བོད་འབྱོར། ༼གངས་ལྷ།༽
མིག་སྔའི་སྲིད་སྐྱོང་དང་སྐུ་ཚབ་ཟུར་པའི་གནད་དོན་དེ་གཙང་མ་བཟོ་བར། ང་ཚོར་མི་༼སྤྱི་༽འཐུས་ལྷག་བསམ་ཅན་དང་། ཁྲིམས་ཞིབ་པ་དྲང་པོ་ཞིག་དགོས་འདུག བདེན་པ་དག་འཐེར་བྱ་ཡུལ་གྱི་ཁྲིམས་ཁང་ཞིག་ཀྱང་དགོས་འདུག ཁྲིམས་ཞིབ་པ་དང་ཁྲིམས་ཁང་དེ་ལ་མི་མང་གི་ཡིད་ཆེས་དགོས་འདུག དེ་ལྟར་བྱུང་ན། ང་ཚོས་དཀའ་ངལ་དེ་སེལ་ཐུབ། ང་ཚོར་ཆ་རྐྱེན་འདི་ཡོད་དམ། ད་བར་ཁྲིམས་ཞིབ་ལྷན་ཚོགས་ཀྱིས་བར་དུམ་མི་བྱེད་པའི་རྒྱུ་མཚན་ཅི། སྤྱི་འཐུས་རྣམ་པས་བར་དུམ་དང་། གཟུ་བོར་གནས་པའི་སྐད་ཆ་མི་ཤོད་པ་དེ་སེམས་སྐྱོ་དགོས་པའི་ཡུལ་རེད། སྤྱི་ཚོགས་ཟང་ཟིང་དང་། མི་དམངས་ཁ་འཐོར་འགྲོ་བའི་གཉན་འཕྲང་གི་གནས་སྟངས་འདིའི་ནང་ལ། ད་བར་བོད་མིར་ཤ་ཚ་ཡོད་པའི་སློབ་སྟོན་བྱེད་མཁན་གཉིས་ལས་བྱུང་མ་སོང་། དེ་ནི་༧གོང་ས་མཆོག་དང་། རྒྱལ་དབང་ཀརྨ་པ་རྣམ་པ་གཉིས་རེད།
ང་ཚོ་བོད་པར་དབུ་ཁྲིད་མང་པོ་ཡོད་རུང་། ད་བར་ཁོང་རྣམ་པ་གཉིས་ལས་གཞན་པའི་བར་དུམ་དང་བཀའ་སློབ་གནང་མཁན་མེད་པ་འདི་ཡང་སེམས་སྐྱོ་དགོས་པ་ཞིག་རེད། སྤྱི་འཐུས་རྣམ་པ་གང་ན་ཡོད། ཁྲིམས་ཞིབ་ལྷན་ཁང་གང་ན་ཡོད། ཆོས་ལུགས་ཁག་གི་བླ་ཆེན་མི་ཆེན་རྣམས་གང་ན་ཡོད།དགེ་ལྡན་ཁྲི་པ་གང་ན་ཡོད། པན་ཆེན་ཡང་སྲིད་གང་ན་ཡོད། ས་སྐྱ་ཁྲི་འཛིན་གང་ན་ཡོད། བོན་པོའི་དབུ་འཛིན་གང་ན་ཡོད། འབྲི་གུང་སྐྱབས་མགོན་གང་ན་ཡོད། འབྲུག་པའི་སྐྱབས་མགོན་གང་ན་ཡོད། སྙིང་མའི་དབུ་འཛིན་གང་ན་ཡོད། ཇོ་ནང་དབུ་ཁྲིད་གང་ན་ཡོད། ཨ་ལགས་དོར་ཞི་གང་ན་ཡོད། མཁན་ཆེན་ཚུལ་ཁྲིམས་གང་ན་ཡོད། ལྡོང་ཡོན་ཏན་གང་ན་ཡོད། དགེ་བཤེས་སྙན་གྲགས་གང་ན་ཡོད། སེར་ཤུལ་དགེ་བཤེས་འཇམ་དཔལ་བློ་ཤེས་གང་ན་ཡོད། མཁས་དབང་ཐུབ་བསྟན་ཕུན་ཚོགས་གང་ན་ཡོད། སེང་རྡོར་ཕོ་རྒོད་གང་ན་ཡོད། རྡོ་སྦིས་བོང་རྫི་གང་ན་ཡོད། རྫོང་གསར་མཁྱེན་བརྩེ་གང་ན་ཡོད། ཟམ་གདོང་རིན་པོ་ཆེ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། ཞོགས་དུང་གང་ན་ཡོད། མེ་ལྕེ་གང་ན་ཡོད། བླ་བྲང་བསྐལ་བཟང་གང་ན་ཡོད། ཧོར་གཙང་འཇིགས་མེད་གང་ན་ཡོད།
