-དགེ་བཤེས་དགེ་འདུན་ཆོས་འཕེལ།
དང་པོ།
དུས་རབས་གསར་བ་འདིའི་ནང་འཛམ་གླིང་གང་སར་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། རང་དབང་། མང་གཙོ། ཆོས་ལུགས་སོགས་ཕྱོགས་ཡོངས་ནས་འཁྲུག་ཆ་ཆེ་རུ་འགྲོ་བཞིན་པ་ལྟར། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཡང་ལོ་རེ་ནས་ལོ་རེར་འཁྲུག་ཆ་ཆེ་རུ་འགྲོ་བཞིན་པ་འདི། ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ཀྱང་། དེ་དང་མཉམ་དུ་དྲང་བདེན་མ་ཡིན་པ། གཏན་ཚིགས་རིགས་པའམ་དངོས་ཡོད་གནས་ཚུལ་དང་མ་མཐུན་པ་དང་མ་རན་པའི་བྱ་སྤྱོད་སོགས་ཀྱང་། འཁྲུག་ཆ་ཇེ་དོད་དུ་འགྲོ་བཞིན་པ་ནི། ཚང་མས་གཟབ་དགོས་པའི་གནད་དོན་ཞིག་ཆགས་ཡོད། དེའི་ཐོག་ཤེས་ལྡན་ཚང་མས་གཏན་ཚིགས་རིགས་པའམ་མཚན་ཉིད་རིགས་པའི་རྒྱབ་རྟེན་ཡོད་པའི་སྟེང་ནས་དུས་ནས་དུས་སུ་དགག་པ་གནང་རྒྱུ་གལ་ཆེན་པོ་དང་། དགག་པ་གནང་རོགས་ཞེས་རེ་སྐུལ་ཀྱང་ཞུ། དེ་ཡང་དཔེར་ན་ཉེ་ཆར་ཨ་ཚོགས་ཀླུ་མཁར་བྱམས་མཆོག་གིས་སྲིད་སྐྱོང་གི་འོས་མིར་ལངས་ཏེ་མི་མང་ལ་ཁྱབ་བསྒྲགས་བྱས་པའི་བརྗོད་གཞི་དང་། གསར་འགོད་པའི་དྲི་བ་དྲིས་ལན་སོགས་ཉན་སྐབས། བོད་ལ་ཞེན་ཁོག་དང་སེམས་ཤུགས་ཡོད་པ་ཞིག་ཏུ་མཐོང་ཡང་ཁོང་གི་རྣམ་དཔྱོད་དེ་ཧ་ཅང་ཕྲ་བའི་སྨྱུ་གུ་གསར་སྐྱེས་ཆུང་ཆུང་ཞིག་དང་ཀུན་ནས་མཚུངས།
ངས་དེ་ལ་བོད་པའི་མི་ལ་རྒྱ་གུང་ཁྲན་གྱི་གཤིས་ཀ་ལྡན་པ་མ་ཟད། བྷིན་ལ་ཏིན་དང་། འཇར་མན་གྱི་ཧི་ཊི་ལར་སོགས་ཀྱི་རང་གཤིས་ཆེན་པོ་འདུག་ཟེར་གྱི་ཡོད། ཁོང་གི་བདག་མོས་ཀྱང་རྩོམ་ཡིག་ཞིག་གི་ནང་འདི་ལྟར། ང་རང་ནང་བཞིན་དང་བླངས་ཀྱི་སྤྲང་པོ་ཞིག་གི་ཁྱིམ་ཐབ་ཡིན་ཕྱིན། རང་རང་ས་ནས་ཤུགས་སྣོན་བརྒྱབས་ན་མ་གཏོགས། ཨོ་ས་མ་བྷིན་ལ་ཏིན་གྱི་བདག་མོ་ཚོས་ཀྱང་རང་རང་གི་རྒྱན་ཆ་ཡན་ཆད་བཙོང་ནས་ཁྱོ་ཀའི་བྱ་བཞག་སྟེང་གཏུམས་དགོས་བྱུང་བ་སོགས། འཇིག་རྟེན་གྱི་བྱ་བ་ཚང་མ་བཤད་ཚོད་ཐུག་པ་ཞིག་མིན་སྟབས། ཞེས་མོ་ཡང་ཨོ་ས་མ་བྷིན་ལ་ཏིན་གྱི་ཆུང་མ་ནང་བཞིན་བྱ་དགོས་ཐུག་ཚུལ་ཟེར་བ་ལ་ལྟོས་ཀྱང་དཔོག་ཐུབ་པ་ཞིག་རེད།
འཇར་མན་གྱི་ཧི་ཊི་ལར་དང་། ཨོ་ས་མ་བྷིན་ལ་ཏིན་སོགས་ཀྱང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཤུགས་ཆེན་པོའི་འོག་ནས། གཞན་ལ་དམག་འཁྲུགས་བརྒྱབ་སྟེ་མི་གྲངས་ཧ་ཅང་མང་པོ་གསད་ནས། ཁྲག་གི་འཁོར་ལོ་བསྐོར་བའི་མཐའ་མ། རང་གི་དམིགས་ཡུལ་ཐོག་ཀྱང་འགྲོ་མ་ཐུབ་པའི་ཁར། འཛམ་གླིང་གི་མི་ཚང་མས་གཤེ་སྨོད་དང་། ཐུ་ལུད་འདེབས་དགོས་པ་ཞིག་ཏུ་གྱུར་པ་འདི་ག་རེ་མཚོན་ཡོད་ཟེར་ན། ཁོང་ཚོ་ལ་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས་ཟེར་བ་ལྟར། ཞེན་ཁོག་ཡོད་ཀྱང་རྣམ་དཔྱོད་ཀྱིས་ཕོངས་པ་སོང་ཙང་འབྲས་བུ་ངན་པ་འདི་བྱུང་བ་རེད།
གཉིས་པ།
གསར་འགོད་པས་ཀླུ་མཁར་བྱམས་ལ། ཁྱེད་རང་རང་བཙན་རྩོད་ཕྱིར་སྲིད་སྐྱོང་ལ་ལངས་ན། རང་བཙན་ལེན་ཐབས་བྱ་རྒྱུའི་ཐབས་ལམ་གང་ཡོད་ཟེར་ནས་དྲི་དུས། ཁོས་ཕྱིའི་རྒྱལ་ཁབ་གཞན་དང་སྲིད་གཞུང་ཁག་ལ་འབྲེལ་བ་བཙུགས་ཏེ་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་ནས་ལེན་རྒྱུ་ཡིན། མཐའ་མ་མ་རག་ན། ཡང་ན་ངའི་སྐྱོན་ཡིན་རྒྱུ་རེད། ཡང་ན་མི་མང་གི་སྐྱོན་ཡིན་རྒྱུ་རེད་ཟེར་བ་སོགས་སྔ་ཕྱི་ནང་འགལ་དང་། རང་ལ་གདེང་ཚོད་ཅུང་ཙམ་ཡང་མེད་པའི་བྱིས་པ་བསམ་མེད་ཞིག་གི་སྐད་ཆ་ལྟར་བཤད་ ཡོད་པ་ནི་གསར་འགོད་པའི་དྲི་ལན་སྐབས་དང་། མང་ཚོགས་ཀྱི་མདུན་དུ་བཤད་པའི་ཁོང་གི་སྐད་ཆར་ཉན་ན་ཧ་ཅང་གསལ།
དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི། བོད་ཀྱི་ལོ་རྒྱུས་བཤད་ཁུལ་གྱིས། བོད་ཀྱི་བཙན་པོ་དག་དཔའ་ངར་ཆེ་ཚུལ་དང་། བོད་དམག་གིས་སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་ཚུལ་སོགས་བཤད་ནས། ད་ལྟའི་གནས་བབ་ལ་བསམ་གཞིག་དང་། བསྟུན་མི་ཤེས་མཁན་གསར་བུ་ཚོ་མགོ་བོ་རྨོངས་སུ་བཅུག་སྟེ། བོད་བཙན་པོའི་དམག་ལྟར་གཞན་ལ་དམག་འཁྲུགས་དང་། མི་གསོད་ཁྲག་སྦྱོར་གྱི་དྲག་པོའི་འཐབ་འཛིང་གི་བབ་ཆགས་བསྐྲུན་བཞིན་པ་དེ་རེད། གསར་བུ་མང་པོའི་བློ་ངོར་གཞན་ལ་འཐབ་འཛིང་བྱེད་ནས་རང་དབང་ལེན་རྒྱུ་ནི་དོན་དངོས་དང་བདེན་དོན་ཞིག་ཏུ་བསམ་པ་དང་དེའི་ཕྱོགས་སུ་ཁྲིད་སླ་བ་ཡིན། དཔེར་ན། ཁ་ཆེ་བ་ཤེས་ཡོན་མེད་པའི་གསར་བུ་ས་ཡ་མང་པོ་ཐབས་ལམ་དེའི་ཐོག་ནས་དྲག་པོའི་འཐབ་འཛིང་གི་ཕྱོགས་སུ་ཁྲིད་པ་ལྟར་ཡིན།
ད་ལྟའི་དུས་འདིར་དྲག་པོའི་འཐབ་འཛིངས་བྱས་ནས་རྩོད་ལེན་བྱ་རྒྱུའི་དུས་ཚོད་ཡོལ་ཚར་བ་མ་ཟད། དྲང་བོ་བཤད་ན་ང་ཚོ་བོད་པ་ལ་དེ་བས་ཀྱང་མི་འོས་པ་དང་མི་འཚམས། བོད་ཀྱི་གཏམ་དཔེར་མར་རྡོ་ལ་རྒྱབ་ན་མར་ཕམ། རྡོ་མར་ལ་རྒྱབ་ན་ཡང་མར་ཕམ་ཞེས་པའི་དཔེར་ལྟར་རེད། ཁ་ཆེ་བ་ས་ཡ་མང་པོའི་ཀྱང་དྲག་པོའི་འཐབ་འཛིངས་དེའི་འོག་ནས་ཕམ་ཁ་དང་གྱོང་ཆེན་པོ་རག་བཞིན་ཡོད་ན། ང་ཚོ་བོད་པ་ལ་སྨོས་མ་དགོས་པ་ཞིག་རེད།
གསུམ་པ།
དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི། དགུང་ལོ་བཅུ་དྲུག་ནས་བརྒྱད་ཅུ་བར་དུ་དཀའ་ལས་ཚད་མེད་བསྐྱོན་ནས། བོད་མི་རིགས་དང་རིག་གཞུང་བཅས་ཤི་གསོན་གྱི་བར་ནས་སྐྱོབ་གནང་སྟེ། ད་ཆར་ཆོལ་གསུམ་གཅིག་བསྒྲིལ་གྱི་ནུས་ཤུགས་ཆེན་པོའི་ཐོག བཙལ་བྱོལ་གཞུང་གི་སྒྲིག་འཛུགས་དང་། ཤེས་ཡོན་གྱི་ལྟེ་གནས་ཁག་ཚང་མ། བྱ་སྤུ་གནོན་ལྟར་སྒྲིག་འཛུགས་ཚགས་དམ་པོ་འདི་འདྲ་ཞིག་ཆགས་པ་ནི། ༧གོང་ས་མཆོག་གིས་སྐུ་ངལ་བསྐྱོན་པའི་བཀའ་དྲིན་ཉག་གཅིག་ཡིན་པ་ནི། བོད་ཀྱི་ཆོས་བརྒྱུད་ཁག་དང་། དེའི་དབུ་ཁྲིད་ཁག ཆོལ་གསུམ་གཞིས་བྱེས་ཡོངས་ནས་མགྲིན་གཅིག་དང་དབྱངས་གཅིག་གིས་སྒྲོགས་བཞིན་པ་དང་། མ་ཟད་ཚོགས་སྡེ་ཆེ་ཆུང་འདྲ་མིན་ནས་བརྟན་བཞུགས་སོགས་ཀྱི་གསོལ་འདེབས་ཞུས་པ་ལ་གཟིགས་ཞིབ་གནང་བས་ཀྱང་གསལ་བོར་རྟོགས་ཐུབ།
ལྷག་ཏུ་འཛམ་གླིང་ཤར་ནུབ་དང་། དེ་ཡང་ཆོས་ལུགས་དང་མི་རིགས། རྒྱལ་ཁབ་ཀྱི་དབྱེ་མཚམས་མེད་པར་ཚང་མས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་བཀའ་དྲིན་རྗེས་དྲན་ག་ཚོད་ཅིག་ཞུ་བཞིན་པ་མིག་གཉིས་ལོང་བ་ཡིན་ཀྱང་མཐོང་དགོས་ཚོད་ཀྱི་སྐབས་འདིར། བོད་མི་ཞིག་དང་། དེ་ཡང་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་ཆབ་སྲིད་ཀྱི་སྡིངས་ཆ་སྒང་ལ་རེ་བ་རྒྱག་མཁན་ཅིག་གིས་བཀའ་དྲིན་ལ་བསམ་ཤེས་ཅི་ཡང་མེད་པར་སྐད་གསེངས་མཐོན་པོའི་ཐོག་ནས་༧གོང་ས་མཆོག་ལ་མཚན་སྨོད་དང་། སྐུར་འདེབས་བྱེད་བཞིན་པ་འདི་བློས་དཔྱད་མི་བཟོད་པ་ཞིག་རེད།
