བོད། ལྷ་ཀླུ་གཉན་གསུམ།
བོད་མི་གང་ན་སུ་ཡོད་པ། ལྷག་པར་དྲ་ངོས་འདི་ནས་བདག་གི་སྐད་ཆ་འདི་ཐོས་མཁན་སུ་ཞིག་ཡིན་ན། དེ་ཡི་ང་བོད་མི་དཀྱུས་མ་ཞིག་གི་སྐད་ཆ་འདི། བོད་མི་ཚང་མས་ཅི་ནས་ཀྱང་བསམ་བློ་ཏན་ཏན་གཏོང་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་ཅེས་བཤད་ཀྱི་འདུག་ཟེར་ནས་ཞུ་རོགས། ཨོ་རེད། དེ་ལྟར་བཤད་ནས་འོང་དུས། ངས་གང་ཞིག་བཤད་དགོས་མིན་དེ་ཁྱེད་ཅག་ལ་བཤད་དགོས་པ་རེད།
ང་ཚོས་ལབ་རྒྱབ་དེ་ཉིན་མ་བསྐྱལ་བའི་དུས་མ་རེད། ང་ཚོས་ནང་ཁུལ་འཐེན་འཁྱེར་བྱས་དེ་འདུག་པའི་དུས་མ་རེད། ང་ཚོས་རང་རང་སོ་སོའི་ལྟོ་གོས་གཅིག་བུའི་ཆེད་དུ་གཞན་ཡུལ་དུ་གཡོག་ལ་རྒྱུགས་དེ་འདུག་རན་མ་རེད། ང་ཚོ་ནང་ཞིག་དགོས་ཀྱི་འདུག དེ་ཡི་ཆེད་དུ་ང་ཚོས་རང་གི་རྐ་ལག་བེད་སྤྱད་དེ་འཛམ་གླིང་མི་མང་ལ་བོད་མི་ཟེར་བ་འདི་ལ། བོད་པའི་ནང་། བོད་པའི་ཡུལ། བོད་པའི་མི་དམངས། བོད་པའི་ས། བདག་པའི་བདག་དབུང་། བོད་པའི་སྐྱིད་སྡུག ཚང་མ་ཐག་གཅོད་བྱེད་སའི་ནང་ཞིག་དགོས་ཀྱི་ཡོད་པ་ཤེས་སུ་འཇུག་དགོས་པ་དང་། དམིགས་སུ་བཀར་ནས། རྒྱ་ནག་སྲིད་གཞུང་ལ་བོད་པའི་ནང་གི་བདག་པོ་བོད་མི་རང་ཉིད་ཡིན་པ་ཤེས་སུ་འཇུག་དགོས་ཀྱི་ཡོད།
བོད་པའི་ནང་ཞིག བོད་མི་རང་ཉིད་ནས་ལེན་ཐུབ་ལ། བོད་མི་རང་ཉིད་ནས་བཟོ་ཐུབ་ཀྱི་ཡོད། དེང་སང་མི་མང་བོ་ཞིག་གིས་གཞན་ཡུལ་ན་འཚོ་ཐབས་བཟང་རབས་བཤད། གཞན་ཡུལ་ན་རང་དབང་ཆེ་རབས་གླེང་། གཞན་མི་ནི་མཁས་མཛངས་སྤྱོད་བཟང་ཡིན་རབས་དུ་གླེང་། དོན་དངོས་སུ་བོད་པའི་ནང་ཞིག བོད་མི་ཞིག་བཟོ་བ་ལ། གཞན་ཡུལ་སྐྱིད་ཀྱང་བོད་མི་བཟོ་མི་ཐུབ། གཞན་ཡུལ་གྱི་འཚོ་བ་ཡག་ཀྱང་བོད་ཡུལ་བསྐྲུན་མི་ཐུབ། གཞན་མི་མཁས་མཛངས་སྤྱོད་བཟང་ཡིན་ཡང་བོད་མིའི་གོམ་གཤིས་ཤིག་གཏན་ནས་མེད། དེ་ཡིན་དུས་ང་ཚོས་སྨོན་ས་ནི་གཞན་ཡུལ་མིན། བོད་ཡུལ་ཡིན། བོད་མི་རིགས་ཤིག་མུ་མཐུད་དུ་ས་སྒང་འདིར་མུ་མཐུད་དུ་གནས་རུ་འཇུག་མིན་བོད་མི་ཁོ་ནའི་བྱེད་ཐུབ་པ་ཞིག་ཡིན་ཞེས་ཞུ་བཞིན་འདུག་ཟེར་ནས་ཞུ་རོགས།
