གནས་ཚུལ་གཏོང་མཁན། འབྲུག་ཐར་རྒྱལ།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཀེ་ལ་བོད་མིའི་ཁྲོམ་རར་མེ་སྐྱོན་བྱུང་རྗེས། སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་གིས་ཐུགས་ཁུར་རྒྱ་ཆེན་གནང་སྟེ་མེ་སྐྱོན་བྱུང་སའི་ས་གནས་ས་ཐོག་ལ་ཕེབས་ཏེ། མི་སྐྱོན་བྱུང་སའི་བོད་མིའི་ཁྲོམ་སར་གཟིགས་ཞིབ་གནང་སྟེ། ཁྲོམ་སའི་བོད་མི་ཚོ་འདུས་སར་བཀའ་སློབ་ལམ་སྟོན་གནང་དོན། ད་ལྟ་འཕྲལ་དུ་བོད་མི་ཚོའི་བུ་ལོན་དག་ཉུང་དུ་གཏོང་རྒྱུའི་ཐད་ཤུགས་རྒྱག་རྒྱུ་དང་། “བོད་པའི་ཁྲོམ་ས།” ཞེས་གཏན་འཇགས་ཀྱི་ཁྲོམ་ར་ཞིག་བོད་མི་ཚོ་མཁོ་བའི་ཐད། རྒྱ་གར་གྱི་དཔོན་རིགས་ཚོར་ཞུ་སྐུལ་གནང་རྒྱུའི་ཐུགས་ཁུར་གནང་། ད་ཡོད་ཀྱི་དཀའ་ངལ་དེ་དག་གང་མགྱོགས་སེལ་བའི་ཕྱིར་སྐུ་ངོ་ལགས་ཀྱིས་ནུས་ཤུགས་འདོན་རྒྱུའི་ཞལ་བཞེས་གནང་སོང་།
ཚང་མས་ཤེས་གསལ་ལྟར། བོད་མིའི་ཁྲོམ་སར་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཚོང་ཁང་ ༡༣༨ ཀྱི་ཅ་དངོས་ཡོངས་རྫོགས་ཚིག་རོར་གྱུར་ནས། ཁྱོན་ཧིན་སྒོར་ས་ཡ་ ༡༢ (12Crore) ལྷག་གིས་གྱོང་གུད་ཐེབས་ཡོད་འདུག ལྡི་ལི་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཆོས་དར་དང་ཁྲོམ་རའི་འགན་འཛིན་སོགས་ཀྱིས་རེ་སྐུལ་ལྟར། སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་ལ་ཀེ་ལ་བོད་མིའི་ཁྲོམ་རར་ཆེད་ཕེབས་གནང་སྟེ། ས་གནས་ཚོང་པ་རྣམས་ལ་ཐུགས་འཕྲད་དང་ཁྲོམ་རའི་གནས་སྟངས་ལ་གཟིགས་ཞིབ་གནང་སྟེ། ཁོང་གིས་རྒྱ་གར་གྱི་གཞུང་འཛིན་བློན་ཆེན་ཁག་དང་། ས་གནས་དཔོན་རིགས། ཚོང་དཔོན་རྣམས་དང་ལྷན་དུ་གྲོས་བསྡུར་གནང་ནས་བུ་ལོན་དག་ཉུང་དུ་གཏོང་རྒྱུ་དང་སྤྲད་མི་དགོས་པ་བཟོ་ཐབས་གནང་རྒྱུ། “བོད་པའི་ཁྲོམ་ས་”ཞེས་གཏན་འཇགས་ཀྱི་ས་ཆ་ཞིག་ཐོབ་ཐབས་གནང་རྒྱུ། བོད་མིའི་ཚོང་པ་རྣམས་ཀྱིས་ད་ལྟའི་དཀའ་ངལ་སེལ་ཆེད་དུ་ཕྱོགས་ཡོངས་ནས་ནུས་པ་འདོན་རྒྱུའི་ཁས་ལེན་གནང་སོང་།
དེ་ཡང་། སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་གིས། “བོད་མི་ག་བར་བསྡད་ཀྱིན་ཡོད་ནའང་ང་ཚོ་༧རྒྱལ་བ་རིན་པོ་ཆེའི་མི་སེར་རེད། ང་ཚོ་བོད་མི་ས་ཡ་དྲུག་ཉུང་ཉུང་དེ་དག་སྤུན་མཆེད་རེད། ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་རེད། ཁ་སང་མེ་སྐྱོན་ཚབས་ཆེན་བྱུང་བ་ཐོས་དུས་བློ་ཕམ་ཆེན་པོ་བྱུང་།”