དེ་ཡང་ཁོས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་ནི་ཆབ་སྲིད་ཀྱི་གཏན་ཚིགས་རིགས་པའི་ཐོག་ནས་བཤད་ཀྱི་ཡོད་ཚུལ་བསྟན་པ་ནི་གཏན་ཚིགས་རིགས་པ་མི་ཤེས་མཁན་གཞོན་སྐྱེས་ཚོ་རྨོངས་སུ་བཅུག་ཐབས་ཁོ་ན་ཡིན། ཁོས་ཆབ་སྲིད་པ་ཞིག་ཡིན་པའི་ཆ་ནས་ལྟོས་ན་ཟེར་བ་དང་། ཆབ་སྲིད་ཀྱི་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནས་ལྟོས་ན་ངས་༧གོང་ས་མཆོག་རྒྱལ་འཚོང་བ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ལྡོག་ཏུ་མེད་པ་ཡིན་ཟེར། ཚང་མས་ལྟོས་དང་ཁོས་ཆབ་སྲིད་ཀྱི་གཏན་ཚིགས་རིགས་པ་ནི། ཁོ་རང་བཙན་རྩོད་ལེན་པ་ཡིན་པ་སོང་ཙང་དེ་ལྟར་ངོས་འཛིན་བྱ་རྒྱུ་ཡིན་ཟེར་བ་དེ་རེད། དེ་འདྲའི་གཏན་ཚིགས་རིགས་པ་ཞིག་ད་ལྟའི་བར་དུ་འཛམ་གླིང་འདིའི་ཐོག་དར་མ་མྱོང་མོད། ད་ཆར་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱིས་གསར་བསྟོད་བྱས་པའི་གཏན་ཚིགས་རིགས་པ་རེད།
ཁྱེད་རང་གིས་ཁྱེད་ཀྱི་བདག་མོ་ལ་ཧ་ཅང་དགའ་བས་ལྷ་མོ་ཞིག་ཏུ་ངོས་འཛིན་གནང་བས་ལྷ་མོ་ཞིག་ཏུ་ཆགས་སོང་བ་ཨེ་རེད། དེ་ནི་ཁྱེད་ཀྱི་གཏན་ཚིགས་རིགས་པ་རེད། ཁྱེད་རང་ཆབ་སྲིད་པ་ཞིག་ཡིན་པའི་རྒྱུ་མཚན་ནམ་ལྟ་ཚུལ་དེའི་ཐོག་ནས་རྒྱལ་འཚོང་བར་ངོས་འཛིན་པའི་རྒྱུ་མཚན་གྱིས་རྒྱལ་འཚོང་བ་ཡིན་དགོས་ན། ང་བོད་པ་རྣམ་དག་ཞིག་གི་ངོས་ནས་ལྟོས་ན་ཁྱེད་ཀྱིས་བཤད་པའི་བརྗོད་གཞི་འམ། བཤད་སྟངས་ཚང་མ་དོལ་ཚོགས་དང་། རྒྱ་གུང་ཁྲན་གྱི་རྒྱུགས་ཁྱི་ཞིག་གིས་བཤད་པ་དང་མཚུངས་པས། ངས་ཁྱེད་རང་དོལ་ཚོགས་ཀྱི་ཚོགས་མི་དང་། རྒྱ་གུང་ཁྲན་གྱི་རྒྱུགས་ཁྱི་ཞིག་ཏུ་ངོས་འཛིན་ན་ཁྱེད་དེ་ལྟར་ཆགས་སོང་བ་ཨེ་རེད། དེ་ནི་ཁྱེད་ཀྱིས་བཤད་པའི་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནང་ཚུད་སོང་བ་མ་རེད་དམ།
བཞི་བ།
ཚང་མས་དོ་སྣང་དགོས་རྒྱུ་ཞིག་ལ། དེང་སང་གི་གཞོན་སྐྱེས་ཁག་ཅིག་གིས་གནས་ཚུལ་ཆེ་མ་ཆུང་གསུམ་གང་ཡིན་ཀྱང་། བདེན་པ་བདེན་ཐོག་ཏུ་བསྐྱེལ་རྒྱུའི་སྤོབས་པ་དང་། ནུས་པའི་མ་འདང་སྐབས། ཆོས་ཀྱི་ལྟ་སྟངས་དང་། འཇིག་རྟེན་གྱི་ལྟ་སྟངས་ཟེར་ནས། རང་གི་ནོར་འཁྲུལ་ལམ་མི་ཤེས་པ་དེ་ལས་གཡོལ་ཐབས་བྱས་པ་རྒྱུན་འབྱམས་སུ་ལྷག་ནས་ཡུན་ཅུང་ཙམ་སོང་བར་བརྟེན། ཆབ་སྲིད་ཀྱི་གཏན་ཚིགས་རིགས་པ་ཟེར་བ་སོགས་འབྱུང་བཞིན་པ་རེད། ད་དུང་མ་བཀག་ན་ཁྱོ་ག་དང་སྐྱེ་དམན་གྱི་གཏན་ཚིགས་རིགས་པ། བྱ་བྱིའུ་འབའ་འབུའི་གཏན་ཚིགས་རིགས་པ། མ་ཧེ་དང་གླང་གོག་གི་གཏན་ཚིགས་རིགས་པ་སོགས་ཡོང་ཉེན་ཆེ་བས་ད་འགོག་རན་འདུག
མདོར་ན་ཆོས་ཀྱི་ལྟ་སྟངས་དང་། ཆབ་སྲིད་ཀྱི་ལྟ་སྟངས་ཟེར་བ་ཞིག་མེད་ལ། ཆོས་དང་ཆབ་སྲིད་གང་ཡིན་ཀྱང་། ལྟ་སྟངས་ཡང་དག་དང་། ལྟ་སྟངས་ལྟར་སྣང་གཉིས་སུ་འདུ་དགོས་པས་དེ་གཉིས་ གང་ཡིན་ཀྱང་ནོར་ན་ནོར་བ་ཡིན་པས་སྤོང་དགོས་ལ་མ་ནོར་བ་དེ་ལེན་དགོས། དེ་ནི་ནང་བ་སངས་རྒྱས་པའི་ཆོས་ཀྱི་རྩ་བའི་སྒྲོམ་གཞི་ཡིན། དེ་ནི་མཚན་ཉིད་རིགས་པའི་སྤྱིའི་འགྲོ་སྟངས་རེད། དེ་ནི་གཏན་ཚིགས་རིགས་པའི་ཁྱད་ཆོས་ཡིན།
ལྔ་བ།
ཁོས་ང་ཆབ་སྲིད་པ་ཞིག་ཡིན་ཞེས། རང་གིས་རང་ཆབ་སྲིད་པ་ཞིག་ཏུ་ཁས་ལེན་པ་དང་། རྩོམ་པ་པོ་ཞིག་ཏུ་ཁས་ལེན་པ་ཡང་། ཁོས་བཤད་པའི་ཆབ་སྲིད་རིགས་པའི་ཁྱབ་ཁོངས་ནས་ཡིན་ན་མ་གཏོགས། དོན་དངོས་སུ་ཆབ་སྲིད་པ་ཞིག་གི་མཚན་ཉིད་ཚང་མི་འདུག རྒྱུ་མཚན་ནི། དཔེར་ན། བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་བཀའ་དྲིན་རྗེས་དྲན་ཞུ་ཡུལ། ༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཞོར་དུ། སྲིད་སྐྱོང་གི་འོས་ཤོག་ཐོབ་རེ་བྱེད་པ་ནི། དབྱུག་པའི་བཙན་གྱིས་སྤྲེའུ་འཁྲབ་སྟོན་བྱེད་བཅུག་པ་དང་སྒོ་ཀུན་ནས་མཚུངས་སོ།། དཔེར་ན། ཁ་ཆེ་ལུང་བར་ཕྱིན་ནས་ཁ་ཆེ་སྟོན་པ་ལ་སྐྱོན་བརྗོད་བྱེད་ཞོར་ཁ་ཆེ་ཆོས་དཔོན་གྱི་གོ་གནས་རག་ཐབས་བྱེད་པ་ལྟ་བུ་རེད། མི་དེ་འདྲ་ཞིག་ལ་ཆབ་སྲིད་པ་ཟེར་ན། འོ་ན་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་མཁན་ཚང་མ་ཆབ་སྲིད་པ་ཡིན་དགོས་པས་ཧ་ཅང་ཐལ་ལོ།།
