གཡུ་ཐོགས་གཉིས་ཀྱིས་ཇོ་ཁང་མེ་སྐྱོན་བྱུང་མེད་ཅེས་ཁྱབ་སྒྲགས་བྱས་འདུག ཁོ་གཉིས་ལ་ཇོ་ཁང་མེ་སྐྱོན་ཤོར་བ་མིན་པའི་བདེན་དབང་གང་ཡོད་ངེས་པར་དུ་གསལ་བཤད་བྱེད་དགོས། བོད་མི་མང་དང་འཛམ་གླིང་གི་མི་རྣམས་ལ་མགོ་སྐོར་དང་སྐྱག་རྫུན་བཤད་དགོས་པའི་རྒྱུ་མཚན་གང་ཡིན།
ལྷ་སའི་ཇོ་ཁང་དང་ཇོ་བོ་རིན་པོ་ཆེར་མེ་རྐྱོན་བྱུང་ཡོད་མེད་ལྷ་སར་ཡོད་པའི་བོད་མི་ལྷག་བསམ་རྣམ་དག་ནང་བསྟན་ལ་དད་གུས་དང་ཡིད་ཆེས་ཡོད་མཁན་ཚོའི་གསལ་པོ་མཁྱེན་ཡོད་ན་ཡང་རྒྱ་མིའི་བཙན་དབང་འོག་ནས་ཁོང་ཚོ་ཁ་སྒྲག་མི་ཐུབ་པ་ང་ཚོའི་གསལ་པོ་ཤེས་བཞིན་པ་དང་རྒྱ་མིའི་རྒྱུགས་ཁྱི་བློ་ཕྱི་དང་གྲོད་པ་ནང་ལ་བསྟན་མཁན་ཚོའི་ངོས་ནས་རྒྱ་མིའི་གང་བཤད་ལ་མངོན་པར་གཏད་ནས་བོད་མི་མང་རྗེས་ལུས་ནས་ཡང་ལུས་དུ་འཇོག་འདོད་མ་རེད་དམ་།
ཇོ་རིན་པོ་ཆེར་མེ་སྐྱོན་བྱུང་མྱོང་མེད། རྩ་བ་ནས་བྱུང་མྱོང་མེད། ང་ཚོའི་མཁས་དབང་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་ཐག་བཅད་པ་རེད། བྱས་ཙང་། ཚང་མས་བྱ་སྤུ་གནོན་འོག་ལ་ཤར་བསྐྱོད་བྱས་ནས། ཁ་བརྡའི་ནང་ལ་གང་བྱུང་དཀྲོག་གཏམ་མ་གླེང་ན་བཟང་།
ལྷག་པར་དུ། དབུས་གཙང་དང་ཨ་མདོའི་གླེན་རྟགས་མ་བསྟན་པར། རང་རེའི་སྲིད་སྐྱོང་ལ་གུས་ཞབས་བྱས་ན་བཟང་།
ལྷ་ས་ནོར་བུའི་གླིང་ལ།
ནོར་བུ་མི་འདུག་མ་གསུངས།
སྲིད་སྐྱོང་སློབ་བཟང་སངས་རྒྱས།
ནོར་བུ་མིན་ན་གང་རེད།
རྒྱ་ནག་གཞུང་གིས་ཇོ་ཁང་ལ་མེ་སྐྱོན་བྱུང་ཡོད་པ་ད་ལྟ་ངོས་ལེན་བྱས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་མེ་སྐྱོན་རྩ་བ་ཉིད་ནས་བྱུང་མེད་ཅེས་ཐོག་མར་རྒྱ་ནག་གིས་འགེབ་སྲུང་བྱས་པ་དེ་ལ་ཞབས་འདེགས་བྱས་ཡོད་པ་དེ་ད་དུང་མུ་མཐུད་དུ་འཇོག་དོན་ཅི་ཡིན། འཛམ་གླིང་ཡོངས་ནས་ཇོ་ཁང་ལ་མེ་སྐྱོན་ཤོར་ཡོད་པ་གསལ་བོ་ཆགས་ཟིན་ཀྱང་ད་དུང་སྐྱག་རྫུན་དེ་ཡིན་འདོག་བྱེད་དོན་་་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་བསམ་བཞིན་དུ་ཆུ་ལ་བསྒྱུར་འདོད་ཡིན་ནམ་་་་ཁྱི་སེང་།
ལྷ་ས་ནོར་བུའི་གླིང་ལ།
ནོར་བུ་མི་འདུག་མ་གསུངས།
སྲིད་སྐྱོང་སློབ་བཟང་སངས་རྒྱས།
ནོར་བུ་མིན་ན་གང་རེད།
ཡང་ན།
དྷ་ས་ནོར་བུའི་གླིང་ལ། །
ནོར་བུ་མི་འདུག་མ་གསུངས། །
སྲིད་སྐྱོང་དྲང་པོ་མེད་པ། །
ནོར་བུ་མིན་ན་གང་རེད། །
ལྷ་སའི་ཇོ་ཁང་གི་སྐོར་ལ།
https://www.facebook.com/jangchup.t.sempa/videos/pcb.1687811737947910/1687802661282151/?type=3&theater