རེབ་ཐོག་མདའ།
ལྷ་བཟང་ཚེ་རིང་།
ཁང་བརྩེགས་མཐོན་པོ་ཞིག་གི་ནང་རོལ་ན།།
ཕྱུག་པོའི་ལུས་ལ་དབུལ་པོའི་ལྷན་པ་ཅན།།
རྡ་སའི་གཙུག་ལག་ཁང་གི་བཞི་མདོ་ན།།
རང་བཙན་མ་ཎི་འདོན་པའི་ནེ་ཙོ་ཞིག།།
རང་དོན་སྦུག་ན་བསྒྲུབས་པའི་རི་གྲོང་ན།།
བླ་མའི་ཐུགས་དགོངས་དཀྲུག་པའི་དུག་ལྕེ་ཅན།།
དཔེ་ཚོང་ཁང་པ་ཆེན་མོའི་སྒོ་འགྲམ་ན།།
སྒོར་མོའི་ལང་ཚོ་རུམ་པའི་རྒད་པོ་ཞིག།།
འཇའ་དབྱངས་ནོར་བུ།
མཁས་པའི་མིང་ལ་བཙན་བྱོལ་རི་མོས་བརྒྱན།།
རྐང་པ་ནུབ་ལ་བསྲིངས་བཞིན་བོད་དོན་གླེང་།།
བོད་སྐད་གཙང་མའི་ལྕེ་རྩེ་ཆད་པ་དེས།།
རྨི་ལམ་ནང་གི་རང་བཙན་ངག་གིས་བཟློ།།
ཨ་རིའི་ཊོ་ལའི་ངོ་སོ་མ་ཆོད་པར།།
མི་ཚེའི་རི་མོ་ཨ་རིའི་གྲོང་ལ་བྲིས།།
བོད་པ་ཚང་གི་སྐྱིད་སྡུག་གླེང་ཁུལ་གྱིས།།
རྒྱལ་བའི་བཀའ་ལ་རྒོལ་བའི་སྐད་མགོ་མཐོ།།
ཀླུ་མཁར་བྱམས།
རྒྱ་སྐད་བོད་སྐད་ཁྱོད་རང་མཁས་རབས་ཟེར།།
རང་བཙན་གཙང་མ་ཁྱོད་ཀྱིས་དགོས་རབས་ཟེར།།
རྒྱལ་བའི་དགོངས་པ་ཁྱོད་ཀྱིས་དཀྲུག་རབས་ཟེར།།
འདི་འདྲའི་ཁྱོད་རང་མཁས་ཀྱང་ཨ་ལ་ལ།།
བཤད་ན་ཁ་ལྕེ་ཁྱོད་རང་བདེ་རབས་ཟེར།།
བྲིས་ན་ཁྱོད་རང་གནས་ལུགས་མང་རབས་ཟེར།།
འོན་ཀྱང་དུས་རབས་ཤིག་གི་སྣེ་མོ་ན།།
ཁྱོད་ཀྱང་གླེན་རྟགས་ཅུང་ཙམ་ཡོད་རབས་ཟེར།།
ཚེ་དབང་རིག་འཛིན།
གཞུང་དོན་སྒེར་ལ་བསྲེས་པའི་ལོ་ཟླའི་ཁྲོད།།
གདོང་དམར་བོད་ལ་དུངས་པ་མ་ཤེས་མོད།།
རང་དོན་སྦུག་ན་སྒྲུབ་པའི་རྡ་ས་ནས།།
ཁྱོད་ཀྱི་གདོང་གི་ཁ་དོག་ཅུང་ཙམ་མཐོང་།།
ཕྱི་ནས་དུངས་པའི་རྣམ་འགྱུར་བོད་ལ་བསྲིངས།།
ནང་ནས་གོང་ས་མཆོག་ཀྱང་རྒྱང་ལ་འདེད།།
རང་བཙན་གཙང་མའི་ཁ་ལྕེ་མཐུག་པོ་དེས།།
ས་ཡ་དྲུག་གི་ལས་དབང་གླེང་རྒྱུ་ཟེར།།
བསྟན་འཛིན་བརྩོན་འགྲུས།
སྙན་ངག་ཐ་ཐོར་འབྲི་བའི་ལག་རིང་ཡང་།།
བསམ་བློའི་ཕུགས་རྒྱང་ཐུང་བའི་སྨྱུག་ཐོགས་པ།།
རས་ཡུག་དམར་པོ་མགོ་ལ་དཀྲིས་ན་ཡང་།།
ཡ་མཚན་ལྟད་མོ་ཁྱོད་ཀྱི་རྐུབ་ན་མང་།།
རང་བཙན་དབུ་མ་གཉིས་ཀྱི་སྣེ་མོ་ན།།
རྒྱལ་བའི་བཀའ་ལ་རྒོལ་བའི་ཀླད་མེད་བུ།།
སེམས་པ་གསོན་པོ་ཞིག་གི་ཕྱི་ནང་ན།།
བོད་པའི་གཤིས་ཀ་བོར་བའི་རྡ་སའི་བུ།།
མི་བུ་འདི་དག་གི་རང་བཙན་རྩོད་ཀྱིན་ཡོད་པ་དེ་ལ་རྗེས་སུ་ཡི་རང་ཡོད། ཡིན་ཡང་༸གོང་ས་མཆོག་ལ་མཚན་དམོད་དམ་དགོངས་པ་དཀྲུག་པ་ཡིན་ན་བདག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།
ཧཧཧཧཧཧཧཧཧཧ ད་༌༌ཁ་རྡུང་གཏོང་གི་འདུག ༧གོང་ས་མཆོག་ལ་གནོད་པའི་ལས་ཀ་ཅི་བྱས་ཡོད། བོད་མི་སྤྱི་ལ་གནོད་པའི་ལས་ཀ་ཅི་བྱས་ཡོད། ༧གོང་ས་མཆོག་ཁ་ལ་ཁྱེར་དེ། རང་དོན་སྒྲུབ་མཁན་ཚོ་༧གོང་ས་མཆོག་གི་བཀའ་སྒྲུབ་མཁན་ཡིན་ནམ། ངོ་མ་ཡ་མཚན། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཉན་པ་བདེན་ཡང་། མི་གཞན་ལ་དོན་མེད་བསྙོན་འཛུགས་བྱེད་པ་དེ། རྒྱལ་བའི་བཀའ་དགོངས་ཡིན་ནམ། བོད་པ་ནང་དཀྲུག་བྱེད་པ་འདི་རྒྱལ་བའི་བཀའ་དགོངས་ཡིན་ནམ། རྒྱ་ལ་སྤྲེལ་ལད་འཁྲབ་པ་དེ་རྒྱལ་བའི་བཀའ་དགོངས་ཡིན། བོད་ཀྱི་སྲིད་སྐྱོང་ལ་དུས་རྒྱུན་དོན་མེད་བསྙོན་འཛུགས་བྱེད་པ་དེ་རྒྱལ་བའི་བཀའ་དགོངས་ཡིན་ནམ། སྐུ་སྒེར་ཡིག་ཚང་གི་སྒོར་མོ་སྤྲད་པ་བེད་སྤྱོད་བྱས་ཏེ། རྒྱལ་བའི་གསུང་ཁ་ལ་ཁྱེར། བཀའ་སློབ་སྐོར་གྱི་དཔེ་དེབ་པར་སྐྲུན་བྱས་པ་ཙམ་གྱིས་རྒྱལ་བའི་བཀའ་དགོངས་སྒྲུབ་པ་ཡིན་ནམ།
སྙན་མོ་བྱུང་་་ཡིན་ཡང་གད་པོ་ལྷ་བཟང་ལ་ལྟ་ཚུལ་ཅུང་ནོར་བ་འདྲ་་་་་དེ་མིན་གཞན་པ་ཚོ་དེ་ག་རང་རེད་་་ལྷག་པར་དུ་་ཀླུ་བྱམས་ནི་་སྐྲག་མི་དགོས་ས་ནས་སྐད་མགོ་ཅུང་མཐོ་བའི་མི་བུ་ནང་སྟོང་ཅན་ཞིག་རེད་དོ།
བློ་བཟང་ཆོས་འབྱོར།
རྒྱལ་བའི་མདུན་ནས་དགེ་ཆོས་སྤྲུལ་སྐུ་བརྫུས།།
ཡིག་ཚང་ནང་ནས་སྒོར་མོ་དཔག་མེད་ལེན།།
བར་དུ་ལྡི་ལི་གྲོང་ནས་སྡོམ་པ་བོར།།
ཇོ་པེ་རོ་དྲི་ཁོ་ཡི་ཡིག་ཚང་ཡིན།།
ཟམ་གདོང་སྤྲུལ་སྐུ་རྒྱལ་བ་གཉིས་པ་བཀུར།།
བཀའ་ཤག་འོག་ནས་ལས་ཀ་ཐབས་ཆག་རག།
སེང་གེའི་བཀའ་ཤག་ལོག་ལྟ་བྱེད་བྱས་ནས།།
མཐའ་མར་དབུ་མ་ཚང་ནས་ཕོར་བ་རྙེད།།
རང་བཙན་པ་ཚོར་སྡང་གཟུགས་སྙིང་ནས་རྩོད།།
ཆོལ་གསུམ་དཀྲུགས་ནས་རང་གི་ཁ་རྒྱབ་ཟོས།།
རྡ་རམ་ས་ལའི་ཡི་དྭགས་ཁེར་རྐྱང་ཁོང་།།
འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐུགས་སྲས་ཡིན།།
རིགས་ཞེན་སྙིང་ལ་འཁྱིལ་བའི་ལྷ་བཟང་མཆོག།
ལོ་རྒྱུས་སྨྲ་མཁས་འཇམ་དབྱངས་ནོར་བུ་དང།།
བདེན་དོན་གསོན་པོར་སྒྲོགས་པའི་ཀླུ་མཁར་བྱམས།།
གངས་ཅན་གཞོན་ནུའུ་ཁྱུ་མཆོག་ཚེ་དབང་རིག།།
རྒྱལ་དོན་སྲོག་ལས་གཅེས་མཁན་བསྟན་བརྩོན་འགྲུས།།
གངས་ལྗོངས་མགོ་བོ་མགྱོགས་པའི་སྒལ་ཚིགས་ཡིན།།
གངས་རིའི་ལས་དོན་གླེང་བའི་སྨྲ་ལྕེ་ཡིན།།
གངས་ལྗོངས་རྩོད་ལེན་བྱེད་པའི་དེད་དཔོན་ཡིན།།
གངས་དགྲ་རྒྱ་མགོ་རྡུང་བའི་ཐོ་བ་ཡིན།།
གངས་དཀར་ཨ་མར་དུང་བའི་གཅེས་ཕྲུག་ཡིན།།
གངས་ཅན་པ་ཡི་རེ་བའི་མིག་ཟུང་ཡིན།།
དེ་ག་རང་རེད།
འཇམ་ནོར།
དབུ་ཁྲིད་ནོར་སོང་ལམ་ལུགས་ནོར་སོང་ཟེར།།
མང་གཙོའི་ཡང་དག་མ་རེད་རྫུན་མ་ཟེར།།
༧རྒྱལ་བས་སྲིད་དོན་མི་འཁྱོངས་ཆོས་པ་ཟེར།།
འདི་འདྲ་མི་ལ་རུས་པ་གང་ན་ཡོད།།
དཔོན་པོ་མ་ཐོབ་ཨ་རིའི་ཡུལ་ལ་སོང།།
སྙིང་ནད་མ་སངས་དབྱིན་མོར་ཆང་ས་བརྒྱབས།།
བུ་རབས་ཚ་བརྒྱུད་སྐྲ་སེར་སྤྲེའུ་ལ་བསྒྱུར།།
འདི་འདྲའི་མི་ལ་ལ་རྒྱ་གང་ན་ཡོད།།
རང་བཙན་ཟེར་བཞིན་རྡ་རམ་ས་ལར་སྡིག།
རྩོམ་ཡིག་འབྲི་བཞིན་བོད་མིར་མཐོང་ཆུང་བྱེད།།
པེ་ཅིང་གྲོང་ལ་ག་དུས་འགྲོ་འགྲོ་པ།།
འདི་འདྲའི་རང་བཙན་པ་ཞིག་གང་ན་ཡོད།།
ལྷ་བཟང།
རྒད་པོ་ཧོན་ལོག་གཏམ་ལ་ཆ་འཇོག་མེད།།
སྨྱུག་ཁ་ཤོག་བུར་བསྒྱུར་ལ་སེར་སྣ་ཆེ།།
ཀླུ་མཁར་བྱམས།
རྒྱ་རིགས་ཚོགས་ལ་རྒྱ་སྐད་མ་ཤོད་པ།། ཡོ་རོབ་གླིང་ན་ས་གྲགས་གནམ་གྲགས་རེད།།
བོད་རིགས་ལུས་ལ་བོད་ཡིག་མ་འཁྱོང་བ།། ཧོལ་རྒྱུགས་ཡིག་ཚོགས་སྟེང་ན་གསལ་ལེར་འདུག།
རྒྱལ་གཅེས་ཆོས་གཅེས་དོལ་རྒྱལ་གཏན་འགོག་གཉིས།།
སྲང་ལ་གཞལ་ན་ཡང་ལྕི་མི་འདུག་ཟེར།།
སྲིད་དབང་རྩིས་སྤྲོད་མཚན་བྱང་བརྗེ་བསྒྱུར་ལས།།
ནག་ཉེས་མ་འཇོག་༧ཏཱ་ལའི་བླ་མ་ཟེར།། ༼ དབུ་མའི་ལམ་སྡུད་གསོག་རྒྱབ་ཟེར།༽
དབུ་མ་འཛིན་ལ་བོད་ཞེན་མི་འདུག་ཟེར།།
དབུ་མའི་ཐབས་ལམ་རྒྱལ་བཙོང་ཐབས་ལམ་ཟེར།།
སྲིད་དབང་རྩིས་སྤྲོད་ཚད་ལྡན་མ་རེད་ཟེར།།
ནུབ་ཕྱོགས་ཁ་ཆེའི་ལུགས་བཞིན་འཁྲབ་འདུག་ཟེར།།
༧ཏཱ་ལའི་བླ་མར་བེད་མེད་བླ་རྒན་ཟེར།།
མཆོད་ཁྲིའི་སྟེང་གི་ཤེས་མེད་གཟུགས་རེད་ཟེར།།
རྒྱ་ནག་གཞུང་གི་དྲི་ཙམ་མི་ཤེས་ཟེར།།
འཁོར་ཚོགས་མགོ་བསྐོར་གཏོང་མཁན་རྐྱང་རེད་ཟེར།།
མཁས་དབང་ཟམ་གདོང་རྒྱ་མིའི་ཁྱི་རེད་ཟེར།།
བསྟུན་མཁས་ཆེ་བ་རུས་མེད་ཕག་མེད་རེད་ཟེར།།
དབུ་མའི་ལམ་གྱིས་ཚང་མ་བཙོང་སོང་ཟེར།།
རྩ་ཁྲིམས་བཟོས་ནས་གཞུང་ཅིག་འཛུགས་རབ་ཟེར།།
ཆོས་སྲིད་གཉིས་ཀ་ཀླད་པར་འཁོར་རབ་ཟེར།།
དབང་བསྒྱུར་གྲལ་རིམ་མགོ་རྟིང་སློག་རྒྱུ་ཟེར། ༼ དབུས་བོད་མིའི་སྒྲིག་འཛུགས།༽
ཆོས་མེད་ལུགས་ལ་ཆབ་སྲིད་རྐྱང་བ་ཞིག།
མེད་དུས་རེ་བ་ཁྱོན་ནས་མི་འདུག་ཟེར།།
ད་དུང་མང་རྗེས་སུ་ག་ལེར་འབྲི་་་་་་
ཚེ་དབང་རིག་འཛིན།
༧ཏཱ་ལའི་བླ་མའི་གནས་ལུགས་མི་དགོས་ཟེར།།
རྒྱ་མི་ཡོད་ཚད་ཕྱིར་འབུད་ཐུབ་རབ་ཟེར།།
ཅི་ལྟར་ཕུད་པའི་ཐབས་ཤེས་མེད་ཀྱང་རུང།།
ཏཱ་ལའི་བླ་མར་ལན་འདི་འདེབས་ཀྱི་ཟེར།།
དུས་འཁོར་བཀའ་དབང་གོ་སྐབས་ཡག་རབ་ཟེར།།
“བཙན་བྱོལ་བོད་གཞུང་”གང་སར་སྦྱར་རོགས་ཟེར།།
གོན་པར་བྲིས་ནས་ཆོས་རྭར་བཙོང་རོགས་ཟེར།།
༧ཏཱ་ལའི་བླ་མའི་གཟིགས་ན་འགྲིག་འདུག་ཟེར།།
ད་དུང་མང་་་་་
རང་བཙན་མེས་པོ་ཡིན་མདོག་ལྷ་བཟང་མཁས། །
རང་བཙན་ལོན་མདོག་སྨྲ་ལ་འཇམ་ནོར་མཁས། །
བདེན་དོན་གསོན་པོ་བཟོ་མདོག་ཀླུ་བྱམས་མཁས། །
གཞོན་ལྷན་མར་རྒྱས་གཏོང་ལ་ཚེ་དབང་མཁས། །
རྒྱལ་དོན་སྲོག་ལྷག་གཅེས་མདོག་བསྟན་བརྩོན་མཁས། །
མཁས་པ་གང་རུང་གིས་ནི་མཁས་མདོག་གིས། །
༸གོང་ས་མཆོག་གི་ཡོངས་གྲགས་བཀའ་དགོངས་དང་། །
བོད་མིའི་སྒྲིག་འཛུགས་སྨད་ན་ཞབས་འདྲེན་རེད། །
གངས་ལྗོངས་མགོ་བོ་སྨད་པའི་ཁྱུ་ཚོགས་རེད། །
རང་བཙན་ལས་འགུལ་སྤེལ་ལ་སུ་ཡིས་དམོད། །
ལྷག་བསམ་དུང་ལས་དཀར་བའི་ལྷ་བཟང་མཆོག
གངས་ཅན་ཁ་བ་རི་པའི་སྤྱི་རྒན་ཡིན།
རང་བཙན་འཐབ་རྩོད་པ་ཚོའི་བློ་བརྟེན་ཡིན།
ཏ་ལའི་བླ་མའི་དཔང་པ་གཡས་པ་ཡིན།།
འཛམ་གླིང་ལོ་རྒྱུས་མཁས་པའི་འཇམ་ནོར་མཆོག
ལྷད་མེད་དམངས་གཙོའི་ལྟ་གྲུབ་ཁྲག་དང་འདྲེས།
ནུབ་ཀྱི་རིག་པའི་གནད་དང་སྐད་ལ་མཁས།
བོད་ཡུལ་རང་བཙན་ཡིན་པའི་དཔང་རྟགས་ཡིན།།
གཞོན་ནུའི་ལམ་འཁྲིད་ཚེ་དབང་རིག་འཛིན་མཆོག
དགྲ་དང་ཐུག་ན་དམར་ཡ་སྟག་ལས་ངར།
གཉེན་དང་ཕུ་ནུའི་ཐོག་ཏུ་དར་ལས་འཇམ།
དགྲ་བོ་དམར་པོར་རྡུང་བའི་ཐོ་བ་ཡིན།།
དྲང་གཏམ་ཁ་ཐུག་ཕོད་པའི་ཀླུ་མཁར་མཆོག
མི་ལོ་བཅུ་གསུམ་དམར་པོའི་བཙོན་ཁང་དུ།
གདོང་དམར་ཁ་བ་རི་པའི་ཆེད་དུ་བསྡད།
སྤྱིའི་སྡུག་རང་ཁུར་ཐུབ་པའི་ཕོ་རྒོད་ཡིན།
འཐབ་རྩོད་རྟག་ཏུ་ཐུབ་པའི་བསྟན་བརྩོན་མཆོག
བསྟན་འཛིན་ཐོགས་པའི་གཞོན་ནུ་དུ་མའི་དཀྱུས།
བསྟན་འཛིན་རྒྱ་མཚོའི་རང་ཡུལ་ལེན་རོགས་ལ།
བསྟན་འཛིན་བརྩོན་འགྲུས་གླིང་གི་དཔའ་རྟུལ་ཡིན།།
པེ་ཅིང་མཁར་གྱི་འཇམ་དབྱངས་ནོར་བུ་དང།
འཇུ་ཆེན་ཨབ་ཕྲུག་ཨ་མདོའི་ཀླུ་མཁར་བྱམས།
ཁང་བརྩེགས་པཱ་ལ་ལྷ་བཟང་སྨྱོན་པ་གསུམ།
རང་བཙན་ཡབ་སྲས་གསུམ་ལ་གསོལ་འདེབས།
བདེན་དོན་མཐར་ཕྱིན་ཟམ་གདོང་དཔའ་བོ་དང།
དབུ་མའི་དོན་རྟོགས་དཔོན་པོ་སྤེན་ཚེ་རིང།
རིགས་པའི་སྨྱུ་གུ་ཤར་ཕྱོགས་ཁུག་རྟ་གསུམ།
དབུ་མའི་ཡབ་སྲས་གསུམ་ལ་གསོལ་བ་འདེབས།།
མི་ཡི་མི་གཞི་ལྷ་བཟང་ཚེ་རིང་ཡོད།།
མི་ཡི་སྒལ་ཚིགས་འཇམ་དབྱངས་ནོར་བུར་ལྡན།།
མི་ཡི་དྲང་ཚུགས་ཀླུ་མཁར་བྱམས་ལ་ཚང་།།
