དགེ་འདུན་རབ་གསལ་གྱིས།
ང་ལ་བོད་པའི་མིག་ཅིག་ཡོད། ངས་རང་གི་བོད་པའི་མིག་འདི་འཁྱེར་ནས་འཇིག་རྟེན་མྱུལ། ངའི་གྲོགས་པོ་ཚོ་ལ་ཡང་བོད་པའི་མིག་དེ་ཡོད་ལ། ངའི་གཞུང་དང་ངའི་དཔོན་པོ། ངའི་བླ་མ་རྣམས་ལ་ཡང་བོད་པའི་མིག་དེ་ཡོད། བོད་པའི་མིག་དེ་ལ་ཡ་མཚན་མང་པོ་རྙེད།
ངའི་བོད་པའི་མིག་འདིས་ “འོ་མ་”ཞེས་པའི་བཏུང་བ་འདི་ནི་སེམས་ཅན་ལས་བཞོས་པ་ཤེས། ངའི་འཁྲིས་ཀྱི་ “བོད་པ་མ་ཡིན་པའི་མིག་”དེ་ཚོས་ “འོ་མ་”ཞེས་པ་དེ་འགྱིག་དམ་ཞིག་གི་ནང་དུ་ཡོད་པའི་བཟོ་གྲྭའི་ཐོན་རྫས་ཤིག་ཏུ་མཐོང་། ངའི་བོད་པའི་མིག་གིས་ཚོན་མདོག་དམར་པོ་དེ་མ་འགྲིག་པ་དང་ཉེན་ཁའི་རང་བཞིན་ཅན་དང་། ལྗང་ཁུ་དེ་ཉེན་མེད་དང་འགྲིག་པ་ཞིག་ཡིན་པའི་མཚོན་རྟགས་སུ་མི་འཛིན། གཞན་གྱི་”མིག་”གིས་དེ་ལྟར་འཛིན།
ངའི་བོད་པའི་མིག་འདི་སྲང་ལམ་འདམ་འབག་གིས་ཁེངས་པ་ལ་གོམས་ཡོད་སྟབས། རྡོ་གཅལ་བཏིང་བའི་རྒྱ་ལམ་ལ་ཡ་མཚན། དེ་ནི་གསར་རྙིང་གི་ཁྱད་པར་ཞིག་ལོས་ཡིན། ངའི་བོད་པའི་མིག་འདི་བྱམས་སྙིང་རྗེ་དང་། ཕ་མ་རྒན་རབས་ལ་གུས་ཞབས་བྱེད་རྒྱུར་གོམས་ཡོད་སྟབས། མཚམས་རེར་འཇིག་རྟེན་དུ་དམག་འཁྲུག་ཆེན་པོ་ལངས་སྐབས་ངའི་མིག་འདི་སྡུག་བསྔལ་གྱིས་བཏིམས། འདི་ནི་ “འཇིག་རྟེན་སྤྱི་ཡོངས་ཀྱི་མིའི་གཤིས་ཀ་”ཞིག་ཡིན་པར་འགྲེལ། ངའི་མིག་འདིས་བོད་ཡིག་དང་བོད་ཀྱི་བསམ་བློའི་འཁྱེར་སོ་དེ་བརྒྱུད་ནས་འཇིག་རྟེན་ཁམས་ལ་ལྟ། འཇིག་རྟེན་དུ་ཡོད་པའི་མི་རིགས་གཞན་གྱི་བྱ་སྤྱོད་ལ་ཧང་སངས་ཤིང་མཚམས་རེར་ཁྲེལ་དགོད་བྱེད། དེ་ནི་ང་ལ་འཆར་སྣང་ངམ་སྟོང་སེམས་ཀྱི་བསམ་བློ་ཡོད་པའམ་ཡང་ན། ང་ལ་ “དངོས་ཡོད་”ཐད་གོ་རྟོགས་ལེགས་པོ་ཞིག་མེད་པས་རེད་ཟེར། དེ་ལྟར་བསམས་སྐབས་ང་ཚོས་ཕྱི་ཡུལ་ནས་འཁྱེར་ཡོང་བའི་མིང་ཚིག་ “འཇིག་རྟེན་ལྟ་ཚུལ་ལམ་ Worldview” ཟེར་བ་འདི་ལ་ང་ནི་ངོ་མ་འཕྲོད་པའམ། ཡང་ན་ ངོ་འཕྲོད་ལ་ཉེ་བའི་སྐབས་ཤིག་ཡིན་པ་འདྲ།
འདས་པའི་ལོ་ངོ་སུམ་བཅུའི་རིང་གི་བོད་ཀྱི་ཤེས་ཡོན་སྤྲོད་སྟངས་དང་། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་སྤེལ་སྟངས། ཐ་ན་རྒྱ་ནག་དང་ཞི་འགྲིག་བྱེད་པའི་ཐབས་ལམ་ “དབུ་མའི་ལམ་”ཞེས་པའི་མིང་འདོགས་སྟངས་ཚུན་ནས་ “དངོས་ཡོད་རིང་ལུགས་” དང་ “ལག་ལེན་”ལ་མི་མཐུན་པ་རྐྱང་རེད་འདུག་ཅེས་གཞན་ཚོས་བཤད། ང་ཚོའི་བོད་པའི་མིག་གིས་དེ་དག་མི་མཐོང་བ་རེད། གཞན་གྱི་མིག་གིས་དེ་འདྲ་མཐོང་བ་རེད། ང་ཚོས་ “སོ་སོ་རང་གི་སྣང་བ་དག་ནས་བསྡད་ཡོད་པ་རེད།” ཟེར་བའི་བཤད་སྲོལ་ཡོད་པ་དེ་དག་ཀྱང་འདི་ལ་འབྱོར་འདུག་བསམས།
ངས་ཉིན་གཅིག་གྲོགས་པོ་ཞིག་ལ། “ཨ་རིའི་ཕོ་བྲང་དཀར་པོ་”ཞེས་བཤད། ཁོས་ “འདི་ནི་ཕོ་བྲང་དཀར་པོ་མ་རེད།”ཟེར། ངས་ “ཡིན་ན་ཡང་། བོད་སྐད་ལ་འདི་ལ་ཕོ་བྲང་དཀར་པོ་ཟེར་”ཞེས་ལན་བཏབ། ཁོས། “ཕོ་བྲང་ཟེར་བ་དེ་རྒྱལ་པོ་ལ་འབྲེལ་བའི་ཚིག་རེད། ཨ་རིའི་དེ་ནི་རྒྱལ་པོ་ལ་ལྟོས་མེད་ཅན་ཞིག་ཡོང་བར་དམིགས་ནས། ཆེད་དུ་ཁང་པ་དཀར་པོ་ཞེས་མིང་བཏགས་པ་རེད།”ཟེར། འདི་ལ་གོ་རྒྱུ་འདུག ངས་བོད་པའི་མིག་གིས་དེ་མ་མཐོང་བ་རེད།
འདི་ལྟར་བསམས་སྐབས། ང་ཚོ་ལ་བོད་པའི་མིག་ཆེན་པོ་ཞིག་ཡོད་ཚོད་འདུག ང་ཚོའི་བོད་པའི་མིག་འདི་ཆེ་དྲགས་ནས། སྐབས་མང་པོར་ང་ཚོས་བོད་པ་ལས་གཞན་མཐོང་གི་མེད་པ་འདྲ་ལ། མཚམས་རེར་ང་ཚོར་ཞེན་གོམས་སུ་སོང་བའི་དོན་དག་རྣམས་ལ་དགག་པ་རེ་སླེབས་སྐབས། ང་ཚོས་རྒྱུ་མཚན་དང་དངོས་ཡོད་ཀྱི་གནས་ཚུལ་ལ་མི་ལྟ་བར་ཐད་ཀར་བོད་པའི་མིག་དེ་སྤྱད་ནས་འགོག་རྐྱང་བྱེད་བཞིན་ཡོད་པ་འདྲ།
དྲ་བདག་མ་གཏོགས་རྩོམ་སྤེལ་མཁན་དང་མཆན་འདེབས་མཁན་དག་གིས་དྲ་ངོས་འདིར་འདྲ་པར་འཇོག་མི་ཐུབ་པ་དང་དྲ་ཚིགས་ཀྱི་ཁ་བྱང་ལུང་འདྲེན་བྱས་པ་ལ་ཐད་ཀར་ལྟ་ཀློག་བྱེད་མི་ནུས་པ་འདིར་རང་དབང་ཆེ་ཙམ་ཞིག་སྤྲོད་མི་ཐུབ་བམ། མི་ཞེས་པ་འདི་ནི་ཧམ་སེམས་ཀྱི་རྐྱལ་བ་ཞིག་ཡིན་པས་ད་དུང་འདོད་པ་མི་ཁེངས་ཀི་ཡ། བོད་ནང་ལ་ལྟོས་དང་། དྲ་ཚིགས་ཀྱི་རང་དབང་ལ་ཚོད་འཛིན་ཡོད་པ་མ་གཏོགས། དྲ་ངོས་སུ་ཞུགས་མཁན་དང་དྲ་བདག་གཉིས་ཀས་འདྲ་པར་འཇོག་པ་དང་དྲ་མིང་ལུང་འདྲེན་བྱེད་ཐུབ་པ་སོགས་ལ་དབང་ཚད་དམ་བེད་སྤྱོད་ཀྱི་ཁེ་དབང་གཅིག་མཚུངས་ལྟ་བུར་འདུག དྲ་གྲོགས་ཚོའི་ཚབ་བྱས་ནས་སྙན་ཞུ་འདི་ཕུལ་བ་ཡིན། དེ་རིང་གི་སྙན་ཞུ་འདི་ཐེངས་གཉིས་པ་ཞིག་ཡིན། ཐེངས་དང་པོར་གྲགས་འགུལ་མི་འདུག་པས་དེ་རིང་ཡང་སྙན་ཞུ་འདི་ལྟར་འབུལ་དགོས་བྱུང་སོང་། གཟའ་འཁོར་གཅིག་སྔོན་གྱི་ཐ་ཡེ་ལན་སྒྲིའི་གནམ་ཐང་དྲན་ནམ། མི་དམངས་ལ་སྟོབས་ཤུགས་ཡོད་པ་རེད་ད།
གོང་གི་སྙན་ཞུ་ཐེངས་གཉིས་པ་འདི་ནི་བོད་པའི་མིག་ཆེན་པོ་ཅན་གྱི་དྲ་བདག་ལ་ཕུལ་བ་ཡིན་གྱི། བོད་པའི་མིག་ཆུང་ཆུང་ཅན་གྱི་དྲ་བདག་ལ་ཕུལ་བ་མིན། ངས་ནམ་ཡང་དྲ་བདག་ལགས་སུ་བོད་པའི་མིག་ཆེན་པོ་ཐག་ཉེ་རིང་ཀུན་མཐོང་ཐུབ་པ་ཞིག་ཡོད་པའི་ཡིད་ཆེས་བཅངས་ཡོད།
བོད་པའི་མིག་འདིས་རྒྱང་རིང་གི་ཀུན་རྫོབ་བདེན་པ་མཐོང་ཐུབ་ལ། ཐག་ཉེ་སའི་དོན་དམ་བདེན་པ་ཡང་མཐོང་ཐུབ། ཡིན་ན་ཡང་བོད་རང་གི་དོན་དག་མཐོང་མི་ཐུབ།
། ག་ས་གང་དུ་ཐོབ་ཐང་སྣ་ཚོགས་རྩོད། གླིང་དང་གླིང་ཕྲན་ལྕགས་ཀྱི་གཤོག་པས་འཇལ། དགེ་ལུགས་སྐུ་ཞོགས་རྙིང་མའི་སྤྲུལ་བའི་སྐུ། ཀླུ་ཡི་མཚན་ཅན་གང་དེའི་ཞབས་དྲུང་དུ།
བོད་པའི་མིག་དང་བོད་པའི་རྣ་བ་འདི། གཟུགས་དང་སྒྲ་ལ་ཚོད་འཛིན་བྱེད་མཁན་ཏེ།
རྒྱ་གར་རྒན་པོ་ཁ་སྤུ་ཅན་དག་གིས། བོད་པའི་དབང་པོའི་རྒྱལ་ཁམས་དབང་དུ་བསྡུས།
འདོད་ཡོད་ལྔ་བོ་ཕྱི་ཡི་ཆོས་ཡིན་ཞིང༌། དབང་པོ་ལྔ་པོ་དེ་ཡི་ཁ་སྤྲོད་དེ། འདོད་ཡོན་དགྲ་རུ་ལྟ་བའི་རིགས་ཤིག་ལ། དབང་པོ་ལྔ་ཡང་སྤྱོད་སྒོ་གཞན་དུ་གྱུར།
ཁ་ནས་འདོད་ཡོན་ཉེས་དམིགས་འཆད་བཞིན་དུ། དོན་དུ་འདོད་པའི་འདམ་དུ་བྱིངས་པ་ཡི།
སྤྲུལ་སྐུ་ཞེས་པའི་རིགས་སུ་གཏོགས་པ་ཀུན། སྒང་བ་བོད་ཀྱི་འདོད་པའི་རྒྱལ་བོ་ཡིན།
བོད་ཀྱི་ཁོར་ཡུག་གངས་ཀྱི་ར་བས་བསྐོར། བོད་ཀྱི་བསམ་བློ་སྣ་གཅིག་ལྟ་བས་བསྡམས།
ཕྱི་ནང་བཀག་རྒྱ་བཙན་པའི་འཇིག་རྟེན་དེའི། དབང་ལྔ་ཁ་ལོ་སྤྲུལ་བའི་སྐུ་ཡིས་བྱེད།
ཀླུ་སྨྱོན་ཁྱེད་ཀྱང་རིག་པའི་སྐྱེས་བུ་ནས། ལྐོག་གྱུར་གསང་བའི་མིང་གི་གྲལ་རིམ་ལ།
ཞུགས་པའི་སྤྲུལ་སྐུ་འདོད་པའི་རྐྱལ་བ་སྟེ། འཇིག་རྟེན་འདི་ལ་རྩོད་གཞི་སྣ་ཚོགས་སློང༌།