ངས་འདི་ནས་སྐད་ཤུགས་ཆེན་པོའི་སྒོ་ནས་བོད་པའི་ནང་ཞིག་ལ་བདག་པོ་རྒྱགས་པའི་དུས་ལ་སླེབས་འདུག་ཞེས་ཞུ་བཞིན་ཡོད། བོད་མི་ཚོ། བོད་པའི་ནང་དེ་ཡང་བོད་མི་རང་ནས་བཟོ་ཐུབ་པ་ཡིན། བོད་མི་རང་ཉིད་ནས་བརྩོན་ལེན་བྱེད་ཐུབ་པ་ཡིན། བོད་མི་རང་ཉིད་ནས་བོད་པའི་ནང་ཞིག་འཛིན་ཐུབ་ཀྱི་ཡོད། ངས་འདི་ནས་བོད་པའི་ནང་ཞིག་བོད་མི་དག་གི་ལེན་ཐུབ་པར་ཡིད་ཆེས་བྱེད་རྒྱུ་ཡིན། འབོད་ཚིག་བསྒྲགས་བཞིན་ཡོད། བོད་མི་གང་ན་སུ་ཡོད་པ་དག་གིས་ནང་ཁུལ་ལ་ལབ་རྒྱགས་པའི་ཟོལ་དེ་གཡུགས་ནས། བོད་མིའི་བདག་པོ་བོད་མི་བྱེད་པའི་ལམ་སུ་ཞུགས་རོགས་ཞུ་ཟེར་ནས་ལག་ཟུང་ཐལ་མོ་སྤྱོར་གྱི་ཡོད།
གཅིག་གིས་ལས་ཀ་འདྲ་བྱས། གཅིག་ནས་དེ་ལ་ཁ་རེ་བཏང་། དེ་འདྲ་མི་བྱེད་པར། རྡོག་རྩ་གཅིག་སྒྲིལ་ཟེར་ནས་གླུ་དབྱངས་ལེན་པ་དང་། མཐུན་སྒྲིལ་བྱེད་དགོས་ཟེར་ནས་གཏམ་བཤད་ལོ་མང་རིང་བྱེད་མཁན་གྱི་སྐུ་ངོ་དག་གི་འགོ་ཁྲིད་དེ་བོད་པའི་ནང་ཞིག་གི་ཆེད་དུ་ལམ་ལ་འབུད་རོགས། དེ་ནས་མི་མང་དག་ག་ལེར་རྗེས་སུ་ཡོང་རྒྱུར་ཐེ་ཚོམ་མེད་ལ། བོད་མི་དཀྱུས་མ་དག་ལ་ཡང་བོད་པའི་ནང་ཞིག་ལོས་དགོས། གལ་སྲིད། བོད་པའི་ནང་ཞིག་འཛིན་མ་ཐུབ་པ་ཡིན་ན། བོད་ཟེར་བའི་མི་རིགས་འདི་ས་སྒང་འདི་ནས་ཡུན་རིང་གནས་པར་རེ་བ་བྱེད་ས་ཞིག་གཏན་ནས་མེད་པ་ཡིན། དེ་ནི་ང་རང་གི་འདི་ནས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་པ་ཡིན།
རེད་རེད། བསམ་ཚུལ་ཡག་པོ་གསུངས་འདུག
ཀི་བཏབ་ནོ་ཡག་གི ང་ཚོས་འདི་དག་མ་ཤེས་པ་ཞིག་དང་རང་ལ་རང་གི་ཕ་ཡུལ་མ་མཁོ་བ་ག་ལ་སྲིད་ཀྱང་བོད་མི་རིགས་འདིའི་གནས་བབ་ལས་དཀའ་སྡུག་འདི་མི་འདོད་བཞིན་ཁུར་དགོས་ཐུག་ནི་རེད། རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་སོང་བར་དུ།