མི་ཡི་བློ་སྟོབས་ཚེ་དབང་ནོར་བུར་འདུས།།
མི་ཡི་ཁྱད་ཆོས་བསྟན་འཛིན་བརྩོན་འགྲུས་འཛོམས།།
མི་ཡི་རིགས་འདི་གངས་ཅན་བོད་ལ་མཁོ།།
ད་ནི་ཁོར་ཡུག་འདིར་རང་བཙན་དགོས་ཞེས་བརྗོད་ན་ཁྱོད་རྒྱ་མིའི་མྱུལ་མ་དང་དོལ་རྒྱལ་གསོལ་མཁན་རེད་ཅེས་བརྗོད་མདོག་ཁ་པོ་འདུག ཤར་ཕྱོགས་ཁུག་རྟ་དང་སྤྱི་རྒྱུ་སྒེར་བདག་པ་ཟླ་ཚེས་དམིགས་ཡུལ་འགྲུབ་ལ་ཉེ། བོད་རང་བཙན་དེ་ལོ་རྒྱུས་ཐོག་ནས་ནག་བསུབ་གཏོང་འདོད་པ་ནི་འདི་ཚོས་དམིགས་ཡུལ་ངོ་མ་རེད།
ཧཧཧཧཧཧཧཧཧཧ ད་༌༌ཁ་རྡུང་གཏོང་གི་འདུག ༧གོང་ས་མཆོག་ལ་གནོད་པའི་ལས་ཀ་ཅི་བྱས་ཡོད། བོད་མི་སྤྱི་ལ་གནོད་པའི་ལས་ཀ་ཅི་བྱས་ཡོད། ༧གོང་ས་མཆོག་ཁ་ལ་ཁྱེར་དེ། རང་དོན་སྒྲུབ་མཁན་ཚོ་༧གོང་ས་མཆོག་གི་བཀའ་སྒྲུབ་མཁན་ཡིན་ནམ། ངོ་མ་ཡ་མཚན། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཉན་པ་བདེན་ཡང་། མི་གཞན་ལ་དོན་མེད་བསྙོན་འཛུགས་བྱེད་པ་དེ། རྒྱལ་བའི་བཀའ་དགོངས་ཡིན་ནམ། བོད་པ་ནང་དཀྲུག་བྱེད་པ་འདི་རྒྱལ་བའི་བཀའ་དགོངས་ཡིན་ནམ། རྒྱ་ལ་སྤྲེལ་ལད་འཁྲབ་པ་དེ་རྒྱལ་བའི་བཀའ་དགོངས་ཡིན། བོད་ཀྱི་སྲིད་སྐྱོང་ལ་དུས་རྒྱུན་དོན་མེད་བསྙོན་འཛུགས་བྱེད་པ་དེ་རྒྱལ་བའི་བཀའ་དགོངས་ཡིན་ནམ། སྐུ་སྒེར་ཡིག་ཚང་གི་སྒོར་མོ་སྤྲད་པ་བེད་སྤྱོད་བྱས་ཏེ། རྒྱལ་བའི་གསུང་ཁ་ལ་ཁྱེར། བཀའ་སློབ་སྐོར་གྱི་དཔེ་དེབ་པར་སྐྲུན་བྱས་པ་ཙམ་གྱིས་རྒྱལ་བའི་བཀའ་དགོངས་སྒྲུབ་པ་ཡིན་ནམ། གང་ལྟར་མི་བུ་འདི་ཚོར་ཤར་ཕྱོགས་ཁུག་རྟ་འམ། བློ་བཟང་ཆོས་འབྱོར་གྱིས་ཁ་བཏང་ན་ལན་པོ་མི་འདུག
ད་ནི་གཞོན་ནུའི་ཚོགས་གཙོ་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། ཀླུ་མཁར་བྱམས། བསྟན་འཛིན་བརྩོན་འགྲུས་སོགས་ལྷག་བསམ་ལྷད་མེད་དང་ལ་རྒྱའི་དམ་བཅའ་མི་གཏོང་བའི་དཔའ་བོ་རྣམ་པ་ཚོ། ཁྱེད་རྣམ་པས་གུང་ཐང་ཚུལ་ཁྲིམས་ཀྱི་མཐའ་མའི་ལས་དབང་ལ་བསམ་ནས་གཟབ་གཟབ་མཛད་ན་མ་གཏོགས་རང་ཉིད་ཀྱི་ཚེ་སྲོག་དེ་ཡང་རང་ཉིད་ལ་དབང་དང་མི་དབང་ནི་ཐེ་ཚོམ་མོ།
སྐད་ཆ་འདིའི་རིགས་བཤད་མཁན་ནི་ལྟ་རྒྱ་ཁབ་མིག་ལས་དོག་པའི་སྐྱོན་ལས་མ་འདས། མཐོང་རྒྱ་ཆེ་རུ་སྐྱེད་སླད་བོད་ཡིག་ཁོ་ན་དང་བོད་སྤྱི་ཚོགས་ཁོ་ན་ཙམ་མ་ཡིན་པ་ཕྱི་གླིང་བའི་རིག་གཞུང་ལ་ཅུང་སྦྱང་བ་བྱེད་ཐུབ་ཚེ་ནར་མ་སོན་པའི་བསམ་ཚུལ་འདི་དག་འཇའ་ལྟར་ཡལ་ངེས་རེད།
བཀའ་དགོངས་སྒྲུབ་སྟངས་འདི་འདྲ་ཞིག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༢ ཕྱི་ལོ་ ༢༠༡༢/༩/༥
ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གླེང་ཕྱོགས་ཆེ་ཤོས་དེ་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་དང་ལ་དྭགས་བཅས་སུ་སྩལ་བའི་བཀའ་སློབ་”དེ་ཡིན་པ་དང། དེའི་ཐོག་ནས་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་མང་པོ་ཐོན་བཞིན་ཡོད་ལ།
གཞིས་བྱེས་གཉིས་ཀ་བརྡ་འཕྲིན་གྱིས་གཅིག་ཏུ་སྦྲེལ་བའི་དུས་འདིར་བོད་ནང་དུའང་གླེང་ཕྱོགས་འདྲ་མིན་ཆགས་ངེས་པ་རེད། ༸གོང་ས་མཆོག་གིས་བཀའ་སློབ་སྔ་རྗེས་གཉིས་ཀའི་བསྟན་དོན་ངོ་མ་དེ་དགའ་ལྡན་ཕོ་བྲང་གི་མཚན་བྱང་ཕྱིར་འཐེན་གནང་ཡང། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་རྒྱུན་དེ་མུ་མཐུད་དུ་གནས་ཡོད་པ་གསལ་སྟོན་གནང་ཆེད་དུ་རེད།
བོད་གཞུང་ཕྱིར་བསྡུ་བྱས་ནས་བོད་གཞུང་མེད་པ་ཆགས་པ་རེད་ཅེས་སོགས་དངོས་ཡོད་གནས་ཚུལ་མ་ཡིན་པའི་ཐོག་ནས་འགྲེལ་བརྗོད་བྱེད་མཁན་ཡང་བྱུང་ཡོད་པར་བརྟེན། བོད་རིགས་རྒྱ་ཆེའི་མི་མང་སྤྱི་དང་བྱེ་བྲག་གཞིས་བཞུགས་རྒྱ་ཆེའི་མི་མང་སེམས་ཤུགས་ཆག་གཞིར་འགྱུར་སྲིད་པའི་ཐུགས་དོགས་ལ་བརྟེན་ནས་གསུངས་པ་ཞིག་ཡིན་པའང་ཧ་ཅང་གསལ་པོ་ཡིན་པ་ལས། སྒྲིག་འཛུགས་བྱེ་བྲག་པ་དང། གང་ཟག་བྱེ་བྲག་པ་ཞིག་ལ་གནོན་ཤུགས་སྤྲོད་ཆེད་དུ་མིན་པ་ཁ་ཚོན་བཅད་ནས་བཤད་ཐུབ། བཀའ་སློབ་དེ་དག་༸གོང་ས་མཆོག་གིས་ཕ་གཅེས་པས་བུ་ལ་གདམ་པ་བཞིན་ཐུགས་བརྩེ་བ་ཆེན་པོས་གནང་བ་ཞིག་མ་རེད་ཅེས་སུས་བརྗོད་ནའང། དོན་དུ་དེ་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་རྒྱུ་མཚན་ཚད་ལྡན་སྣ་གཅིག་བགྲང་རྒྱུ་མེད།
༸གོང་ས་མཆོག་གི་བཀའ་སློབ་དེ་ཕེབས་པ་ལ་བརྟེན་ནས་དྷ་ས་ཁུལ་གྱི་སྲིད་དོན་འཁྲབ་སྟོན་པ་མང་པོ་ཞིག་གིས་གོ་སྐབས་དེ་གལ་ཆེན་པོ་ཞིག་ཏུ་མཐོང་ནས། སྒྲིག་འཛུགས་འདྲ་མིན་གྱི་མིང་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁ་རྡུང་གཏོང་འགོ་ཚུགས་ཡོད་ལ། ཐ་ན་མགོན་པོ་མཆོག་གི་སྐུ་ཕྱྭར་བདོ་བའི་བྱས་ཉེས་ཅན་ཡིན་ཚུལ་ཡང་གླེང་སློང་བྱེད་བཞིན་ཡོད་པ་རེད། མི་དེ་རིགས་ཀྱིས་“རྡུང་རྒྱུ་རྔ་བརྡུང་ཡང་དམིགས་རྒྱུ་འདྲེ་དམིགས་”ཞེས་པ་ལྟར། ཁ་ནས་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་ཡིན་ཚུལ་བཤད་ཀྱང། དོན་དུ་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་གཏོང་བ་ལྟ་བུའི་གླེང་ཕྱོགས་དང་བྱ་ངན་སྤེལ་འགོ་བཙུགས་པ་འདི་ལ་བརྟེན་ནས། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལའང་གནོན་སྐྱོན་ཆེན་པོར་འགྱུར་ངེས་པ་རེད།
ཕྱི་ལོ་༢༠༡༡ ལོར་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་བྱས་པའི་དེ་མ་ཐག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང། “འགྱུར་བ་ཇི་ལྟར་ཕྱིན་ཀྱང། བོད་རྒྱལ་ཁབ་ཀྱི་བདག་པོ་ནི་བོད་མི་མང་ཡིན་པས། ང་ཚོའི་སེམས་ཤུགས་ནམ་ཡང་ཆག་མི་རུང་ལ། དགྲ་གཉེན་དེ་བས་ནོར་མི་རུང་བར་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གནད་ཆེ་བར་བརྟེན། དེ་རིང་གི་འགྱུར་བ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བློ་ཕམ་ཤིན་ཏུ་ཆེ་ཡང། ང་ཚོའི་ཆིག་སྒྲིལ་དང་རེ་བ་གསོན་པོར་གནས་རྒྱུ་དེ་ཉིད་གལ་ཆེ་ཤོས་སུ་བརྩིས་ཏེ། བོད་མིའི་སྒྲིག་འཛུགས་ཟེར་བར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་རང་ལ་ངོས་འཛིན་གུས་བཀུར་གྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་ཞུ་རྒྱུ་དང། དེ་བཞིན་གཞོན་ལྷན་གྱིས་རང་འགན་རང་ཁུར་ངང་མ་འོངས་པར་ཡང་སྔར་ལྟར། དམངས་གཙོའི་བརྒྱུད་རིམ་ལས་བརྒལ་བའི་སྒོ་ནས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་རིང་གསལ་བརྗོད་བྱ་རྒྱུ་མ་ཟད། དེ་བཞིན་གངས་ཅན་པ་ཡོངས་ནས་ཀྱང་གཞུང་བཀུར་ཆིག་སྒྲིལ་གནང་རྒྱུའི་གདེང་སྤོབས་དང་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།”ཞེས་ཚིག་གནད་འདི་དག་འཁོད་ཡོད།
གོང་དུ་དྲངས་པའི་ཚིག་དུམ་དེ་“བཙན་བྱོལ་བོད་གཞུང་”ཞེས་པ་“བོད་མིའི་སྒྲིག་འཛུགས”སུ་བསྒྱུར་བའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་མུ་མཐུད་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ལས། བོད་གཞུང་ཕྱིར་བསྡུ་བྱས་ཟིན་པ་དང། བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་དང། བོད་གཞུང་མེད་པ་ཆགས་པ་རེད་ཅེས་བརྗོད་ཡོད་མེད་སྐབས་དེའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་དངོས་ཡོད་གནས་ཚུལ་ལ་གཟིགས་ན་གསལ་པོ་ཡིན་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་མི་ཡོངས་ཀྱིས་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་སུ་མིང་བསྒྱུར་ཟིན་ནའང་གུས་བཀུར་ཞུ་དགོས་པའི་རེ་སྐུལ་ནན་པོ་གསལ་བསྒྲགས་དེའི་ནང་ཞུས་ཡོད་པ་རེད།
༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་བཀའ་སློབ་ཕེབས་པའི་གོ་སྐབས་དང་བསྟུན་ནས་སྐབས་འཚོལ་རིང་ལུགས་པ་ཚོས་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ལ་བསམ་བློ་མ་བཏང་བའི་ཐོག་ནས་བྱ་འགུལ་སྤེལ་ཏེ། གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་སྒྲིག་འཛུགས་ལ་གནོད་པའི་བྱ་བ་ཞིག་ཏུ་བསྒྱུར་སོང་ན། མ་འོངས་པར་བོད་མི་རིགས་ཀྱི་རྩ་དོན་དང་རེ་བ་རྩ་བརླག་ཏུ་སོང་བ་དང། ཆུང་ས་ནས་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་རྒྱུན་ལས་ནང་ལས་ཀ་བྱེད་མྱོང་བའི་ན་གཞོན་རྣམས་ནི་སྙིང་སྟོབས་དང་སེམས་ཤུགས། ཤེས་ཡོན་དང་གཏམ་བཤད་བྱེད་སྟངས་ཚུན་ཆད་ནས་མི་རབས་གསར་པ་གསོ་སྐྱོང་བྱེད་རྒྱུའི་ནུས་པ་གཞུང་སྒེར་སུ་ལའང་མེད་པ་ཞིག་ཡིན་པ་ཤེས་གསལ་ཡིན་པས། ༸གོང་ས་མཆོག་གི་བཀའ་དགོངས་ཁ་རུ་ཁྱེར་ཏེ་གཞོན་ནུའི་སྒྲིག་འཛུགས་ལ་རྡུང་རྡེག་དང་བོད་ཀྱི་རྩ་དོན་ལ་གནོད་པ་མི་བྱེད་པའི་རེ་བ་ཡོད།།
ད་ཡིན་ན་བོད་ཀྱི་ཏ་ལི་བྷན་ཚོགས་མི་ཚོའི་མགོ་བཀྱཀ་ཡོང་གི་འདུག། བོད་ལ་ཤ་ཞེན་ཡོད་མཁན་ཚོས་བོད་བཙོང་གི་ཡོད་པ་ཤེས་ཀྱང་། དད་པ་ཆེ་མདོག་གིས་ཁ་བཙུམས་ནས་སྡོད་དགོས་སམ།།
བོད་ལ་དམངས་གཙོའི་ལམ་ལུགས་སྤེལ་མཁན་རྒྱལ་བ་རིན་པོ་ཆེ་མཆོག་རེད། འོན་ཀྱང་། བོད་མི་མང་ལ་འདོད་པ་མེད་བཞིན་དུ་བཙན་བྱོལ་བོད་གཞུང་། སྒྲིག་འཛུགས་ཞིག་ལ་བསྒྱུར་བ་ནི། ཁོང་གིས་གནང་པའི་དམངས་གཙོའི་ལམ་ལུགས་དང་འགལ་ཟླ་ཆགས་ཡོད་པས། འདི་འཛམ་བུ་གླིང་ལ་འགྲེལ་བཤད་ཅི་ལྟར་རྒྱག།
ཁོང་རྣམས་པ་ལ་དེ་འདྲ་གསུང་མི་འོས་སྙམ།