ལྷག་པར་དེང་སྐབས་སྤྲུལ་སྐུའི་མངོན་ཤེས་ལས། མདོ་སྨད་པ་ཡང་བོད་པ་མིན་པ་མཐོང༌།
ཨ་མདོ་བ་ལ་རང་བཙན་མེད་པར་མཁྱེན། འདི་འདྲ་དེ་ཡང་སྤྲུལ་སྐུའི་མཛད་པར་ངེས།
འཇིག་རྟེན་གཞན་གྱི་མིག་གིས་མ་མཐོང་བའི། སྤྲུལ་སྐུ་ཞེས་པའི་གསང་བའི་ཆོ་ལོ་འདི།
བོད་པའི་མིག་གིས་མཐོང་བའི་ཉིན་ནས་བཟུང༌། ནང་བསྟན་ཆོས་ལུགས་དུམ་བུ་དུ་མར་གྱེས།
སྤྲུལ་སྐུའི་གོ་དབང་སྲིད་དུ་འདྲེས་ཉིན་ནས། བོད་པའི་སྤྱི་ཚོགས་དུམ་བུ་བརྒྱ་རུ་འཐོར།
དོལ་རྒྱལ་ཞེས་པའི་དམ་ལོག་འགོང་འདྲེ་ཡང༌། སྤྲུལ་སྐུའི་མིང་གི་འོག་ནས་ཐོག་མར་བྱུང༌།
བོད་པའི་མིག་གིས་སྤྲུལ་སྐུ་སེར་པོར་མཐོང༌། སྤྲུལ་སྐུའི་མིག་གིས་བོད་པ་ནག་པོར་མཐོང༌།
སེར་ནག་ཚོན་ཁ་མཐོང་ལུགས་སོ་སོ་ལས། ངེས་པ་དོན་དུ་ཁ་དོག་གཅིག་པ་ཉིད།
བོད་མི་གཞུང་དྲང་ཅན་གྱི་མིག་ལམ་ནས། སྤྲུལ་སྐུའི་ཁ་དོག་ད་དུང་མ་ཡལ་ཡང༌།
སྤྲུལ་སྐུ་འདོད་སྲེད་ཅན་གྱི་ཐུགས་སེམས་ནས། བོད་པ་བརྗེད་དེ་གླིང་ཕྲན་གཞན་དུ་ཕྱོགས།
འདི་ནི་ཁྱེད་ལ་སྨོད་པ་མ་ལགས་ཏེ། བོད་པའི་མིག་གིས་ལྟ་སྣང་སྣ་ཚོགས་ལས།
ངོ་མཚར་སྤྲུལ་སྐུ་མཐོང་བའི་ཟུར་སྣེ་ཙམ། སྤྲུལ་སྐུ་ཁྱེད་ལ་ཡར་ཞུ་བྱས་པ་ཡིན།
མི་ཡི་ཁོག་ལ་ལྷ་ཡི་རྣམ་ཤེས་ཤིག། ཞུགས་ཏེ་ལྷ་ཉིད་མི་རུ་སྤྲུལ་བའམ། མི་ཡི་རྣམ་ཤེས་ལྷ་རུ་བརྫུས་གྱུར་ནས། འཇིག་རྟེན་འདི་ལ་རྫུན་ཆེན་བཤད་དམ་ཅི།
འདི་ནི་ང་ཚོའི་མིག་གིས་མཐོང་སྟངས་དང༌། འདི་ནི་ང་ཚོས་དབང་བོས་མྱོང་ཚུལ་ཏེ།
འདི་འདྲ་དེ་ཡང་མ་རུང་སྡིག་ཉེས་སུ། བརྩི་བ་སྤྲུལ་བའི་སྐུ་ལ་ཡོད་པ་ཤེས།
འོན་ཏེ་བློ་དང་སྤྱོད་པའི་ཡོན་ཏན་ལས། གཞན་ལས་འཕགས་པའི་སྐྱེས་བུ་སུ་ཡིན་ལ།
གཙུག་ཏུ་བཀུར་ལས་གསང་བའི་ཆོ་ལོ་ལ། གུས་པའི་བོད་པའི་མིག་དེ་ང་ལ་མེད།
དུས་རབས་གསར་པའི་སྤྱི་ཚོགས་ཆེན་པོ་འདི། ཕྱོགས་དང་མཚམས་ནས་སྣ་མང་ཅན་དུ་བསྐྱོད།
བོད་པ་གཅིག་པོས་སྔ་མོའི་མིག་གཅིག་གིས། འཇིག་རྟེན་འདི་ལ་བལྟས་པས་ག་ལ་འགྲིག
སྟག་རི་གཉན་གཟིགས་ཀྱི་སྤྱན་གཤགས་བཅོས་ཀྱི་ཕྱེ་བའི་རྗེས་ནས་བརྟེན་འབྲེལ་གྱི་དབང་གིས་བོད་པའི་མིག་ཇེ་ལེགས་སུ་སོང་ཡོད་འདུག འོན་ཀྱང་བོད་པའི་མིག་གི་སྐྱོན་ཆེ་ཤོས་གཅིག་ཡོད་པ་རེད། དེ་ནང་ལོག་གི་རྩོད་རྙོད་ཆུང་ཆུང་རིགས་རིའི་རྒྱལ་བོ་རི་རབས་ནང་བཞིན་ཆེ་ཤོས་ལ་བརྩི་བ་རེད། ངོ་མ་ཡིན་ན་རིའི་རྒྱལ་བོ་རི་རབས་ཆེ་ཤོས་ཡིན་རྒྱུ་ཕར་ཤོག་མཐའ་ན་མཇེ་མགོ་ཙམ་ཡང་བསྟོན་རྒྱུ་ཡོད་པ་མ་རེད། དེ་བཞིན་དོལ་རྒྱལ་ཕྱོགས་ཀྱིས་༧རྒྱལ་བ་རིན་པོས་ལོ་རྒྱུས་དང་གྲུབ་མཐའ་ནང་གྱི་ཁུལ་མཐུན་འབྲེལ་བཅས་དགོས་པ་དམིགས་བསལ་ལ་གཟིགས་ནས་དེ་བསྟེན་མི་རུང་བའི་བཀའ་སློབ་ལམ་སྟོན་ནན་ཙམ་གནང་བ་ཉན་ཤེས་བརྩི་འཇོག་བྱེད་མ་ཐུབ་ཀྱང་། བོད་མི་འབུམ་ཕྲག་མང་པོ་དམར་གསོད་གཏོང་མཁན་དང་དང་། ཐ་ན་ཇོ་རིན་པོ་ཆེའང་སྐུ་སྟོད་སྨད་ཕྲལ་ནས་མདེའུ་བཟོ་སྤྱད་ལ་ཁྱེར་མཁན་གྱི་རྒྱ་དམར་ལ་འཐབ་རོགས་བྱས་ནས། གཉན་འཕྲང་ལ་སླེབས་པའི་བོད་མི་རིགས་ཀྱི་མགོ་ལ་རྡོག་བརྫིས་གཏོང་རོགས་བྱེད་ཕོད་པ་སོགས་མིག་སྐྱོན་ཅན་གྱི་བོད་མི་གང་མཚམས་ཡོད་པ་བདེན་ཤག་རེད། རྒྱལ་བ་རིན་པོས་དོལ་རྒྱལ་ནན་འགོག་ཙམ་བྱས་པར་ཆོས་ལུགས་དད་མོས་རང་དབང་ཟེར་ནས་རྒྱལ་སྤྱིའི་ཐོག་འུར་སྒྲོག་བྱེད་ཐུབ་པ་དང་། རྒྱ་དམག་གིས་གྲྭ་བཙན་དང་བོད་མི་ཉེས་མེད་ག་ཚོད་གསོད་ཀྱི་ཡོད་པ་མིག་གིས་མི་མཐོང་བར། ད་དུང་བོད་མི་ནང་ཁུལ་གྱི་གནས་ཚུལ་དེ་ཚོ་རྩོད་ཕོད་པ་ཧ་ལས་པའི་སེམས་པ་སྐྱོ་བོ་རེད། ནང་ཁུལ་གྱི་གནས་ཚུལ་དེ་འདྲ་རེ་བྱུང་བ་དང་དགྲ་བོར་མགོ་དགོས་ན་དེ་ནས་མི་རིགས་དེ་ཚར་བ་རེད། མི་སྤྱི་ཚོགས་ནང་གླེང་རྙོག་དེ་ཙམ་མེད་པར་གནས་ཐབས་མེད་པ་ལོས་ཆོས་ཉིད་རེད། རྒྱ་མིའི་དངུལ་དང་འབྲེལ་བ་ཡོད། བོད་པའི་ལ་རྒྱ་མི་མཐོང་བར་ཆོལ་ཁའི་ལ་རྒྱལ་ལ་མཐོང་། ནང་བ་སྤྱིའི་ལ་རྒྱལ་མི་མཐོང་བར་ས་དགེ་བཀའ་རྙིང་སོགས་ཀྱི་ལ་རྒྱལ་གསལ་བོ་མཐོང་བ་སོགས་བོད་པའི་མིག་འདིས་ཆེ་ས་མི་མཐོང་ཡང་ཆུང་ས་མི་ནོར་བ་འདུག མང་ཡང་དུས་ཚོད་ཉུང་བས་སྤུས་དག་ཅིག་འབྲི་ལོང་མ་བྱུང་བས་དགོངས་སེལ། སྟག་ནག་སྨྱོན་པས།
བོད་མིའི་མིག་ཁ་ཤས་ཕྱི་འགྲིབ་ནང་གསལ། ཆེ་འགྲིབ་ཆུང་མཐོང་གི་མིག་ལས་ངན་ཞིག་ཡིན་པ་འདྲ།
ཁོ་བོས་དངོས་ཡོད་ལོ་རྒྱུས་གུང་བསྒྲིགས་ཏེ། །
ཨ་མདོར་བོད་ཀྱི་རྒྱལ་པོའི་གདུང་རབས་ཀྱིས། །
བོད་སྲིད་དབང་སྐྱོང་བའི་ལམ་ལུགས་མཇུག་བསྒྲིལ་རྗེས། །
མདོ་ཁམས་རང་བཙན་ལོ་རྒྱུས་མེད་ཅེས་པར། །
དབུས་གཙང་ཕྱོགས་ནས་རྒྱ་དམག་ལོ་ཤས་རིང་། །
མཐར་སྐྲོད་བཏང་བས་བོད་ཡུལ་ཆོལ་གསུམ་ཁྱོན། །
རང་བཙན་ཡིན་པར་སྒྲུབ་པའི་མཁས་པ་ཚོ། །
འོ་ན་དེ་དུས་མདོ་ཁམས་རྒྱ་དམག་གིས། །
དབང་སྒྱུར་བྱེད་བཞིན་ཡོད་པས་ཆོལ་ཁ་གསུམ། །
རྒྱ་འོག་ཡོད་པར་བསྒྲུབ་ན་ཅིས་མི་ཆོག །
རིགས་པ་མགོ་མཚུངས་ཟེར་བ་འདི་འདྲ་རེད། །
ཁོ་བོས་ནམ་ཡང་ཨ་མདོ་བོད་པ་མིན། །
ཟེར་མ་མྱོང་ཡང་ཨ་མདོར་བོད་པ་དང་། །
བོད་སྐད་ཟེར་བ་ལྷ་ས་བ་ལ་གོ །
ཟེར་ལུགས་འདི་ཡི་མགོ་ཁུངས་གང་ཞིག་ལ། །
གཏོགས་དགོས་མ་ཤེས་ཁྱོད་ཚོར་དྲིས་པ་ཡིན། །
དབུས་གཙང་རྒྱ་དམག་ཕྱིར་འབུད་ཆོལ་གསུམ་གྱི། །
རང་བཙན་དར་ཆར་སྒྲེང་བ་ངོ་ཚའི་གནས། །
གལ་སྲིད་ཆོལ་ཁ་གསུམ་ནས་རྒྱ་སོག་གི །
དབང་ཤུགས་མེད་དུས་རྙེད་ན་ཁྱོད་ཚོ་རྒྱལ། །
དེ་འདྲའི་བསྐལ་པ་བཟང་པོའི་ལོ་རྒྱུས་ཤིག །
མེད་པར་རྒྱ་སོག་དམག་གིས་གང་འདོད་དུ། །
དབང་སྒྱུར་བྱས་པའི་ལོ་རྒྱུས་རྨ་མེད་པ། །
འདི་དག་ཁས་ལེན་བྱེད་ན་དེ་དུས་སུ། །
བོད་ཀྱི་བདག་དབང་རྒྱ་སོག་ལག་པ་རུ། །
ཤོར་བའི་དངོས་ཡོད་ལོ་རྒྱུས་ད་དུང་ཡང་། །
ཁས་ལེན་མེད་ན་རང་ཉིད་དཔྱོད་ལྡན་གྱི། །
མཁས་པའི་གྲས་སུ་བགྲངས་པའི་ཁྱད་ཆོས་གང་། །
འཛམ་གླིང་མི་རིགས་དག་གི་ལོ་རྒྱུས་སུ། །
གལ་སྲིད་དུས་ཡུན་ངེས་ཅན་ཞིག་གི་རིང་། །
མི་རིགས་གཞན་དང་རྒྱལ་ཁབ་གཞན་དག་གིས། །
མི་རིགས་ཤིག་གི་ས་ཆར་མི་རིགས་དེར། །
ངོས་ལེན་ཡོད་མེད་གང་ལྟར་དྲག་པོ་ཡི། །
སྲིད་ཀྱིས་དབང་སྒྱུར་བྱས་ཚེ་མི་རིགས་དེའི། །
རང་དབང་རང་བཙན་ཤོར་བར་མཁས་བླུན་ཀུན། །
མ་བགྲོས་ཁས་ལེན་བསམ་པ་གཅིག་ཏུ་མཐུན། །
བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གདུང་རྒྱུད་ཀྱིས། །