མདོར་ན་ཚང་མས་བདེན་དང་རྗུན་གྱི་ཤན་འབྱེད་ནས་འགྲོ་རྒྱུ་ལས་ཆབ་སྲིད་ཀྱི་ལྟ་སྟངས། ཆོས་ཀྱི་ལྟ་སྟངས། འཇིག་རྟེན་གྱི་ལྟ་སྟངས། ལྷའི་ལྟ་སྟངས་སོགས་ལྟ་སྟངས་འདྲ་མིན་ག་ཚོད་འཁྱེར་ཡོང་ཡང་། རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བདེན་རྫུན་ཤན་འབྱེད་རྒྱུ་ལས། སུ་ལ་ཡང་དམིགས་བསལ་མེད་པ་ཚང་མས་ཧ་གོ་བ་གནང་རོགས་ཞེས་འབོད་སྐུལ་ཀྱང་ཞུ།
ཀླུ་མཁར་བྱམས་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། ཁོང་གི་སྙིང་སྟོབས་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས། རྣམ་དཔྱོད་ཐོག་མི་འཐད་པའི་དགག་པ་ཅུང་ཙམ་བྱེད་པ་འདིས་ཕོག་ཐུག་བྱུང་ན་དགོངས་དག་ཞུ་རྒྱུ་དང་། ཕན་པ་རེ་སྲིད་ན་དགོངས་པ་བཞེས་རོགས་གནང་།
ཞེས་ཡོ་རོབ་གླིང་ནས་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་༢༠༡༥ ཟླ་༩ ཚེས་༢༧ ལ།།
གུང་ཁྲན་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཞེས་ལབ་མཁན་སུ་རེད་དམ། རྒྱ་གུང་ཁྲན་ཟེར་ས་ལྷག་ཡོག་མ་རེད་དོ།
དགེ་བཤེས་ལགས། ཁྱོད་ཀྱི་སྐད་ཆའི་ས་མཚམས་འདི་ལ་བསླེབས་དུས་སྙིང་རྗེ་ཡ་འདྲ་ཞིག་འདུག་རེད།
《མདོར་ན་ཆོས་ཀྱི་ལྟ་སྟངས་དང་། ཆབ་སྲིད་ཀྱི་ལྟ་སྟངས་ཟེར་བ་ཞིག་མེད་ལ། ཆོས་དང་ཆབ་སྲིད་གང་ཡིན་ཀྱང་། ལྟ་སྟངས་ཡང་དག་དང་། ལྟ་སྟངས་ལྟར་སྣང་གཉིས་སུ་འདུ་དགོས་པས་དེ་གཉིས་ གང་ཡིན་ཀྱང་ནོར་ན་ནོར་བ་ཡིན་པས་སྤོང་དགོས་ལ་མ་ནོར་བ་དེ་ལེན་དགོས། དེ་ནི་ནང་བ་སངས་རྒྱས་པའི་ཆོས་ཀྱི་རྩ་བའི་སྒྲོམ་གཞི་ཡིན། དེ་ནི་མཚན་ཉིད་རིགས་པའི་སྤྱིའི་འགྲོ་སྟངས་རེད། དེ་ནི་གཏན་ཚིགས་རིགས་པའི་ཁྱད་ཆོས་ཡིན།》་་་ཞེས་བཤད་འདུག
དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཁ་ཁར་ཡིན་པ་ཙམ་ཡང་ཤེས་མི་འདུག་ག ཆོས་ཀྱི་ལྟ་སྟངས་ཟེར་བ་ཤིག་དང་ཆབ་སྲིད་ཀྱི་ལྟ་སྟངས་ཟེར་བ་ཤིག་མེད་པར་ཐལ། འདོད་ན་་་རྒྱུ་དགེ་བ་བསྒྲུབ་ན་འབྲས་བུ་བདེ་བ་འབྱུང་བའི་ལྟ་ཚུལ་འདི་ཆོས་ཅན། ཆོས་ཕྱོགས་ཀྱི་ལྟ་སྟངས་མ་ཡིན་པར་ཐལ། ཆོས་ཕྱོགས་ཀྱི་ལྟ་སྟངས་ཟེར་བ་ཤིག་མེད་པའི་ཕྱིར། ཧཧ རྟགས་ཁེད།
འགྲོ་བ་མི་ཡོངས་ཀྱི་གཉེན་སྒྲིག་ཆོག་པའི་རང་དབང་འདི་ཆབ་སྲིད་ཀྱི་ཕྱོགས་ནས་བལྟས་ན་ཡང་དག་པ་རེད། ཁྲིམས་མཐུན་རེད། ཆོས་ཕྱོགས་ནས་བལྟས་ན་མི་ཡིན་ཚད་ལ་གཉེན་སྒྲིག་གི་རང་དབང་མེད། དཔེར་ན། དགེ་བཤེས་ཁྱོད་ལྟ་བུ་དགེ་སློང་ཚོ་ལ་ཆོས་ཕྱོགས་ཀྱི་ལྟ་སྟངས་བྱས་ན་གཉེན་སྒྲིག་གི་རང་དབང་མེད། ལྷག་པ་ཏུ་མཚན་མཐུན་གཉེན་སྒྲིག་ཙམ་ཡང་བྱེད་མི་ཆོག ཆོས་ཁྲིམས་དང་འགལ་བ་རེད།
ཆོས་ཕྱོགས་ཀྱི་ལྟ་སྟངས་དང་ཆབ་སྲིད་ཀྱི་ཕྱོགས་ནས་ལྟ་སྟངས་ཡོད་པའི་མ་ཚོད་འདི་གཉིས་ཁ་ཁར་ཡིན། མི་མཐུན་སའི་ས་ཆ་མང་།
ངས་རེ་བ་བྱས་ན་དད་པ་ལོག་སྤྱོད་པའི་ལམ་དུ་མི་ཞུགས་པའི་རེ་བ་ཡོད། དད་པ་དེ་དད་པའི་ས་རུ་འཇོག་རོགས། དད་པ་དམ་ཚིག་གི་དར་ཆ་ཕྱར་ནས་བོད་ཀྱི་འཇིག་རྟེན་མི་ཆོས་འཛིན་པའི་གང་ཟག་རྣམས་ལ་གཉའ་གནོན་མི་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད།།