ང་ཚོར། གཞོན་ནི་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་དང་། མཁས་དབང་འཇམ་དབྱངས་ནོར་བུ་མཆོག བཀའ་ཁྲིད་བློ་བཟང་སེང་གེ་མཆོག བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་དང་། ད་དུང་བཀྲས་ཐུང་ལྷ་སྒྲོན། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱན། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་རྒྱ་རི་སྒྲོལ་མ། དྲི་བསྒྲགས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་སོགས་འདི་འདྲའི་མི་ཤེས་འཇོན་དང་ལྷག་བསམ་གྱིས་ཕྱུགས་པ་བརྒྱ་ཕྲག་ཁ་ཤས་ཡོད་ན། ད་གཟོད་རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བཞུགས་ངེས་ཡིན། མདོར་ན་སྐྱབས་མགོན་རིན་པོ་ཆེ་གོང་གི་མི་བུ་འདི་དང་འདི་ལྟ་བུ་ལ་ཐུགས་དགྱེས་པོ་ཡོད་པ་དང་སྤོབས་པ་ཆེན་པོ་ཡོད་ངེས་ཡིན་པས། ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་དྲ་འབུ་ཚོས་སེམས་འཁྲལ་མེད་སར་སེམས་འཁྲལ་མ་བྱེས། རེ་ཐོག་འདའ་ལྟ་བུའི་ཆབ་སྲིད་ཀྱི་འགྲོ་སྟངས་གང་ཡང་མི་ཤེས་པ་རྣམ་ལ་ཁག་མེད།
པཎ་ཆེན་བླ་མའི་རང་དབང་གླེང་ནས་བོད་མིའི་དོན་དུ་སྐུ་བཙོན་བཞུགས།
ཏཱ་ལའི་བླ་མའི་རང་ཉིད་བསྲུངས་ཏེ་ས་མཐར་གཞུང་དངུལ་ཁུར་ནས་བྲོས།
པཎ་ཆེན་བླ་མས་རིག་གཞུང་སླར་གསོས་བོད་ཡུལ་མཐའ་དབུས་རྨོངས་ལས་བསྒྲལ།
ཏཱ་ལའི་བླ་མས་ཞི་བདེའི་གཟེངས་བཞེས་རང་བཙན་གཙང་མ་ཐེད་ལ་བོར།
པཎ་ཆེན་བླ་མས་མི་རིགས་རང་དབང་སྐུ་སྲོག་དང་བསྡོས་ཚེ་གང་བརྩད།
ཏཱ་ལའི་བླ་མས་རང་མགོ་གར་ཐོན་ཚེ་མཇུག་ཚང་མ་བསྡུས་གསོགས་བརྒྱབ།
པཎ་ཆེན་བླ་མ་བོད་ཡུལ་ཀུན་ཕེབས་སློབ་སྟོན་དགེ་ལེགས་ཉི་མ་བསྩལ།
ཏཱ་ལའི་བླ་མ་སྤྱི་རྒྱལ་ཀུན་འགྲིམ་མཐོན་པོ་ཀུན་ལ་སྤྲེལ་ལད་འཁྲབ།
པཎ་ཆེན་བླ་མས་རྒྱ་དམར་གཞུང་རྒོལ་ཡིག་འབྲི་ཁྲི་གཅིག་ཁྲག་གིས་བྲིས།
ཏཱ་ལའི་བླ་མས་ཆེ་མཐོང་ཐོབ་ཕྱིར་དབུ་ལམ་རྒྱ་ལ་ལེགས་སྐྱེས་ཕུལ།
པཎ་ཆེན་བླ་མའི་མཚན་སྙན་དཀར་པོས་བོད་ཕྲུག་མང་པོར་ཤེས་ཡོན་ཐོབ།
ཏཱ་ལའི་བླ་མའི་མིང་ཙམ་བོས་ཚེ་ཞེ་སྡང་ལུས་ལ་མེ་དཔུང་འབར།
པཎ་ཆེན་བླ་མར་བོད་བཙོང་ཞེས་བོས་ཕྱི་ཡུལ་བོད་མིས་དམོད་འདེབས་བྱས།
ཏཱ་ལའི་བླ་མར་ཞི་བདེའི་བྱ་ཞེས་སྐྱེ་བོ་རྨོངས་པས་དགའ་བསུ་ཞུས།
གཞིས་བཞུགས་བོད་མིས་རང་དབང་རང་བཙན་སྐུ་སྲོག་ཕུངས་མེད་ཉིན་མཚན་རྩོད།
ཡུལ་གྱར་བོད་མིས་རང་རིགས་བཙོང་ཏེ་རང་ལྟོ་འཚོ་བའི་སྣོན་མ་བྱེད།
གཞིས་བཞུགས་བོད་མིས་ཕྱི་ལ་བསྒུག་ནས་རང་དབང་ཉི་མ་འཆར་ལ་རེ།
ཡུལ་གྱར་བོད་མིས་བོད་ནང་བལྟས་ནས་ལོ་ཟླ་རེ་རེའི་གླ་ཕོག་གསོགས།
གཞིས་བཞུགས་བོད་མིས་རང་དབང་རང་བཙན་མེ་མདའི་འོག་ནས་གླུ་རུ་ལེན།
ཡུལ་གྱར་བོད་མིས་རང་བཙན་བོས་ཚེ་བླ་མའི་ཐུགས་དཀྲུག་བཀའ་ལ་འགལ།
གཞིས་བཞུགས་བོད་མི་རྒྱ་དང་མི་མཐུན་གྲངས་ཉུང་མི་རིགས་ཐོབ་ཐང་གླེང་།
ཡུལ་གྱར་གནས་སུ་རྒྱ་རིགས་མཐོང་ན་འཛུམས་ཀྱིས་བསུས་ཏེ་ལྕེ་ལེས་ལྡོག །
ཁ་བརྡའི་རྩོམ་སྒྲིག་པ་ལགས།
ད་མཆན་སྒོ་འདི་བརྒྱབ་ན་ལེགས་ས་རེད། ངའི་ལྟ་སྟངས་ལ། ཁ་མཆུ་འདིའི་མདོ་ཁ་ན། མི་མང་པོ་ཞིག་གིས་གྲི་ཁྱེར་ནས། ཞུ་ས་མེད་པར་བསྡད་འདུག། གོང་གི་མཆན་འདི་ཚོས། མེ་དམརཔོའི་སྒང་ལ་ཤིང་གཤག་པ་ཟེར་བ་བཞིན་གནས་ཚུལ་ཇེ་སྡུག་ཇེ་སྡུག་སོང་ནས། མི་གསོད་ལག་དམར་འདོན་པའི་རྟགས་བསྟན་གྱི་འདུག། ད་མཆན་སྒོ་སྐྱོན་རོགས།
མང་ཚོགས་ལ་བསམ་འཆར་སྤེལ་མི་བཅུག་པར་རྒྱ་ནག་པས་ལས་ཀ་འདྲ་བོ་བྱེད་ག་ལ་རུང་། བསམ་ཚུལ་གནས་ལུགས་དང་རྒྱུ་མཚན་ཡོད་ན་བཀག་འགོག་བྱེད་མི་རུང་ངོ་།
ད་ཡིན་ན་དོན་དངོས་དམངས་གཙོ་ཡིན་པའི་མདོག་སྟོན་གྱི་འདུག། གོང་གི་མི་བཞི་ཤོག་ཁག་ལྟར་ཐེར་འདོན་བྱེད་རྒྱུ་དེ་དངོས་དོན་གྱི་དམངས་གཙོའི་རིང་ལུགས་ཤིག་སྟོན་གྱི་འདུག །ཡིན་ན་ཡང་ཁོང་རྣམས་མི་རེའི་ངོས་ནས་གངས་ལྗོངས་ཀྱི་བུ་ཚ་སྟག་འདྲ་བོ་ཤ་སྟག་མཐོང་བྱུང། ཁྱེད་རྣམས་དམངས་གཙོའི་ནང་ནས་གཟེངས་སུ་ཐོན་པའི་དུས་སྐབས་འདིར་སེམས་ཆུང་དང་སྒྱིད་ལུག་པ་རྐྱེན་ངན་པའི་དབང་དུ་མ་ཤོར་བ་རི་བོ་ལྟར་བརྟན་པའི་འབོད་བསྐུལ་ཡིན།
རིག་ཞེན་དཀར་པོ་ཞེས་པ་དེས་ཡང་སྐྱར་དཀྲུག་རྒྱུའི་མདོག་སྟོན་གྱི་འདུག་ཁྱེད་རང་དག་ཐེར་ཡག་པོ་བྱེད་ནས་འདིར་ཤིག་ཅིག
ཧ་ཧ་གཟུར་གནས། གྲི་འཁྱེར་ས་ནོར་བ་རེད། རང་བཙན་རྩོད་ཀྱི་ཡོད་ན་འཛམ་གླིང་མཐོང་སར་མེ་དཔུངས་སྦར།
དེ་མ་ཕོད་ན་རྣ་བས་ཉན་དེ་ལས་འགུལ་སྤེལ། དེ་མ་ཐུབ་ན་རྩོམ་ཡིག་བྲིས། དེ་མ་ཐུབ་ན་མ་ནི་བགྲང་།
ཁ་བརྡ་ལགས། ངོ་ནས་རྩོམ་ངན་རེ་ཟུང་འདུག་པས་ཐུགས་བསམ་གནང་ནས་བཀོད་ན་ལེགས་སྙམ། མི་དང་སྤྱི་ཚོགས་ཀྱི་བསམ་འདུན་ལ་གུས་བཀུར་མེད་པ་དང་། མཐུན་བསྒྲིལ་ལ་ཅི་ཡང་མི་བསམ་པར་སེམས་ལ་གང་དྲན་དང་ལག་ནས་གང་ཐོན་བྲིས་དག་འདི་གར་བཀོད་རྐྱང་བྱས་ན་སྤྱི་ཚོགས་ལ་འགན་མ་འཁུར་བར་འདོད་དོ།།
ལྷ་བཟང་ཚེ་རིང་།
ཁང་ལེབ་ཆུང་ཆུང་ཞིག་གི་ནང་རོལ་ན།
དཔའ་པོའི་བུ་ལ་སྟག་གི་སྙིང་ཁམས་ཅན།
རྡ་སའི་གཙུག་ལག་ཁང་གི་དུར་མདོ་ནས།
རང་བཙན་དམ་བཅའ་བརྟན་པོ་ཁྱེད་མིན་སུ། །
རང་དོན་རྒྱབ་དུ་དོར་པའི་རི་གྲོང་ན།
མིག་རྒྱང་རིང་པོར་གཟིགས་པས་ཐུགས་དགོངས་ཅན།
རྒྱལ་ཁབ་ཁྲོམ་ལ་བཤམས་པས་སྒོ་འགྲམ་ན།
རྒད་པོ་རྒས་ཀྱང་རང་ཚུགས་མི་ཤོར་བཞུགས། །
འཇའ་དབྱངས་ནོར་བུ།
མཁས་པའི་མཚན་ལ་རྣམ་དཔྱོད་རི་མོའི་བརྒྱན།
ནུབ་ལ་བཞུགས་ནས་བོད་དོན་གླིང་བཞིར་བསྒྲགས།
བོད་པ་ཉམ་ཆུང་གཡང་གཟར་ལས་སྐྱོབ་པ།
མཁས་དབང་ཟླ་འོད་བསིལ་བ་ཁྱེད་མིན་སུ། །
ཨ་རི་ཡུ་རོབ་ནུབ་ཕྱོགས་རྒྱལ་ཁབ་ཀུན།
མི་ཚེའི་དཀའ་སྡུག་ངལ་བ་ཁྱད་བསད་ནས།
བོད་པ་ཚང་གི་སྔོན་གྱི་རྒྱལ་རབས་དང་།
ལོ་རྒྱུས་ཁུངས་ལུང་མང་བས་རྒྱ་དམར་འདར། །
ཀླུ་མཁར་བྱམས།
རྒྱ་བོད་ལོ་རྒྱུས་རྒྱུས་མངའ་གཞན་ལས་ལྷག །
རང་བཙན་གཙང་མའི་ངོ་བོ་གཏིང་ནས་རྙེད།
རྒྱ་ནག་ཆབ་སྲིད་སྲིད་ཇུས་གསལ་བོར་མཁྱེན།
འདི་འདྲའི་སྐྱེས་བུ་རིན་ཆེན་གསེར་ལས་དཀོན། །
ཁ་ལྕེ་བདེ་མོས་བདེན་པའི་རང་དབང་གླེང་།
སེམས་ཁོག་དྲང་མོས་གནས་ལུགས་རྒྱུ་མཚན་འབྲི།
མི་རབས་ཤིག་གི་ཤི་གསོན་ས་མཚམས་ན།
ཁྱོད་ཀྱི་སྤོབས་པ་མི་འགྱུར་ལྷུན་པོ་བཞིན། །
ཚེ་དབང་རིག་འཛིན།
གཞུང་དོན་ཁུར་ཁྱེར་རང་དོན་རྒྱབ་དུ་འདོར།
གདོང་དམར་བོད་ཀྱི་ལས་འགན་ཕྲག་ཏུ་བཞེས།
རང་རིགས་རྒན་དར་གཞོན་གསུམ་ཚང་མ་ལ།
ཁྱོད་ཀྱི་གདོང་གི་རྔུལ་ཆུས་ལམ་འདྲེན་བྱེད། །
ཕྱི་ནང་གཉིས་མེད་ལྷག་བསམ་བོད་ལ་དཀར།
ངོ་དགའ་སྤྲེལ་གྱིས་ལད་མོ་བྱེད་མི་ཤེས།
རང་བཙན་གཙང་མའི་འདུན་ལམ་བྲག་བཞིན་བཏེགས།
ས་ཡ་དྲུག་པོའི་སེམས་རྟེན་ཁྱེད་གཅིག་ཡིན། །
བསྟན་འཛིན་བརྩོན་འགྲུས།
སྙན་ངག་ཚིག་གནད་ལྕགས་ཀྱི་ཐོ་བ་ཡིས།
བསམ་བློའི་ཕུགས་འདུན་ཐུང་བའི་མགོ་བོ་བཅོམ།
རས་ཡུག་དམར་པོ་ཁོང་ཁྲོའི་དམ་བཅའ་ཡིས།
ཡ་མཚན་ལྟས་ངན་གློ་མེད་སྙིང་རྩ་འགོག ། །
རང་བཙན་སྲོག་འཛིན་དབུ་ལམ་རྔ་མའི་འཐེན།
རང་ཚུགས་ཐུབ་ཅིང་གཞན་སེམས་མི་དཀྲུག་པ།
སེམས་པ་གསོན་པོས་མིག་ཆུ་བཞུར་བཞིན་དུ།
བོད་མིའི་ཡ་རབ་གཤིས་ཀྱི་འབོད་སྒྲ་སྒྲོགས། །
གཤམ་གསལ་ལྟར་་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སུ་་ཏཱ་ལའི་བླ་མ་ལ་མཚན་སྨོད་བྱེད་མཁན་་བརྒྱ་སྟོང་མང་པོ་ཡོད་རེད། ད་རུང་རྒྱ་ཡིག་ནང་ན་དེ་ལས་མང་རབས་ཡོད། ད་རུང་དོལ་ཚོགས་ཚང་གིས་་་་མང་ཚོགས་དང་བརྡ་་་ཟེར་བ་ལ་སོགས་སུ་གང་བྲིས་ལ་ལན་མེད་པར་སྡོད་ངོ་ཚ་བའི་གནས་རེད། བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་གཞོན་ནུ་ཚོགས་པས་མཚོན་རྒྱལ་གཅེས་དཔའ་བོ་རྫུན་ཀླང་འདེབས་མཁན་དེ་ལས་རྒྱུ་འབྲས་མེད་པའི་གཏོར་བཤོག་པ་ཁོ་ན་རེད།
ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏམ་བརྗོད་ཀྱི་མཐིལ་བརྟོལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་དཔྱད་གཏམ།
བོད་ལྗོངས་ཉིན་རེའི་ཚགས་པར། — བོད་ལྗོངས་རླུང་འཕྲིན་དྲ་བ།
2012-1-25 17:17:07
༄༅། ། ཏཱ་ལས་སླར་ཡང་རྫུན་གཏམ་ཤོད་པ།
༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་གཡོ་སྒྱུ་གསར་ཤོས་ལ་གཟིགས་དང༌།
༄༅། ། ཁ་གདངས་ཚད་ལ་རྫུན་གཏམ་ཤོད་མཁན་ཏཱ་ལའི་མིག་ནང་གི་ཞི་བདེ་དང་འཚེ་མེད་ཞི་བ་ཟེར་བར་ལྟོས་དང༌།
༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ་ཟེར་བ་དེ་ནི་དངོས་འབྲེལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།
༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་ཁྲིམས་མཐུན་རང་བཞིན་གང་ཡང་མེད།
༄༅། ། རྫུན་གཏམ་ཤོད་རྒྱུར་གོམས་པ་ཞིག་གི་གདོང་རིས་ངོ་མ།
༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མིག་སྒྲིབ་བྱེད་ཀྱི་ཐབས་དང་བོད་ཆེན་པོའི་སྐོར་གྱི་ལྐོག་གཡོ།
༄༅། ། ཏཱ་ལས་སླར་ཡང་རང་གིས་རང་ལ་འགྲམ་ལྕག་གཞུས་པ།
༄༅། ། མངོན་སུམ་འཛེམ་མེད་ངང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན།
༄༅། ། ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
༄༅། ། རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་མཁན་དེ་ཅི་འདྲ་ཞིག་ཡིན་ནམ།
༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ།
དགག་གཞག་དང་རྒོལ་བ་བྱེད་ན་དགྲ་བོ་རྒྱ་དམར་སྲིད་གཞུང་དང་རྒྱ་རིགས་གཡོ་རྒྱུ་ཅན་དེ་ཚོ་ལ་མི་བྱེད་པར་ནང་ཁུལ་ལ་བྱིའུ་ཆུང་ཐོག་ལ་ལྕགས་གཞུ་ལྕགས་མདའ་བྱེད་དགོས་དོན་ག་རེ་ཡིན་ནམ།
གཤམ་ལ་གཟིགས་དང་འདི་ཚོ་ལ་ལན་དང་དགག་པ་ཡོད་པས།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
ཟླ་༩ཚེས་༢༤ཉིན་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་རང་ཉིད་ཀྱི“ཡང་སྲིད་སྐོར་གྱི”གསལ་བསྒྲགས་ཤིག་སྤེལ་བར་ནང་བསྟན་གྱི་ཚིག་འབྲུས་བརྒྱན་ཡོད་མོད། དེའི་སྙིང་པོ་ནི་ཧ་ཅང་གསལ་པོ་ཡིན་པ་སྟེ། ལོ་ངོ་བརྒྱ་ཕྲག་ཁ་ཤས་བརྒྱུད་པའི་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་འགྲོ་ལུགས་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཁས་མི་ལེན་པ་དང་ཁོ་པ་རང་ཉིད་ལ་མ་གཏོགས“ཡང་སྲིད་གང་ནས་བྱོན་དང་ཡང་སྲིད་ཇི་ལྟར་བྱོན”དབང་མེད་ཅེས་བཤད་ཡོད། ཏཱ་ལའིའི་རྗེས་འབྲངས་པ་ཚོས་ཀྱང་གསལ་བསྒྲགས་དེ“ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཏུ་འགྱུར་སྲིད”ཅེས་འུད་སྒྲོག་བྱེད་ཀྱི་ཡོད། སྨྱུག་འཛིན་པས་ལྟ་སྐབས་ཏཱ་ལའི་བྱེད་སྤྱོད་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་བརྒྱུད་ནང་བསྟན་དེ་ཁོ་པ་རང་ཉིད་ཀྱི་དུར་རྫས་སུ་འདྲེན་ཕྱིར་ཡིན་པ་དང་ཁོ་པའི་བོད་ཕུང་ཆོས་ཕུང་གི་ཁ་ཕྲལ་རིང་ལུགས་ལོ་རྒྱུས་ཐོག་ཉེས་པ་གཞན་ཞིག་བསྣན་པ་ཙམ་རེད།