བོད་སྲིད་སྐྱོང་བའི་ལམ་ལུགས་མཇུག་རྫོགས་ནས། །
ཨ་མདོ་བ་ལ་རང་བཙན་མི་འདུག་ཀྱང་། །
ད་ལྟའི་དུས་དང་མ་འོངས་དུས་རབས་སུ། །
རང་བཙན་དགོས་དང་མི་དགོས་གདམ་ཀ་འདི། །
ཨ་མདོའི་ད་ལྟ་བ་དང་ཕྱི་རབས་པའི། །
རྩོད་ན་རྩོད་དབང་ཡོད་པའི་ཐོབ་ཐང་རེད། །
ནོར་བཅོས།
བོད་སྲིད་དབང་། སྲིད་དབང་།
གཏོགས། གཏུགས།
འདྲེ་ཡི་སེམས་ལ་སྤྲུལ་བའི་མཚན་གནལ་ས་ཐོབ།།
གདོན་གྱི་གཟུགས་ལ་བླ་མའི་མནའ་བཟའ་གོན།།
བོད་མིའི་ཁ་ལ་རྒྱ་ཡི་ལྕེ་ཅན་ཁྱོད།།
རྒྱ་མི་དུང་ཕྱིར་བཅུ་ཡི་བཤད་རོགས་བྱོས།།
དགེ་བསྐོས་རྣམས་ལ་མི་གསོད་དྲག་སྤྱོད་ཟེར།།
བོད་ཀྱི་ས་ཆ་རྒྱ་ལ་བདག་ཚུལ་བཤད།།
བཤད་རྒྱུའི་འཕུང་བའི་བླ་རྒན་འུ་ཐུག་ཁྱོད།།
མི་ཤེས་ཤེས་ཁུལ་བྱེད་རྒྱུའི་སྙིང་མ་ཆེ།།
རང་ས་རྒྱ་ལ་སྤྲོད་པའི་གཏོང་ཕོད་ཅན།།
བོད་མི་དང་བླངས་རྒྱ་ཡི་མགྲིན་ཚབ་ཁྱོད།།
ལུག་སྤགས་གྱོན་པའི་སྤྱང་ཀི་དམར་དམར་ཞིག།
བོད་མིང་ཁྱེར་བཞིན་བོད་ཤ་ཟ་བ་མཐོང་།།
འདྲེ་ཡི་སེམས་ལ་སྤྲུལ་བའི་མཚན་གནས་ཐོབ།།
གདོན་གྱི་གཟུགས་ལ་བླ་མའི་མནའ་བཟའ་གོན།།
བོད་མིའི་ཁ་ལ་རྒྱ་ཡི་ལྕེ་ཅན་ཁྱོད།།
རྒྱ་མི་དུང་ཕྱིར་བཅུ་ཡི་བཤད་རོགས་བྱོས།།
དགེ་བསྐོས་རྣམས་ལ་མི་གསོད་དྲག་སྤྱོད་ཟེར།།
བོད་ཀྱི་ས་ཆ་རྒྱ་ལ་བདག་ཚུལ་བཤད།།
བཤད་རྒྱུའི་འཕུང་བའི་བླ་རྒན་འུ་ཐུག་ཁྱོད།།
མི་ཤེས་ཤེས་ཁུལ་བྱེད་རྒྱུའི་སྙིང་མ་ཆེ།།
རང་ས་རྒྱ་ལ་སྤྲོད་པའི་གཏོང་ཕོད་ཅན།།
བོད་མི་དང་བླངས་རྒྱ་ཡི་མགྲིན་ཚབ་ཁྱོད།།
ལུག་སྤགས་གྱོན་པའི་སྤྱང་ཀི་དམར་དམར་ཞིག།
བོད་མིང་ཁྱེར་བཞིན་བོད་ཤ་ཟ་བ་མཐོང་།།
སྡིག་དམོད་མ་བྱེད་བོད་པའི་ལོ་རྒྱུས་ཤོད། །
ཨ་མདོ་རང་བཙན་ཡིན་པའི་ལོ་རྒྱུས་ཤོད། །
རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཤོད། །
ལོ་རྒྱུས་དག་ནི་ལོ་རྒྱུས་ཡིན་པའི་ཕྱིར། །
ལོ་རྒྱུས་རྒྱ་བོད་སུས་ཀྱང་དཀྲུག་མི་ཆོག །
ལོ་རྒྱུས་རང་གི་ངོས་ན་གང་གསལ་ལས། །
ཆབ་སྲིད་པ་ཡིས་བཅོས་སྒྱུར་བྱེད་འདོད་འཁྲུལ། །
རྒྱ་མི་དུང་ཕྱུར་བཅུ་ཡིས་བཤད་ཀྱང་བླ། །
བོད་མི་ས་ཡ་དྲུག་གིས་བརྗོད་ཀྱང་རུང་། །
ཨ་མདོར་རང་བཙན་གཙང་མའི་ལོ་རྒྱུས་ཤིག །
ཡོད་ན་སྟག་སྨྱོན་ཁྱོད་ཀྱིས་ད་ལྟ་རྗོད། །
ལོ་རྒྱུས་བཤད་ན་ཁྲོ་བའི་མེ་ལྕེ་འབར། །
དོན་དངོས་གླེང་ན་ཚིག་རྩུབ་དུག་ཆར་འབེབ། །
འདི་ནི་མཁས་པ་ཞིག་གི་བྱེད་སྟངས་སམ། །
གཡག་སྣ་ཁུ་ཚུར་བླུན་པོའི་གཤིས་ཀ་ལགས། །
ལོ་རྒྱུས་བཤད་དུས་ལོ་རྒྱུས་དེབ་ཐེར་དང་། །
ལོ་རྒྱུས་མི་སྣའི་ངག་གི་བདེན་གཏམ་སོགས། །
བསྟར་ལ་བསྒྲིགས་ནས་ལོ་རྒྱུས་འཆད་དགོས་ཀྱི། །
ལམ་སེང་ཁྲོ་བ་རྒྱ་མི་དམར་པོའི་གཤིས། །
ཀླུ་སྨྱོན་རྒྱ་མིའི་མགྲིན་ཚབ་ཡིན་མིན་དེ། །
གཉན་ཆེན་ཐང་ལྷ་འདོན་ཐེངས་བརྒྱ་ཕྲག་ལྟོས། །
ཁྱོད་རང་རྒྱ་མིའི་མགྲིན་ཚབ་ཡིན་མིན་དེ། །
དངོས་ཡོད་ལོ་རྒྱུས་བཤད་ས་མེད་པར་ལྟོས །
དྲ་གྲོགས་མཁས་དབང་རྣམ་པ་ཚོ། ཁྱེད་ཅག་གི་བོད་པ་ཚང་གི་མི་སུ་ཞིག་དང་འབྲེལ་བ་ཤུགས་ཆེན་ཡོད་པ་དང་གནས་ལུགས་ཡོད་པས་སྐད་ཆ་རེ་བཤད་བཞིན་ཡོད་དམ། ཨ་མདོ་རང་བཙན་ཟེར་བས་མིང་ཚིགས་འདི་སུས་གླེང་ནས་ཡོང་བ་རེད། ཨ་མདོ་རང་བཙན་ཡིན་མིན་ལས་བོད་པ་རང་བཙན་ཡིན་མིན་གྱི་ཁུངས་སྐྱེལ་ཡིག་ཆ་ག་རེ་ཡོད་མེད་གླེང་རོགས་གནོང་། ད་ལྟའི་འཆར་ངེད་ཅག་བོད་པ་ཚང་འདི་རང་བཙན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ག་ཚོད་ཅིག་རྒྱལ་སྤྱིའི་སྟེང་དུ་ང་ཚོས་ཕྱོགས་སུ་ཀ་བླངས་བླངས་བྱེད་མཁན་ཡོད། ཁྱེད་ཅག་གིས་ནང་རྙོག་རྩོད་པ་ཞིག་གི་མགོ་གླེང་དེ་དོན་དག་ཆེན་པོ་རྒྱབ་དུ་བསྒྱུར་བས་མིག་དབང་འདི་ཁྱེད་ཅག་ལ་སུས་སྤྲད་བྱུང་། འདི་ནི་བོད་དོན་རྩོད་པས་ཐབས་ལམ་ཡིན་ནམ། འདི་ནི་བོད་པ་ཚང་གི་མཐུན་སྒྲིལ་དང་ཆིག་སྒྲིལ་བྱེད་ལུགས་ཀྱི་གཞུང་ལུགས་ཡིན་ནམ། འདི་ནི་བོད་པ་ཚང་གི་ནད་ནག་དེ་དག་སེལ་བས་ཐབས་ཤེས་རེད་དམ། འདི་ནི་བོད་པ་ཚང་གི་བོད་པའི་ལ་རྒྱ་དང་རྒྱལ་ཞེན་བྱེད་སྟངས་རེད་དམ། ཁྱེད་ཅག་གིས་སོག་པོ་ནས་ངེད་ཅག་ལ་གནང་བས་མིང་ཚིགས་ཆོལ་ཁ་ཟེར་བ་དེ་ནི་དེ་འདྲའི་སྙན་མོ་ཞིག་དུ་མཐོང་གི་འདུག་གམ། བོད་པ་ཟེར་བ་ནས་གཅིག་ལས་གཉིས་མེད་པ་ཞིག་བྱེད་ཕྱོགས་འདི་ཡིན་ན་དངོས་ནས་ཐབས་སྐྱོ་བོ་རེད་འདུག་ལ། བོད་དོན་རྩོད་ལུགས་ཀྱང་འདི་འདྲ་ཞིག་ཡིན་ན་རྒྱ་ནག་སྲིད་གཞུང་ལ་ལས་ཀ་བྱེད་རོགས་བྱེད་ཀྱི་ཡོད་པ་དང་ཅིས་མི་མཚུངས། རྒྱ་གར་ལ་དབྱིན་ཇིའི་རང་བཙན་ཕྱིར་སྤྲོད་སྐབས། རྒྱལ་ཕྲན་ཆེན་པོ་དང་ཕྱོགས་གཉིས་སུ་བཏང་ནས་གཅིག་ལ་རྒྱ་གར་དང་གཅིག་ལ་པ་ཀི་སི་ཏན་ཞེས་མིང་བཏགས་དེ་རང་བཙན་སྤྲད་པ་དེ་དག་གི་དོན་དག་རྒྱབ་ལྗོངས་ཤེས་ཀྱི་ཡོད་དམ། ཉིན་མ་དེ་རིང་ཡང་དབྱིན་ཇིའི་སྲིད་གཞུང་གིས་གནའ་བོའི་རྒྱ་གར་མི་རིགས་འདི་ཕྱོགས་གཉིས་སུ་བཏང་བས་ཇུས་ངན་དེ་དག ད་དུང་ཡང་མུ་མཐུད་དུ་གནས་བཞིན་ཡོད་པ་ཁྱེད་ཅག་གི་ཤེས་བཞིན་ཨེ་ཡོད། འདི་ལྟར་བོད་དོན་ལ་མཁས་པར་རློམ་མཁན་གྱི་དྲ་གྲོགས་རྣམ་པ། བསམ་བློ་ཞིབ་མོ་དང་གྲོས་ཁ་དམ་པོ་བྱེད་པས་དུས་ཤིག་ཡིན་པ་ལས། ཕན་ཚུན་ལ་སྡུག་དམོད་དང་ཟུར་ཟ་བྱེད་པས་དུས་ཤིག་གཏན་ནས་མ་ཡིན་ནོ།
བོད། ལྷ་ཀླུ་གཉན་གསུམ་ལགས། ངས་ཁྱེད་རང་གི་གོང་གི་མཆན་འདི་དོན་དག་ཡོད་པ་ཞིག་དུ་མཐོང་ནས་ང་རང་གི་དུས་བབ་ཀྱི་ཟིན་བྲིས་ནང་དུ་གདན་འདྲེན་ཞུས་ཟིན་པ་ཡིན་ན། ཁྱེད་རང་དེའི་ཐད་དུ་དགོངས་འགལ་མེད་པ་མཁྱེན། ང་རང་གིས་ཁྱེད་རང་ལ་སྐད་ཆ་ཚིགས་གཅིག་ཀྱང་མ་དྲིས་པར་ཁྱེད་རང་གི་མཆན་པུ་ང་རང་གི་ཟིན་བྲིས་ནང་དུ་འཁུར་སོང་བ་ནི་དངོས་ནས་ཧམ་པ་རང་རེད་འདུག་མོད། འོན་ཀྱང་། ང་རང་གིས་ཁྱེད་ཀྱི་མཆན་རེད་ཅེས་གསལ་བོ་ཞིག་བྲིས་དེ་བཀོད་ཡོད།
ཕྱོགས་གཅིག་ནས་ཁྱེད་དང་འུ་གཉིས་ཀྱི་བར་དུ་དངོས་ནས་འདྲ་མཚུངས་མང་བོ་ཞིག་འདུག་ལགས། དེའི་ཕྱིར་ངས་ཁྱེད་རང་ལ་འོས་མེད་བྱས་མེད་ཀྱང་སྲིད་པ་རེད་སྙམ་བཞིན་འཁུར་ནས་སོང་བ་ཡིན།
ཨོ་རེད། བོད་ཀྱི་མིག་གི་ལེའུ་ཚན་འདིས་ནང་དུ་སྐད་ཆ་འཛོར་བོ་མང་བོ་ཞིག་བཤད་བཞིན་འདུག འདི་ནི་དངོས་ནས་གོང་གི་བོད། ལྷ་ཀླུ་གཉན་གསུམ་གྱི་སྐད་ཆ་འདི་དག་ལ་བསམ་བློ་ཞིབ་མོ་རེ་གཏོང་ཐུབ་ན་དངོས་ནས་ཡག་པོ་ཡོད་ས་རེད།