དགེ་བཤེས་ལགས་ཀྱིས་བོད་མིར་རྒྱ་གུང་བྲན་གྱི་གཤིས་ཀ་ཞུགས་པ་འདི་དམིགས་བསལ་སྨད་པའི་གནས་སུ་འཇོག་དུས། འོ་ན་་་་བོད་མི་ལ་དབྱིན་ཇི་མགོ་སེར་དང་མི་ནག་་ཁ་ཆེ་དཀར་དམར་སོགས་ལས་འབྲས་རྩ་ནས་ཁས་མི་ལེན་པའི་ནད་ཀྱིས་ཟིམ་ཡོང་དང་ཡོད་བཞིན་པ་འདིར་གཟིགས་ཚུལ་གང་ཡོད་དམ། མ་གཞི་ནས་དགེ་བཤེས་ལགས་སྲིད་དོན་ནང་འགྲིམ་ཆེ་ན་ཁས་ལེན་སྡོམ་པ་རྣམས་རྩྭ་རལ་དུ་འགྲོ་བཞིན་ཡོད་པར་རྒྱངས་ཤེལ་གྱིས་བྱ་ར་མ་གཏོགས་སྡོམ་མེད་མགོ་རིལ་ཆོམ་ཀུན་ཞིག་ལ་འགྱུར་དུས་ཕྱིས་དྲགས་རེད་གདའ།
དགེ་ཤེས་ལགས། གུང་ཁྲན་ཏང་གི་བདག་དབང་ལ་བརྩི་འཁུར་ཞུ་རྒྱུ་དང་རྩ་ཁྲིམས་ལ་ངོས་ལེན་བྱེད་མཁན་ཚོ་གུང་ཁྲན་གྱི་གཤིས་ཀ་མ་ཡིན་པའི་རྒྱུ་མཚན་དང་སྒྲུབ་བྱེད་ཡང་དག་ཅིག་བཤོད་དང་ཟེར་རྒྱུ་ཡིན། ལྷག་དོན་དུ་བོད་ས་མ་ཤོར་སྔོན་ལྷ་སར་དབྱིན་ཇིའི་སློབ་གྲྭ་འཛུགས་འཆར་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་སུ་རེད་ཞིབ་འཇུག་བྱེད་རོགས། གསར་གཏོད་རང་བཞིན་ལ་ངོས་ལེན་བྱེད་མི་ནུས་པ་དང་དད་པ་དག་སྣང་དང་འགལ་སོང་ན། དངོས་ཤུགས་རྒྱུད་གསུམ་ནས་མགོ་བོ་བཅག་བཅག་བྱེད་དགོས་པའི་རང་གཤིས་དེ་དཀོར་འཚོ་རིང་ལུགས་པ་ཚོར་ཡོད་དགོས་པའི་རྒྱུ་མཚན་ཅི་རེད། འདི་ནི་བོད་མི་རིགས་ཀྱི་རྩ་དོན་མ་ཡིན་ལ་རྒྱལ་ཞེན་དང་མི་རིགས་ཀྱི་ལ་རྒྱ་ནི་དེ་བས་མིན། འདི་ནི་སྔར་ནས་ད་བར་ལུས་དང་དྲི་མ་བཞིན་འགྲོགས་པའི་དཀོར་འཚོ་རིང་ལུགས་པའི་དཀོར་རྒྱུན་ལ་དོ་འཕོག་འགྲོ་ཉེན་ལ་དོགས་པ་གཅིག་པུ་དེ་རེད། དེ་མིན་ཀླུ་མཁར་བྱམས་ཀྱི་མི་གཞི་ལ་བརྩད་མི་དགོས་པར་ཁོ་པའི་སྒྲག་གཏམ་བཞི་ལ་ཞིབ་འཇུག་བྱེད་པའི་ནུས་པ་མེད་ལ། ཁོའི་སྒྲག་གཏམ་བཞི་པོ་དཀོར་འཚོ་རིང་ལུགས་པའི་ཀླད་པའི་རྒྱ་ཁྱོན་ནང་འཚུད་ཐུབ་པའི་སྟོང་ཆ་མེད་སོང་བ་དེ་རེད།
ཀླུ་བྱམས་ཁོ་རང་གིས་རང་ཉིད་སྲིད་སྐྱོངས་འཐོབ་རྒྱུ་མེད་པ་ལོས་ཤེས། འོན་ཀྱང་ཁོའི་མིག་ཡུལ་ངོ་མ་ནི་སྤྱི་ཚོགས་ཟིང་ཟིང་བཟོ་ནས་ཁོ་ཚོ་རབ་བཙན་ཕྱོགས་ཁག་ཟེར་བ་ཞིག་ཡོད་པ་སྟོན་མདོག་གི་ངན་ཇུས་འཐེན་ནས་དམངས་གཙོ་ཁ་ལ་ཁྱེར་ནས་འོས་མིར་ལང་གི་ཡོད་རེད། དེ་ལ་དགག་པ་རྒྱག་མཁན་ཇི་ཙམ་མང་ན་དེ་ཚོད་ཀྱི་རང་ཉིད་སྲིད་དོན་པ་གྲགས་ཅན་ཞིག་ལ་འགྱུར་བའི་རེ་བ་བཅིངས་བ་གསལ་པོ་རེད། ༧ གོང་ས་མཆོག་དང་བོད་གཞུང་ལ་རྒྱལ་ཚོང་བ་རེད་ཟེར་མཁན་དག་གིས་མི་གཞི་དང་་བཀའ་དྲིན་བསམ་ཤེས་མེད་མཁན་མི་ཆ་ལི་ཆ་ལོ་སྨྱོན་པའི་བཟོ་འདྲ་པོ་དེ་བེད་སྤྱོད་བཏང་སྟེ་རྩེད་ཆས་བྱེད་ཀྱིན་ཡོད་རེད། ཆག་བཞག་ཡོད་པ་ཞིག་ལ་མ་བཞག་པར་མི་ངན་པའི་ཁ་མ་སློང་། ཁྱི་ངན་པར་རྡོ་ཁ་མ་བྱས་ཟེར་བ་ལྟར་བྱས་ན་ཡག་ཤོས་རེད།
རྩོམ་དེ་ལ་དྲང་བདེན་ཟེར་རྟ་རྔ་ཙམ་ཞིག་མི་འདུག་་་ཚང་མ་ཆོས་ཕྱོགས་ཀྱི་དག་སྣང་གིས་རྒྱུད་རླན་ནས་བྲིས་འདུག་པས་་་་ཆབ་སྲིད་ཀྱི་ངོ་མ་དྲི་མ་མི་འདུག་་གང་ཕྲན་གཤིས་ཀ་ལ་ཧ་ལས་ཅི་ཡོད་ན་་་རྒྱལ་བ་རིན་པོ་ཆེའི་ངའི་ཕྱེད་ཀ་གང་ཕྲན་ཟེར་བ་དེ་ཙམ་ཡང་ཐོས་མེད་པ་འདྲ་་་་མ་གཞི་ཤ་ཚ་་་སྤྱི་ཚོགས་རིང་ལུགསམ་གང་ཕྲན་རིང་ལུགས་ཀྱི་ལྟ་གྲུབ་ལ་རྒྱུད་མངའ་ཟེར་མེད་པ་འདྲ་་་བོད་དམག་གིས་འཛམ་གླིང་སུམ་གཉིས་དབང་དུ་བསྒྱུར་ཚུལ་བཤད་མི་ཆོག་ཟེར་་་དེང་སོང་ཆབ་སྲིད་ཚང་མ་མི་ལ་པད་ལས་དང་ངོས་དགའ་བཤད་བཞག་པ་དེའིས་་གྲུབ་ཞིག་ཐུབ་མི་སྲིད་པ་འདས་པའི་ལོ་བཞི་བཅུ་དང