“ང་ཚོ་བོད་མི་དེ་དག་རྒྱ་གར་ལུང་པར་༧རྒྱལ་བ་རིན་པོ་ཆེ་དང་། རྒྱ་གར་གཞུང་། རྒྱ་གར་མི་མང་གིས་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོས་བཟང་སྤྱོད་ལྡན་པའི་ཚོང་ལས་གཉེར་ནས་དཀའ་ལས་བརྒྱབ་པ་ལས་རྐུ་མ་བརྒྱབ་ཀྱི་ཡོད་པ་མ་རེད། རྫུན་བཤད་ཀྱི་མ་རེད། ཕྲ་མ་བྱེད་ཀྱི་མ་རེད། དེར་བརྟེན་ང་ཚོ་བོད་པ་ཡིན་ཟེར་བ་འདི་སྤོབས་པ་སྐྱེས་འོས་པ་ཞིག་རེད། བོད་མི་ཚོར་ལྟོ་གོས་འཚོལ་རྒྱུའི་ཐོབ་ཐང་ཡོད་རེད།”
“ང་ཚོ་ལོོ་ངོ་དྲུག་ཅུ་ཉེ་བའི་རིང་རྒྱ་གར་ནང་བསྡད་པ་རེད། ད་དུང་ང་ཚོ་(Refugee) སྐྱབས་བཅོལ་བ་རེད། ག་དུས་ཡིན་ནའང་ཟླ་བ་ཁ་ཤས་ས་ཆ་ཚོང་གི་ཆེད་གཡར་ཚར་གནང་རྗེས། ཕར་ཐུགས་རྗེ་ཆེ་ཞེས་སྤྲད་ན་འགྲིགས་ཀྱི་མི་འདུག ད་ལྟའི་སྲིད་བློན་མོ་ཏས་མཆོག་མཁྱེན་རྒྱ་ཡངས་ཤིང་རྒྱ་གར་བྱང་ཤར་(North Eastern) དང་བོད་པའི་ཐོག་དགོངས་པ་ཆེན་པོ་བཞེས་མཁན་ཞིག་རེད། ཁོང་ལ་ང་ཚོས་རྟག་པར་ས་ཆ་གཡར་ནས་བསྡད་ཐབས་མི་འདུག མེ་དེ་གང་འདྲ་ཤོར་གྱི་ཡོད་མེད་ཤེས་ཀྱི་མི་འདུག ང་ཚོར་གཏན་འཇགས་ཀྱི་ཁྲོམ་ས་ཞིག་དགོས་ཀྱི་འདུག དེ་དག་ཁོང་ལ་ཞུས་ཀྱིན་ཡིན།” གསུང་སོང་།
སྐུ་ངོ་བློ་བཟང་མཆོག་ནི། ད་ལྟ་ཧི་མ་ལ་ཡ་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་གནང་གིན་འདུག འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་རྒྱ་གར་གྱི་སྲིད་བློན་ཨིན་རྡ་ར་གྷན་རྡི་ནས་བཟུང་རིམ་པའི་རྒྱ་གར་གྱི་དཔོན་རིགས་མང་དག་ཅིག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཀོང་ར་སི་(National Congress)གཞུང་འཛིན་ཚོགས་པའི་ནང་ཕྱག་ལས་ལོ་མང་གནང་བ་དང་། བོད་མིའི་བདེ་སྡུག་དང་ལས་རིམ་སྣ་མང་ཐོག་ལྷག་བསམ་རྣམ་དག་གིསཚོང་ལས་ཞོར་ལ་བོད་རིགས་རྒན་གཞོན་དར་གསུམ་དང་ཚོགས་པ་ཆེ་ཆུང་འབྲེང་གསུམ་སོགས་མང་དག་ཅིག་ལ། རང་ནུས་ཅི་ལྕོགས་ཀྱིས་དཔལ་འབྱོར་རྒྱབ་རྟེན་བྱས་ནས་མི་མང་ཞབས་འདེགས་མང་པོ་བསྒྲུབས་དང་སྒྲུབ་མུས་ཡིན།
དབུས་བོད་མིའི་སྒྲིག་འཛུགས་དང་བལ་ཚོང་སྒྲིག་འཛུགས་ག་པར་གཟིམ་ཁུག་ཡོད་པ་ཡིན་ནམ་?