སྨྱུག་འཛིན་པས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་རྫུན་གཏམ་ཤོད་དགའ་བའི་སྐྱོན་ཞིག་ཡོད་ཅེས་ཐེངས་མང་བཤད་མྱོང་། ད་རེས་གསལ་བསྒྲགས་ནང་ཁོ་པའི་སྐྱོན་དེ་བས་ཚབས་ལྕི་རུ་ཕྱིན་ཡོད། གལ་ཆེ་བ་འགའ་ཞིག་འདོན་རྒྱུ་འདི་ལྟ་སྟེ།
རྫུན་གཏམ་དང་པོ། “གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་དེ་བོད་མིས་ཡིད་ཆེས་བྱེད་པའི་ཆོས་ལུགས་ཀྱི་འགྲོ་ལུགས་ཤིག་མ་ཡིན་པར་མན་ཆིང་སྟོབས་ཤུགས་ཀྱི་བཙན་ཤེད་ཅིག་རེད།”དོན་དངོས་ཐོག་༡༧༩༢ལོར་བོད་དུ་གོར་དམག་བཙན་འཛུལ་ཞོད་འཇགས་སུ་གཏོང་བར་ཡོང་བའི་ཆིང་རྒྱལ་རབས་ཀྱི་དམག་སྤྱི་ཕུའུ་ཁང་ཨན་གྱིས་ཏཱ་ལའི་སྐུ་ཕྲེང་བརྒྱད་པ་དང་པཎ་ཆེན་སྐུ་ཕྲེང་བདུན་པ་སོགས་སེར་སྐྱ་མི་དྲག་དང་མཉམ་དུ་གོང་མ་ཆན་ལུང་གི“སྒྲིག་ཡིག་ཏན་ཏིག་བཟོས་ཏེ་ཡུན་དུ་བརྩི་སྲུང་བྱེད་དགོས”པའི་བཀའ་ལུང་ལྟར་ཐུན་མོང་ཐོག་དོན་ཚན་ཉེར་དགུར་གྲོས་བསྡུར་བྱས་པ་དེའི་ནང་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་བཏོན་ཡོད། ༡༧༩༣ལོར་ཆིང་རྒྱལ་རབས་སྲིད་གཞུང་གིས་དངོས་སུ་འགྲེམས་སྤེལ་བྱས་པའི《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུའི》ནང་གི་དོན་ཚན་དང་པོ་དེ་ནི་ཕྱིན་ཆད་ཏཱ་ལའིའི་དང་པཎ་ཆེན་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངེས་པར་དུ་གསེར་བུམ་དཀྲུག་འདོན་བྱེད་དགོས་པ་གཏན་འབེབས་བྱས་ཡོད། ལོ་རྒྱུས་དེབ་ཐེར་ཐོག་བཀོད་པ་ལྟར་ན། ཀྲུང་དབྱང་སྲིད་གཞུང་གི་དམིགས་བསལ་བང་ཆེན་གྱིས་གསེར་བུམ་འདི་ལྷ་སར་སྐྱེལ་བར་ཡོང་སྐབས་ཏཱ་ལའི་སྐུ་ཕྲེང་བརྒྱད་པས་སྔ་ས་ནས་ཕོ་བྲང་པོ་ཏ་ལ་ནས་བབས་ཏེ་ཕེབས་སྒུག་ཞུས། གོང་མ་ཆེན་པོས“ཆེད་དུ་བསྩལ་བའི་གསེར་གྱི་བུམ་པ་རིན་པོ་ཆེ་བཀས་མངགས་བློན་ཆེན་ནས་སྤྱི་གཙུག་ཏུ་ཁུར་ཏེ་འདི་གར་ཕེབས་པ་དགོངས་ཟབ་བླ་ན་མེད་པས་ངོས་ཀྱི་ཐུགས་རྗེ་བཀའ་དྲིན་ཞུ་རྒྱུ་ཡིན”ཞེས་གསུངས། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས“གསལ་བསྒྲགས”ནང“ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཆེད་མངགས་བྲིས་པའི་གསེར་བུམ་དཀྲུག་འདོན་གྱི་ལུགས་སྲོལ་དང་ཆོ་གའི་སྐོར”ཁས་བླངས་ལ“ཡང་སྲིད་བྱོན་པའི་དམིགས་ཡུལ་གལ་ཆེ་ཤོས་ནི་སྐུ་ཐོག་གོང་མའི་མཛད་འཕྲིན་རྒྱུན་འཛིན་བྱ་རྒྱུ་དེ་རེད”ཅེས་ཐེངས་མང་བཤད་ཡོད་མོད། འོན་ཏེ་ཏཱ་ལའི་སྐུ་ཕྲེང་བརྒྱད་པ་དང་དེའི་རྗེས་ཀྱི་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་གྱིས་ལག་ལེན་བསྟར་བའི་གསེར་བུམ་དཀྲུག་འདོན་གྱི་འདོད་འདུན་དང་སྲོལ་རྒྱུན་མངོན་སུམ་འཛེམ་མེད་ངང་ཁས་མི་ལེན་པ་དང་དེ་མེད་པར་བཟོས་ཚེ་ཅི་མ་རུང་སྙམ་པ་དེ་ནི་དངོས་འབྲེལ་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་ལ་རྐང་བཙུགས་ནས་རྒྱབ་གཏོད་བྱས་པ་ཞིག་རེད། འཛེམ་བག་མེད་པའི་བྱ་སྤྱོད་དེ་རིགས་ཐོག་ནས་ཁོ་པ་རང་ཉིད་ཀྱི་ཐོབ་ཐང་ངོ་མར་སྐྱེ་བོ་ཀུན་ལ་དོགས་པ་མི་ཡོང་བ་ག་ལ་སྲིད།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
རྫུན་གཏམ་གཉིས་པ། “གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུས་པའི་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་ཁ་ཤས་ལས་མེད་པ་དང་བླ་སྤྲུལ་གཞན་དག་ཁག་གཅིག་ལས་མེད།”དོན་དངོས་ཐོག་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་བཙུགས་རྗེས་བོད་དུ་ཐོག་མར་ངོས་འཛིན་ཞུས་པའི་སྤྲུལ་སྐུ་ནི་འཕགས་པ་ལྷ་སྐུ་ཕྲེང་བརྒྱད་པ་རེད། ཆིང་རྒྱལ་རབས་ཀྱི་ལོ་མཇུག་བར་ཀྲུང་དབྱང་སྲིད་གཞུང་གིས་དོ་དམ་བྱས་པའི་སྤྲུལ་སྐུའི་བླ་རྒྱུད་༣༩ཡི་ནང་སྔ་རྗེས་སུ་ངོས་འཛིན་ཞུས་པའི་ཡང་སྲིད་༩༡ཡོད་པ་དེའི་ནང་ཡང་སྲིད་༧༦ནི་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུས་པ་དང་བླ་སྤྲུལ་༡༥ཀྲུང་དབྱང་སྲིད་གཞུང་ལ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་བཀའ་འཁྲོལ་གྱི་སྙན་སེང་ཞུས་ཡོད། དེའི་ཐོག་ནས་ཡང་སྲིད་ཆེས་མང་ཆེ་བ་ནི་གསེར་བུམ་དཀྲུག་འདོན་བྱས་པ་ཞིག་ཡིན་པ་དང་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་ཀྱང་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པས་མི་གཞན་དག་སུ་འདྲ་ཞིག་ཡིན་རུང་གཏན་འབེབས་བྱེད་དབང་མེད་པ་གསལ་པོར་མཐོང་ཐུབ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ངོས་ནས་བརྗོད་ན་སྐུ་ཕྲེང་བཅུ་པ་དང་། སྐུ་ཕྲེང་བཅུ་གཅིག་པ། སྐུ་ཕྲེང་བཅུ་གཉིས་པ་བཅས་གསེར་བུམ་དཀྲུག་འདོན་བྱས་ནས་བྱོན་པ་དང་སྐུ་ཕྲེང་དགུ་པ་དང་། སྐུ་ཕྲེང་བཅུ་གསུམ་པ། སྐུ་ཕྲེང་བཅུ་བཞི་པ་བཅས་ནི་ཀྲུང་དབྱང་སྲིད་གཞུང་གིས་དམིགས་བསལ་དུ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་ཆོག་མཆན་གནང་ཡོད། དཔེར་ན་ཏཱ་ལའི་སྐུ་ཕྲེང་དགུ་པ་ངོས་འཛིན་ཞུ་སྐབས་སྐབས་དེར་པཎ་ཆེན་སྐུ་ཕྲེང་བདུན་པས་བོད་ཀྱི་སེར་སྐྱ་དཔོན་རིགས་ཀྱི་སྣེ་ཁྲིད་ནས་བོད་སྡོད་ཨམ་བན་ལ“གོང་མ་ཆེ་མོར་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པ་ཞུ་རོགས”ཞེས་པའི་འདུན་པ་ཞུས་པ་དང་ཕྱིས་སུ་གོང་མ་ཅཱ་ཆིན་གྱིས་བོད་དུ་ཕོ་ཉ་མངགས་ནས་དཀྲུག་འདོན་བྱེད་མི་དགོས་པའི་བཀའ་ཕབ་ཡོད། ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པ་ངོས་འཛིན་བྱེད་སྐབས་གོང་མ་ཀོང་ཤུས་ཀྱིས“དཀྲུག་འདོན་བྱེད་མི་དགོས་པའི”བཀའ་ཕབ་པས་གཞི་ནས་དཀྲུག་འདོན་བྱེད་མི་དགོས་པ་བྱུང་ཡོད།
རྫུན་གཏམ་གསུམ་པ། “ཏཱ་ལའིའི་བླ་མ་སྐུ་ཕྲེང་བཅུ་པ་ངོས་འཛིན་བྱེད་སྐབས་གསེར་བུམ་དཀྲུག་འདོན་བྱས་མེད། འོན་ཏེ་མན་ཆིང་སྲིད་གཞུང་གི་ངོ་ལ་ལྟ་ཆེད་ཕྱི་ཕྱོགས་སུ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱས་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད”ཅེས་དང“ཏཱ་ལའིའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་ནི་གསེར་བུམ་དཀྲུག་འདོན་མ་བྱས་གོང་ནས་ངོས་འཛིན་གཏན་འཁེལ་བྱས་ཟིན།”འོན་ཏེ་སྐབས་དེར་ཏཱ་ལའི་སྐུ་བཅར་མཁན་པོ་དར་ཧན་གྱིས་མཛད་པའི་རྣམ་ཐར《ངོ་མཚར་ནོར་བུའི་ཕྲེང་བའི》ནང་བཀོད་པར་གཞིགས་ན། ༡༨༡༨ལོའི་ཟླ་བ་བཅུ་གཉིས་པར་ལི་ཐང་ནས་ཁྱེའུ་ཞིག་བཙལ་འཚོལ་ཐུབ་རྗེས་སྐབས་དེར་བོད་ས་གནས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས“གསེར་བུམ་དཀྲུག་འདོན་བྱ་མི་དགོས་པ……གོང་མ་ཆེན་མོར་ངོས་འཛིན་ཞུ་འཐུས་ཐུགས་རྗེ་ཆེ་ཞེས”པའི་རེ་བ་བྱེད་ཀྱི་ཡོད། གོང་མ་ཅཱ་ཆིན་གྱིས་བཀའ་ནན་པོ་བསྩལ་ཏེ“ད་རེས་ལི་ཐང་གི་ཁྱེའུ་དེ་གསེར་བུམ་དཀྲུག་འདོན་གྱི་གྲས་སུ་འཇོག་དགོས། རྗེས་སོར་ཐོན་པའི་གཉིས་ཀྱང་འཇོག་ཆོག”ཅེས་བླང་བྱ་གསལ་པོར་བཏོན་ཡོད། བཀའ་ལུང་གི་སྙིང་པོར་གཞིགས་ན། བོད་ཀྱི་ས་གནས་སུ་སླར་ཡང་ཡང་སྲིད་གཉིས་བྱོན་པ་དང་༡༨༢༡ལོའི་བོད་ཟླ་༡ཚེས་༤ཉིན་སེར་སྐྱ་འགོ་གཙོ་ལྷན་འཛོམས་ཐོག“ཚང་མ་གྲོས་ཁ་གཅིག་མཐུན་དུ……ཡང་སྲིད་གསུམ་པོ་འདི་བཞིན་གསེར་བུམ་དཀྲུག་འདོན་ཆོག་འཐུས་གོང་མ་ཆེན་མོར་གསེར་སྙན་སྒྲོན་རྒྱུའི་འདོད་འདུན་བྱུང”གོང་མ་ཏའོ་ཀོན་གྱི་ཆོག་མཆན་ཐོབ་པ་བརྒྱུད་༡༨༢༢ལོའི་བོད་ཟླ་༡ཚེས་༡༥ཉིན་རྩེ་ཕོ་བྲང་གི་གཟིམ་ཆུང་ས་གསུམ་རྣམ་རྒྱལ་ནང་གོང་མའི་འདྲ་ཐང་བཞུགས་ཡུལ་དུ་གསེར་བུམ་དཀྲུག་འདོན་གྱི་མཛད་སྒོ་འཚོགས། ཏཱ་ལའི་སྐུ་ཕྲེང་བཅུ་པ་ངོས་འཛིན་ཞུས་རྗེས་བོད་ཀྱི་སེར་སྐྱ་ཚོས་གསེར་བུམ་དཀྲུག་འདོན་དེ་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་སྔར་བས་ཁས་བླངས།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
གསེར་བུམ་དཀྲུག་འདོན་ཞུས་པའི་ཏཱ་ལའི་སྐུ་ཕྲེང་བཅུ་གཅིག་པ་དགོངས་པ་རྫོགས་རྗེས་གོང་མ་ཤན་ཕུང་གིས་ར་སྒྲེང་སྤྲུལ་སྐུས་རྒྱལ་ཚབ་བྱ་རྒྱུའི་བཀའ་ཕབ་པ་དང་བོད་ཀྱི་ས་གནས་ཁག་ལ་རྩ་ཚིག་བཀྲམས་ནས“ཐུགས་རིག་བཀྲ་བའི་ཁྱེའུ”ངོ་མཚར་བལྟམས་ཚུལ་ཞུ་དགོས་པ་བཏོན་མཐར་འོས་སྤྲུལ་གསུམ་ཐོན། ༡༨༥༨ལོའི་བོད་ཟླ་༡ཚེས་༡༣ཉིན་བོད་སྡོད་ཨམ་བན་མན་ཆིང་གིས་གཙོ་སྐྱོང་གནང་ནས་ས་གསུམ་རྣམ་རྒྱལ་དུ་གསེར་བུམ་དཀྲུག་འདོན་གྱི་མཛད་སྒོ་འཚོགས། མན་ཆིང་གིས་ཡང་སྲིད་ཀྱི་ཡབ་ཕུན་ཚོགས་ཚེ་དབང་ལ“ཁྱེད་ཀྱི་བུ་གསེར་བུམ་དཀྲུག་འདོན་བྱས་རྗེས་ཏཱ་ལའི་བླ་མའི་ཡང་སྲིད་ལ་གཏན་འཁེལ་བས་ཁྱེད་ཀྱིས་གོང་མ་ཆེན་མོར་ཐུགས་རྗེ་ཆེ་ཞུ་དགོས་ཞེས”གསུངས། གནས་ཚུལ་དེ་དག་ཀྱང་སྐབས་དེ་དུས་བོད་ས་གནས་ཀྱིས“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་རྣམ་ཐར་ནང་དུ་བཀོད་ཡོད།”ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་མགོ་རྟིང་སློག་ཆེད་ཏཱ་ལའི་སྐུ་ཕྲེང་བརྒྱད་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཁྲིམས་མཐུན་རང་བཞིན་ཁས་མི་ལེན་པ་དང་། རང་ཁུངས་རང་བརྗེད། མི་བཀུར་མི་བརྩི་བྱས་པས་དེ་ལས་ལྷག་པ་བྱ་རྒྱུ་ཅི་ཡོད།