་ལྔ་བཅུ་ནང་ཧ་གོ་ཚོད་ཡི་་་་དང་པོ་རང་བཙན་ནས་་་་དེ་ནས་ཚད་མཐོའི་རང་སྐྱོང་ཧ་ཀོང་དང་ཨོ་མན་ལྟར་བུ་་་དེ་ནས་ཆོལ་གསུམ་གཅུག་ཏུ་འདུས་པའི་རང་སྐྱོང་་་དེ་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གང་གསལ་ཡོད་ན་དེ་ཙམ་ཡོད་ན་འགྲིགས་ཟེར་་་ད་ཕལ་རྩ་དོན་ལ་རྩོད་བསྡད་ཡ་རྩ་དོན་ཞིག་མེད་ཆགས་ཟིན་་་་་ད་ནི་རང་དབང་ལུང་པ་ནང་ལའང་རང་བཙན་དང་་་་རྒྱ་ནག་གིས་བྱས་བཞག་པ་རྣམས་ཐེར་སྟོན་བྱས་ནས་འབོད་ཚིག་ངན་འབོད་མི་ཆོག་ཟེར་་་རྒྱཇ་མཚན་ངོ་ནི་མི་དམངས་ལ་ཕོག་ཐུག་འགྲོ་རེད་ཟེར་་གང་ལྟར་བཤད་སྙིང་པོ་ལ་་་རྒྱ་གཞུང་དང་མི་་དམངས་གནོད་པའི་ལས་ཀ་དང་ཕར་ཞོག་་སེམས་ཕོག་ཚིག་བཤད་མི་ཆོག་ཟེར་་་དེ་ལ་ཆབ་སྲིད་ཟེར་ཡིན་ཆོས་ལུགས་ཟེར་རེད་་་་སྔ་མ་བྱམས་གདོང་བླ་མས་ཆབ་སྲིད་ལ་ཆོས་ལུགས་ཤན་ཞུགས་ཡ་མང་དྲགས་ནས་་་གཞོན་སྐྱེ་ཁ་ཤས་འུར་ཐུག་ནས་་་སུམ་ཅུ་དུས་དྲན་ལ་ནམ་ཡང་སྐད་འབོད་རྒྱག་ཡ་མི་འགྲོ་ཟེར་ནས་གནའ་བ་དེ་འདྲ་བོད་ཀྱི་དུས་བབས་ཐོག་ལ་ཐོན་ཡོད་
ད་ཉག་ཉོག་བཤད་ནས་ཅི་ཕན། མདོར་ན་དད་པ་ལོག་སྤྱོད་པ་ཚོ་ཀླུ་མཁར་དང་མཉམ་དུ་བསྡད་དེས་གནས་ལུགས་བཤད་པའི་སྤོབས་པ་མེད་ལ། རྒྱབ་ནས་རྐུན་པོ་བཞིན་བཟུག་བསྡད་པ་དེ་རེད། དྲང་བདེན་དང་སྤོབས་པ་ཡོད་པའི་གནས་ལུགས་ཤིག་བཤད་རྒྱུ་ཡོད་ན་ཀླུ་བྱམས་དང་གྲོས་རྭ་གཅིག་ཏུ་འཛོམས་ཏེས་གནས་ལུགས་ཀྱི་བརྡར་ཤ་ཆོད་ན་དྲང་བདེན་སུ་ལ་ཡོད་མེད་བལྟ་ཆོག་གི་རེད། དེ་ལས་གཡོལ་འགྲོ་མཁན་ཚོ་རང་སྣོང་ངེས་ལེན་བྱས་ཏེས་འགྲོ་གིན་མུག་ཤི་བགྲངས་མཁན་ཞིག་ལས་ཅང་མ་རེད།
དེས་ན་ཆོས་ལུགས་ལ་ཆབ་སྲིད་ཀྱི་གདོང་འབག་གྱོན་མཁན་དགེ་ཤེས་ལགས་མཚོན་པས་དད་པ་ལོག་སྤྱོད་པའི་ངུ་འབོད་བྱེད་མཁན་ཚོ་ངོ་གདོང་ཕྱིར་བསྟོན་ཏེས་ཀླུ་མཁར་དང་འབྲེལ་ཐག་ཆོད་པའི་རྩོད་པ་ཞིག་བརྒྱག་རོགས། དེ་མིན་དྲ་དམག་ནི་དྲ་དམག་རང་རེད། རྒྱབ་ཏུ་ཡིབ་ཏེས་མུག་ཤི་བགྲངས་མ་བགྲངས་ཡོད་པ་མ་རེད།
འདིར་དགེ་བཤེས་ལགས་ཀྱིས་རིག་པས་ཡག་པོ་སྒྲུབ་འདུག གང་ལྟར་བེར་གདོང་ལགས་ཀྱིས་གསུང་པ་དེ་རེད།དེ་ལས་ཡ་མ་བྱས་ན་ནུས་པ་མི་ཐོན་པ་རེད
མཐོ་པོའི་དཔོན་ལ་སྐྱོན་བརྗོད་བྱེད་མི་ཆོག
ཉམ་ཆུང་འབངས་ཀྱི་རང་དབང་གླེང་མི་ཆོག
མི་ཆོག་འདི་གཉིས་འཛོམ་པའི་སྐྱེ་བོ་ལ།
སྒེར་གཅོད་གུན་ཁྲན་དམར་པོའི་གཤིས་ཀ་ཡོད།།
དཔོན་དང་མི་མཐུན་གཏམ་བཤད་བྱེད་མི་ཆོག
གཞུང་ལ་ཟུར་ཟའི་དགག་ཚིག་འཕེན་མི་ཆོག
མི་ཆོག་འདི་གཉིས་འཛོམ་པའི་སྒྲིག་འཛུགས་ལ།
སྒེར་གཅོད་གུན་ཁྲན་དམར་པོའི་གཤིས་ཀ་ཡོད།།
གཞུང་ལ་རྒོལ་བའི་གསར་འགྱུར་འགོད་མི་ཆོག
དཔོན་ལ་རྒོལ་བའི་ཚིག་མཚོན་འདེབས་མི་ཆོག
མི་ཆོག་འདི་གཉིས་འཛོམ་པའི་དྲ་ཚུགས་ལ།
སྒེར་གཅོད་གུན་ཁྲན་དམར་པོའི་གཤིས་ཀ་ཡོད།
དཔོན་ལ་རྒོལ་བའི་རྩོམ་ཡིག་འབྲི་མི་ཆོག
དམངས་ལ་དགོས་པའི་དམངས་གཙོ་གླེང་མི་ཆོག
མི་ཆོག་འདི་གཉིས་འཛོམ་པའི་ས་ཆ་རུ།
སྒེར་གཅོད་གུན་ཁྲན་དམར་པོའི་གཤིས་ཀ་ཡོད།།
བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་བཀའ་དྲིན་རྗེས་དྲན་ཞུ་ཡུལ། ༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཞོར་དུ། སྲིད་སྐྱོང་གི་འོས་ཤོག་ཐོབ་རེ་བྱེད་པ་ནི། དབྱུག་པའི་བཙན་གྱིས་སྤྲེའུ་འཁྲབ་སྟོན་བྱེད་བཅུག་པ་དང་སྒོ་ཀུན་ནས་མཚུངས་སོ།