བོད་ཀྱི་ལོ་རྒྱུས་འབྲི་མཁན་གྲགས་ཅན་དུ་བགྲངས་པའི་སྐུ་ཞབས་ཞྭ་སྒབ་པས་བོད་རང་དབང་རང་བཙན་གྱི་ཁྱབ་བསྒྲགས་རྩ་ཚིག་ཆེན་མོ་ཞེས་བཏགས་པའི་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དབུས་གཙང་ཁུལ་དུ་འགྲེམ་སྤེལ་བྱས་པའི་ཡི་གེ་དེའི་ནང་དུ། ་་་ ་་་ ལས་འབྲས་མི་བསླུ་བའི་མཐུ་ལས་མན་ཇུ་༧གོང་མའི་ཆབ་སྲིད་མི་བརྟན་པའི་དུས་འགྱུར་མི་ཟད་པ་བྱུང་ཐོག བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་རང་ནུས་གང་ཤར་གྱི་རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་པ་བཅས་ལ་བརྟེན་ནས་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ་་་ ་་་ཞེས་བྲིས་འདུག་ལ། ཡི་གེ་འདིའི་ནང་དུ་ཁམས་ཕྱོགས་ཟེར་བ་མ་གཏོགས་ཨ་མདོའི་ཕྱོགས་ཞེས་པའི་ཚིག་རྡོག་ཅིག་མི་འདུག་པས། དེ་དུས་སུ་ཏྰ་ལའི་བླ་མའི་ཐུགས་དགོངས་སུ་ཡང་ཨ་མདོ་དེ་རྒྱ་འོག་ཏུ་ཡོད་ཤག་ཤག་གནང་འདུག་པ་མིན་ན་གང་རེད། དེ་བཞིན་བོད་ཤར་ཕྱོགས་སུ་ཡོད་པའི་ཁམས་ཕྱེད་དང་ཨ་མདོར་རང་བཙན་གཙང་མའི་ལོ་རྒྱུས་ཞེས་པ་ཞིག་ཡིག་ཐོག་ཏུ་མེད་པ་ལ་བརྟེན་ནས་སིམ་ལའི་ཆིངས་ཡིག་འཇོག་དུས་ཀྱང་བོད་ཕྱི་ནང་གཉིས་དང་། བོད་ཕྱི་མ་དེ་མ་ཟད་བོད་ནང་མ་དེ་ཡང་མིང་ཙམ་གྱི་རྒྱ་ཁོངས་སུ་ངོས་ལེན་བྱེད་དགོས་མིན་གྱི་དཀའ་རྙོད་དང་ཕྲད་པ་རེད།
༧རྒྱལ་བ་རིན་པོའི་བཀའ་དཔུང་བཙུགས་ནས་ཨ་མདོ་རྒྱ་ཁོངས་ཡིན་པ་སྒྲུབ་ཁུལ་བྱེད་བཞིན་པ་ཧ་ལས་པ་རེད། རྒྱ་མིས་དེ་ལྷག་བྱེད་ཀྱི་ཡོད་པ་མརེད། བུ་རྒོད་མུ་མཐུད་ནས་འབད་བརྩོན་བྱོས། ནམ་ཞིག་ཁྱེད་ཀྱི་ཁྱེད་ཀྱི་ཕ་མ་གཉིས་ཀྱང་བོད་མི་མ་ཡིན་པར་རྒྱ་མི་ཡིན་པ་སྒྲུབ་ཐུབ་རྒྱུ་རེད། འོན་ཀྱང་ངས་རྒྱ་ཕྲུག་ལ་ཁྱེད་ལ་རྣམ་ཤེས་གཏོད་དགོས་པའི་དོན་དག་རེ་གཉིས་གསལ་འདོན་བྱེད་ཆོག དང་པོ་ཨ་མདོའི་ས་ཆ་ཚང་མར་རྒྱ་བོད་གཉིས་ཀྱི་ས་མཚམས་གསལ་བོ་ཡོད་པ་མ་ཟད། ༡༩༥༡ ཡར་མར་བར་དུ་ས་མཚམས་དེ་དག་ནས་བརྒལ་ནས་ཡོང་མཁན་གྱི་རྒྱ་མི་ཚོང་བ་ཚོས་ལག་པ་ནས་ཁྲལ་གྱང་ལེན་གྱི་ཡོད་པ་རེད། དཔེར་ན་བླ་བྲང་གི་ཧོར་གཙང་ཤིང་སྒོ་ཟེར་བ་དེ་ཨེ་གོ ད་དུང་གསོན་པོ་དང་ངའི་འགྲམ་ན་ཡོད་པའི་བླ་བྲང་གི་གྲྭ་ལོག་མི་རྒན་འདིས་ཀྱང་། ཧོར་གཙང་ཤིང་སྒོ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་གཅིག་རེད། ཁོ་ཆུང་དུས་འགག་སྒོ་དེ་ནས་རྒྱ་མི་ཚོང་བ་ཚོ་བོད་ཀྱི་ས་ཆ་བླ་བྲང་ལ་ཡོང་དུས་ཁྲལ་ལེན་སྲོལ་ཡོད་པ་མིག་གིས་མཐོང་བ་གསལ་བོ་བཤད་ཀྱི་འདུག བསོད་ཟད་ཁྱེད་ཀྱི་འགྲམ་ནའང་མི་རྒན་དྲང་པོ་རེ་ཡོད་ན་དྲིས་དང་བཤད་ངེས་རེད། དེ་བཞིན་ཨ་མདོ་ས་ཆ་རེ་རེ་བཞིན་དུ་གོང་མཚུངས་རྒྱ་བོད་ས་མཚམས་མིག་སྟོན་ཡོད་པ་རེད། ཁྱེད་ཀྱིས་དེ་ཚོ་དྲིས་ཨེ་མྱོང་། མིག་གིས་ལྟ་ཨེ་མྱོང་། ལོ་རྒྱུས་ཟེར་བ་ཤོག་བུའི་ཐོག་ན་ཆ་ཚང་བ་དང་ཡང་དག་པ་ཞིག་མེད་པ་ཨེ་ཤེས། ཧོར་གཙང་ཤིང་སྒོ་ལ་རྒྱ་བོད་གཉིས་ཀྱི་ས་མཚམས་ཞེས་ད་དུང་ཡང་འབོད་ཀྱི་ཡོད་པ་རེད་ཟེར་བས་སྐད་ཆ་དྲིས་གོ་སོང་ངམ།
ད་དུང་བཤད་འདོད་པ་གཉིས་པ་ཁྱེད་ཀྱིས་ལོ་རྒྱུས་མ་བཤད་སྔོན་ལ་ལོ་རྒྱུས་བཤད་སྟངས་སྦྱོངས། དཔེར་ན་ལོ་རྒྱུས་མ་བཤད་གོང་ལ་ས་མཚམས་ལ་དངོས་སུ་སོང་ནས་མིག་ལྟོས། ས་དེའི་མི་རྒན་ཚོར་སྐད་ཆ་དྲིས། ས་ཆ་དའི་མི་ཚོའི་ངག་རྒྱུན་ལོ་རྒྱུས་ཉོན། མི་ཚོའི་མི་ཚེ་བསྐྱལ་སྟངས་དང་སྐད་དང་གོན་པ་སོགས་ལའང་རྟོགས། ད་དུང་ཁང་དབྱིབས་དང་ས་རྟགས་སོགས་ལ་དཔྱོད ས་དེའི་མི་ཚོའི་བསམ་བློ་སོགས་ལའང་བརྟག་དགོས་པ་རེད་གོ་སོང་ངམ་།
ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ལོ་རྒྱུས་འབྲི་དུས་ཀྱང་དངོས་པོ་དང་ཐག་རིང་དྲགས་ནས། མདོ་སྨད་སྤྱི་ཡོངས་ཀྱི་མཐོང་ཐོས་མྱོང་གསུམ་ཉུང་དྲགས་པའི་དཀའ་ངལ་འཕྲད་སྐོར་གོ་མྱོང་ངམ། ལོ་རྒྱུས་ཟེར་བ་སྙན་ངག་འཁྱར་འཁྱོར་རེ་ངོ་ཚ་མེད་པར་འདོན་ཐུབ་མཁན་གྲྭ་སྨྱོན་ཁྱེད་འདྲ་བོ་ཞིག་གི་ཞོར་ལས་ཀྱི་སློབ་མཚན་ཞིག་མ་རེད། ཧ་ལམ་ཁྱེད་ཀྱིས་བྱེད་སྟངས་ལ་ལྟོས་ན་ཧོར་འཇིགས་ལྟ་བུ་ཞིག་ལ་སྒེར་ཕྲག་དོག་གི་ཀུན་སློང་ཞིག་ཡིན་ཚོད་འདུག ངས་ཧོར་གཙང་འཇིགས་མེད་ཟེར་བ་དེས་བྲིས་པའི་མདོ་སྨད་ཀྱི་ལོ་རྒྱུས་དེ་མཐོང་མ་མྱོང་བ་༧རྒྱ་བ་རིན་པོ་ཆེ་ཚད་བཙུགས་ནས་མནའ་བསྐྱལ་ཆོག འོན་ཀྱང་ཁྱེད་ཀྱི་འབད་བརྩོན་བྱེད་སྟངས་ལ་ལྟོས་ན་ཧ་ལམ་ཁོས་ཨ་མདོ་རང་བཙན་ཡིན་སྐོར་ཞིག་བྲིས་ཡོད་པ་དང་། ཁྱེད་ཀྱིས་དེ་འདྲ་ཞིག་ལ་དམིགས་པའི་སྒེར་ནད་རྩོད་སྟངས་ཤིག་མི་འགྲོ་འདོད། ཁྱེད་ཀྱི་ཀུན་སློང་བོད་ཀྱི་ལོ་རྒྱུས་བཤད་འདོད་པ་མ་ཡིན་པར་སུ་ཞིག་ལ་ཆེད་དུ་འགྲན་བསྡུར་བྱེད་ཁུལ་གྱི་ཕྲག་དོག་གི་བྱེད་སྟངས་ཤིག་ཡིན་གསལ་བོ་རེད།
ད་དུང་རྒྱལ་དབང་བཅུ་གསུམ་པའི་གསུངས་དེའི་ནང་རིམ་པས་ཞེས་བང་རིམ་ཡོད་པ་བསྟན་མི་འདུག་གམ། རིམ་པས་ཞེས་པ་དེ་ས་མཚམས་ག་བ་བར་དུ་སླེབས་དགོས་པ་རེད། ལྐུག་རྒན་ད་དུང་ལོ་རྒྱུས་མ་བཤད་སྔ་དྲགས། དང་པོ་ལོ་རྒྱུས་བཤད་སྟངས་སྦྱོངས། མིའི་བསམ་བློ་ལ་རིགས་གཉིས་ཡོད་པ་རེད། དེ་ནི་ positive mind and negative mind རིགས་གཉིས་ཡོད་པ་དང་། གལ་སྲིད་ negative mind ཡིན་ཚར་ན་མི་དེས་བཤད་ཚད་དྲན་ཚད་མིན་ལོག་རྐྱང་ཡིན་པ་རེད། ཁྱེད་ཀྱང་དེ་ལས་མ་འདས་འདུག
ཤ་འདོད་པ་མ་རེད་ཁྲག་འདོད་པ་རེད་ཟེར་བ་བཞིན་ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་བཤད་འདོད་པ་མ་ཡིན་པར་སུ་ཞིག་ལ་ཕྲག་དོག་གི་འགྲན་བསྡུར་བྱེད་ཀྱིན་པ་གསལ་བོ་རེད། ཨ་མདོ་བོད་མ་ཡིན་པར་འདོད་ན་ཁྱེད་ཀྱང་བོད་མིན་པས་རྒྱ་ཕྲུག་ཁྱེད་ཀྱིས་དེ་ལྟར་བཤད་པར་ཁག་མེད།
ཨ་ལགས་དོལ་རྡོ། གནའ་ནས་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཟེར་སྲོལ་ཡོད་པ་འདི་ལ་བསམས་ན་ཨ་མདོ་བར་ཁམས་པ་དང་ཡུལ་དེར་ཁམས་ཕྱོགས་སུ་འབོད་སྲོལ་ཡོད་པ་གྲོང་མཐའི་རྒད་པོ་ཡན་ཆད་ཀྱིས་ཤེས་ཡོད་ནའང་ཁྱོད་ཀྱིས་འདི་ལ་བསམ་བཞིན་འཁྱོག་བརྗོད་བྱེད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་ཁོ་ཐག་ཡིན། ༧གོང་ས་མཆོག་གི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ནང་དུ་ཡང་ཁོང་ཁམས་ཕྱོགས་སུ་འཁྲུངས་གསུངས་པ་འདིར་བལྟས་ན་ཨ་མདོ་ཁམས་ཕྱོགས་སུ་བགྲང་སྲོལ་ཡོད་པ་ས་རིས་ཐང་གསལ་རེད་མི་འདུག་གམ། མ་གཞི་ནས་སྐད་ཆ་བཤད་མི་ཤེས་སའམ་རང་གི་ཆེད་ལས་མ་ཡིན་པའི་རིགས་ལ་ཁ་མ་གདངས་ན་ལན་པོ་འདུག ཡིན་གཅིག་ཅིག་བཤད་དགོས་ན་ཁྱོད་ལ་སྙན་ངག་ཡིན་ན་ལ་གཞའི་བཟོ་འདྲ་བོ་དེ་འདྲ་ལེན་ཡ་མང་པོ་ཡོད་པ། ཨོའོ་་་་དེ་བླངས་ནས་ཁ་གདངས་བསྡད་ན་འགྲིག་གི་རེད། དམྱལ་བ་བོ། ད་དེ་བྱོས།