ལྡི་ལིའི་མེ་སྐྱོན་དེ་ཆབ་སྲིད་མི་སྣའི་མཁེ་ཕན་ལ་ནམ་ཡང་ཁ་ཕྱོགས་མི་ཉན་ནོ་།
མཆན་དང་པོ་ངོས་ལེན་མེད་གདའ། སྤྱི་ཚོགས་འཆམ་མཐུན་ལ་གཏོར་གཤིག་གཏོང་གི་འདུག་པས་རང་གི་ཁ་ཕོར་རང་གིས་རྡོག་རྒྱག་གཞུས་ཀྱི་རེད་དམ། སྨྱོ་ལབ་རྒྱག་མ་སྡོད་ཨ་རོ།།
རང་རིགས་བོད་མི་ཚོའི་ལས་དབང་རེད། བླ་མའི་ཐུགས་དཀྲུགས། བླ་མའི་དཀའ་བཞིན་མ་བསྒྲུབས། དངུལ་ཆེད་རྫུན་ཚད་མེད་བཤད་པ་སོོགས་་ཀྱི་ལེན་པ་རེད།
མཛོད་ལས། ཅི་འདྲ་བ་ཡི་ལས་བྱས་པ།
འབྲས་བུ་དེ་ལྟར་ཉིད་དུ་གྲུབ།
ཞེས་གསུངས་པ་ལྟ་བུ་རེད། སྔ་བྱས་ལ་འགྱོད་བཤགས་དང་ཕྱིན་བྱེད་ལ་སྡོམ་སེམས་ཡོད་པའི་ཐོག་སྒྲོལ་མ་དང་། གསོལ་ཀ་སོགས་དགེ་བ་ལས་ལ་འབད་ན་བར་ཆད་ཐར་ཐུབ།
ཅེས་གསུངས་པ་ལྟར་རེད། ནོར་བཅོས།
སྤྱི་ཚོགས་འཆམ་མཐུན་སྐྱགས་པ་ར་མིན་འགྲོ། པོད་ནས་ཡོང་མཁན་ཚོ་ལ་གཞི་ཆགས་ཚོས་མཐོང་ཆུང་དང་དམའ་འབེབས་ག་ཚོད་བྱེད་ཀྱིན་ཡོད། དེ་སྤྱི་ཚོགས་འཆམ་མཐུན་རེད་དམ།
ཁ་བརྡ་ཚང་ལས་བྱེད་ཚོ་ལ་ངས་དངོས་ཡོད་བྲིས་བ་གསུབས་དོན་གང་ཡིན། མི་ལ་ལས་འདིར་རྒྱལ་བ་རིན་པོ་ཆེ་ལ་ངན་སྨྲ་དང་ཟུར་ཟ་ག་ཚོད་བྱེད་པ་མི་གསུབས་པར་ངས་བྲིས་གསུབས་དོན་ཤོད་ཤོག
ཁ་བརྡ་ཚང་གི་ལས་བྱེད་ཚོ་ལ་འཆད་རྒྱུར། ངས་དངོས་ཡོད་བྲིས་བ་གསུབས་དོན་གང་ཡིན། མི་ལ་ལས་འདིར་རྒྱལ་བ་རིན་པོ་ཆེ་ལ་ངན་སྨྲ་དང་ཟུར་ཟ་ག་ཚོད་བྱེད་པ་མི་གསུབས་པར་ངས་བྲིས་བ་གསུབས་དོན་ཤོད་ཤོག
གསུབ་ན་གྲྭ་སྨྱོན་འདི་ཚོའི་མཆན་ངན་འདི་ཚོ་གསུབས་ཤོག་འ། དཔེར་ན་ཏྲེ་རིན་ལྟ་བུའི་མཆན་ངན་དག
ད་ཡོད་བཙན་བྱོལ་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁང་གི་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདྲ་མཚུངས་བཙན་བྱོལ་བོད་མི་ཚོང་པ་ཚོགས་པས་བོད་མི་ཚོང་པ་ཚོར་འབྱུང་བས་གོད་ཆག་ཕོག་པར་གུན་གསབ་སླད་སྲིད་བྱུས་ཞིག་གཏན་འབེབས་ལག་བསྟར་གནང་དགོས་པ་གལ་ཆེར་མཐོང
དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་དང་བལ་གོས་ཚོང་པའི་སྒྲིག་འཛུགས་ནས་བོད་མི་བལ་ཚོང་གི་བཅའ་དངོས་ཁྲིམས་མཐུན་ཉེན་སྲུང་བྱ་དགོས་པ་དང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་དང་སྤྱི་མཐུན་མཉམ་སྦྲེལ་དང་ས་གནས་མཉམ་སྦྲེལ་བཅས་ནས་གཞིས་མིའི་སྟོན་འབྲས་ཉེན་སྲུང་དགོས་པའི་ལམ་སྟོན་དང་ཁྲིམས་མཐུན་གྱི་རོགས་སྐྱོར་གནང་དགོས་པ་དེ་གལ་ཆེན་མ་རེད་དམ་?
བློ་བཟང་ཕུན་ཚོགས་ཟེར་བ་འདིའི་ཞལ་འདེབས་སྒོར་རྡོག་ཀྱང་ཞལ་འདེབས་འབུལ་རྒྱུའི་ཁས་ལེན་མ་བྱས་པར། ཅིག་ཅིག་རོགས་པ་བྱེད་ཆོག་མིག་མིག་སྙན་སེང་ཞུས་ཆོག་ཟེར་བ་ཙམ་གྱིས་ཅི་ཕན། འབྲུག་ཐར་ཟེར་བ་འདིས་བློ་ཕུན་ཁྱབ་བསྒྲགས་བྱེད་པ་ཙམ་རེད་མ་གཏོགས་ད་བར་ཞལ་འདེབས་སྒོར་འབུམ་ལྔ་བཅུ་དྲུག་ཅུ་བསླེབས་པ་དང་བོད་གཞུང་གི་མགོ་བཀའ་བློན་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་དག་ཅིག་གི་གནད་ཡོད་མི་སྣ་ཕེབས་ཏེ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་གནང་ཡོད་ཀྱང་དེ་དག་གསར་འགྱུར་མི་འབྲི་དོན་ག་རེ་ཡིན་ནམ།
༢༠༡༦/༡༡/༩ བོད་ཀྱི་དུས་བབ། ནང བཀའ་ཤག་ནས་ཛ་དྲག་རོགས་དངུལ་སྒོར་འབུམ་ ༡༥ གནང་ ཞེས་པའི་འགོ་བརྗོད་འོག་གནས་ཚུལ་འཁོད་དོན་ནང་ མེ་སྐྱོན་ཤོར་བའི་འོག་གྱོང་གུད་ཕོག་པའི་དངུལ་འབོར་དེ་ཧིན་སྒོར་ས་ཡ་༡༢༠ ཙམ་གསལ་འདུག་པ་དང་ འདི་ག་གོང་གི་ བོད་པའི་ཁྲོམ་ས་ ཞེས་གཏན་འཇགས་དགོས་གལ་ཆེ་. ཞེས་པའི་འགོ་བརྗོད་འོག་གནས་ཚུལ་འཁོད་གསལ་ནང མེ་སྐྱོན་ཤོར་བའི་འོག་གྱོང་གུད་ཕོག་པའི་དངུལ་འབོར་དེ་བཞིན་ཧིན་སྒོར་ས་ཡ་ ༡༢ ཙམ་འཁོད་འདུག་ཏབས་ རྩིས་ཀྱི་ཧེ་བག་གནམ་སའི་ཁྱད་པར་ལ་སོང་ དཔྱད་པ་ཞིབ་ཚགས་བྱུང་ཡོད་མེད་ཐེ་ཚོམ་གྱི་གནས་སུ་འདུག་པར་ དངོས་འབྲེལ་གནས་སྟངས་ཇི་ཡིན་གསལ་པོ་བཟོས་ཐུབ་ཚེ་གུན་གསབ་སླད་ཞལ་འདེབས་འབུལ་མཁན་ཚོར་བསམ་ཞིབ་བྱེད་རྒྱུར་ཕན་ཐོགས་ཡོང་རྒྱུ་དོན་མི་ཟ།