དང་པོ་དེར། ཀླུ་བྱམས་སོགས་ཀྱི་གྱོད་དོན་ངོ་མ་དེ་ཟང་གདོང་རིན་པོ་ཆེ་ཡིན་ནི་རེད། སྙིང་ནད་ཀྱི་རྩ་བ་ལྡིང་ས་ཁོང་རེད། དེ་ནས་ཟང་གདོང་རིན་པོ་ཆེ་དང་ཁོང་གི་ཕྱོགས་བྱེད་པ་རྣམ་ལ་སྡང་། མཐའ་མ་དེར་ཁོ་ཁ་རང་བཙན་ཚོགས་པའི་ལག་རྡོ་བྱེད་སའི་རྐུབ་སྟེག་རེ་རེག་པ་དང་། ཧམ་པ་ཆེ་རུ་ཕྱིན། སྐབས་དེར་ཁོས་དགྱ་ལྟ་འདྲ་བོ་བྱས་ནས། ༧གོང་ས་མཆོག་ལ་ཡང་ཟུར་ཟ་བྱ་དགོས་བར་ཐུག། མཐའ་མ་དེར། དོལ་རྒྱལ་བའི་བསམ་དོན་འགྲུབ། ཀླུ་བྱམས་དང་དོལ་རྒྱལ་གཉིས་ཀྱིས་མཉམ་དུ་༧གོང་ས་མཆོག་ལ། སྐུར་འདེབས་དང་སྨྲད་སྒྲ་ངག་ཡིག་གཉིས་ཐོག་ནས་གང་ཐུབ་སྤེལ།
དུས་དེར་དགྱ་མའི་མང་གཙོ་དོན་གཉེར་བ་ཡིན་མདོག་པའི་དགྱ་ལྡོམ་འགའ་དང་ལྷན་དུ་ལྟོ་ཟ་ལྟོ་འཐུང་བྱས། ༧གོང་ས་མཆོག་དང་མི་དྲག་ཚོ་ཕམ་པར་རྒྱག་ཐུབ་ན། བོད་ལ་རང་བཙན་སླར་གསོ་ཡོང་མདོག་གི་ལམ་སྟོན་ཆབ་སྲིད་ཀྱི་ཆང་གཞེས་མཉམ་དུ་བླངས།
ཉིན་དེ་ནས་བཟུང་། སྐལ་མེད་སར་སྐེ་སྲིང་། ལུས་མི་ཆུད་ས་ལ་མགོ་བཙང་ནས། དང་བླང་གིས་དཀྲུག་ཁྲི་བཙན་གྱིས་བཟུང་། བཙན་བྱོལ་བོད་མའི་ཚོགས་སྡེ་ཆུང་ཆུང་གི་གྲུ་ཁ་རེ་ནས། ཁ་གཅིག་ལྕེ་གཉིས་ཀྱིས། གོང་གི་དཔོན་ལ་སོ་ཨེ་ཐོབ་ལྟོས། མཉམ་གྱི་འབངས་ལ་དུག་ཨེ་ཐོབ་ལྟོས་ནས། དབྱིན་དགྱ་བོད་གསུམ་གྱི་ཡིག་རིགས་ལ་འཆལ་གཏམ་སྤེལ་ནས། མང་གཙོ་མི་དག་རབས། ལ་རྒྱ་མི་འཛིན་རབས། བོད་ཞེན་མི་ཆེ་རབས་བཤད། འབངས་གོང་འོག། བོད་ཕྱི་ནང་བར་ལ་ནང་འཁྲུག་གི་འཁོར་ལོ་སྐོར་བར་རེ།
སྐབས་འདི་འདྲ་ལ་ཐུག་དུས། ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོས་མ་རིག་མ་གོ་མི་ཟེར་བར། མྱི་འདི་འདྲ་ཅན་པོ། མང་གཙོ་ཡང་དག་གི་ཁྲིམས་ཁ་ལ་ཁྲིད་དགོས་བར་འདོད།
ལྷ་མེད་ཀླུ་མེད་ཅན་ཚོ་གཉིད་སད་ཞིག་དང་། ཁ་ཕོ་རང་བཙན་བཤད་ན་དཔའ་པོ་ཞིག་ཡིན་མདོག་གི་བསམ་བློ་འདི། རང་དང་བཞན། བོད་ཀྱི་འདས་མ་ད་གསུམ་ལ་ཤ་ཚ་རེ་བྱས་ནས། ངན་པ་ལ་ཆུ་དང་། བཟང་ལ་ཇ་སྟེར་བའི་དུས་ལ་བབས་འདུག་པ་ཤེས་སུ་སོ།
http://bangchen.net/achok-rinpoche-returned-to-tibet-settle/
སྐུ་ངོ་སྤེན་ཚེ་རྒྱབ་བསྐྱོར་པ་ཚོ་འུ་ཐུག་ཤག ད་འདས་པོ་གོང་ཐང་ཚུལ་ཁྲིམས་ལ་བཟོ་སྟངས་དེ་མི་འདི་ཚོས་ལས་མི་ཡོང་ངམ་བསམ་བསམ་འདྲ་ཞིག་འདུག གཟབ་གཟབ་ཡིན་ད།
དགེ་བཤེས་ལགས་ཀྱིས་གནས་ལུགས་གསལ་སྟོན་གནང་འདུག འོན་ཀྱང་དྲ་འབུ་མགོ་སྟོངས་ཚོས་ཉན་ཤེས་ལེ་མ་རེད།
ཅོ་རི་ཉི་མ་་་་་༡༽་ཆོས་ཀྱི་ལྟ་སྟངས་མེད་སུས་ལབ་འདུག ༢༽ གྲྭ་པ་ལ་གཉེན་སྒྲིག་གི་རང་དབང་མེད་ན་ཁྱོད་ལ་གཉེན་སྒྲིག་གི་རང་དབང་དེ་ག་ནས་བྱུང་བ་རེད་་་གྲྭ་ལོག
ཐུགས་རྗེ་ཆེ།ཡག་པོ་བྲིས་འདུག
ཅོ་རི་ཉི་མ་ཟེར་བ་དང་ཀརྨ་བློ་གསལ་ཟེར་བ་གཉིས་ཀྱི་དམིགས་ཡུལ་ག་རེ་ཡིན་མིན་མི་ཤེས་མོད། ཁོ་གཉིས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་ཁུལ་གྱིས་མཆན་བྲིས་པ་ཚང་མ་བྱ་རོག་སོར་རྟོག་གི་བསྟན་བཅོས་ལྟར་བརྗོད་བྱའི་སྟོང་བ་ལས་ཅི་ཡང་མི་འདུག གཅིག་གིས་གཅིག་ལ་ཚིག་ངན་རྐྱང་བཤད་བསྡད་ན་ཆུ་ཚོད་འཕྲོ་ལག་རེད་བྱ།