རེད་ཡ་ཁྱོད་ཀྱི་བསམ་ཚུལ་ལེགས་ཀྱང་ཐབས་ལམ་སྣེ་གཅིག་གསུང་མིན་འདུག ཐབས་ལམ་འདྲ་གསུང་དང་། ང་ཚོ་རང་ཡུལ་ལ་ཞེན་པ་ལོག་ནས་བཙན་བྱོལ་དུ་ཡོང་བ་མིན་ལ། རང་ཡུལ་དུ་མུ་དགེ་ཐེབས་ནས་བཙན་བྱོལ་ལ་ཡོང་བ་མིན། རང་ཡུལ་ནང་སྦྱིན་བདག་གསར་པ་ཞིག་སླེབ་ནས་དེས་དབང་ཡོད་མ་བཟོད་ནས་སླེབ་པ་ཡིན། དེ་ན་ང་ཚོ་མི་མང་སྐྱུས་མ་རྣམས་ཀྱི་བྱ་ཐུབ་པ་དང་བྱ་དགོས་པའི་ལས་དོན་གཙོ་བོ་ནི་བཙན་བྱོལ་གཞུང་གི་སྣེ་འཁྲིད་འོག་ཤར་བསྐྱོད་བྱ་རྒྱུ་དང་བཙན་བྱོལ་གཞུང་ལ་ཡིད་ཆེས་བློས་འགེལ་བྱ་རྒྱུ་གཞུང་གི་བསྒྲིག་གཞི་ལྟར་དཔྱད་ཁྲལ་ཏག་ཏག་སྤྲོད་རྒྱུ་གཞུང་འཛིན་མི་སྣར་གུས་བཀུར་ཞུ་རྒྱུ་བཅས་ཡིན།
ཁྱོད་ལ་འདི་ལྟ་བུའི་ལྷག་བསམ་དྲོན་མོ་ཞིག་ཡོད་པ་ངས་སྔོན་ནས་ཤེས་ཡོད།
སྤྱིར་ན་དཀའ་མོ་རེད།
ཡིན་ནའང་།རུས་པའི་གསེང་དུ་རྐང་མེད་ནའང་།རྩིབས་མ་ཆ་བོ་མེད་ལ་བཞུ་དགོས་པ་རེད།
ཧྲ་ལ་བྱོས།
ལྷ་སྡེ་གནམ་ལོ་ཡག་ལགས། ཉིད་ནས་རྒྱབ་སྐྱོར་ཞུས་པ་དེར་བཀའ་དྲིན་ཆེ།
ཁྲག་ཐིགས་ལགས། ཤེས་ཀྱི་ཡོད་ན་དེ་ནས་གང་དུ་འཐུས་ཤོར་ཡོད་པ་དེ་ལ་ངེས་འཛིན་རིན་ཡིན་པ་རེད་ལགས། བདག་གིས་འདི་ནས་འགོ་བཟུང་དེ་ངེས་འཛིན་བྱེད་ཀྱི་ཡོད་པའི་ཁུལ་ཡིན། མ་འཐུས་ས་ཡོད་ན་ཁ་གསབ་བྱེད་རོགས། ང་ཚོས་ད་ནི་དངོས་ནས་འབད་པའི་དུས་ཏག་ཏག་ལ་སླེབས་ཡོད།
བཟོད་པ་ལྷ་རྩེ་ལགས། ཉིད་ནས་གསུངས་པ་བདེན་པ་རེད། ང་ཚོ་ལ་བཙན་གནོན་ཐེབས་པ་རེད། བཙན་གནོན་ལ་ཡོལ་ནས་བྲོས་པ་རེད། དེ་ནས་ང་ཚོས་གཞན་ཞིག་བསམ་པ་རེད། དེ་ནས་རང་ཉིད་བྲོས་བྱོལ་དུ་ཡོད་པ་དེ་དྲན་གྱི་མེད་པ་རེད། དེ་ཡི་སྐོར་བདག་གིས་གོང་དུ་ཞུས་ཡོད། དེ་ལྟར་ལགས། མུ་མཐུད་དུ་གླེང་གི་ཡིན། ཉིད་ནས་ཀྱང་བོད་མི་ཞིག་གི་འགན་བླངས་དེ་འདི་རུ་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད་ལ། ཉིད་ཀྱིས་ཀྱང་ང་ཚོ་འགུལ་བསྐྱོད་བྱེད་སྟངས་སྐོར་ལ་སྐད་རེ་རྒྱོབས་དང་། ང་ཚོའི་མགྲིན་པ་གཅིག་པ་ཡིན། ང་ཚོ་ཚང་མ་བོད་ཡིན།