རྫུན་གཏམ་བཞི་པ། “ཕྲན་ནི་བོད་ཀྱི་རྒྱལ་ཚབ་དང་མི་དམངས་ཚོགས་ཆེན་སོགས་ཀྱིས་བཙལ་འཚོལ་དང་ངོས་འཛིན་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ཕྱོགས་ཀྱིས་ཐེ་ཇུས་གང་ཡང་བྱས་མེད།”ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་མཚོ་སྔོན་ཧོང་ཀྲུང་རྫོང་སྟག་འཚེར་གྱི་ཞིང་དུད་གཅིག་ཏུ་སྐྱེས་པ་དང་སྐྱ་མིང་ལ་ལྷ་མོ་དོན་གྲུབ་ཟེར་གྱི་ཡོད། ༡༩༣༩ལོའི་ཟླ་༡༠པར་སྐབས་དེའི་གོ་མིན་སྲིད་གཞུང་གིས་དམག་མི་མངགས་ནས་ལྷ་སར་སྲུང་སྐྱེལ་བྱས་པ་དང་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་འོས་སྤྲུལ་ལ་བརྩི་གི་ཡོད། ༡༩༤༠ལོའི་ཟླ་༡ཚེས་༢༦ཉིན་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡང་སྲིད་བཙལ་འཚོལ་ཞུ་མཁན་ར་སྒྲེང་རིན་པོ་ཆེས་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་ཀྲུང་ཤིན་ལ་ཀྲུང་དབྱང་སྲིད་གཞུང་ལ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་སྙན་ཞུ་ཕུལ། ཟླ་༢ཚེས་༥ཉིན་ཀྲུང་དབྱང་གིས“གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི”བཀའ་རྒྱ་ཕབ་ནས“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་དམིགས་སུ་བསྐོས་པ”དང་འབྲེལ་སླར་ཡང་གསེར་ཁྲི་མངའ་གསོལ་གྱི་གྲོན་དངུལ་ལ་རྡཱ་ཡང་འབུམ་བཞི་བཏང་བ་རེད། ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་དང་འཇའ་ས་མ་གནང་ཚེ་ལྷ་མོ་དོན་གྲུབ་ནི་ཧུའེ་རིགས་དང་། བོད་རིགས། རྒྱ་རིགས་བཅས་འདྲེས་སྡོད་ས་ཁུལ་གྱི་བུ་དཀྱུས་མ་ཞིག་ཙམ་རེད། ཝུའུ་ཀྲུང་ཤིན་གྱིས་རང་ཉིད་ཀྱི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་གནང་བ་ཏཱ་ལའི་ཡིས་ད་དུང་ཁས་མི་ལེན་པ་དང་འོན་ཏེ་ཝུའུ་ཀྲུང་ཤིན་གྱིས《བོད་ཀྱི་ཟིན་བྲིས་གནད་བསྡུས》ཞེས་པའི་དེབ་ནང“ཀྲུང་དབྱང་གི་བདག་དབང་དང་གནད་འགག་ཐུག་ས་གལ་ཆེ་ཤོས་ནི་བཞུགས་གྲལ་གྱི་གནད་དོན་ཡིན། བོད་སྡོད་ཨམ་བན་གྱི་སྲོལ་རྒྱུན་རྙིང་པ་ལྟར་ན་ཀྲུང་ཤིན་དང་ཏཱ་ལའི་ཞལ་ལྷོ་ལ་ཕྱོགས་ནས་བཞུགས་དགོས། བཞུགས་གྲལ་གྱི་གནད་དོན་གཏན་ཁེལ་བྱས་ཟིན་པས་སྲོལ་རྒྱུན་རྙིང་པ་དང་ཆོས་ལུགས་ཀྱི་འགྲོ་ལུགས་ལྟར་རིམ་བཞིན་གཉེར་ཡོད”ཅེས་གསལ་པོ་བྲིས་ཡོད་པ་རེད། ར་སྒྲེང་རིན་པོ་ཆེས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་བའི་ཏར་ནང་དུའང“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་སྤེལ་ཡུལ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ཡིན། ཉིན་དེར་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་ཀྲུང་ཤིན་གྱིས་མངའ་ཞབས་ཁྲིད་དེ་སྐུ་ངོ་མས་གཙོ་སྐྱོང་གནང་བས་བཀྲ་ཤིས་པ་ཞིག་ཡིན་ཞེས་ཤོད་རིན་ཡོད”ཅེས་བྲིས་ཡོད། དེ་ཐོག་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་ནི་ཀྲུང་དབྱང་གིས་ཆོག་མཆན་གནང་ནས་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པར་གསེར་ཁྲི་མངའ་གསོལ་བྱས་པ་ཞིག་ཡིན་པ་དང་འབྲེལ་མི་མངགས་ནས་མཛད་སྒོ་གཙོ་སྐྱོང་བྱས་པ་ཞིག་ཡིན་པ་མཚོན་ཐུབ། ཏཱ་ལའི་ཡིས་དེ་དག་ཁས་མི་ལེན་པར་བརྟེན་རྩ་བའི་ཐོག་ནས་རང་ཉིད་ནི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པར་གྱུར་པའི་ཁྲིམས་མཐུན་རང་བཞིན་ཁས་མ་བླངས་པ་རེད།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
རྫུན་གཏམ་ལྔ་པ། བོད་དང་ཆིང་རྒྱལ་རབས་སྲིད་གཞུང་དབར་ནི“མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་ཡིན”པ་དང་མིན་གོའི་དུས་སུ་བོད་དང་ཀྲུང་གོའི་བར་གྱི“མཆོད་ཡོན་སྦྱིན་བདག་གི་འབྲེལ་བ”དེ་ཡང་མཚམས་ཆད་ཡོད། དེའང་གསལ་པོར་བཤད་ན་ཆིང་རྒྱལ་རབས་སྲིད་གཞུང་ལ་བོད་ཀྱི་བདག་དབང་ལོངས་སུ་སྤྱོད་དབང་མེད་པར་དེ་ནི་རྒྱུ་ཡོད་པའི་བོད་ཀྱི་སྦྱིན་བདག་ཙམ་ཞིག་ཡིན་པ་དང་མིན་གོར་སླེབས་སྐབས་མཚོན་རྟགས་རང་བཞིན་གྱི་འབྲེལ་བ་དེ་རིགས་ཀྱང་མེད་པར་གྱུར། དེ་ནི་དོན་དངོས་ཐོག་ཏཱ་ལའི“དབུ་མའི་ལམ”ནང་བཤད་པའི“མི་དམངས་བཅིངས་འགྲོལ་དམག་༡༩༤༩ལོར་བོད་ལ་སླེབས་པའི་སྐབས་སུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་རེད”ཟེར་བའི་རྫུན་གཏམ་དེ་ཡིན། དེ་བས་མང་བའི་ལོ་རྒྱུས་ཀྱི་དོན་དངོས་མ་གླེང་བར་ཆིང་རྒྱལ་རབས་སྲིད་གཞུང་གིས་བོད་ལ་དམག་མི་ཐེངས་མང་བཏང་བ་དང་། ཕྱི་ཕྱོགས་ཀྱི་དགྲ་བོ་དང་ངན་འབྲེལ་བྱེད་མཁན་བླ་མ་ཞྭ་དམར་བའི་ཡང་སྲིད་རྩད་གཅོད་མེད་པ་བཟོས་པ་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་ནས་དགྲ་དང་ངན་འབྲེལ་བྱེད་མཁན་གྲྭ་པ“ཡོངས་བསྒྲགས་སུ་བླ་གོས་བཤུས་ནས་སྲོག་ཆད་གཅོད་པ”དང་ཏཱ་ལའི་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་འདྲི་རྩད་བྱ་རྒྱུར་ལྟ་སྐྱེལ་བྱས་པ། ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པའི་མཚན་གནས་ཐེངས་གཉིས་མེད་པ་བཟོས་པ་བཅས་སྲོག་གཅོད་དབང་འཕྲོག་གི་དབང་ཆ་ཆེན་པོ་ཡོད་མཁན“ཡོན་བདག”དེ་ལྟ་བུ་སུས་མཐོང་མྱོང་ངམ། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་སོགས་བོད་ས་གནས་ཀྱི་དབང་ཆ་ཆེན་པོ་འཛིན་མཁན་བླ་སྤྲུལ་གྱིས་གོང་མར་བཀུར་བ་དང་། གོང་མའི་བཀའ་ལྟར་སྒྲུབ་པ། བཀའ་མངགས་དང་ལེན་བྱེད་པ་སོགས་དོན་དངོས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཡོད་པ་དང་འབྲེལ་ཡོད་ཀྱི་ཡིག་ཆ་དང་རིག་དངོས་ད་བར་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་ཡིག་ཚགས་དང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་ཡག་པོ་བྱས་ཡོད་པས“ཡོན་བདག”ལ་དམའ་འཇོག་དེ་ལྟ་བུ་བྱེད་མཁན“བླ་མ”སུས་མཐོང་མྱོང་ངམ། གོ་མིན་སྲིད་གཞུང་གིས“གནས་སྐབས་རྩ་ཁྲིམས”དང“རྩ་ཁྲིམས”ནང་བོད་ས་གནས་ལ་འཛིན་པའི་བདག་དབང་གཏན་འབེབས་བྱས་ཡོད་པ་དང་། སོག་བོད་ཨུ་ཡོན་ལྷན་ཁང་བཙུགས་ནས་སོག་རིགས་དང་བོད་རིགས་ས་གནས་ཀྱི་བྱ་བར་ཆེད་མངགས་དོ་དམ་བྱེད་པ། སྐབས་རིམ་བྱུང་གི་གོ་མིན་རྒྱལ་ཚོགས་དང་གོ་མིན་ཚོགས་ཆེན་ནང་བོད་ས་གནས་སྲིད་གཞུང་གི་འཐུས་མི་ཞུགས་ཀྱི་ཡོད་པ་རེད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་ལ་འགྱུར་ལྡོག་གང་ཞིག་བྱུང་ཡང་སྔར་ནས་ད་བར་བོད་ས་གནས་ཀྱི་སྲིད་འཛིན་དང་། ཆོས་ལུགས། ཕྱི་དོན། དམག་དཔུང་བཅའ་སྡོད་སོགས་ཐད་ཀྱི་གཏན་འབེབས་བྱེད་དབང་མཐོ་ཤོས་བཟུང་ནས་བོད་ལ་བདག་དབང་ནུས་ལྡན་ངང་སྤྱོད་ཀྱི་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐའ་དག་བོད་ནས་མཐའ་སྐྲོད་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ལྗོངས་དེ་ཉིད་རྒྱལ་ཡོངས་དང་མཉམ་དུ་གཅིག་གྱུར་གྱི་སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་འཛུགས་ཐུབ་པ་བྱུང་ཡོད། “མཆོད་ཡོན་སྦྱིན་བདག་གི་འབྲེལ་བའི”འབྲེལ་ཡོད་གཏམ་བརྗོད་ཐོག་ནས་ཏཱ་ལའི་ཡིས་ད་བར“བོད་རང་བཙན”ཀྱི་ལྐོག་གཡོ་དོར་མེད་པ་གསལ་བཤད་ཐུབ་པ་ལོ་རྒྱུས་ཀྱི་དོན་དངོས་ཀྱིས་རྩོད་ཐབས་མེད་པའི་སྒོ་ནས་གསལ་བཤད་བྱས་ཡོད།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
ཏཱ་ལའི་ཡང་སྲིད་ཀྱི་བྱ་བ་དེ་ངེས་པར་དུ་ཆོས་ཕྱོགས་ཀྱི་འགྲོ་ལུགས་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་གཞི་འཛིན་དགོས།
ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས“ཡང་སྲིད་གང་ནས་བྱོན་དང་། ཇི་ལྟར་བྱོན། ངོས་འཛིན་ཇི་ལྟར་ཞུ་རྒྱུ་སོགས་ནི་ཡང་སྲིད་རང་ཉིད་ཀྱི་རྟེན་འབྲེལ་ལ་ཐུག་ཡོད”ཅེས་བཤད། འདི་ལོའི་ཟླ་བ་བདུན་པར་ཁོ་པས་ཨ་རིར“ངའི་ཡང་སྲིད་ཀྱི་ངོས་ནས་བརྗོད་ན། མཐར་ཐུག་ས་ནི་ང་མ་གཏོགས་མི་གཞན་དག་མ་རེད”ལྷ་མེད་སྨྲ་བའི་ཀྲུང་གོ་གུང་ཁྲན་ཏང་གིས“དད་པའི་རྨང་གཞིའི་ཐོག་གི་བྱ་བ་ཐག་གཅོད་བྱེད་མི་རུང”ཅེས་ཐད་ཀར་བཤད་ཡོད།
ལོ་རྒྱུས་ཐོག་ཏཱ་ལའི་ཡང་སྲིད་ནི་ཆོས་ལུགས་ཀྱི་བྱ་བ་ཁོ་ན་ཙམ་ཞིག་མ་ཡིན་ལ་སྒེར་གྱི་བྱ་བ་དེ་བས་ཀྱང་མ་རེད། རི་བོ་དགེ་ལུགས་པ་སྲོལ་གཏོད་པའི་ཐོག་མའི་སྐབས་སུ་གྲུབ་མཐའ་གཞན་དག་གིས་ཟུར་འབུད་བྱས་པར་བརྟེན་སྟོབས་ཤུགས་བརྟན་པོ་ཡོང་བ་བྱེད་ཆེད་གྲུབ་མཐའ་གཞན་དག་ལྟར་བླ་སྤྲུལ་གྱི་ཡང་སྲིད་བྱོན་ཐབས་ལ་བརྟེན་ནས་རྒྱུད་འཛིན་གྱི་གནད་དོན་ཐག་གཅོད་བྱས་ཡོད། རྗེ་ཙོང་ཁ་པའི་སྐད་གྲགས་ཡོད་པའི་སློབ་མ་དགེ་འདུན་གྲུབ་པ་དགོངས་པ་རྗོགས་རྗེས་ཁོང་བཞུགས་སའི་དགོན་སྡེས་ཁྱེའུ་ཞིག་བཙལ་ཏེ་ཁོང་གི་ཡང་སྲིད་ལ་བརྩིས་ཡོད། འོན་ཏེ་མཚན་གནས་ཅི་ཡང་མེད། སྐུ་ཕྲེང་གསུམ་པའི་སྐབས་སུ་གཞི་ནས་སོག་པོའི་ཚོ་ཤོག་གི་འགོ་གཙོས་མཚན་གནས་ཕུལ་བས“ཏཱ་ལའི་བླ་མ”ཞེས་པའི་མཚན་གནས་བྱུང་བ་དང་རྗེས་རབས་པས་སྐུ་ཕྲེང་དང་པོ་དང་སྐུ་ཕྲེང་གཉིས་པར་ཡང་མིང་དེ་བཏགས་ཡོད། གལ་སྲིད་སོག་པོའི་ཚོ་ཤོག་གི་རྒྱབ་སྐྱོར་མེད་ཚེ་རི་བོ་དགེ་ལུགས་པ་བརྟན་པོར་གནས་མི་ཐུབ་པས་ཏཱ་ལའི་ཡང་སྲིད་བྱོན་མི་ཆོག་པ་དང་སྨོན་ལམ་ཆེ་མོ་འཚོགས་མི་ཆོག་པའི་གནས་སུ་གྱར་ཤས་ཆེ།
ཆིང་རྒྱལ་རབས་ཀྱིས་རི་བོ་དགེ་ལུགས་པར་རྒྱབ་སྐྱོར་བྱས་ནས་བོད་ལ་དབང་སྒྱུར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཡོད། ༡༦༥༣ལོའི་གོང་མ་ཧྲུན་ཀྲིས་ཏཱ་ལའི་སྐུ་ཕྲེང་ལྔ་པར“ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པ་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ”ཞེས་པའི་འཇའ་ས་དང་༡༧༡༣ལོར་གོང་མ་ཁང་ཤིས་ཀྱིས་པཎ་ཕྲེང་སྐུ་ཕྲེང་ལྔ་པར“པཎ་ཆེན་ཨེར་ཏི་ནི”ཞེས་པའི་འཇའ་ས་གནང་ཡོད། དེ་ནས་བཟུང་ཆིང་རྒྱལ་རབས་སྲིད་གཞུང་གིས་ཏཱ་ལ་དང་པཎ་ཆེན་རིམ་བྱོན་གྱི་མཚན་དང་གནས་བབ་དངོས་སུ་གཏན་འཁེལ་གནང་ཡོད། ཀྲུང་དབྱང་སྲིད་གཞུང་གིས་འཇའ་ས་དང་རོགས་སྐྱོར་གནང་བར་བརྟེན་ཏཱ་ལའི་དང་པཎ་ཆེན་གཙོས་རི་བོ་དགེ་ལུགས་པའི་བླ་སྤྲུལ་ཆེ་ཁག་ལ་བོད་ཀྱི་ཆོས་སྲིད་ཀྱི་དབང་ཆ་ཆེན་པོ་ཐོབ་འགོ་ཚུགས། ཏཱ་ལའི་སྐུ་ཕྲེང་ལྔ་པ་ནས་བཟུང་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་ཚང་མར་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་དང་འཇའ་ས་གནང་ཡོད། དེའི་ཐོག་ནས་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་བྱོན་ཚུལ་བོད་ས་གནས་ཀྱི་ཆབ་སྲིད་དང་ཆོས་ལུགས་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་ལ་དེ་བས་ཀྲུང་དབྱང་གི་སྙན་གྲགས་དང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་སྟབས་ཀྲུང་དབྱང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་དོ་དམ་ནུས་ལྡན་ཐོབ་ལུགས་མཐོང་ཐུབ།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
ཆིང་རྒྱལ་རབས་ཀྱི་གོང་མར་ཆོས་ལུགས་ཀྱི་འདུ་ཤེས་གང་ཙམ་ཡོད་རུང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་ཡིན་པས་བླ་སྤྲུལ་ཡང་སྲིད་དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བྱ་བ་དེ་ཆོས་ལུགས་བྱ་བ་ཁོ་ནར་གཏན་ནས་བརྩི་གི་མེད། གོང་མ་ཆན་ལུང་གི《བླ་མའི་རྣམ་བཤད》ནང་གསལ་པོར་འཁོད་ཡོད་པ་སྟེ“སངས་རྒྱས་ལ་སྐྱེ་འཆི་མེད་པས་ཡང་སྲིད་ག་ལ་བྱོན”ཞེས་དང“ངེད་རྒྱལ་རབས་ཀྱིས་ཞྭ་སེར་བསྟན་པ་སྐྱོང་གི་ཡོད……འོན་ཏེ་འབངས་ལ་མགོ་སྐོར་དང་ཁྲིམས་དཀྲུག་མཁན་ཡིན་ཕྱིན་སྔར་བཞིན་རྒྱལ་ཁྲིམས་ལྟར་ཆད་པ་གཅོད་དགོས”ཞེས་བསྟན་ཡོད། ཁོང་གིས་ད་དུང་བཀའ་ལུང་ཞིག་བསྩལ་ནས“བསྟན་དགྲ་ཡིན་པ་དང་ཉེས་པ་དག་ཐབས་མེད་པ་ཞིག་ཡིན་ཕྱིན་ཞལ་ལྕེ་ལྟར་ཁྲིམས་ཆད་གཅོད་པ་ལས་ཉེ་དགའ་ཕྱོགས་ལྷུང་ཡེ་ནས་བྱེད་མི་རུང”ཞེས་འཁོད་ཡོད། ཆིང་རྒྱལ་རབས་ཀྱིས་སྒྲིག་གཞི་བཙུགས་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཁག་གི་བླ་སྤྲུལ་དང་དགེ་འདུན་ཞལ་གྲངས་ཚང་མ་སྒྲིག་གཞི་དེར་ཐོ་འགོད་བྱས་པས་རང་དགར་འཕར་མ་རྒྱག་ཆོག་གི་མེད། མིན་གོ་སྲིད་གཞུང་གིས《དགོན་སྡེའི་དོ་དམ་གྱི་སྲོལ་ཡིག》དང་《བླ་སྤྲུལ་གྱི་ཡང་སྲིད་བྱོན་ཐབས》སོགས་བཟོས་ནས“འདུལ་ཁྲིམས་སམ་ཡང་ན་བཀའ་ཁྲིམས་ལས་འགལ་བའི”དགེ་འདུན་པར་ཆད་པ་གཅོད་རྒྱུ་དང་། ཡང་སྲིད་བཙལ་འཚོལ་གྱི་ཆ་རྐྱེན་དང་གོ་རིམ་སོགས་གཏན་འབེབས་ཞིབ་ཕྲ་བྱས་ཡོད།
ཀྲུང་གོའི་རྩ་ཁྲིམས་ནང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་གཏན་འབེབས་བྱས་པས་བོད་བརྒྱུད་ནང་བསྟན་གྱི་དམིགས་བསལ་རྒྱུད་འཛིན་བྱེད་ཐབས་ལ་བརྩི་འཇོག་བྱས་པ་ཚུད་པ་ནི་སྨོས་ཅི་དགོས། ༡༩༩༡ལོ་ནས་བཟུང་ཀྲུང་གོའི་རིམ་ཁག་སྲིད་གཞུང་གིས་ཆོག་མཆན་གནང་བའི་བླ་སྤྲུལ་གྱི་ཡང་སྲིད་སྟོང་ཙམ་ཡོད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྔ་ས་ནས་རྩ་མེད་དུ་བཏང་ཟིན་རུང་། སྤྱི་ཚོགས་ཀྱི་འཚོ་བའི་ནང་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་སྔར་བཞིན་ཤུགས་ཆེན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཆོས་ལུགས་ཀྱི་དར་ཆ་འཕར་ནས་རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་བཞག་མེད་པར་བརྟེན་ཀྲུང་གོ་སྲིད་གཞུང་གིས་ངེས་པར་དུའང་རྩ་ཁྲིམས་ནང་གི“མི་སུ་འདྲ་ཞིག་ཡིན་རུང་ཆོས་ལུགས་སྤྱད་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི……བྱེད་སྤྱོད་སྤེལ་མི་ཆོག་པའི”གཏན་འབེབས་དང《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞི་འཛིན་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་བོད་བརྒྱུད་ནང་བསྟན་གྱི་བྱ་བའི་ནང་བླ་སྤྲུལ་གྱི་རྒྱུད་འཛིན་བྱེད་སྟངས་ཀྱི་དོ་དམ་ལམ་ལུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚུད་ཡོད། ༢༠༠༧ལོར་རྒྱལ་ཁབ་ཆོས་དོན་ཅུས་ཀྱིས《བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དོ་དམ་བྱ་ཐབས》འགྲེམས་སྤེལ་བྱས་པ་དེ་ནི་རྩ་ཁྲིམས་ཀྱི་དགོངས་དོན་མཚོན་པ་ཞིག་ཡིན་ལ་ཆོས་ལུགས་གང་བྱུང་དུ་སྤྱོད་རྒྱུ་བཀག་འགོག་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་དང་མིང་དོན་མཚུངས་པའི་ཆོས་དད་རང་མོས་སྲུང་སྐྱོང་བྱ་ཕྱིར་ཡིན་པ་རེད། འཛམ་གླིང་གི་ཁྱབ་ཁོངས་ངོས་ནས་བརྗོད་ན། ཆོས་ལུགས་ཀྱི་བྱེད་སྒོའི་ནང་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ཕྱོགས་བྱེད་སྒོའི་ནང་གི་བྱ་སྤྱོད་ལ་དོ་དམ་བྱེད་པ་དེ་ནི་འགན་ཁུར་མཁན་གྱི་སྲིད་གཞུང་ཚང་མའི་བཅའ་ཁྲིམས་ཀྱི་དབང་ཆ་ཡིན་པ་ལས་སྲིད་སྐྱོང་མཁན་གྱིས་ཆོས་ལ་དད་པ་ཡོད་མིན་དང་ཆོས་གང་ཞིག་ལ་དད་པ་བྱེད་དང་འབྲེལ་བ་མེད། དེ་སྔ་ཨ་རིའི་ཏ་ཝུའེ་ཆོས་ལུགས་ཀྱི་ཆོས་བདག་གིས་རང་ཉིད་ནི་ཡེ་ཤུ་ཡིན་རློམ་བྱས་ནས་དད་ལྡན་པ་འབོར་ཆེན་གཡོ་འགུག་བྱས་ཏེ་མངོན་སུམ་འཛེམས་མེད་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁ་གཏད་དུ་ལངས་སྟབས་༡༩༩༣ལོར་ཨ་རི་སྲིད་གཞུང་གིས་དམག་མི་གཏོང་བ་དང་ཐ་ན་ལྕགས་ཁྲབ་འཁོར་ལོ་བཏང་ནས་རྩ་མེད་དུ་བཏང་ཡོད། སྲིད་གཞུང་གིས་ཆོས་ཕྱོགས་མི་སྣར་དོ་དམ་ནན་པོ་བྱས་པ་དེའང་རྒྱལ་སྤྱིའི་ཐོག་ཀུན་གྱིས་སྤྱོད་པའི་བྱ་ཐབས་ཤིག་ཀྱང་ཡིན་པ་སྟེ། རྒྱལ་ཁབ་ལ་ལས་སྲིད་གཞུང་གི་ཆོས་ལུགས་བློན་ཆེན་ལ་ཆོས་བདག་བསྐོ་གཞག་བྱེད་དབང་ཡོད་ལུགས་གཏན་འབེབས་བྱས་ཡོད་པ་དང་རྒྱལ་ཁབ་ལ་ལས་ནང་སྲིད་པུའུ་ཀྲང་གིས་ཆོས་ཕྱོགས་མི་སྣར་བྱ་སྤྱོད་དང་། གཏམ་བརྗོད་འགྲེམས་སྤེལ། དཔེ་སྐྲུན་སོགས་ཚོད་འཛིན་བྱེད་པ་ཚུད་པའི་ཚོད་འཛིན་བཀའ་རྒྱ་གཏོང་དབང་ཡོད་པའི་གཏན་འབེབས་བྱས་ཡོད་པ། རྒྱལ་ཁབ་ལ་ལའི་ཆོས་དོན་གཉེར་མཁན་རྣམས་སྲིད་གཞུང་གིས་བསྐོ་གཞག་བྱས་པ་བཅས་རེད། ཏཱ་ལའི་བླ་མ་རིམ་བྱོན་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཁོ་ན་ལས་མེད་པ་ཞིག་ཡིན་པ་དང་། ཏཱ་ལའི་མཚན་གནས་ནི་ཀྲུང་དབྱང་གིས་གནང་བ་ཞིག་ཡིན་པར་བརྟེན་ཏཱ་ལའི་ཡང་སྲིད་ཀྱི་བྱ་བའི་ཐད་ངེས་པར་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་འདོན་མཐུན་ལ་བརྩི་བཀུར་ཞུ་དགོས་པ་དང་འབྲེལ་ཀྲུང་གོ་སྲིད་གཞུང་གི་དོ་དམ་ཡང་དང་ལེན་བྱེད་དགོས་པས་ཏཱ་ལས་བརྒྱ་ཁ་གཅིག་གཅོད་བྱེད་ཆོག་པ་ཞིག་གཏན་ནས་མ་རེད།
ཏཱ་ལའི་ཡིས་ཡང་སྲིད་སྐོར་གྱི་གཡོ་སྒྱུ་འཁྲབ་དོན་ནི་བོད་རང་བཙན་ཆེད་ཡིན་པ།
སྤེལ་དུས། 2011-11-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་རྡོ།
དོན་དམ་དུ་ལོ་རྒྱུས་ཀྱི་ངེས་སྲོལ་ཡིན་པའི་གསེར་བུམ་དཀྲུག་འདོན་ལམ་ལུགས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་ཀྲུང་དབྱང་སྲིད་གཞུང་གིས་བརྩི་བཀུར་གནང་ལུགས་གང་ལེགས་མཚོན་པ་དང་ཆོས་དད་དང་སྲིད་གཞུང་གི་དོ་དམ་ཟུང་དུ་འབྲེལ་བ་མཚོན་གྱི་ཡོད། 《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུའི》ནང་གསེར་བུམ་དཀྲུག་འདོན་བྱེད་སྐབས“བླ་མ་ཡོན་ཏན་བཟང་བ་འདེམས་སྒྲུག་གིས་ཞག་བདུན་རིང་སྐུ་རིམ་བྱས་རྗེས་ཧོ་ཐོག་ཐུ་རྣམས་དང་ཨམ་བན་ལྷན་འཛོམས་ཐོག་ཇོ་བོའི་སྐུ་མདུན་དུ་ངོས་འཛིན་ཞུ་དགོས་པ”གཏན་འབེབས་བྱས་ཡོད། བོད་བརྒྱུད་ནང་བསྟན་ནང་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་གོང་ན་མེད་པའི་གནས་བབ་ལྡན་པས་འདི་གར་གསེར་བུམ་དཀྲུག་འདོན་བྱེད་པ་དང་དུས་མཚུངས་སྟོན་པའི་བྱམས་སྙིང་རྗེའི་བྱིན་རླབས་ལྡན་ལུགས་དང་སྟོན་པས་ཐུགས་ཐག་བཅད་པའི་དབང་གྲགས་ཀྱང་མཚོན་གྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་དུ་གསེར་བུམ་དཀྲུག་འདོན་བྱ་རྒྱུར་ཧ་ཅང་སྐྲག་པ་དེ་ཐོག་ནས་ཁོ་པས་སྙིང་དབུས་ནས་ནང་བསྟན་ལ་མི་བཀུར་བ་དང་ཇོ་བོ་ཤཱཀྱ་མུ་ནེར་སྐྲག་ལུགས་མངོན་པ་ནི་མི་བརྗོད་ཐབས་མེད་ལགས།
ཏཱ་ལའི་ཡིས“ཡང་སྲིད”སྐོར་གྱི་གཡོ་སྒྱུ་འཁྲབ་པའི་དོན་ངོ་མ་ནི“བོད་རང་བཙན”ཡིན་པ།
ཕྱི་རྒྱལ་གྱི་སྨྱན་སྦྱོར་འགའ་ཞིག་གིས“གསལ་བསྒྲགས”དེ་ནི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་རང་ཉིད་ཀྱི་ཡང་སྲིད་སྐོར་གྱི“ཡོངས་བསྒྲགས་གསལ་བསྒྲགས་གསལ་ཤོས་ཤིག་རེད”ཅེས་འུད་བསྟོད་བྱེད་ཀྱི་ཡོད། དོན་དམ་དུ་ཏཱ་ལའི་ཡང་སྲིད་སྐོར་གྱི་ཁོ་པའི་གཏམ་བརྗོད་ཁག་ལ་བལྟ་སྐབས་རང་ཚིག་སྔ་ཕྱི་འགལ་བ་དང་ཐ་ན་འཇིག་རྟེན་བྱ་བར་སྤྱོད་ཚུལ་གཟབ་ནན་མི་འཛིན་པ་མཐོང་ཐུབ།