དེ་ལས་ཁྱེད་གཉིས་ཀླུ་བྱམས་ལ་འབྲེལ་བ་བྱས་ཏེ། ཁོས་གསར་བཏོད་གནང་བའི་ཆབ་སྲིད་ཀྱི་གཏན་ཚིགས་རིགས་པའི་མཚན་ཉིད་དང་། དེའི་ཁྱབ་ཁོང་གི་ས་མཚམས། དབྱེ་བ་སོགས་འཇོག་ཐུབ་ན། ད་གཟོད་ང་ཚོ་བགྲོ་གླེང་གནང་ཚེ་ལག་པ་འཆང་ས་ཞིག་རག་གི་རེད། དེ་མིན་ཁྱེད་ཚོས་བཤད་པ་ཚང་མ་ཆུ་ནང་རྟུག་དྲི་བཏང་བ་དང་གཅིག་པ་རེད། ཆོས་དང་འཇིག་རྟེན་གཉིས་ཀྱི་མཚམས། ད་རུང་ཆོས་སྲིད་གཉིས་ཀྱི་ས་མཚམས། ཀླུ་བྱམས་འཁོར་བཅས་ཀྱི་དེ་བཞག་མ་ཐུབ་ན་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པ་དོན་དངོས་ཆགས་པ་རེད། སྔོན་བྱོན་མཁས་པ་ཚང་མས་འཇིག་རྟེན་ཆོས་བརྒྱད་དང་། ནང་བའི་ཆོས་གཉིས་མཉམ་དུ་ཡོང་གི་མ་རེད། ཆབ་སྲིད་ནག་པོ་དང་། ནང་ཆོས་གཉིས་མཉམ་དུ་ཡོང་གི་མ་རེད་གསུངས་པ་ལས། ཆོས་དང་འཇིག་རྟེན་གཉིས་མཉམ་དུ་ཡོང་གི་མ་རེད། ཆོས་སྲིད་གཉིས་མཉམ་དུ་ཡོང་གི་མ་རེད་ཟེར་མཁན་ཁྱེད་ཚོ་མ་གཏོགས་གཅིག་ཀྱང་བྱུང་མྱོང་ཡོད་མ་རེད། གལ་སྲིད་དེ་འདྲའི་ཚིག་གཅིག་ཡོད་ན་གོང་གི་དེ་ལ་སྦྱོར་ཤེས་དགོས་པ་ལས། སྒྲ་ཇི་བཞིན་པ་མིན་པ་དེ་དག་གི་འགྲེལ་བ་ལ་ལྟོས་ན་གསལ་ལོ།།
རྟེན་འབྱུང་ལགས། རྒྱལ་གཅེས་པ་ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་རིག་པའི་གཏན་ཚིགས་ཤིག་ག་པ་གསུངས་འདུག་གམ། ཁྱོད་ལ་མཁྲིས་ནད་ཕོད་པ་རེད་དམ། ཆབ་སྲིད་རིག་པའི་གཏན་ཚིགས་ཟེར་བ་འདི་ཀླུ་བྱམས་ཀྱིས་གསར་གཏོད་བྱེད་དགོས་པའི་རིག་གནས་ཤིག་ཨེ་ཡིན་ནམ།
ཁས་ལེན་མེད་ས་ལ་དགག་ལེན་འཕེན་སྟངས་ལ་བལྟས་ན་ཁྱོད་རང་བྱ་རོག་སོར་རྟོག་གི་བསྟན་བཅོས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ས་རེད་བསམས་བསམས་འདྲ་ཞིག་འདུག་ག
བགྲོ་གླེང་བྱེད་འདོད་ཡོད་ན་་ཀླུ་བྱམས་ཀྱིས་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་གསུངས་འདུག་ག དེའི་ཐོག་ཏུ་ད་ལྟའི་བར་དུ་སུ་ཡང་དགག་སྒྲུབ་བྱེད་ཐུབ་མཁན་བསླེབས་མ་སོང་། ཁྱོད་ཀྱིས་ཅིག་ཤེས་ཀྱི་ཡོད་ན་ཤོག་དང་་་་ག་ལུས་བརྩད་ཆོག་གི་རེད། དེ་མིན་ན་ཆུའི་ནང་དུ་བཏང་བའི་རྟུག་དྲི་བསྣམས་པ་དང་གཅིག་པ་རེད་ད།
རྟེན་འབྱུང་ཁྱོད་ཆང་འཐུང་སྤེན་ཚེའི་ཆང་འཐུང་གྲོགས་ཤིག་ཡིན་ནམ། ཁས་ལེན་མེད་ས་ལ་དགག་ཚིག་འཕེན་སྟངས་འདི་ཆང་འཐུང་སྤེན་ཚེའི་ཆབ་སྲིད་རིག་པ་རེད་དམ། བྷིས་ཡ་ཤེལ་དམ་གཡུགས་གཡུགས་བྱས་ནས་དགག་ཚིག་ཁྱད་མཚར་དེ་འདྲ་འཕེན་འོང་གི་འདུག་ག་་་་ཧཧཧ་་་ཆང་བཟི་འདི་ཚོ་ཡིན་ན་གང་དྲག
དགེ་བཤེས་ལགས་ཀྱིས་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད། འདི་ན་བཞུགས་པའི་དྲྭ་གྲོགས་རྣམས་ཀྱིས་དགོངས་པ་དག་མིན་ཇི་ལྟར་ཡང་། ངོ་གདོང་བཀབ་ནས་འགན་ཁུར་ཅི་ཡང་མེད་པའི་མཆན་བཏབ་པ་ལ་བཟོད་བསྲན་དགོས། སྤྱིར་བདེན་པ་ཉིད་ལ་རྒྱལ་ཁ་ལེན་པ་དང་། ཤེས་ཡོན་དང་ལྷག་བསམ་གྱིས་དབེན་པ་དག་གིས་གང་དྲན་དུ་སྨྲ་བའང་ཆོས་ཉིད་ཡིན། གོ་ལའི་ཁམས་འདིར་བྱམས་སྙིང་རྗེའི་ཉམས་ལེན་པ་རྣམས་ལ་རང་གི་དྲིན་ཅན་མ་ལས་ཆེས་དྲིན་ཆེ་བ་ཞིག་ཡོད་པ་ནི། རང་གི་དགྲ་བོ་དང་། མི་འདོད་པའི་རྐྱེན་ངན་བར་ཆད་དང་། ཆགས་སྡང་གིས་མྱོས་པའི་སེམས་ཅན་དག་ཡིན།
དགོངས་དྭངས། ༼ཆགས་སྡང་གིས་སྨྱོས༽ ཞེས་བཅོས་གནང་།
ཆབ་སྲིད་ལོག་སྤྱོད་པ་ཀླུ་བྱམས་འཁོར་དང་བཅས་པས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་ཡིན་རབས། བོད་མིའི་སྒྲིག་འཛུགས་ལོག་སྤྱོད་པ་ཡིན་རབས་བཤད་ནས་དད་ལྡན་མི་མང་གི་སེམས་ལ་རྨ་ཁ་བཟོ་བ་ལས། བོད་རང་བཙན་གྱི་དོན་དུ་ཅི་ཞིག་སྒྲུབ་མྱོང་བ་རེད། ཉིན་མ་གཅིག་ལ་ཟས་བཅད་ངོ་རྒོལ་ཞིག་ཀྱང་བྱེད་མྱོང་ཨེ་ཡོད།
ཆོས་དད་ཡོད་མཁན་བརྒྱ་ཆ་དགུ་བཅུའི་མི་མངས་མགོ་ཐོག་ཏུ། འགྲོ་འཁྲིད་ཆོས་དད་མེད་མཁན་ཅིག་གིས་དབང་ཆ་རྩོད་མཁན་དེའི་དཔྲལ་བར་མིག་མེད་པ་ཡིན་ནམ། མགོ་ནང་གི་ཀླད་པ་རུལ་ཚར་པ་གང་རུང་ལས་མ་འདས།