འཇམ་དབྱངས་དཀར་པོ།
མི་རིགས་ཀྱི་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་སྤྱི་ལོ་༡༩༥༠ ལོར་ལི་ཐང་དུ་སྐུ་འཁྲུངས། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༡༢ ཉིན་དམར་གཞུང་གིས་མནར་གཅོད་བཏང་སྟེ་སྐུ་བཀྲོངས། ཁོང་བཙོན་འཇུག་མ་བྱས་བར་ལི་ཐང་རོང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་དང་། སྐྱ་སེར་སྤྱི་ཚོགས་ཁྲོད་ཤེས་ཡོན་གོང་སྤེལ། ཕོ་མོ་རིས་མེད་ཀྱི་ཤེས་ཡོན་སྡེ་ཁག་ལ་བརྩི་བཀུར་གནང་བར་མ་ཟད། རྒྱ་དམར་སྲིད་གཞུང་གིས་ཁམས་ཕྱོགས་ཀྱི་ས་ཆ་མང་པོར་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་བསྔོག་འདོན་བྱེད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།
སྤྱི་ལོ་ ༡༩༨༧ ལོར་རྒྱ་གར་དུ་ཡོང་ནས་ལྷོ་ཕྱོགས་འབྲས་སྤུངས་ཆོས་སྡེར་ཞུགས། ཕྱིར་བོད་ལ་ལོག་ཕེབས་ཏེ་སློབ་གཉེར་བྱ་སའི་དགོན་པ་ ༧ དང་རྒས་གསོ་ཁང་དང་དྭ་ཕྲུག་སློབ་གྲྭ་བཅས་གསར་འཛུགས་སོགས་གནང་སྟེ། བོད་མི་རིགས་དང་བོད་ཀྱི་རིག་གནས་ལ་བྱ་བ་རླབས་ཆེན་སྒྲུབ། སྤྱི་ལོ་ ༢༠༠༢ ཟླ་ ༢ ཚེས་ ༣ ཁྲིན་ཏུའུ་ལ་འབར་རྫས་ཀྱི་དོན་རྐྱེན་བྱུང་རྗེས་ཚེས་ ༧ གྱི་མཚན་མོར་རྒྱ་དམར་གྱིས་འཛིན་བཟུང་བྱས།
སྤྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་བཟང་དོན་གྲུབ་གཉིས་ལ་སྲོག་ཁྲིམས་བཅད་དེ། བློ་བཟང་དོན་གྲུབ་འཕྲལ་དུ་སྲོག་ཁྲིམས་གཏོང་རྒྱུ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས། གནོན་ཤུགས་ལ་བརྟེན་ནས་སྤྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༦ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲོག་ཁྲིམས་དེ་ཚེ་བཙོན་དུ་བསྒྱུར།
རྒྱ་དམར་སྲིད་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་མནར་གཅོད་སྣ་ཚོགས་བཏང་སྟེ། སྤྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་ཁྲིན་ཏུའུ་བཙོན་ཁང་ནང་སྐུ་བཀྲོངས། ང་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་སྐུ་འཚོ་བཞུགས་སྐབས་ཀྱི་བྱས་རྗེས་དང་སྙིང་སྟོབས་ཡིད་འཇགས་བྱས་ཏེ་སེམས་གཏིང་ནས་ཁོང་ལ་མྱ་ངན་ཞུ།
ངོ་སྤྲོད་བྱས་བ་བཀའ་དྲིན་ཆེ།ཡིན་ཡང་ཚེས་གྲངས་༢༠༡༥ལ༢༠༢༥བྲིས་པ་ནོར་འདུག་པ་དང་།ད་རུང་རྒྱ་གར་ཡོང་གྲངས་དེ་ཡང་༨༧མ་རེད།༨༢ཡིན་པ་ཡོད།༨༧ཕྱིར་ཕ་ཡུལ་ལ་ཕེབས་ལོ་རེད།
རིན་པོ་ཆེ་མཆོག་མི་རིགས་ཀྱི་དཔའ་བོ་ཡིན། སེམས་ཁོང་ནས་མྱ་ངན་ཞུ།
མྱ་ངན་ཞུ།༢༠༢༥ཡིན་མི་སྲིད།
ཉེས་མེད་བཙོན་འཇུག་འོག་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་ཞུ།
མྱ་ངན་ཞུ། འགའ་ཞིག་གིས་ཁོང་རིན་པོ་ཆེ་སྐུ་གཤེགས་པ་གྱ་སྟོན་ཟིལ་ཤུགས་གཅོག་ཐབས་རེད་ཟེར་བར་ཞུ་བ།
གཅིག ༽སྤྲུལ་བསྟན་འཛིན་དགེ་ལེགས་ལ་གྱ་སྟོན་རྒྱས་སྤྲོས་ཡོང་བའི་ཐུགས་འདུན་རེ་བ་ཡོད་ན་དེའི་དགོངས་པ་རྫོགས་ཕྱིར་རྒྱ་སྟོན་མུ་མཐུད་དེ་བྱེད་དགོས། གྱ་སྟོན་འཚམས་འཇོག་གནང་ན་ཞིང་གཤེགས་དམ་པ་ཐུགས་སྐྱོ་བའི་བྱ་བ་སྤེལ་བ་སྟེ་ཁོང་གིས་གྱ་སྟོན་འགོག་པའི་བྱ་བ་ནམ་ཡང་སྤེལ་མི་སྲིད་པས་སོ། ། གཉིས།༽ རྒྱ་ནག་གིས་གྱ་སྟོན་གྱི་ཟིལ་ཤུགས་གཅོག་པར་བསམ་བཞིན་བཟོས་པ་ཡིན་པ་བདེན་ན་དགྲ་ཕྱོགས་ཀྱིས་གཡོ་སྒྱུའི་འོག་ཚུད་མི་རུང་བས་གྱ་སྟོན་མུ་མཐུད་དུ་སྤེལ། གྱ་སྟོན་མཚམས་འཇོག་གནང་བ་ན་ནི་དགྲ་དགའ་གཉེན་སྡུག་གིས་བྱ་བ་ཁོ་ནའོ། ། གསུམ། ༽བོད་ནང་དུ་ལྷག་བསམ་ཅན་དང་བྱས་རྗེས་ཅན་མང་པོས་སྐུ་སྲོག་གཏོང་དོན་བོད་ལྷ་མི་གཉིས་དགའ་བའི་བྱ་བ་རེ་བྱུང་བར་རེ་སྒུག་བྱས་ཡོད་པ་ཡིན་ན་རྒྱ་སྟོན་གྱིས་མི་རིགས་ཆིག་སྒྲིལ་དང་དགའ་སྤྲོ་འཔེལ་བས་མུ་མཐུད་དུ་སྤེལ་ཅིག །ཁོང་གིས་ལུས་སྲོག་ལོངས་སྤྱོད་བོད་མི་མང་ལ་ཕུལ་བས་བོད་མིས་ནམ་ཡང་བརྗེད་མི་རུང་། ཁོང་གིས་སྐུ་སྲོག་གྱ་སྟོན་ལ་ཕུལ་བ་ཡིན་པས་རྟེན་འབྲེལ་མཛད་སྒོ་ལོ་མཇུག་བར་སྤེལ་རོགས། །
ད་ཡིན་ན་ཚང་མ་ལམ་ཁ་འདི་ནས་རྫོགས་དགོས་སོང་བ་འདྲ།