རྨོག་རུ་བསྟན་པ་ལགས། ཉིད་ནས་དེ་ལྟར་གདེང་འཇོག་བྱས་པ་དེར་བཀའ་དྲིན་ཆེ། ང་ཚོ་ཚང་མ་གང་དུ་བསྡད་མིན་ལ་མ་བལྟས་པར། འགུལ་བསྐྱོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་བ་ནས། བསྟུད་མར་ལན་ཞིག་མ་རེག་བར་དུ་མཚམས་འཇོག་མེད་པའི་ལས་འགུལ་དག་སྤེལ་བར་སྔ་མེད་ན་འཕྱི་གཏན་ནས་མེད་ཀི་ལགས། དེ་ཡིན་དུས་ཉིད་རང་ལྟ་བུའི་བྱེས་ཀྱི་མི་སྣ་གལ་ཆེན་དག་གིས་དེ་དག་གི་སྐོར་ལ་བསམ་གཞིགས་ནན་ཞིག་གནང་དེ་འགོ་རེ་འཛུགས་ཐུབ་པར་འབོད་སྐུལ་སེམས་གཏིང་ནས་ཞུ་རྒྱུ་ཡིན། ཞུ་སྟངས་ལ་མ་འགྲིག་པ་རེ་བྱུང་ཡོད་ཚེ་དགོངས་དག་ཞུ། ཐད་ཞུ་ཡིན།
རྡོག་རྩ་གཅིག་སྒྲིལ་གྱི་གླུ་དབྱངས་ལེན་དང་། ཟེར། བོད་རྒྱལ་ལོ། །
རྐརྡོ་རབ་འབྱམས་པ་ལགས། དངོས་ནས་ང་ཚོས་ཁ་ནས་ལེན་པ་དེ་དག་དོན་ཐོག་དུ་ཆོད་པ་ཞིག་བྱེད་པའི་དུས་ཚོད་ཏག་ཏག་ཞིག་ད་ལྟ་ཡིན་ཟེར་ན་མ་འགྲིག་པ་མེད་ལགས། དེ་མ་གཏོགས་ང་ཚོ་མི་རབས་ནག་ཅན་ཞིག་མི་ཆགས་པའི་ངེས་པ་མེད།
བོད་མི་གཅིག་གི་ནང་།
ང་ཡི་སྤོ་ལགས་སྨོ་ལགས་ལ་ནང་འདུག
ང་ཡི་ཕ་མའི་ནང་ནི་ཚེ་སྟོད་ལ་ཡོད་ཀྱང་ཚེ་སྨད་མེད་པར་ཆགས་པ་རེད།
ང་ལ་ནི་ནང་ད་ལྟའང་མེད།
ངའི་ཕྲུ་གུ་ལ་བོད་ནང་ལ་ནང་གཅིག་བཟོ་ཐབས་ལ་བརྩོན་བཞིན་ཡོད་ཀྱང་་་་་་
ཀརྡོ་རབ་འབྱམས་པ་ལགས། རང་ཉིད་མེད་པའི་བོད་པའི་ནང་དེ་ནི་རང་གི་ཕྲུ་གུ་དག་ལ་བཟོ་ཐུབ་པ་ཡིན་ན། ད་གཟོད་ང་ཚོ་བོད་མི་རིགས་ལ་སྐྱེ་བའི་འགན་འཁྲི་སྒྲུབ་པ་ཡིན་ཞེས་བཤད་ཆོག་པ་ཡིན། དེ་བཟང་གི ག་འདྲའི་སྐོར་ནས་ཡོད་མེད་ཅིག་གསུང་ཐུབ་ན་ཡག་པོ་འདུག