མདོར་ན། སྲིད་སྐྱོང་དང་སྐུ་ཚབ་ཟུར་པ་སྤེན་ཚེའི་གནད་དོན་དེ་གཙང་མ་བཟོ་དགོས་ན། དྲང་པོའི་ཁྲིམས་དང་། བདེན་པར་མགོན་སྐྱབས་བྱེད་མཁན་དགོས་འདུག སྲིད་སྐྱོང་དང་སྐུ་ཚབ་ཟུར་པ་སྤེན་ཚེའི་གནད་དོན་དེ་གཙང་མ་བཟོ་བ་དེ་སྤྱི་འཐུས་དང་ཁྲིམས་ཞིབ་ལས་ཁུངས་ལ་འགན་ཡོད། དེ་བཞིན་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་གི་བླ་ཆེན་མི་ཆེན་རྣམས་ལ་ཡང་འགན་ཡོད། རྒྱུ་མཚན་ནི་ཁྱེད་ཅག་བོད་པས་གསོས་པ་དང་བོད་པས་བསྐྱངས་པས་སོ།
དེ་དེ་བཞིན་ནོ་༧གོང་ས་མཆོག་དང་རྒྱལ་དབང་ཀ་མ་པ་མ་ཏོག་དེ་མིན་བླ་མ་ཚོ་ཅི་མི་ཤེས་བླ་མ་ཚོས་སྲིད་ལ་བྱུས་ཏོག་མེད་ཟེ་བ་རེད་ང་ཚོ་སྲིད་ཀྱི་དཀའ་ངལ་འཕྲད་ཡོད་པ་རེད་བླ་མ་ཚོས་འགྲོ་བ་རིག་དྲུག་བདེ་སྐྱིད་ཡོང་ཐབས་ཀྱི་བཀའ་གནང་གི་ཡོད་པ་རེད་འགྲོ་བ་རིག་དྲུག་གནས་སྐབས་མ་བྱུང་ནའང་བོད་མིའི་ད་ལྟའི་གནད་ཏང་ལ་དགོང་པ་བཞེས་ནས་དྲང་བདེན་གྱི་བཀའ་སློབ་ཞིག་ཡོང་དགོས་ཚོད་རེད་ང་ཚོ་བོད་པ་ཚོ་མེད་ན་ཁྱེད་བླ་མ་ཚོ་གསོ་མཁན་ཡོད་པ་མ་རེད་་ང་ཚོའི་བླ་མ་དང་ཆོས་གནད་དགོས་ན་བོད་མི་རིག་འདི་གནད་དགོས་པ་རེད་བོད་མི་རིག་འདི་གནད་དགོས་ན་ཆབ་སྲིད་གཏན་པོ་གནད་དགོས་པ་རེད་ཆབས་སྲིད་གཏན་པོ་མེད་པས་རྐྱེན་གྱིས་ལུང་པ་རྒྱ་ལ་ཤོར་བ་རེད་ད་ལྟ་བོད་མིའི་ངོ་བོ་ཕྲན་བུ་ལྷག་སྡད་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་ལས་སུ་གང་ཞིག་གིས་འཇོན་པ་རྩ་བ་ནས་མེད་ད་ལྟ་བློ་སེང་གི་ང་ཚོར་ལྷག་སྡད་པ་ཕྲན་བུ་དེའང་མེད་པ་བཟོ་བཞིན་ཡོད་བློ་སེང་ལ་གདིང་དམ་པའི་བོད་མིར་ཤ་ཚ་མེད་ཁོ་པའི་སློབ་གསོ་ཚང་མ་ཕྱི་ལུག་ནས་བྱུང་བས་སོ་
ཨཨཨ། ད་ནང་དོན་མེད་ཀྱི་ཞིག་བྲིས་ཡོད་གི་ཡཱ།
་་་་་་་་་་་ མདོར་ན། སྲིད་སྐྱོང་དང་སྐུ་ཚབ་ཟུར་པ་སྤེན་ཚེའི་གནད་དོན་དེ་གཙང་མ་བཟོ་དགོས་ན། དྲང་པོའི་ཁྲིམས་དང་། བདེན་པར་མགོན་སྐྱབས་བྱེད་མཁན་དགོས་འདུག ་་་་་་་་་
སྤེན་ཚེ་བསྐྱར་དུ་དོན་སྐོ་བྱ་བར། བློ་སེང་ལགས་ལ་བློ་སྤོབས་ཡོད་དམ། མེད། ལགས།