ཀླུ་སྨྱོན་ཁྱེད་ངེད་གཉིས་ཀྱི་ཚིག་གཅིག་གིས་ཐོག་ནས་ཐག་བཅད་ཆོག ཁྱེད་ཨ་མདོའི་ལོ་རྒྱུས་ལ་དེ་ཙམ་གདེང་ཚོད་ཡོད་ན་གོང་དུ་བཤད་པའི་ཧོ་གཙང་ཤིང་སྒོ་ཟེར་བ་དེའི་ལོ་རྒྱུས་ཀྱི་བྱུང་རིམ་དང་དམིགས་ཡུལ་ཤོད་དང་། མུ་ནག་ནང་ན་ལག་སྙོབས་མ་བྱེད་གོ་སོང་ངམ།
སྟག་སྨྱོན་ལགས། ཧོར་གཙང་ཤིང་སྒོ་དེ་ཨ་མདོའི་ས་ཆེན་པོ་དེའི་ནང་གི་ས་ཆ་ལག་མཐིལ་ཙམ་ཞིག་གི་འགག་སྒོ་ཞིག་རེད། དེས་བླ་བྲང་རང་བཙན་ཡིན་པར་བསྒྲུབ་རྒྱུ་ཡིན་ནམ། སུམ་པའི་མཚོ་སྔོན་ལོ་རྒྱུས་དང་བྲག་དགོན་པའི་ལོ་རྒྱུས། ཚངས་དབྱངས་པའི་གསང་རྣམ། སྐུ་འབུམ་གདན་རབས། བྱ་ཁྱུང་གདན་རབས། བླ་བྲང་གདན་རབས། ལྰ་མོའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལྟ་བུ་མདོ་སྨད་ཀྱི་སྣོད་བཅུད་སྐོར་བརྗོད་པའི་ལོ་རྒྱུས་དེབ་ཐེར་གང་ཞིག་ལ་བལྟས་ཀྱང་སོག་རྒྱ་མན་གསུམ་གྱི་དབང་ཤུགས་ཤིག་ག་དུས་ཡིན་ན་ཡང་མདོ་སྨད་པ་ཚོའི་མགོ་རུ་བསླེབས་འདུག་པས། ངས་ངོ་མ་ཨ་མདོ་རང་བཙན་ཡིན་ཞེས་མིག་བཙུམས་ནས་ལོ་རྒྱུས་ཤིག་གསར་དུ་འབྲི་ཐུབ་ཀྱི་མི་འདུག གལ་སྲིད་ངས་དེ་འདྲ་ཞིག་འབྲི་བའི་དབང་དུ་བཏང་ན་ཡང་དེ་ལ་འོས་པའི་དཔྱད་གཞིའི་ཡིག་ཆ་ཞིག་དང་དཔང་རྟགས་ཁུངས་བཙན་ཞིག་གང་ན་ཡོད། རྒྱ་བོད་ས་མཚམས་ཕྱེས་པ་དེ་ནི་ཆོས་རྒྱལ་གོང་མ་ཚོའི་དུས་སྐབས་ཤིག་ལ་རེད། དེ་དང་དེའི་རྗེས་ཀྱི་ལོ་རྒྱུས་གཉིས་མཉམ་དུ་བསྲེས་ཐབས་ཤིག་ག་ལ་ཡོད། རྒྱ་སོག་མན་གསུམ་གྱིས་ལོ་ངོ་ཆིག་སྟོང་གི་སྔོན་དུ་བཅད་པའི་རྒྱ་བོད་ས་མཚམས་བརྒལ་ནས་ཨ་མདོར་ཡོང་སྟེ་དབང་སྒྱུར་བྱས་འདུག་ཟེར་གི་ཡོད། ཤེས་སོང་ངམ། ལོ་རྒྱུས་སྟེང་གི་ས་མཚམས་དང་དེ་བརྒལ་ནས་ཡོང་བའི་ལོ་རྒྱུས་གཉིས་ལ་ཁྱད་པར་ཡོད་པ་འདི་ཙམ་ཡང་ཀླད་པའི་ནང་དུ་འཆར་མི་ཐུབ་བམ།
གལ་སྲིད་རང་བཙན་ཤོར་རྗེས་སུ་མི་རིགས་དེ་དབང་སྒྱུར་བ་དེའི་མི་རིགས་དང་གཅིག་པ་ཡིན་པར་ཁས་ལེན་དགོས་ན་ཆོལ་ཁ་གསུམ་གྱི་བོད་པ་དག་རྒྱ་མི་ཡིན་པར་ཁས་ལོངས། ཨ་རོ། ད་སྨྱོ་བཤད་མ་རྒྱག ངས་གང་ཞིག་ནས་ཨ་མདོ་བོད་པ་མ་རེད་ལབ་འདུག མི་འདི་ཚོས་ངོ་མ་མི་ལ་བཀའ་ལོག་བྱེད་ཀི་འདུག ཨ་མདོ་བ་མང་པོ་ཞིག་གིས་པོད་པ་དང་པོད་སྐད་ཟེར་ནས་ལྷ་ས་བ་ཚོ་ཡར་གཅོད་སྲོལ་ཡོད་ཡོད་པ་རེད། དེ་མིན་ངས་གང་ནས་ཨ་མདོ་བ་བོད་པ་མ་རེད་ལབ་འདུག ཨ་མདོ་ཚོ་བོད་རང་བཙན་ཞེས་པའི་ཐ་སྙད་འདིའི་ཁོངས་སུ་བསྡུ་ཐུབ་ཀྱི་མ་རེད་ཅེས་པ་དང་། ཨ་མདོ་བ་ཚོ་བོད་པ་ཞེས་པའི་ཐ་སྙད་ཀྱི་ཁོངས་སུ་བསྡུ་ཐུབ་ཀྱི་མ་རེད་ཅེས་པ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། མི་ལ་གླེང་འགེལ་མ་བྱས་པའི་སྔ་རོལ་ཏུ་དེ་ཙམ་ཤེས་ན་ལེགས། ད་
ཨོ་ན་ལ་དྭགས་པ་ཚོ་བོད་པ་མ་རེད་དམ། དེ་ཚོ་ཁྱེད་ཚོའི་བོད་རང་བཙན་གཙང་མ་ཡིན་ཞེས་པའི་ཐ་སྙད་དེའི་ནང་དུ་མེད་པའི་ཕྱིར་ཏེ། སྐབས་འདིར་བོད་རང་བཙན་གཙང་མ་ཟེར་བའི་དུས་སྐབས་དེར་ལ་དྭགས་དེ་ཚོར་རྒྱ་གར་དབྱིན་གཞུང་གིས་དབང་སྒྱུར་བྱས་ཚར་བ་དེར་ཁྱོད་ཚོས་ཀྱང་ངོས་ལེན་བྱེད་ཀྱི་ཡིན་པས་སོ།།
ཁྱོད་ཚོར་ཨ་མདོ་རང་བཙན་ཡིན་པའི་ལོ་རྒྱུས་ཡིད་རྟོན་འཕེར་བ་རེ་ཡོད་ན་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་མི་འབྲི་བར་ང་ལྟ་བུ་ཞིག་གི་གདོང་ནས་ངར་ངར་བྱེད་དགོས་དོན་ཅི་ཡོད། ཨ་མདོ་རང་བཙན་ཡིན་པའི་རྩོམ་ཡིག་དང་དེབ་འབྲི་རོགས་ཞུ་གི་ཡོད། ངོ་མ་དེ་འདྲའི་ཨ་མདོ་རང་བཙན་གྱི་ལོ་རྒྱུས་རྣམ་དག་ཅིག་འབྲི་ཐུབ་ན་དེ་ལ་མི་དགའ་གང་ལ་དགའ། ཡིན་ན་ཡང་ཨ་མདོ་བའི་ཚབ་མཚོན་རྒྱལ་དབང་འདི་བ་ཚང་མ་པུའུ་ཧྥང་གི་ལག་ནས་རྡ་ཡང་འབུམ་ཕྲག་འགའ་སྤྲད་དེ་ཉོས་པའི་ལོ་རྒྱུས་དེ་ཇི་ལྟར་བསུབ་དགོས་པའི་ཐད་ལ་བསམ་བློ་ཡག་པོ་ཞིག་བཏང་ན་ལེགས། དེ་རྒྱལ་དབང་ཚང་གི་རང་རྣམ་ཡན་ཆད་ཀྱི་ནང་དུ་བསླེབས་བསྡད་ཡོད་པ་རེད། གལ་སྲིད་ཨ་མདོ་དེ་དུས་རྒྱ་གོ་མིན་ཏང་གི་ནུབ་བྱང་གི་དམག་སྤྱི་ཆེན་མོ་མ་པུའུ་ཧྥང་གི་དབང་འོག་ཏུ་མེད་ན་ཅིའི་ཕྱིར་བོད་སྡེ་བ་གཞུང་གིས་རང་ལ་མེད་པར་གཞན་ལ་གཡར་བའི་དངུལ་རྡ་ཡང་འབུམ་ཕྲག་སྤྲད་ནས་ཨ་མདོའི་ཕྲུ་གུ་ཞིག་ཉོ་དགོས་བྱུང་བ་རེད།
ངའི་ཕ་རྒན་གྱིས་ང་ལ་མ་པུའུ་ཧྥང་གིས་བོད་རིགས་མང་ཚོགས་ལ་བཀལ་བའི་ཁྲལ་རིགས་སྣ་བ་བཅུ་དགུ་ཙམ་ཞིག་བགྲངས་མྱོང་ལ། ས་ཆ་མང་པོའི་བོད་རིགས་མི་སེར་ཚོས་མ་ཚང་གི་ཁྲལ་རིགས་སྣ་ཚོགས་འཇལ་མ་ཐུབ་པར་མི་ཤི་ཁྱིམ་སྟོང་དུ་གྱུར་པའི་ལོ་རྒྱུས་གང་མང་ཡོད་པའི་ཁྲོད་ནས། ད་ལྟ་ང་ཚོའི་ས་གནས་འདིར་ཡོད་པའི་ཨ་མདོ་བ་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གིས་དངུལ་སྒོར་སུམ་ཅུའི་ཁྲལ་འཇལ་མ་ཐུབ་པར་ཁོ་རང་ཡུལ་གྱར་དུ་འགྲོ་དགོས་བྱུང་འདུག་ལ། བླ་བྲང་གི་ཨ་པ་ཨ་བློའི་མི་ཚེའི་ལོ་རྒྱུས་ལ་ཅིག་ལྟོས་དང་། ཧོར་ཚང་ཤིང་སྒོ་ཡིན་ན་ཤི་སྒོ་ཡིན་ན་དེས་ཕན་ཅི་ཞིག་ཐོགས་འདུག་ནམ་ལངས་ཉི་ཤར་རེད། འདི་དག་ལ་བསམས་ན་ངས་ངོ་མ་ཨ་མདོ་བ་ཚོར་རང་ལུས་རང་དབང་དང་རང་ས་རང་བཙན་ཞིག་ཡོད་པའི་ཁུངས་རྟགས་ཤིག་ངོ་མ་རྙེད་ཀྱི་མི་འདུག ཨ་པ་ཨ་བློ་ཧོར་གཙང་ཤིང་སྒོའི་ཕྱི་རོལ་ཏུ་བརྒྱུགས་ནས་རྒྱ་རྒན་ཚང་ལ་ཇི་འདྲའི་ཁ་ཡག་ངོ་དགའ་ཞིག་བྱས་འདུག མ་ཡི་ཚང་ཧོར་གཙང་ཤིང་སྒོའི་ནང་ལ་ཡོང་ནས་ཨ་མདོ་བ་ཚོ་དམར་གསོད་ཇི་འདྲ་ཞིག་བཏང་འདུག ཨ་མདོ་སུས་ང་ཚོ་རང་བཙན་ཡིན་ཧོར་གཙང་ཤིང་སྒོའི་ནང་ལོགས་སུ་ཡོང་མི་ཆོག་ལབ་འདུག ཕྱི་མི་སུས་ཁྱོད་ཚོ་རང་བཙན་རེད་ཧོར་གཙང་ཤིང་སྒོའི་ནང་ལོགས་སུ་ཡོང་གི་མིན་ལབ་འདུག ཤིང་སྒོ་ཤི་སྒོ་དེ་ཙམ་ཞིག་གིས་བོད་ཆེན་པོ་མདོ་སྨད་དེ་རང་བཙན་ཡིན་པའི་ཁུངས་སྐྱེལ་ནམ་ཡང་བྱེད་ཐུབ་ཀྱི་མ་རེད།
ནོར་བཅོས།
སྣ་བ། སྣ་ཁ
མ་ཡི། མ་ཆི།
ཝེ་་་དོལ་རྡོ། ཨ་མདོ་བོད་ཀྱི་ཆ་ཤས་ཤིག་ཡིན་པ་ལས་རང་བཙན་ག་ལ་ཡིན། གལ་ཏེ་རང་བཙན་མིན་མཁན་ཞིག་རང་བཙན་ཡིན་སྟངས་བཤད་ན་ཁྱོད་རང་བླ་མ་བཟོས་པ་ནང་བཞིན་ཆགས་ཉེན་ཡོད་རེད། གནའ་ནས་བོད་ཀྱི་ས་ཆ་ཁ་ཤས་སུ་དགྲ་བོའི་བཙན་དབང་སླེབས་ཡོད་པ་དངོས་འབྲེལ་ཡིན་ནའང་དེས་རྩ་བའི་བདག་དབང་སུ་ལ་ཡོད་མེད་ལ་དྭོགས་པ་ཆེ་མདོག་འདིའི་ཕུག་གི་དམིགས་ཡུལ་ག་རེ་ཡིན་ནམ། ཁྱོད་རིག་པ་རྒོད་མདོག་རེད་དམ་ཡང་ན་གཞན་གྱི་ཐེ་ཇུས་འོག་ལ་འདི་ལྟར་ཤོད་བཞིན་ཡོད། ལན་གསལ་བོ་ཞིག་གི་རེ་བ་ཡོད།