བློ་བཟང་ཕུན་ཚོགས་ནི་མི་ནུས་པ་ཅན་ཡིན་པ་སྨོས་མ་དགོས་ལ། འཇིགས་སུ་རུང་བའི་ལོ་རྒྱུས་སྣ་ཚོགས་ཡོད་པའང་མཁྱེན་ན་ལེགས། ད་ཐེངས་ཁོ་རང་གིས་ནུས་པ་བཏོན་གྱི་ཡིན་ཞེས་ཁས་བླངས་ཟིན་ན། ནུས་འཇོན་ཏན་ཏན་ཡོད་པ་རེད།
མེ་སྐྱོན་ཤོར་བའི་ཅ་དངོས་ཀྱི་མ་གནས་ལ་རྩིས་བསྐོར་བ་རེད་དམ་ཚོདམང་རྒྱུའི་རིན་ཚད་ལ་རྩིས་བསྐོར་བ་རེད་གསལ་པོ་མ་བཟོས་ན་རྒྱ་གར་ཁྲལ་བསྡུ་ལས་ཁང་ནས་ཞིབ་འཇུག་བྱེད་མི་སྲིད་པ་མིན་ན་བོད་མི་བལ་ཚོང་གཞན་ལ་འང་གནོད་སྐྱོན་ཕོག་སྲིད་པ་མ་རེད་དམ་ཧང་སོང་ཆེན་པོ་དེ་འདྲ་ག་འདྲ་ཡིན་ནམ་?
ནོར་བཅོས་( ཚོང་རྒྱུའི་རིན་ཚད་)
བོད་ཀྱི་ཁྲོམ་རྭ། གཏན་འཇགས་ཤིག་དགོས་གནད་ཆེ།
༢༠༡༦ལོའི་ཟླ་ ༡༡ པའི་ཚེས་ ༣༠ ཉིན།
( གོང་དུ་མ་ཤེས་ཤེས་མདོག་དང་། ཕྱོགས་ཞེན་འཐེན་འཁྱེར། ངོ་ཚ་ཁྲལ་གཞུང་མེད་པར། བདེན་པ་དང་གནས་ལུགས་བྲལ་བའི་འཁྱོག་བཤད་མང་དག་ཅིག་ལ་བྲིས་མཁན་དག་ལ་གནད་དོན་འགའ་ཤས་གླེང་འདུན་བྱུང་། )
ཀུན་གྱི་མཁྱེན་གསལ་ལྟར། ཟླ་ ༡༡ པའི་ཚེས་ ༡༥ ཉིན་སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་མེ་སྐྱོན་བྱུང་སའི་ས་ཐོག་ལ་ཕེབས་ཏེ་མི་མང་རྣམས་ལ་ཐུགས་གསོའི་འཚམས་འདྲི་དང་། ལམ་སྟོན་བཀའ་སློབ་གནང་སོང་། དུས་སྐབས་དེར་སྒོར་འབུམ་གཅིག་ཞལ་འདེབས་ཕུལ་བ་དང་། རིམ་པའི་གནས་ཚུལ་དེ་དག་རྒྱ་གར་གྱི་དཔོན་རིགས་ཁག་དང་། ས་གནས་འགོ་འཁྲིད་རིམ་པར་སྙན་ཞུ་ཕུལ་འདུག ཉིན་གཉིས་པར་ནང་མི་རྣམས་ས་གནས་དེར་ཆེད་ཕེབས་ངང་སྒོར་ཁྲི་བཞི་ཡང་བསྐྱར་ཞལ་འདེབས་ཕུལ་སོང་། འདི་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན་པས་བོད་མིའི་ཁྲོམ་སའི་མི་མང་དང་ལྡི་ལི་ས་གནས་གཞོན་ནུ་ཚོགས་གཙོ་སོགས་སུ་ལ་འབྲེལ་བ་བྱེད་ནའང་བདེན་དོན་ར་སྤྲོད་ཐུབ་ངེས་རེད།
སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་ནི་བོད་ཀྱི་སྤྱི་ཚོགས་སྤྱི་ལ་ཕན་ཐོགས་དང་ཞབས་འདེགས་རླབས་ཆེན་བསྒྲུབ་མཁན་ཞིག་ཡིན་པ་གཤམ་གསལ་གནད་དོན་གསུམ་ལས་གསལ་པོར་ཞུ་རྒྱུ་ཡིན།
༡༽ སྐུ་ཞབས་བློ་བཟང་ཕུན་ཚོགས་ནི་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་དང་། ཁོང་གི་བཀའ་དགོངས་བསྒྲུབ་པར་རྒྱུན་ལྡན་ནི་ཕྱག་ལས་མང་དག་ཅིག་གནང་བཞིན་ཡོད་འདུག ཁོང་རྒྱ་གར་གྱི་དཔོན་རིགས་རྣམ་པ་དང་། ས་གནས་འགོ་འཁྲིད། མི་མང་སྤྱི་ཡོངས་ལ་ཁོང་གི་བཀའ་དགོངས་རྣམས་འགྲེལ་བརྗོད་ཞུ་པ་དང་། འདས་པའི་ལོ་མང་རིང་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་ལྡན་པའི་ཚོགས་འདུ་སོགས་མང་པོ་བསྐོངས་ཡོད་འདུག
༢༽ ཁོང་ཧི་མ་ལ་ཡའི་རིག་གཞུང་སྤྱི་དང་། བྱེ་བྲག་བོད་ཀྱི་ཆོས་དང་། རིག་གཞུང་། བོད་ཀྱི་རྩ་དོན་སོགས་ཐོག་ཕྱག་ལས་རྒྱ་ཆེན་པོ་གནང་གིན་འདུག ཉེ་བའི་ལོ་འགའ་ཤས་རིང་ལ་བོད་ཡིག་རྒྱ་གར་གྱི་སྐད་ཡིག་གཞན་ལྟར་ངོས་འཛིན་དང་ཧིན་རྡི་ལྟར་གཅིག་མཚུངས་ཀྱི་བཀོལ་སྤྱོད་ཡོང་བར་ཁྲིམས་ལུགས་ཐོག་གཏན་འབེབས་ཡོང་ཐབས་ཕྱག་ལས་ལོ་མང་གནང་འདུག
༣༽ སྐུ་ཞབས་བློ་བཟང་ཕུན་ཚོགས་མཆོག་རྒྱུན་ལྡན་གཞན་ཕན་ལྷག་བསམ་དང་། གཏོང་ཕོད་ཆེ་བ། གཞན་དོན་གཙིགས་སུ་འཛིན་ནས་ཕྱག་ལས་རྒྱ་ཆེན་གནང་བཞིན་པ་རེད། ཁོང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ལྡི་ལི་གཙུག་ལག་བོད་རིགས་སློབ་མའི་མཐུན་ཚོགས་སོགས་ལ་ལས་དོན་བསྒྲུབ་བྱེད་ཀྱི་དཔལ་འབྱོར་གྱི་མཐུན་རྐྱེན་དང་ལམ་སྟོན་སོགས་རྒྱུན་ལྡན་ནས་གནང་བཞིན་པ་རེད།
གནད་དོན་དེ་དག་ལས་གོང་དུ་བཤད་པའི་འཁྱོག་བཤད་མང་དག་ཅིག་ཕྱོགས་ཞེན་འཐེན་འཁྱེར་དང་། ངོ་ཚ་ཁྲལ་གཞུང་མེད་པ། བདེན་དོན་དང་གནས་ལུགས་མེད་པའི་གཏམ་རྙོག་ཤ་སྟག་ཡིན་པར་ར་སྤྲོད་བྱེད་ཐུབ་ངེས་རེད།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༣༠ ཉིན་བྲིས།