ས་སྐྱ་༧གོང་མ་རིན་པོ་ཆེའམ། ས་སྐྱའི་ཁྲི་ཆེན་སྐུ་གོང་མ་ད་ལྟ་ཨ་རིར་བཞུགས་པ་དེས། བོད་རིགས་རྣམས་ལ་བཀའ་སློབ་གནང་བའི་སྐབས་སུ། རྟག་ཏུ་མཐུན་སྒྲིལ་དང་རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཉན་དགོས་པའི་བཀའ་སློབ་ཐེངས་མང་གནང་བ་གོ་མྱོང་། ཁོང་རྒྱལ་བ་རིན་པོ་ཆེར་དད་གུས་ཆེན་པོ་ཡོད་པ་དང་། རྒྱལ་བ་ཀརྨ་ནང་བཞིན་དམ་ཚིགས་ཤིན་དུ་གཙང་བས། བོད་པ་དང་ཧི་མ་ལ་ཡའི་མི་རིགས་རྣམས་ཀྱིས་དགའ་མོས་ཆེན་པོ་བྱེད་པར་སྣང་།
གཞན་པ་མི་ཤེས།
ཤོད་རྒྱུ་དང་བྲི་རྒྱུ་གང་ཡོད་ན་ཡང་རང་དབང་ཡིན་ཟེར་སེམས་ནང་དྲན་ཚད་སྤྱི་ཚོགས་དྲ་རྒྱའི་ནང་ཁྱབ་བསྒྲགས་བྱས་ན་འགྲིག་གི་ཨ་ཡོད། དམིགས་བསལ་རང་རེ་བོད་ཕྱི་ནང་གཉིས་སུ་རང་རེ་ཀུན་གྱི་བསོད་ནམས་ཀྱི་རྒྱབ་རྟེན་ཏུ་སྐུ་འཚོ་ཞིང་བཞུགས་པའི་སེམས་པ་ཆེན་པོ་རྣམས་ལ་དངོས་སུ་མཚན་ནས་སྨྲོས་ཏེ་བཀུར་བ་བཏབ་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་དོ།
འདི་ནི་ཆབ་སྲིད་ཀྱི་གནད་དོན་དོན་ཞིག་ཡིན་པའི་ཕྱིར་རང་གཞན་ཚང་མས་འདས་མ་འོང་ད་ལྟ་དུས་གསུམ་དང་ཕྱོགས་གང་སར་བསམ་བློ་ངེས་པར་གཏོང་དགོས་པ་གལ་ཆེར་མཐོང་།
བོད་ནང་བཞུགས་པ་ཚོ་ནི་དེ་བས་ཀྱང་ཟབ་ན་ལེགས། དེ་མིན་ཕན་ལས་གནོད་ཆེ་བ་ཡོང་སྙམ་པ་གུས་རང་གི་རྨོང་འཆར་ལགས་ཞུ།
ཆབ་སྲིད་ཀྱི་གནད་དོན་རྣོ་ངར་ཅན་འདི་འདྲ་ལ་བླ་ཆེན་དང་ཆོས་རྒྱུད་སོ་སོའི་དབུ་འཁྲིད་ཚོ་བར་ཐག་འགྱང་ཙམ་ན་བཞུགས་ན་དེ་བས་ལེགས། ཆོས་ཕྱོགས་ཀྱི་གནད་དོན་དང་འབྲེལ་ནས་བཀའ་འདྲི་བཀའ་སློབ་འདྲ་ཞུ་རྒྱུ་ཡོད་ན་ལས། དེ་མིན་བླ་མ་ཚོའི་མཚན་གནས་བློ་སེང་དང་སྤེན་ཚེ་གཉིས་ཀྱི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་མ་གནང་རོགས། རག་ཉིད་སུ་ལ་རྒྱབ་སྐྱོར་བྱེད་དང་མི་བྱེད་སོ་སོས་ཐག་བཅད་ནས་གནང་རོགས། བྱུང་ན་བདེན་པ་ལ་རྒྱབ་སྐྱོར་གལ་ཆེ། བདེན་པ་ཉིད་རྒྱལ་གྱུར་ཅིག །།
བློ་སེང་དང་། སྤེན་ཚེ་གཉིས་ཀ་ལ། ཆོལ་གསུམ་ཆིག་སྒྲིལ་ལ། འགན་འཁྱེར་དགོས།