ང་མི་སྒེར་བར་མཐོང་ཆུང་མ་བྱེད། སྤྱིར་ན་ཁྱོད་ཚོའི་ཁོག་ན་འདི་མ་གཏོགས་ཅི་ཡོད། ཁྱོད་ཚོར་འཇུ་ས་འཆང་ས་སྟབས་བདེ་ཤོས་ཤིག་ཡོད་པ་དེ་འདི་ལས་ཅི་ཞིག་ཡོད་ཨང་།
སྟག་སྨྱོན་ལགས། ཧོར་གཙང་ཤིང་སྒོ་དེ་ཨ་མདོའི་ས་ཆེན་པོ་དེའི་ནང་གི་ས་ཆ་ལག་མཐིལ་ཙམ་ཞིག་གི་འགག་སྒོ་ཞིག་རེད། དེས་བླ་བྲང་རང་བཙན་ཡིན་པར་བསྒྲུབ་རྒྱུ་ཡིན་ནམ། སུམ་པའི་མཚོ་སྔོན་ལོ་རྒྱུས་དང་བྲག་དགོན་པའི་ལོ་རྒྱུས། ཚངས་དབྱངས་པའི་གསང་རྣམ། སྐུ་འབུམ་གདན་རབས། བྱ་ཁྱུང་གདན་རབས། བླ་བྲང་གདན་རབས། ལྰ་མོའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལྟ་བུ་མདོ་སྨད་ཀྱི་སྣོད་བཅུད་སྐོར་བརྗོད་པའི་ལོ་རྒྱུས་དེབ་ཐེར་གང་ཞིག་ལ་བལྟས་ཀྱང་སོག་རྒྱ་མན་གསུམ་གྱི་དབང་ཤུགས་ཤིག་ག་དུས་ཡིན་ན་ཡང་མདོ་སྨད་པ་ཚོའི་མགོ་རུ་བསླེབས་འདུག་པས། ངས་ངོ་མ་ཨ་མདོ་རང་བཙན་ཡིན་ཞེས་མིག་བཙུམས་ནས་ལོ་རྒྱུས་ཤིག་གསར་དུ་འབྲི་ཐུབ་ཀྱི་མི་འདུག གལ་སྲིད་ངས་དེ་འདྲ་ཞིག་འབྲི་བའི་དབང་དུ་བཏང་ན་ཡང་དེ་ལ་འོས་པའི་དཔྱད་གཞིའི་ཡིག་ཆ་ཞིག་དང་དཔང་རྟགས་ཁུངས་བཙན་ཞིག་གང་ན་ཡོད། རྒྱ་བོད་ས་མཚམས་ཕྱེས་པ་དེ་ནི་ཆོས་རྒྱལ་གོང་མ་ཚོའི་དུས་སྐབས་ཤིག་ལ་རེད། དེ་དང་དེའི་རྗེས་ཀྱི་ལོ་རྒྱུས་གཉིས་མཉམ་དུ་བསྲེས་ཐབས་ཤིག་ག་ལ་ཡོད། རྒྱ་སོག་མན་གསུམ་གྱིས་ལོ་ངོ་ཆིག་སྟོང་གི་སྔོན་དུ་བཅད་པའི་རྒྱ་བོད་ས་མཚམས་བརྒལ་ནས་ཨ་མདོར་ཡོང་སྟེ་དབང་སྒྱུར་བྱས་འདུག་ཟེར་གི་ཡོད། ཤེས་སོང་ངམ། ལོ་རྒྱུས་སྟེང་གི་ས་མཚམས་དང་དེ་བརྒལ་ནས་ཡོང་བའི་ལོ་རྒྱུས་གཉིས་ལ་ཁྱད་པར་ཡོད་པ་འདི་ཙམ་ཡང་ཀླད་པའི་ནང་དུ་འཆར་མི་ཐུབ་བམ།
གལ་སྲིད་རང་བཙན་ཤོར་རྗེས་སུ་མི་རིགས་དེ་དབང་སྒྱུར་བ་དེའི་མི་རིགས་དང་གཅིག་པ་ཡིན་པར་ཁས་ལེན་དགོས་ན་ཆོལ་ཁ་གསུམ་གྱི་བོད་པ་དག་རྒྱ་མི་ཡིན་པར་ཁས་ལོངས། ཨ་རོ། ད་སྨྱོ་བཤད་མ་རྒྱག ངས་གང་ཞིག་ནས་ཨ་མདོ་བོད་པ་མ་རེད་ལབ་འདུག མི་འདི་ཚོས་ངོ་མ་མི་ལ་བཀའ་ལོག་བྱེད་ཀི་འདུག ཨ་མདོ་བ་མང་པོ་ཞིག་གིས་པོད་པ་དང་པོད་སྐད་ཟེར་ནས་ལྷ་ས་བ་ཚོ་ཡར་གཅོད་སྲོལ་ཡོད་ཡོད་པ་རེད། དེ་མིན་ངས་གང་ནས་ཨ་མདོ་བ་བོད་པ་མ་རེད་ལབ་འདུག ཨ་མདོ་ཚོ་བོད་རང་བཙན་ཞེས་པའི་ཐ་སྙད་འདིའི་ཁོངས་སུ་བསྡུ་ཐུབ་ཀྱི་མ་རེད་ཅེས་པ་དང་། ཨ་མདོ་བ་ཚོ་བོད་པ་ཞེས་པའི་ཐ་སྙད་ཀྱི་ཁོངས་སུ་བསྡུ་ཐུབ་ཀྱི་མ་རེད་ཅེས་པ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། མི་ལ་གླེང་འགེལ་མ་བྱས་པའི་སྔ་རོལ་ཏུ་དེ་ཙམ་ཤེས་ན་ལེགས། ད་
ཨོ་ན་ལ་དྭགས་པ་ཚོ་བོད་པ་མ་རེད་དམ། དེ་ཚོ་ཁྱེད་ཚོའི་བོད་རང་བཙན་གཙང་མ་ཡིན་ཞེས་པའི་ཐ་སྙད་དེའི་ནང་དུ་མེད་པའི་ཕྱིར་ཏེ། སྐབས་འདིར་བོད་རང་བཙན་གཙང་མ་ཟེར་བའི་དུས་སྐབས་དེར་ལ་དྭགས་དེ་ཚོར་རྒྱ་གར་དབྱིན་གཞུང་གིས་དབང་སྒྱུར་བྱས་ཚར་བ་དེར་ཁྱོད་ཚོས་ཀྱང་ངོས་ལེན་བྱེད་ཀྱི་ཡིན་པས་སོ།།
ཁྱོད་ཚོར་ཨ་མདོ་རང་བཙན་ཡིན་པའི་ལོ་རྒྱུས་ཡིད་རྟོན་འཕེར་བ་རེ་ཡོད་ན་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་མི་འབྲི་བར་ང་ལྟ་བུ་ཞིག་གི་གདོང་ནས་ངར་ངར་བྱེད་དགོས་དོན་ཅི་ཡོད། ཨ་མདོ་རང་བཙན་ཡིན་པའི་རྩོམ་ཡིག་དང་དེབ་འབྲི་རོགས་ཞུ་གི་ཡོད། ངོ་མ་དེ་འདྲའི་ཨ་མདོ་རང་བཙན་གྱི་ལོ་རྒྱུས་རྣམ་དག་ཅིག་འབྲི་ཐུབ་ན་དེ་ལ་མི་དགའ་གང་ལ་དགའ། ཡིན་ན་ཡང་ཨ་མདོ་བའི་ཚབ་མཚོན་རྒྱལ་དབང་འདི་བ་ཚང་མ་པུའུ་ཧྥང་གི་ལག་ནས་རྡ་ཡང་འབུམ་ཕྲག་འགའ་སྤྲད་དེ་ཉོས་པའི་ལོ་རྒྱུས་དེ་ཇི་ལྟར་བསུབ་དགོས་པའི་ཐད་ལ་བསམ་བློ་ཡག་པོ་ཞིག་བཏང་ན་ལེགས། དེ་རྒྱལ་དབང་ཚང་གི་རང་རྣམ་ཡན་ཆད་ཀྱི་ནང་དུ་བསླེབས་བསྡད་ཡོད་པ་རེད། གལ་སྲིད་ཨ་མདོ་དེ་དུས་རྒྱ་གོ་མིན་ཏང་གི་ནུབ་བྱང་གི་དམག་སྤྱི་ཆེན་མོ་མ་པུའུ་ཧྥང་གི་དབང་འོག་ཏུ་མེད་ན་ཅིའི་ཕྱིར་བོད་སྡེ་བ་གཞུང་གིས་རང་ལ་མེད་པར་གཞན་ལ་གཡར་བའི་དངུལ་རྡ་ཡང་འབུམ་ཕྲག་སྤྲད་ནས་ཨ་མདོའི་ཕྲུ་གུ་ཞིག་ཉོ་དགོས་བྱུང་བ་རེད།
ངའི་ཕ་རྒན་གྱིས་ང་ལ་མ་པུའུ་ཧྥང་གིས་བོད་རིགས་མང་ཚོགས་ལ་བཀལ་བའི་ཁྲལ་རིགས་སྣ་བ་བཅུ་དགུ་ཙམ་ཞིག་བགྲངས་མྱོང་ལ། ས་ཆ་མང་པོའི་བོད་རིགས་མི་སེར་ཚོས་མ་ཚང་གི་ཁྲལ་རིགས་སྣ་ཚོགས་འཇལ་མ་ཐུབ་པར་མི་ཤི་ཁྱིམ་སྟོང་དུ་གྱུར་པའི་ལོ་རྒྱུས་གང་མང་ཡོད་པའི་ཁྲོད་ནས། ད་ལྟ་ང་ཚོའི་ས་གནས་འདིར་ཡོད་པའི་ཨ་མདོ་བ་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གིས་དངུལ་སྒོར་སུམ་ཅུའི་ཁྲལ་འཇལ་མ་ཐུབ་པར་ཁོ་རང་ཡུལ་གྱར་དུ་འགྲོ་དགོས་བྱུང་འདུག་ལ། བླ་བྲང་གི་ཨ་པ་ཨ་བློའི་མི་ཚེའི་ལོ་རྒྱུས་ལ་ཅིག་ལྟོས་དང་། ཧོར་ཚང་ཤིང་སྒོ་ཡིན་ན་ཤི་སྒོ་ཡིན་ན་དེས་ཕན་ཅི་ཞིག་ཐོགས་འདུག་ནམ་ལངས་ཉི་ཤར་རེད། འདི་དག་ལ་བསམས་ན་ངས་ངོ་མ་ཨ་མདོ་བ་ཚོར་རང་ལུས་རང་དབང་དང་རང་ས་རང་བཙན་ཞིག་ཡོད་པའི་ཁུངས་རྟགས་ཤིག་ངོ་མ་རྙེད་ཀྱི་མི་འདུག ཨ་པ་ཨ་བློ་ཧོར་གཙང་ཤིང་སྒོའི་ཕྱི་རོལ་ཏུ་བརྒྱུགས་ནས་རྒྱ་རྒན་ཚང་ལ་ཇི་འདྲའི་ཁ་ཡག་ངོ་དགའ་ཞིག་བྱས་འདུག མ་ཡི་ཚང་ཧོར་གཙང་ཤིང་སྒོའི་ནང་ལ་ཡོང་ནས་ཨ་མདོ་བ་ཚོ་དམར་གསོད་ཇི་འདྲ་ཞིག་བཏང་འདུག ཨ་མདོ་སུས་ང་ཚོ་རང་བཙན་ཡིན་ཧོར་གཙང་ཤིང་སྒོའི་ནང་ལོགས་སུ་ཡོང་མི་ཆོག་ལབ་འདུག ཕྱི་མི་སུས་ཁྱོད་ཚོ་རང་བཙན་རེད་ཧོར་གཙང་ཤིང་སྒོའི་ནང་ལོགས་སུ་ཡོང་གི་མིན་ལབ་འདུག ཤིང་སྒོ་ཤི་སྒོ་དེ་ཙམ་ཞིག་གིས་བོད་ཆེན་པོ་མདོ་སྨད་དེ་རང་བཙན་ཡིན་པའི་ཁུངས་སྐྱེལ་ནམ་ཡང་བྱེད་ཐུབ་ཀྱི་མ་རེད།
འདི་ཚོར་ལན་ཡོད་ན་དྲ་ངོས་འདིར་ཡོང་བ་དོན་དང་ལྡན། དེ་མིན་ལོ་རྒྱུས་ཤིག་གླེང་དུས་མི་སྒེར་བར་དམའ་འབེབ་གཏོང་བའི་ལམ་དང་ལུགས་སྲོལ་གྱི་མཇུག་སྐྱོང་བའི་ཁྱེད་ཅག་གིས་རྒྱ་མི་དམར་པོའི་ཁ་གཏད་ཆོག་ས་མ་རེད།
ཀླུ་སྨྱོན། བརྗོད་གཞི་འདིའི་ཐོག་ལ་ཁ་སྔོན་བཤད་རྒྱུ་ཡོད་ཚད་མཆན་བཏབས་ཚར། དེ་བས་ད་ནི་ཀླུ་སྨྱོན་ཁྱོད་སྤྲུལ་སྐུ་ཡིན་སྟངས་དང་། སྤྲུལ་སྐུ་ཡིན་ན་སུ་ལ་ཕན་ཐོགས་ཡོད་མེད་ཀྱི་སྐོར་གླེང་ན་ཁ་བརྡ་བྱེད་རྒྱུ་ཡིན། དེ་མིན་ཨ་མདོའི་སྐོར་ལ་ཁ་བརྡ་མེད།