འདི་ལོའི་ཟླ་༨ཚེས་༩ཉིན་ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་རྡ་རམ་ས་ལར་ཏཱ་ལའི་ཡིས་ཕྱི་རྒྱལ་དུ་ཡོད་པའི་ཟིང་ཆ་སློང་མཁན་ཁག་གཅིག་དང་སྐད་ཆ་ཤོད་སྐབས“ང་དང་ཏཱ་ལའི་བླ་མ་སྐུ་ཐོག་གོང་མ་རིམ་བྱོན་གྱི་རྣམ་ཤེས་རྒྱུན་གཅིག་མཚུངས་ཡིན་མིན་ངས་གཏན་འཁེལ་བྱེད་མི་ཐུབ”ཅེས་བཤད། ནང་བསྟན་ལ་རྒྱུས་མངའ་ཕྲན་ཙམ་ཡོད་མཁན་གྱིས་བླ་སྤྲུལ་ཡང་སྲིད་ནི་ནང་བསྟན་ནང་གི་རྣམ་ཤེས་རྒྱུན་མི་ཆད་པ་དང་རྣམ་ཤེས་དེ་སྐྱེ་འཆིའི་ནང་འཁོར་བའི་ལྟ་སྟངས་ལས་བྱུང་བ་ཞིག་རེད། བླ་སྤྲུལ་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུགས་དགོས་རུང་གདུལ་བྱ་རྣམས་ལ་སྣང་ཞིང་དེ་དག་གི་དོན་མཛད་པར་བསམ་བཞིན་སྲིད་པར་བཟུང་བའི་གཟུགས་སྐུ་ཡིན་པ་དང་སྲིད་པའི་འགྲོ་བ་སྐྱོབ་ཀྱི་ཡོད་པ་ཤེས་གསལ་རེད། ཏཱ་ལའི་ཡིས་རང་ཉིད་དང་སྐུ་ཐོག་གོང་མའི་དབར་ཕལ་ཆེར་རྣམ་ཤེས་གཅིག་མཚུངས་མ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པས་གཞི་རྩའི་ཐོག་ནས་ནང་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིར་འགྲན་སློང་བྱས་པ་མ་ཟད། ཁོ་པ་རང་ཉིད་ནི་ཏཱ་ལའི་སྐུ་ཐོག་གོང་མའི་ཡང་སྲིད་འཁྲུལ་བྲལ་མ་ཡིན་པ་བཤད་པ་དང་གཅིག་མཚུངས་རེད། བུད་མེད་སྐོར་གྱི་ཏཱ་ལའི་གཏམ་བརྗོད་ནི་དངོས་འབྲེལ་ཟློས་གར་ཞིག་དང་འདྲ་ཞིང་ན་ནིང་ཟླ་བདུན་པར་ཏཱ་ལའི་ཡིས་འཇར་མན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས“སྐབས་འགར་ངའི་རྨི་ལམ་དུ་བུད་མེད་རྨིས་ཀྱི་འདུག”ཅེས་བཤད་པས་གླེང་ཕྱོགས་འུར་སྒྲས་ཁེངས་པ་དང་། ཟླ་བ་བརྒྱད་པར་སླར་ཡང་ཐའེ་ཝན་གྱི་སྨྱན་སྦྱོར་ལ“གལ་སྲིད་ཏཱ་ལའི་བླ་མའི་ཡང་སྲིད་ནི་བུད་མེད་ཅིག་ཡིན་ཚེ་ངེས་པར་ཡིད་དུ་འོང་བའི་བུད་མེད་ཅིག་ཡིན་དགོས”ཞེས་བཤད་པ། ཟླ་བ་བཅུ་པར་ཁ་ན་ཏའི་ཏའོ་ལུན་ཏུའོ་རུ་དེའི་རྒྱུ་རྐྱེན་འགྲེལ་བཤད་རྒྱག་སྐབས“བུད་མེད་ཀྱི་ལུས་ཕུང་དང་བསམ་པ་ནི་འཚར་ཤུགས་ཆེ་བ་དང་འབྲེལ་ལག་ལེན་ནང་ཕན་འབྲས་ཡག་པོ་ཐོན་གྱི་ཡོད”ཅེས་བཤད། སྨྱུག་འཛིན་པས་ཏཱ་ལའི་ཡིས“ལག་ལེན”ཇི་ལྟར་བྱེད་མིན་ཤེས་ཐབས་བྲལ་མོད། འོན་ཏེ་ཏཱ་ལའི་ཡིས་བུད་མེད་དེ“ཡིད་དུ་འོང་བ”དང“ཡིད་དུ་མི་འོང་བ”རིགས་གཉིས་ལ་ཕྱེ་བ་ནི་མངོན་གསལ་དོད་པོ་རེད། “ཡིད་དུ་འོང་བ”དེ་ཡང་སྲིད་བྱེད་ཆོག་པ་དང“ཡིད་དུ་མི་འོང་བ”དེ་ཁོ་པའི་མིག་ལམ་དུ་འགྲོ་གི་མེད། ཏཱ་ལའི་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བུད་མེད་ཐོན་མྱོང་མེད་པ་ལྟ་ཞོག བུད་མེད་དེ“ཡིད་དུ་འོང་བ”དང“ཡིད་དུ་མི་འོང་བ”ཚད་གཞི་གཉིས་ལ་དབྱེ་བ་དེ་ནི་ནང་བསྟན་ནང་འགྲོ་ཀུན་ཐམས་ཅད་འདྲ་མཉམ་ཡིན་པའི་གཞི་རྩའི་སྙིང་པོ་ལས་འགལ་བ་མ་ཟད། འཛམ་གླིང་ཐོག་གི
རྒྱལ་བའི་ཆེད་དུ་སྲོག་ཀྱང་གཏོང་བའི་རྒྱལ་གཅེས་གཞོན་ནུ་ཚོགས་པ་རེད། །
རྒྱལ་བའི་འོག་ནས་དངུལ་རྐུ་བྱེད་མཁན་་རྡ་སའི་སྐུ་སྒེར་ཡིག་ཚང་རེད། །
རྒྱལ་བའི་བཀའ་ལ་རྡོག་རོལ་གཏོང་མཁན་རྡ་སའི་ཚོགས་སྐྱིད་༡༡་རེད། །
རྒྱལ་བའི་རྒྱབ་སྐྱོར་དངོས་གནས་བྱེད་མཁན་དཔའ་བོ་གཞོན་ནུ་ཚོགས་པ་རེད།
བོད་ཀྱི་ཆོས་སྲིད་དོན་དུ་བྱ་བ་སྒྲུབ་མཁན་ཚང་མ་སྐུ་ཚེ་བརྟན་ཅིང་ནད་མེད་ཚེ་རིང་ཡོང་བར་ཤོག འབུ་གྲོ་མས་མགར་ལ་རིག་པ་བཀྲ་ལ་ཕན་ཐོག་བྱུང་བའི་ཁ་རྒྱུན་ལ་བལྟས་ན། འཇམ་དབྱངས་ནོར་བུ་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་༧་རྒྱལ་མཆོག་ཡིད་བཞིན་ནོར་བུ་ལ་ཕན་ཐོག་བརྒྱ་ཆ་བརྒྱ་ཐམ་ཡོད་ངེས་རེད། མ་གཞི་ནས་ཁོ་ཚོས་༧་ཡིད་བཞིན་ནོར་བུ་ལ་ག་རེ་དགོངས་འགལ་བྱས་ཡོད་པ་རེ་རེ་བཞིན་གྲངས་ཀ་མེད་ན་།་ཁོ་ཚོ་༧རྒྱལ་བའི་དགོངས་པ་དང་འགལ་འདུག་ཟེར་ནས་ལབ་པ་དེ་ཡང་ན་ཁུང་ལུང་མེད་པའི་སྐད་ཆ་ཞིག་དང་ཡང་ན་ཁ་ལ་བདག་པོ་མེད་པ་གཉིས་ལས་གཞན་ཆོས་སྲིད་གཉིས་ལ་གོམས་འདྲིས་ཡོད་པའི་མི་ཞིག་ཕལ་ཆེར་མ་རེད་དོ།
ཁ་བརྡ་རྩོམ་སྒྲིག་པ་ལགས།
རྒྱ་མི་གུང་ཁྲན་ཁ་བརྡའི་ནང་ལ་སླེབས་བྱུང་།
ཁ་བརྡའི་རྩོམ་སྒྲིག་པ་ཡིས་དོགས་ཟོན་མཛོད་ཅིག
རྒྱ་འདྲའི་སྐྱག་ལག་ག་ས་གང་ནས་བསྲིང་གི
གངས་ཅན་བོད་པ་ཡོངས་ཀྱིས་དོགས་ཟོན་མཛོད་ཅིག
འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམ་ཁོང་ཚོས་གོང་ས་མཆོག་ལ་ཟ་རྒྱག་ཟུར་རྒྱག་ཅུང་ཟད་རེ་བྱེད་ཀྱི་ཡོད་པ་མངོན་གསུམ་རེད། འོན་ཀྱང་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བའི་དབར་ལ་བརྩོད་པ་ཅུང་ཟད་རེ་ཡོང་བ་ཆོས་ཉིད་ཡིན་པས་དེ་ལ་ཧང་སང་དགོས་དོན་མི་འདུག་ལ། གོང་ས་མཆོག་ཐུགས་ཕམ་འབྱུང་གཞི་ཡང་འདི་མ་ཡིན་པ་གསལ་པོ་རེད། ད་དུང་མི་འགའ་རེས་གོང་ས་མཆོག་གི་གསུང་འདི་ལ་མཇུས་ནས་རང་བཙན་དང་རང་སྐྱོང་བར་གྱི་ལྟ་གྲུབ་བརྩོད་བཞིན་པ་ནི། གོང་ས་མཆོག་ལ་རྒྱབ་སྐྱོར་བྱས་པ་མ་ཡིན་པར་སླར་ཡང་ཁོང་ཐུགས་ཕམ་བཅུག་གི་ཡོད་པ་རེད། གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་སྒོ་མ་རྒྱབས་བཞིན་དུ་སྒོ་རྒྱབས་སོང་ཞེས་བཤད་པ་ལ་ཐུགས་ཕམ་བྱུང་བ་གསུང་པ་ལས་བོད་རང་བཙན་བརྩོད་པ་ལ་ཐུགས་ཕམ་བྱུང་བ་གསུང་མེད་འདི་ཡང་གསལ་པོ་ཧ་གོ་དགོས་ཀྱི་འདུག གཞོན་ནུ་ལྷན་ཚོགས་ནས་བོད་གཞུང་གི་མིང་སྒྱུར་བ་ལ་མོས་མཐུན་མེད་ཅེས་གསུང་བ་ལས་བོད་གཞུང་མེད་པ་བཟོས་སོང་ཞེས་བཤད་པ་ཞིག་གཏན་ནས་མཐོང་མ་སོང་། དེས་ན་གཞོན་ནུའི་ཚོགས་གཙོ་སོགས་ལ་སྐྱོན་བརྗོད་བྱེད་པ་ནི་ཤིན་ཏུ་མི་འོས་པར་སེམས། འདིའི་ནང་གི་དྲ་མཆན་པ་འགའ་རེས་གོ་སྐབས་བཟུང་སྟེ་སྨྱོན་པ་བཞིན་དུ་སྐད་ཆ་གང་བྱུང་བཤད་ནས་སྤྱི་ཚོགས་ཆུང་ཆུང་འདི་ཐུག་པ་བཞིན་དུ་སྐྲུག་བརྩིས་ཡོད་པ་འདི་ཡང་ཤེས་པར་བྱས་ནས་ནང་ཁུལ་སྐྲུག་གཞིའི་སྐད་ཆ་དེ་ཚོ་ཇེ་ཉུང་ལ་གཏོང་ན་ཡག་པོ་འདུག
༢༧༽ བཀྲ་ཤིས་ལགས་ཀྱིས་དྲངས་པའི་མཆན་འཁོད་ཀྱི་ལན་དུ།
༄༅། ། ཏཱ་ལས་སླར་ཡང་བདེན་གཏམ་ཤོད་པ།
༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་སྲིད་བྱུས་གསར་ཤོས་ལ་གཟིགས་དང༌།
༄༅། ། གངས་ལྗོངས་ས་མཐོར་བརྗིད་ཆེའི་འཆར་འགོད་ལག་བསྟར་བྱས་ནས་རི་ཀླུང་རྔོག་བཏོན་གཡང་མཆོང་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད།
༄༅། ། ཞལ་ནས་གསུངས་ཚད་ལ་ཕན་གཏམ་གསུངས་མཁན་ཏཱ་ལའི་ཐུགས་ནང་གི་ཞི་བདེ་དང་འཚེ་མེད་ཞི་བདེ་གསུངས་པ་ལ་རེ་ལྟོས་གྱིས་དང་།
༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་པ་གསུངས་པ་དེ་ནི་དངོས་འབྲེལ་ཁུངས་ལུང་དང་ལྡན་པ་ཞིག་རེད།
༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་བོད་མིའི་འགྲིགས་འཛུགས་ཞེས་བཏགས་པ་དེ་ནི་ཁྲིམས་མཐུན་རང་བཞིན་རང་རེད།
༄༅། ། རྒྱ་གཞུང་ང་ཚོས་རྫུན་གཏམ་ཤོད་རྒྱུར་གོམས་པ་ང་ཚོའི་གདོང་རིས་ངོ་མ་འདི་ངོ་ཚ་བ་མི་འདུག་གམ།
༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་བོད་རྒྱ་ཞི་འགྲིག་གི་ཐབས་དང་བོད་ཆེན་པོའི་སྐོར་ལ་ཁུངས་ལྡན་གསུངས་འདུག
༄༅། ། ཏཱ་ལས་སླར་ཡང་རང་གིས་འཛམ་གླིང་ཐོག་ལ་ཞི་བདེ་བསྐྲུན་པའི་གཟེངས་རྟགས་བླངས་འདུག
༄༅། ། ང་ཚོ་རྒྱ་གཞུང་གིས་ན། མངོན་སུམ་འཛེམ་མེད་ངང་པཎ་ཆེན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན་དངོས་དེ། ང་ཚོ་རང་རེད་འདུག ཀྲུང་གཡང་བློ་མཐུན་ཚོ། ད་ང་ཚོས་བོད་མིར་དགོངས་དག་ཞུ་རན་འདུག་གོ
༄༅། ། ང་ཚོ་གུང་བྲན་ཏང་གིས་ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
༄༅། ། ཏྰ་ལའི་ཁོང་རང་རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་བ་དེ་ཅི་འདྲ་བའི་མི་བདེ་བ་ཆེན་པོ་བྱུང་བ་དེ་ཡང་། ང་ཚོས་བཟོས་པ་དེ་ཡང་མ་བརྗེད་པར་བྱེད་དགོས་འདུག
༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ། ཟེར་ན། ཡིན་དང་ཡིན་བོད་མི་མང་གི་ཚབ་བོད་མིས་མ་བྱས་ན་སུས་བྱེད་ཐུབ། ད་ང་ཚོ་ཏང་མི་ཚོ་ཁྱི་ཁ་བཙུམས་ནས་བསྡད་ཡག་ག་འདུག་གོ ། ཧ་ཧ། ཧོ་ཧོ།
ད་འདྲ་མིན་བཤད་ཀི་བཅུག དམངས་གཙོ་གཙང་མ་ཡི་ལབ་རེད། དམངས་གཙོ་ངོ་མ་ཡིན་ན་ཡག་སྡུག་གཉིས་ཆ་བཤད་དགོས་རེད། ད་གོང་གི་གནས་ཚུལ་རྣམས་ཟམ་གདོང་ཅན་ཚོས་ཡར་ལ་ཞུ་དགོས་རེད། མི་ཚང་མ་བསམ་ཚུལ་གཅིག་ཡོད་ནི་མ་རེད།དད་པ་ཆབ་སྲིད་ཅན་ཡོད་ནི་མ་རེད། རྩོད་རྙོག་འདིའི་འགོ་ཁུངས་ཟམ་གདོང་ཡིན།
ཀརྨའི་སྐུ་སྲུང་བས་བརྗོད་པ་ཕྱེད་ཀ་འོད་སྣང་དང་ཕྱེད་ཀ་མུན་སྤྲུལ་རེད།
བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ནག་ཉེས་ཅན་ཆེ་ཤོས་དེ་ཟམ་གདོང་ཡིན། ཁོས་བོད་མི་ས་ཡ་ལྷག་གི་གཅེས་སྲོག་རྐང་བས་མནན་ཏེ་བཀའ་ཤག་རིིང་བོད་རྒྱ་ཁོངས་བཟོས་ནས་ཡིག་ཐོག་ནས་སྤྲད་པ་དང་། དོལ་རྒྱལ་ཁ་ལ་འཁྱེར་ནས་དགེ་ལུགས་པའི་གདན་ས་ཁ་གཏོར་གཏོང་བ།་གཞོན་ནུ་ཚོགས་པ་དང་རང་བཙན་པ་ཚོར་ནག་ཉེས་བཟོ་ཆེད་༧གོང་ས་མཆོག་བེད་སྤྱོད་གཏོང་བ། ད་ངོ་མ་འདི་
ཁ་བརྡ་ཚང་ལ་ཞུ་རྒྱུར། ད་རེས་ཞབས་མཆན་འབྲི་མཁན་ནང་ན་དོལ་ཚོགས་ཀི་མི་ཁ་ཤས་སླེབས་ཡོད་ས་རེད་་་གོང་ས་མཆོག་ལ་མཚན་སྨད་དངོས་གནས་བྱེད་ཡོང་གི་འདུག་པས་ ཐུགསགཟབ་གནང་རོགས།
ཞབས་མཆན་ ༡༩་པ། ༣༡ པ། ༣༨པ་བཅས་དོལ་མཆན་རེད་བཞག་བཞག་ཡག་པོ་མི་འདུག ད་རེས་གནད་དོན་༸གོང་ས་མཆོག་ལ་དགག་པ་རྒྱག་རྒྱུ་དེ་མ་རེད། ༸གོང་ས་བེད་སྤྱོད་བཏང་ནས་ནང་དཀྲུགས་མཁན་ཚོར་དགག་པ་བྱེད་དགོས་པ་རེདང་
སྔོན་ཚེ་གཞོན་ནུའི་རང་དབང་འབོད་སྒྲ་རྡ་རམ་ས་ལར་གྲགས་པ་ན། །
ཙག་ཙག་སྐད་དང་གློག་ཞགས་དམར་པོ་པེ་ཅིང་མཁར་གྱི་ཐོག་ལ་འཁྱུག །
དེ་རིང་གཞོན་ནུའི་གཡུ་འབྲུག་སྐད་ཀྱི་ཙག་སྒྲ་གློག་ཞགས་འཁྱུག་ས་དེ། །
པེ་ཅིང་དམར་པོའི་མཁར་རྫོང་མ་ཡིན་༧རྒྱབ་བའི་བཞུགས་སྒར་རྡ་ས་རེད། །
རང་བཙན་ཁོ་ན་ལས་གཞན་མི་བསམ་པའི། །
རིགས་ཞེན་ལ་རྒྱ་ཁོག་ལ་འཁྱིལ་བ་བོ། །
སྨྲ་ར་དཀར་པོ་ཨག་ཚོམ་ཆུན་པོ་ཅན། །
རྒན་པོ་ལྷ་བཟང་ཚེ་རིང་ཞེན་པ་དཀར། །
རྟག་ཏུ་གཞུང་དང་༧རྒྱལ་བའི་བཀའ་ལ་རྒོལ། །
ལྷག་བསམ་དག་པའི་ཚིག་ཅིག་ཁ་ན་མེད། །
འཇམ་དབྱངས་ནོར་བུས་ཅ་ཅོ་འདོན་པ་ལས། །
སྔོན་རྗེས་གང་ལ་ཕན་པའི་རེ་ལྟོས་ཞན། །
བང་ཆེན་ཟིན་བྲིས་ནང་ན་ ལྷ་སྨོན་པ་ཟེར་བས་བྲིས་་པ་ངོ་བཤུས་བྱས།
ཚོགས་པ་བཅུ་གཅིག་ཟེར་བའི་གསལ་བསྒྲགས་ཀྱི་རྒྱབ་ལྗོངས།
ཚོགས་པ་བཅུ་གཅིག་གི་གསལ་བསྒྲགས་ཀློག་མཁན་མ་རག་པར་རྒྱན་རྒྱག་རྒྱུའི་སྐད་ཆ་བྱུང་འདུག
ཉེ་བའི་བདུན་ཕྲག་གཅིག་ཙམ་ནས་དྷ་སའི་ཚོགས་པ་བཅུ་གཅིག་ཟེར་བས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒོལ་གཏམ་གྱི་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་སྐོར་གོ་ཐོས་བྱུང་ལ། དེ་ཐོག་ལ་ཐོག་མ་བསམ་ཚུལ་འདོན་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཡིན་པ་གོ་སོང། གནད་དོན་དེའི་ཆེད་ཚོགས་འདུ་སྔ་རྗེས་གང་མང་ཞིག་འཚོགས་ཡོད་འདུག་ལ། ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཅུང་རྩོད་གླེང་གི་རྣམ་པ་ཡང་ཤུགས་ཆེ་བྱུུང་ཡོད་ཚུལ་གོ་རྒྱུ་འདུག
ད་རེས་ཀྱི་གསལ་བསྒྲགས་འདིའི་ནང་གི་མདུན་བསྐྱོད་དཔའ་བོའི་དྭངས་རྩེ་ནི། རྒྱ་གཞུང་གི་དར་དམར་འཕྱར་བཞིན་བཀའ་ཁྲི་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་སམ་བོད་གཞུང་ལ་ངོ་རྒོལ་བ་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་ཡིན་པ་དང། དེ་ཡང་དབུ་མའི་ལམ་གྱི་ལས་འགུལ་ཁང་ཞེས་པའི་མིང་ཐོག་ནས་ཡིན་འདུག ཁོ་ལ་རམ་འདེགས་པ་གཙོ་ཆེ་ཤོས་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བ་དེ་ཡིན་པ་དང། ད་དུང་དྷ་སའི་ཆུ་སྒང་གི་མིང་ཁུར་བ་དེའི་ནང་མུ་མཐུད་ལྕགས་ཀྱི་རྐུབ་སྟེགས་སུ་ལོ་ཉི་ཤུ་ཙམ་ལ་སྡོད་མཁན་ཐུབ་བསྟན་ལེགས་བཤད་ཟེར་བ་དེ་གསུམ་གླིང་སྒྲུང་ནང་གི། དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་དང། དཔའ་ཚ་ཞང་འདན་མ་བྱང་ཁྲ། དཔའ་ལ་མི་སྤྱང་དཀར་པོ་བཅས་ཀྱི་ཚབ་ལྟ་བུ་ཡིན་མདོག་བསྟན་འདུག
ཐོག་མ་ཁོ་ཚོའི་ཚོགས་འདུའི་ནང་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་ཡོད་པ་དང། རང་བཙན་ཚོགས་འདུར་རྒོལ་གཏམ་དང། རང་བཙན་ཚོགས་འདུར་ཞུགས་པའི་སྤྱི་འཐུས་དག་ལ་རྒོལ་གཏམ་སྤེལ་རྒྱུ་སོགས་ཀྱི་སྐོར་མང་པོ་གླེང་ཡོད་འདུག དེའི་རྗེས་ཀྱི་ཚོགས་ཐེངས་ཤིག་ཏུ་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བས་གཞོན་ནུ་ཚོགས་པ་ལ་རྒོལ་གཏམ་གྱི་གསལ་བསྒྲགས་ཟིན་བྲིས་ཤིག་ཁུར་ནས་ཡོང་ཡོད་འདུག་པ་དང། དེའི་ནང་ཚོགས་མི་གཞན་རྣམས་ཀྱི་འདོད་པ་ཁེངས་ངེས་ཤིག་མེད་པ་བྱུང་མེད་པ་དང། ལྷག་དོན་ཤར་ཕྱོགས་ཁུག་རྟ་ཟེར་བ་སོགས་ལ་དགོས་པའི་ངར་ཤུགས་དེ་ཙམ་མེད་པའི་སྐད་ཆ་འདུག ཟིན་བྲིས་དེ་འབྲི་མཁན་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ཟེར་བ་ཡིན་ཚུལ་འདུག་ཀྱང། དངོས་གནས་ཡིན་མིན་ཁ་ཚོན་གཅོད་དཀའ། ཟིན་བྲིས་དེར་ཤར་ཕྱོགས་ཁུག་རྟ་ཟེར་བའི་གཞུང་རྒོལ་བ་དེས་ཨུ་ཚུགས་བྱས་ནས་གཞོན་ནུ་ཚོགས་པ་༧གོང་ས་མཆོག་གི་སྐུ་ཕྱྭར་བདོ་མཁན་ཡིན་ཚུལ་ཡང་ཁ་སྣོན་བརྒྱབ་འདུག དེར་བརྟེན་ཚོགས་མི་མང་པོ་ཞིག་ཡི་དེ་ཙམ་མ་རངས་པའི་སྐད་ཆ་འདུག་ལ། ཟིན་བྲིས་དེ་གཏན་འབེབས་བྱས་ནས་ཉིན་བཞི་ལྔ་ཞིག་ལ་གསལ་བསྒྲགས་དེ་སྤེལ་མེད་པ་རེད།
ཕྱི་ཚེས་༦ ཉིན་གསལ་བསྒྲགས་སྤེལ་བའི་སྐབས་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟ་ཟེར་བའི་བསམ་ཚུལ་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་༧གོང་ས་མཆོག་གི་སྐུ་ཕྱྭར་བདོ་མཁན་རེད་ཟེར་བའི་ཚིག་དེ་ཕྱིར་འཐེན་བྱས་འདུག གནད་དོན་གཞན་གྱི་ཐོག་ནས་ཚོགས་མི་རེ་ཟུང་གིས་ང་ཚོས་འབེན་ལ་ཕོག་མི་འདུག་ཅེས་ཀྱང་བརྗོད་ཡོད་འདུག ཚོགས་གཞན་ཞིག་གིས་འབེན་ག་རེ་རེད་ཅེས་དྲིས་ཚེ། འབེན་ངོ་མ་དེ་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རེད་ཅེས་གླེང་སློང་བྱེད་མཁན་དག་རེད་ཅེས་ཀྱང་བརྗོད་འདུག ད་དུང་དགོད་སྤྲོ་བ་ཞིག་ལ། ཚོགས་པ་བཅུ་གཅིག་ཟེར་བའི་སྐུ་ཚབ་པའི་ནང་ནས་གསལ་བསྒྲགས་དེ་སྒྲོགས་སྦྱང་བྱེད་མཁན་མ་རག་པར་དཀའ་ངལ་འཕྲད་ཡོད་པ་དང། ཚོགས་མི་རེ་ཟུང་གིས་ཐོག་མའི་བསམ་ཚུལ་དེ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བཏོན་པ་ཡིན་པས་སྒྲོགས་སྦྱང་ཡང་ཁོང་གིས་གནང་ན་འོས་འཚམས་ཡོད་ཚུལ་བརྗོད་འདུག་ཀྱང། ཁོང་གིས་ང་དབུ་མའི་ལམ་གྱི་ལས་འགུལ་ཁང་ནས་ཡིན་པས། དེ་ལྟར་བྱས་ན་འོས་འཚམ་མེད་ལུགས་བརྗོད་ནས་ཁས་བླངས་མི་འདུག དེ་ནས་ཚོགས་འདུ་དེའི་ནང་མི་རྒན་པ་གསུམ་ཡོད་པའི་ནང་ནས་གཅིག་གིས་ཀློག་ན་འོས་འཚམས་ཡོད་ཚུལ་བརྗོད་པའི་ཚེ་དང་ལེན་བྱེད་མཁན་མ་བྱུང་བར། མཐའ་མ་རྒྱན་བརྒྱབ་ནས་སུ་ལ་བབས་ཀྱང་དེས་ཀློག་རྒྱུའི་བགྲོ་གླེང་ཡང་བྱུང་ཡོད་འདུག དེ་ལྟར་བཤད་བཤད་ནས་མཐའ་མ་རྒྱན་བརྒྱབ་ན་ངོ་ཚ་དགོས་པ་ཞིག་རེད་ཅེས། ཆུ་སྒང་གསར་པའི་མིང་ཁུར་བའི་རྒྱུན་ལས་ཐུབ་བསྟན་ལེགས་བཤད་ཀྱིས་སྒྲོགས་སྦྱང་བྱེད་རྒྱུ་དང། གསར་འགོད་པར་ཁ་གཏད་གཅོག་རྒྱུ་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟས་དཔའ་ཁས་བླངས་འདུག གསལ་བསྒྲགས་སྤེལ་བའི་སྐབས་ཀྱི་གནས་ཚུལ་གང་བྱུང་ཡོད་མེད། དྲ་ལམ་ཁག་ཏུ་གསལ་འདུག་པས་འདིར་བརྗོད་དགོས་དོན་གང་ཡང་མི་འདུག
གཙོ་ཆེ་ཤོས་གསར་འགོད་གསལ་བསྒྲགས་དེ་མི་རེ་ཟུང་ཞིག་གིས་འཁྲབ་སྟོན་ཙམ་ལས་ཚོགས་པ་དེ་དག་གི་ཁོངས་སུ་ཡོད་པའི་མི་མང་ལྟ་ཅི། ཚོགས་ཆེན་ཐོག་ཏུ་ཡོད་པའི་སྐུ་ཚབ་ཚོས་ཀྱང་འདོད་མོས་མེད་པ་གསར་འགོད་གསལ་བསྒྲགས་དེ་སྒྲོགས་སྦྱང་བྱེད་མཁན་རྒྱན་རྒྱག་དགོས་པའི་མཚམས་སུ་སླེབས་པ་དེས་ཐོག་ནས་གསལ་སྟོན་བྱས་པ་རེད། གསར་འགོད་གསལ་བསྒྲགས་ཀློག་མཁན་མ་རག་པས་རྒྱན་རྒྱག་རྩིས་བྱེད་དགོས་ཐུག་པ་བཙན་བྱོལ་ནང་གི་ཟིན་ཐོ་དང་པོ་ཡིན་གྱི་རེད། མདོར་ན་གསལ་བསྒྲགས་འདིའི་སྔ་རྗེས་ཀྱི་རྒྱུད་སྐུལ་བྱེད་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེའི་མིང་ཁུར་བ་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟ་གཉིས་ཡིན་འདུག་པ་དང། ད་དུང་དེའི་རྒྱབ་ལོགས་ལ་སུ་ཞིག་ཡོད་དམ། སུས་ཧ་གོ སུད་སི་ཤར་ཁུག་གི་ཕ་ཚབ་ཅིག་ཡོད་པ་དེ་ཡང་ཡང་རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་བྱེད་བཞིན་ཡོད་པའི་སྐད་ཆ་ཡོངས་གྲགས་ཆགས་འདུག་པས། དཔལ་འབྱོར་གྱི་འགྲོ་གྲོན་དེ་ཚོ་དེ་འདྲ་ཞིག་ནས་ཡོང་གི་མེད་དམ་བསམ་ནས། བླ་མ་མཁྱེན་སེམས་པ་གྲང་ཤུར་ཤུར་བྱས་སོང།།
བང་ཆེན་བྲིས་བཤུས་སོ།
ཁྱི་ནག་དོལ་ཚོགས་དང་རྒྱ་འདྲེ་མང་པོ་ཡང་འཛུལ་ཡོང་གི་འདུག བོད་པ་ཚོ་གཟབ་གཟབ་གྱིས།
བཙན་བྱོལ་བོད་འདི་མང་གཙོའི་ལམ་ལུགས་ལྡན་པ་ཡིན་གཤིས་སྐད་གང་འདྲ་བཤད་ནའང་ཁྲིམས་ཀྱིས་ཚད་བཀགས་མེད་མོད། སོ་སོས་བསམ་བློ་ཡག་པོ་བཏངས་ནས་བཤད་པ་གལ་ཆེའོ།
རྒྱལ་བ་རིན་པོ་ཆེ་ཁར་འཁྱེར་ནས་རང་དོན་སྐབས་འཚོལ་བ་འདི་ཚོས་རྒྱལ་བ་རིན་པོ་ཆེ་ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། སངས་རྒྱས་དང་བྱང་སེམས་ཀྱི་ཡང་སྤྲུལ་དང་འཕགས་པ་སྤྱན་རས་གཟིགས་དབང་སྐུ་དངོས་ཡིན་རབས་ཀྱིས་སྟོང་གཏམ་ནམ་མཁའ་ལས་མཐོ་བ་བཤད་ཀྱི་ཡོད། འོན་ཀྱང་དོན་དངོས་སུ་ཁོ་ཚོས་རྒྱལ་བ་རིན་པོ་ཆེ་ནི་འཇིག་བརྟེན་གྱི་མི་ཕལ་པ་ནང་ནས་ཆེས་མཐར་མ་པ་རང་སྟོད་ལས་འགྲོ་ས་མེད་པའི་མི་བུ་ཞིག་དང་། རང་གི་བསམ་ཚུལ་དང་མ་མཐུན་ཚེ་ཚིག་ཟུར་ཙམ་གྱིས་དབུར་འཕོགས། ཐུགས་ལ་ཕོགས། ཞབས་ལ་ཕོགས་ནས་དགོངས་པ་འགལ་འགྲོ་བའི་བློ་ཆུང་ཞིག་ལ་བསྒྱུར་བཞིན་འདུག། རྒྱལ་བ་རིན་པོ་ཆེ་ནི། སྤྱིར་འགྲོ་བ་མི་ཀུན་ལ་ཉེར་རིང་མེད་པ། སྙན་དང་མི་སྙན་དང་སྟོད་དང་མི་སྟོད་ཀྱིས་དགའ་སྐྱོ་ཆགས་སྡང་མི་སྐྱེ་བའི་སྐྱེ་མཆོག་ཞིག་དང་། དམངས་གཙོ་དང་སྨྲ་བརྗོད་རང་དབང་སོགས་ལ་རང་ཉིད་ཀྱི་འཛིན་ཅིང་གཞན་ལ་ཡང་སྐུལ་སྤེལ་གནང་མཁན་གྱི་རླབས་ཆེན་གྱི་མི་སྣ་གལ་ཆེ་ཞིག་ཡིན་ན། སུ་དང་གང་གིས་ཀྱང་ཁོང་གི་འདོད་ཕྱོགས་སུ་མིན་པའི་གླེང་བརྗོད་རིགས་ཀྱིས་ཁོང་གི་ཐུགས་དགོངས་འཁྲུགས་པས་ལས་སུ་མི་འགྱུར་བ་ཤེས་པ་གནང་དགོས།
ལྷ་སྨོན་པས་དེ་མ་ཐག་གསན་ཐོས་བྱུང་སྟེ་ཡང་བསྐྱར་ཕྱོགས་ལྷུང་རུ་ཁག་གི་དར་ཆ་གསལ་སྟོན་བྱས་འདུག་པ་ཨ་ཐར་ནོར་བུའི་རྒྱུད་འཛིན་པ་ཡིན་པའི་ཆ་ནས་ཡག་པོ་ཡོད་ཀྱི་རེད། དངོས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དོན་གྱི་བདག་པོ་ཨ་འབྲུག་ཆོས་སྐྱིད་དང་༧གོང་ས་མཆོག རང་གཞུང་བཅས་ནས་ངོས་ལེན་ཡོད་ཅིང། ༧གོང་ས་མཆོག་དང་རང་གཞུང་གི་དབུ་འོག་ཤར་བསྐྱོད་བྱེད་མཁན་རྡ་ས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ངོ་ཐུབ་བསྟན་ལ་སྡང་ཟུག་བྱེད་སྟངས་ལ་བལྟས་ན། ལྷ་སྨོན་པ་འདིའི་གདོང་རུས་ཇེ་གསལ་ཡིན་པ་དང། དེ་འབྲེལ་འཇུ་ཆེན་བྱ་དུར་མཉམ་འབྲེལ་གྱིས་ནག་པོ་བཟོ་ཐབས་བྱས་པའི་སྤྱི་འཐུས་ཟླ་ཚེར་ངན་སྨོད་བྱེད་སྟངས་ལ་བལྟས་ན། ཉིན་མཚན་ཀུན་ཏུ་ཕྱོགས་ལྷུང་འཐེན་ཁྱེར་གྱི་ཁེ་ཕན་རུ་ཁག་གི་གདོང་རུས་ཇེ་གསལ་ཡིན་པ་གསལ་བོ་རེད། ད་ཐེངས་ངོ་ཚ་བ་ཞིག་ལ། ཕྱོགས་ལྷུང་རུ་ཁག་གི་སྐུ་ཚབ་ལྡི་ལི་ཆུ་སྒང་ཟེར་བའི་འཐུས་མི་ཞིག་ཀྱང་ཚོགས་སྐྱིད་ཅིག་ཀྱང་ཚོགས་པའི་ནང་མི་ཞུགས་ཐབས་མེད་ཆགས་འདུག་པ་འདི་སྙིང་རྗེ་བ་ལ། དངོས་གནས་བྱས་ན། བཙན་བྱོལ་ནང་གི་རྙོག་གླེང་མཐའ་དག་གི་མགོ་ཁུངས་ཕྱོགས་ལྷུང་རུ་ཁག་ཡིན་ཅིང། ད་ཐེངས་ཕྱོགས་ལྷུང་རུ་ཁག་ཚོགས་སྐྱིད ༡༡ དང་མཉམ་དུ་ཟུར་ནས་ཁྱི་སྐད་རྒྱབ་འདུག་པ་འདི་སྙིང་རྗེ། ལྷ་སྨོན་པ་བོན་རྒན་སྨོན་ལམ་མཐན་ཕྱིན་དེང་འཇུ་ཆེན་གྱི་རྒྱལ་སྲས་ཆགས་གྲབ་ཡོད་པ་ཉམས་སུ་ཆེ་ནའང། མཚན་སྨོད་ཅེས་པ་དེ་ཕྱོགས་ལྷུང་རུ་ཁག་གིས་བྱས་པ་ཅིག་ད་བར་སུ་གང་གིས་ཀྱང་ཞུས་མྱོང་ཡོད་པ་མ་རེད། མདོར་དེད་ན་རྙོག་དྲ་འདི་དག་གི་ཁུངས་ཀྱང་ཕྱོགས་ལྷུང་རུ་ཁག་ལ་ཐུག་མེད་ན་སུ་ལ་ཐུག་ཡོད།
ད་བློ་བཟང་ཡིན་ན་འདྲ་་་བློ་ངན་ཡིན་ན་འདྲ་་་ཅིག་འགྲིག་གི་མི་འདུག་ཡ བླ་རྒན་་ལ་སྐྱོན་བརྗོད་རག་ཡ་ཡ་མ་གཏོགས་་ཕན་ཐོགས་ཤིག་མེད་ངེས་རེད། ད་ཡིན་ན་ཁ་རྡ་ཚང་གི་མཆན་བུ་ཚོ་གསལ་ཁ་ཆེ་རུ་ཆེ་རུ་འགྲོ་བཞིན་པ་རེད་འདུག་ཨ།
ཕན་དང་མི་ཕན་མི་དཔྱོད་སྤུ་མེད་ཕག་པ་ཡིས།།
བཟའ་རྒྱུ་འཐོང་རྒྱུ་མ་གཏོགས་གང་ཡང་མི་ཤེས་ཀྱང།།
རང་རློམ་རང་ཤེད་མཆུ་ཏོ་རིང་པོ་དེ་དག་གིས།།
དོན་མེད་རྫུན་གྱི་སྐྱག་དྲིའི་ཁ་རླངས་འཐོར་བར་བྱེད།།