ང་སྤྲུལ་སྐུ་མིན། སུ་ལ་ཡང་ཕན་ཐོགས་མེད། དེར་སུ་ལ་ཡང་ཇུས་གཏོགས་མེད། དེས་སུ་ལ་ཕན་ཐོགས་མེད། ཨ་མདོའི་ལོ་རྒྱུས་གླེང་དང་མི་གླེང་ཁྱོད་ཀྱི་རང་དབང་རེད། ཐུགས་རྗེ་ཆེ།
སྤྱིར་ན་ངས་བོད་ཀྱི་དོན་དག་རེ་གླེང་ཐེངས་རེར་ཁྱོད་ཚོས་ང་སྤྲུལ་སྐུ་ཡིན་མིན་དེ་གླེང་དགོས་པ་དེ་ཁྱོད་ཚོའི་མགོ་རུ་བཀལ་བའི་ཁྲལ་ཞིག་ཡིན་ས་རེད། ངས་ཁྱོད་ཚོས་རྩོམ་ཡིག་རེ་སྤེལ་དུས་ཁྱོད་ཚོའི་མི་ཚེའི་ལོ་རྒྱུས་ལ་ལྟ་འདོད་མེད། ཁྱོད་ཚོ་སུ་ཡིན་ངོ་མ་ང་ལ་དགོས་མཁོ་ཅི་ཞིག་ཡོད་ཨང་། རང་རང་ས་ན་བཟའ་ཉོག་རེ་མ་སོས་པར་འདུར་རྒྱུག་བྱེད་བཞིན་ཡོད་པ་དང་། ཡང་ན་ལོ་རྒན་སུམ་ཅུའི་སྟོད་དུ་བསླེབས་དུས་སུ་ཡང་ཡུལ་དུས་དཔལ་འབྱོར་དང་ཕོ་སྒོ་སོགས་ཀྱི་དབང་གིས་རང་རང་ལ་རན་པའི་ཆུང་མ་རེ་ལག་ཏུ་མ་ཡོང་བར་སེམས་ཁྲལ་གྱིས་གཟིར་བསྡད་ཡོད་པ་རེ་ཡིན་པ་དེ་འདང་མ་བརྒྱབ་ན་ཡང་ཤེས་ཐུབ་ཀྱི་འདུག གང་ལྟར་ང་ལ་དགོས་པའི་ཨ་མདོ་རང་བཙན་ཡིན་པའི་དཔང་རྟགས་ཤིག་སྐུ་ཞབས་སྟག་སྨྱོན་དང་། ཕ་ཡུལ་གཅིག་པ་དཀོན་མཆོག གྲོགས་ལྕགས་རྒྱ་འགྲམ་ནག་གསུམ་གྱིས་ད་ལྟ་བར་དུ་ངོ་སྤྲོད་བྱེད་ཐུབ་མ་སོང་། ཁྱོད་ཚོས་སྤེལ་བའི་རྩོམ་ཡིག་དང་མཆན་གྱི་ཕྱེད་ཀ་དེ་ཁྱོད་ཚོ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་དོན་དག་སྟེ་ཀླུ་སྨྱོན་སུ་ཞིག་ཡིན་མིན་གྱི་སྐོར་ཡིན་པ་དེ་མ་རྗེད།
ཀླུ་སྨྱོན་ལ་རྒྱུ་མཚན་སྣེ་སེལ་ཙམ་འདུག ཡིན་ན་ཡང་། འདིའི་སྐོར་ངས་ཟུར་དུ་གླེང་འདོད།
ཨོ་ཡ། ཀླུ་སྨྱོན། ཁྱོས་ལོ་རྒྱུས་ཤོད། སྤྲུལ་སྐུའི་གནད་དོན་བཤད་འདོད་པ་ཚོས་དེའི་སྐོར་བཤད། ལོ་རྒྱུས་ལ་ཇུས་གཏོགས་བྱས་ཆོག་ས་ན། ཆོས་ལུགས་ཀྱི་གནད་དོན་ལ་ཇུས་གཏོགས་བྱས་མི་ཆོག་ས་ཅང་ཡང་མེད།
འགྲམ་ནག་ལགས། ྐླུ་སྨྱོན་སྤྲུལ་སྐུ་ཡིན་མིན་དེ་ྐླུ་སྨྱོན་ལ་དྲིས་ནས་ག་རེ་བྱེད། ཁྱེད་རང་གིས་ྐླུ་སྨྱོན་སྤྲུལ་སྐུ་ཡིན་ན་ཡིན་རབས་དང་མིན་ན་མིན་རབས་ཤོད་དང་། ངས་དེར་སྣོན་པ་རྒྱག་གི་ཡིན། དེ་མིན་ཅིག་ཅིག་མུག་མུག་ཟེར་གི་མ་འདུག སྤྲུལ་སྐུའི་རྣམ་གཞག་འདི་ཧ་ཅང་འཁྲུགས་པོ་ཡོད་པ་རེད་ད།
ནོར་བུ་ལགས། ཀླུ་སྨྱོན་གཅིག་པུའི་སྐད་ཆ་མིན། རྒྱ་རི་ཚང་གི་སྤྲུལ་ཕྲུག་གི་གནས་ཚུལ་བྱུང་བའི་རྗེས་ནས་དེང་སང་གི་སྤྲུལ་སྐུའི་གནད་དོན་སྐོར་ཤེས་འདོད་ཆེ་རུ་གྱུར་སོང་། བོད་ནང་གི་དྲ་ཐོག་ཏུ་འདིའི་སྐོར་ལ་གླེང་མོལ་བྱེད་མཁན་མང་པོ་འདུག སྤྲུལ་སྐུ་ཟེར་བ་འདིའི་སྐོར་ལ་བརྩད་གཅོད་ཞིབ་མོ་ཞིག་བྱས་རྗེས་མང་ཚོགས་ལ་དེའི་སྐོར་གསལ་བཤད་བྱེད་འདོད་ཆེ། ཁ་སྔོན་མི་ཁག་ཅིག་སྤོབས་པའི་ཐོག་ལ་རུབ་བརྒྱབ་སྟེ་སྤྲུལ་སྐུའི་གནད་དོན་གྱི་སྐོར་ལ་ཡིད་ཚིམས་པ་ཞིག་གླེང་དུ་བཅུག་མ་སོང་། དུས་སྐབས་གཞན་ཞིག་ཏུ་འདིའི་སྐོར་གླེང་སློང་བྱེད་རྒྱུ་གལ་ཆེན་པོ་རེད་བསམ།
གོང་གི་རྒྱལ་དབང་བཅུ་གསུམ་པའི་བཀའ་ཡིག་ནང་གི་ཁམས་ཞེས་པ་དེ་ཨ་མདོར་གོ་དགོས་ཞེས་པར། ལོ་ངོ་དགུ་བརྒྱའི་ཡར་སྔོན་ཞིག་སྟེ་འགྲོ་མགོན་འཕགས་པའི་དུས་སྐབས་སུ་ཆོལ་ཁ་གསུམ་དུ་ཕྱེས་ནས་དེ་ལྟར་འདོགས་སྐབས་སུ་ཡང་མདོ་ཁམས་ཞེས་མདོ་སྨད་དང་ཁམས་གཉིས་མཉམ་སྦྱར་བྱས་ཀྱང་དོན་མི་འདྲ་བ་སྟོན་པའི་ཚིག་ཅིག་བྲིས་ཡོད་པ་འདི་ནི་ཁམས་དང་ཨ་མདོའི་ཡུལ་གྲུ་ཐ་དད་དུ་གནས་པའི་བདེན་དཔང་ང་ལ་དགོས་པ་དེ་རེད་མ་གཏོགས་ཁམས་ཞེས་པའི་ཚིག་འདིས་སྟབས་མ་ལེགས་པར་ཁྱོད་ཅག་ལ་དེ་ཙམ་ཕན་ཐོགས་མི་འདུག དེ་བཞིན་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་ཁམས་དང་ཨ་མདོ་ཞེས་ཁ་ཁར་འབྲི་བ་མ་གཏོགས་གནའ་སྔ་མོའི་བོད་ཤར་ཕྱོགས་སུ་གོ་ཐུབ་པའི་ཁམས་ཞེས་པའི་ཐ་སྙད་ཡོངས་ཁྱབ་ཅན་འདི་བེད་སྤྱོད་གཏོང་གིན་མེད་པ་ནི་ས་རིས་ཐང་གསལ་རེད། དེ་དུས་ཀྱི་མི་སྣ་དགེ་ཆོས་ཀྱིས་ལྷ་ས་བ་ཚོས་ཨ་མདོ་སྤྲང་བོ་ཟེར། ཁམས་པ་རོ་སྦྱོར་བ་ཟེར་གྱི་རེད་ཅེས་སྡེ་བ་གཞུང་གི་སྐུ་དྲག་ཚོར་གཤེ་གཤེ་བཏང་བ་འདི་གཅིག་པོས་ཀྱང་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་ཁམས་དང་ཨ་མདོ་གཉིས་ཀར་ཁམས་ཞེས་པའི་མིང་ཚིག་འདི་བེད་སྤྱོད་གཏོང་གིན་མེད་པའི་བདེན་དཔང་གསལ་བོ་ཞིག་བྱས་འདུག
གྲོགས་པོ་ཚོ། ཨ་མདོ་རང་བཙན་ཡིན་མིན་བཤད་པ་འདི་ནི་ ངས་ཏག་ཏག་ བོད་པའི་མིག་ ཟེར་བ་དེ་ཡིན། དུས་རབས་བཅུ་དགུ་བའི་ནང་གི་རང་བཙན་དང་དུས་རབས་ཉི་ཤུ་བའི་ནང་གི་རང་བཙན་འདྲ་གི་མེད་པ་རེད། དམག་ཆེན་གཉིས་པའི་སྔོན་གྱི་རང་བཙན་དང་དམག་ཆེན་གཉིས་པའི་རྗེས་ཀྱི་རང་བཙན་འདྲ་གི་མེད་པ་རེད། འདི་ཡིན་གཅིག་མིན་གཅིག་དེད་ནས་ བོད་པའི་མིག་གིས་ཐག་ཆོད་པ་ཞིག་དགོས་ཀྱི་འདུག་གས།
ངའི་ཉེ་འགྲམ་གྱི་མི་འདི་ཚོའི་མིག་གིས་གྲོགས་པོས་བརྗོད་པའི་ལོ་རྒྱུས་ཀྱི་བདེན་གཏམ་ལ་མི་ལྟ་བར་གྲོགས་པོའི་རྐུབ་ན་སྐྱག་པ་ཡོད་མེད་ལ་ཡང་ནས་སྐྱར་དུ་དཔྱོད་ཀྱིན་འདུག མདོར་དེད་ན་གྲོགས་པོའི་རྐུབ་ཀྱི་སྐྱག་པ་དང་ཨ་མདོའི་རང་བཙན་ལོ་རྒྱུས་གཉིས་ཡིན་གཅིག་མིན་གཅིག་མཉམ་དུ་བརྫིས་ནས་ཅིག་བྱེད་ཀྱི་ཡིན་ཟེར་བ་འདྲ།
མཁས་མིང་ཅན་ཚོས་དངོས་ཡོད་གནས་ཚུལ་དང་རང་གི་རྣམ་རྟོག་གཉིས་བསྲེས་ནས་ལོ་རྒྱུས་ཀྱི་དེབ་མཐུག་པོ་རེ་ཀློག་བཞིན་འདི་རེད་དང་དེ་མ་རེད་ཅེས་ཧམ་ཐག་བཅད་པ་ལས། ཧོར་གཙང་ཤིང་སྒོ་ལྟ་བུའི་ས་ལག་མཐིལ་ཙམ་ཞིག་གིས་ཨ་མདོ་རྒྱ་འོག་མ་ཡིན་པ་སྒྲུབ་ཐུབ་ཀྱི་རེད། དཔེར་ན་ཞྭ་སྒབ་པའི་ཕྱིར་བསྐྱོད་ལག་དེབ་ཆུང་ཆུང་དེའི་ཐོག་ནས་བོད་རང་བཙན་སྒྲུབ་པ་དང་གཅིག་པ་རེད། གལ་སྲིད་ཨ་མདོ་རྒྱ་མི་ཡིན་ན་ས་ཆ་ལག་མཐིལ་འདྲ་བོ་དེའི་ཐོག་ལ་དམིགས་བསལ་གྱི་དབང་ཆ་ཞིག་འཛིན་མི་ཤེས་པ་མ་ཟད། དེ་རུ་བོད་དང་རྒྱ་ཞེས་པའི་མི་གསོད་ཀྱི་ཆགས་སྒོ་ཡོང་དོན་མེད་པ་ཨེ་ཤེས། ཁྱེད་ཀྱིས་དེ་ལྟར་བཤད་པ་ཧ་ལམ་ཧོར་འཇིགས་ལྟ་བུ་ཞིག་ལ་ཕྲག་གི་འགྲན་བསྡུར་བྱེད་ཀྱི་ཡོད་པ་གསལ་བོ་རེད། སྒེར་བའི་འགྲན་རྩོད་ཆེད་སྤྱི་དོན་ལ་འཁྱོག་བཤད་མ་བྱས་ན་བཟང་། མིའི་སེམས་ན་ཟུག་སྤྲད་པ་ཙམ་ལས་ཁྱེད་འདྲ་བོ་ཞིག་ལ་ནུས་པ་གང་ཡང་ཡོད་པ་མ་རེད། གངས་ཅན་བླ་མ་ཁྱོད་ལས་ཀྱང་ལྡབ་མང་པོས་ནུས་པ་ཡོད་པ་ཞིག་རེད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་བཏང་ཐུབ་མེད། ཁྱེད་འདྲ་བོ་མར་གྱི་ནང་གི་སྤུ་རེད། ཁྱེད་འདྲ་བོ་ཞིག་ལ་ལན་བཏབ་ན་དེ་རེད། མ་བཏབ་ན་དེ་རེད། སྟབས་མ་ལེགས་པ་ཤིག་ལ་བོད་ཡིག་གི་དྲ་དེབ་འདི་འདྲ་ཞིག་གིས་དབང་གིས་ཁྱེད་འདྲ་བོ་བོད་མི་ས་ཡ་དྲུག་གི་ནང་ནས་ཁ་ཡ་བྱེད་རུང་སའི་ལྟས་ངན་ཞིག་དང་ཡར་མར་གླེང་དགོས་ཐུག་པ་བློ་འགྱོད་ཆེ། སྲུང་མའི་སྐོར་ལ་ཁྱེད་ཀྱིས་ཁྱད་གསོད་བྱས་རེད། འོན་ཀྱང་ཁྱེད་ལ་དད་པ་མེད་ན་འགྲིག་གི་རེད་མོད། འོན་ཀྱང་གཞན་གྱི་དད་པ་བྱེད་ཀྱིན་པར་ཁྱེད་ཀྱིས་ཁྱད་གསོད་བྱེད་རྒྱུའི་ཐོབ་ཐང་མེད་པ་ཨེ་ཤེས། ཧིན་རྡུ་བས་དབང་ཕྱུག་གི་མཇེ་ལ་དད་པ་བྱེད་པ་ཁོ་ཚོའི་ཡིད་ཆེས་རེད། ཁྱེད་དེ་ལ་མི་དད་པའི་དབང་གིས་ཁྱད་གསོད་བྱེད་རྒྱུའི་ཐོབ་ཐང་མེད་པ་ཤེས་དགོས། དགེ་བསྐོས་དང་བོད་ཀྱི་ལོ་རྒྱུས་སོགས་ཁ་གྲགས་ཚད་དགུ་ཆུ་རྐྱང་ལས་བཤད་རྒྱུ་མེད་མཁན་ཁྱེད་ཏོག་ཙམ་ཞིག་དྲན་པ་སྤྲང་རྟགས་སྟོན་མཁན་ཁྱེད་འདྲ་བོ་ཐབས་རྡུགས་ཤིག་དང་བརྩད་ནས་བརྩད་ཚོད་ཡོད་པ་མ་རེད། ད་དུང་ཡེ་ཤུས་ཆོས་ལུགས་ཀྱིས་མི་དཀོན་ཅོག་གིས་བཟོས་པ་རེད་ཞེས་པའི་ཡིད་ཆེས་བྱེད་སྟངས་དེ་ལའང་ཁྱད་གསོད་བྱེད་སྤྱད་ཀྱི་རྒྱུ་མཚན་མང་པོ་ཡོད་ཀྱང་དེ་འདྲ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ཁ་ཆེ་ཆོས་ལུགས་ལའང་མཐོང་ཆུང་བྱེད་སྤྱད་ཀྱི་སྣེ་མོ་མང་པོ་ཡོད་ཀྱང་དེ་ལྟར་བྱེད་རྒྱུའི་ཐོབ་ཐང་སུ་ལའང་ཡོད་པ་མ་རེད། སྨྲ་བརྗོད་རང་དབང་ཟེར་བ་དེའི་ནང་དོན་གཞན་གྱི་ཡིད་ཆེས་དང་དད་པ་ལ་ཁྱད་གསོད་གང་འདོད་བྱེད་ཆོག་པའི་ཐོབ་ཐང་འདུས་མེད་པ་ཤེས་དགོས། མདོ་སྨད་ལོ་རྒྱུས་མ་བྲིས་གོང་ལ་ལོ་རྒྱུས་འབྲི་སྟངས་སྦྱོངས། ཁྱེད་འདྲ་བོ་ཞིག་གིས་བསྟད་ནས་བོད་འདི་ཡག་རུ་ཐོངས་གི་མ་རེད་ལ། སྨད་ནས་སྡུག་རུ་ཐོངས་གི་མ་རེད། འོན་ཀྱང་རྒྱ་ནག་གིས་བློ་ལ་འཐད་པོ་ཞིག་འབྲི་ཐུབ་ན་ཁྱེད་ལ་ཁེ་ཕན་རེ་རག་སྲིད་ཀྱི་རེད།
བོད་གཞུང་གི་ནང་དུ་ཁྱེད་འདྲ་བོ་ལོག་སྨོན་ཅན་གྱི་སར་མོ་བ་ཁག་ཅིག་གིས་དབང་ཤུགས་སླེབས་པའི་དབང་གིས་བོད་ཀྱི་ཆིག་སྒྲིལ་དང་ལེགས་ཚོགས་ཉམས་རྒུད་དུ་ཕྱིན་པ་རེད། ད་ནས་བཟུང་སྟེ་དྲ་ཁང་འདི་སྤངས་པ་ཡིན། ཁྱེད་རང་གི་འདོད་ཚད་ཤོད་དྲན་ཚད་ཕྲིས། འོན་ཀྱང་འདི་ནས་ཀློག་གི་མེད་པའི་ཡིད་ཆེས་བྱས་ཆོག ཁྱེད་ཧ་ལས་ན་སྐུ་འབུམ་དང་དེ་ལས་མང་ན་བླ་བྲང་དགོན་པ་འདྲ་བོ་ཞིག་ལ་འགྲོ་མྱོང་བ་དང་རྒྱུས་ཡོད་ཤས་ཆེ། མཐོང་ཐོས་མྱོང་གསུམ་དེ་ཙམ་ལས་མེད་པ་ཞིག་གིས་ཨ་མདོའི་ལོ་རྒྱུས་བཤད་ཐུབ་མིན་ཤེས་ངེས་རེད། དཔེ་ཆ་ཁ་ཤས་ཤིག་ཁ་ཕྱེ་ནས་རིག་འདྲ་ཞིག་བཤད་མ་བསྡད་ན་ཡག་གི་རེད། ཡང་སྙིང་ཧོར་འཇིགས་ལྟ་བུ་ཞིག་གིས་ཨ་མདོ་རྒྱ་ཁོངས་མ་ཡིན་པར་རང་དབང་གི་ངོ་བོ་ཞིག་གི་གནས་སྟངས་ཐོག་གནས་མྱོང་བའི་སྐོར་ཞིག་བཤད་ཡོད་པ་དང་། དེ་འདྲ་ཞིག་ལ་ཕྲག་དོག་དང་མི་འདོད་པ་བཤད་ཀྱི་ཡོད་པ་གསལ་བོ་མཐོང་གི། ངས་ཚོད་དཔག་ནོར་མེད་ན་ཧ་ལམ་ཁྱེད་ཀྱི་མི་དགའ་བ་བྱེད་ས་དེ་ཧོར་འཇིགས་ཡིན་ཤས་ཆེ། ཁྱེད་དེ་དང་བསྡུར་ཐབས་མེད་པ་ཤེས་རོགས། ཁྱེད་ཀྱི་ཕ་རྒན་གྱིས་ཨ་མདོ་རྒྱ་འོག་ཡིན་པ་བཤད་པ་བདེན་པ་མཐོང་། ཕ་གི་ཚོད་ཀྱི་བུ་རེད་འདུག འོན་ཀྱང་ངའི་ཨ་ཕས་རྒྱ་མ་པུ་ཧྥང་གི་དམག་དང་ཐེངས་མ་གྲངས་མེད་པར་དམག་འཐབ་བྱས་པའི་ལོ་རྒྱུས་ལས་ཁྲལ་སྐར་ལི་གང་སྤྲད་མྱོང་བའི་ལོ་རྒྱུས་བཤད་མྱོང་མེད། ཁྱེད་འདྲ་བོ་མི་དགུ་ཆུ་ཞིག་ལ་ལབ་རིང་འཐེན་བསྡད་ནས་ཕན་ཐོགས་མི་འདུག་པས་མཐོང་མི་འདོད་པའི་དྲ་ཁང་འདི་དང་བྲལ་བ་ཡིན་ལ། རྒྱལ་ཁ་ཡོད་ཚད་ཁྱེད་ལ་སྤྲད་ཡིན།
ལས་ངན་འདི་ཚོ་དངོས་ནས་ལྟད་མོ་འདུག ད་ནི་རང་གི་སྐྱེ་ས་སྐྱེ་ཁུངས་ཡང་རྒྱ་མི་ཡིན་རབས་མི་བཤད་པས་དངོས་བ་གཏན་ནས་མི་འདུག དེ་འདྲའི་རྒྱ་ཁུངས་ཡིན་པར་བསམ་བཞིན་ཡོད་ན་བཙན་བྱོལ་ལ་སྐྱག་པ་ཟ་ཡི་ཡོང་བ་ཡིན་ནམ། ཨ་མདོ་ས་ཆ་གང་ཞིག་རྒྱ་ཁུངས་དུ་གཏོགས་པ་ཡིན་མིན་གྱི་ལོ་རྒྱུས་གསལ་བོ་སུ་ལ་བཤད་ཀྱི་ཡོད། ལྟས་ངན་འདི་ཚོ་མི་བཤད་དགུ་བཤད། མི་འབྲི་དགུ་འབྲི། ཐན་ལྟས་རང་རེད། ལྟས་ངན་ནང་ཁུལ་དཀྲུགས་མཁན་འདི་ཚོ། ཁོག་ལ་རྒྱ་འདྲེ་ཞུགས་ཡོད་ཁོ་ཐག་རེད།
བླ་སྤྲུལ་ཚོའི་རྐུབ་ན་སྐྱག་པ་ཡོད་མེད་དེ་བོད་པའི་མིག་ཕལ་ཆེ་བ་ཞིག་གིས་མཐོང་རྒྱུ་ཕར་ཞོག་སེམས་ལའང་འཁོར་ཐུབ་ཀྱི་མེད།
ལྕགས་རྒྱ་འགྲམ་ནག་གི་མིང་ཅན་ལགས། ཁྱེད་རང་ནི་མི་བསམ་ཡོད་ཞིག་རེད་བསམ་མྱོང་ཡོད་ཀྱང་། དེ་རིང་གི་ཁྱེད་ཀྱི་སྐད་ཆ་བཤད་ལུགས་འདི་ལ་དངོས་ནས་སྐྱུག་བྲོ་བ་ཞིག་འདུག དོན་དངོས་སུ་ཁྱེད་ཀྱི་བླ་སྤྲུལ་ཚོའི་རྐུབ་ན་སྐྱག་པ་ཡོད་མེད་ཕལ་ཆེ་བ་ཞིག་གི་མིག་གི་མཐོང་རྒྱུ་ཕར་ཞོག་སེམས་ལ་ཡང་དྲན་མི་ཐུབ་ཟེར་བ་དེ་ལ་ས་མཚམས་ཤིག་ཡོད་དམ་མེད། ཡོད་ན་ནི་གསལ་བོ་ཞིག་བྱས་ན་ཡག་ས་རེད། དེ་མིན་གནས་ལུགས་མེད་པར་རྒྱུག་པ་ལེབ་གདོང་བྱས་ན་གཏན་ནས་ཡག་པོ་མ་རེད། ཁྱེད་རང་བླ་སྤྲུལ་ཚོའི་སྟེང་ལ་དེ་འདྲའི་སྙིང་ན་དོན་གང་ཡིན། བླ་སྤྲུལ་གང་ཞིག་གིས་ཁྱེད་རང་ལ་སྙིང་ནད་བཟོས་སོང་། ངེད་ཅག་བོད་པ་ཚང་ལ་བླ་སྤྲུལ་སུ་ཞིག་གིས་གཏོར་བཤིག་གཏོང་སོང་བ་དང་འཕོང་ལ་སྤྱོར་སོང་། དེ་དག་མིང་དང་ས་གནས་བཅས་རེ་རེ་བཞིན་རང་ལ་བཤད་རྒྱུ་ཡོད་ན་མ་གཏོགས། ཁྱེད་རང་གི་སྐད་ཆ་བཤད་སྟངས་འདི་ནི་དངོས་ནས་སྐྱུག་བྲོ་བ་ཞིག་རེད་འདུག
སྤྲུལ་སྐུའི་རྐུབ་ན་སྐྱག་པ་ཡོད་མེད་འདི་སྤྲུལ་སྐུ་ཀླུ་སྨྱོན་གྱི་ཚིག་རེད། མཆན་ 37 ལ་གཟིགས་དང་ཤེས་ཐུབ།
ཡིན་ནའང་བོད་པའི་མིག་གིས་སྤྲུལ་སྐུའི་རྐུབ་ཀྱི་སྐྱག་པ་མཐོང་ཐུབ་ཀྱི་ཡོད་མེད་གླེང་མི་ཆོག་པ་ཅི་ཡིན་ནམ། དེ་ཡང་བོད་པའི་ཁ་ཡི་ཁྱད་ཆོས་མ་ཚང་བ་ཡིན་ནམ།
ངས་ཁྱེད་རང་གླེང་མི་ཆོག་ཟེར་ནས་བཀའ་བཏང་མེད་ལ་བཀའ་དེ་འདྲ་ཁྱེད་རང་ལ་བཏང་བས་ཐོབ་ཐང་ཀྱང་ང་རང་ལ་ག་ལ་ཡོད། དེ་འདྲ་ཡོད་ནི་མ་རེད། འོན་ཀྱང་། ཁྱེད་རང་གིས་ཀྱང་ཀླུ་སྨྱོན་གྱི་ཚིགས་གཡར་ནས་ངན་བཤད་འདོད་ཀྱི་སེམས་པ་དེ་གང་ནས་བྱུང་སོང་། ཡིན་ཡང་། ངན་བཤད་འདོད་ཡོད་ན་རྒྱུ་མཚན་བཤད་དགོས་པ་ལས། སྤྲུལ་སྐུའི་རྐུབ་ཀྱི་སྐྱག་པ་མཐོང་མི་མཐོང་ཟེར་ནས་སྐད་ཆ་མ་འདྲ་བ་དེ་འདྲ་བཤད་ན་་དངོས་ནས་ཡག་པོ་ཞིག་མཐོང་མ་སོང་། དེའི་སྟབས་ཀྱི་བཤད་པ་ཡིན་མ་གཏོགས་སྒེར་ངོས་ནས་ང་ཁྱེད་རང་ལ་རྩོད་རྒྱུ་དང་གླེང་རྒྱུ་གང་ཡང་མེད་པ་ཤེས་བར་གྱིས་ཤིག ལྕགས་ཀྱི་བུ།
བོད་པའི་མིག་གིས་བླ་སྤྲུལ་གྱི་སྐུབ་ན་ག་རེ་འབྱར་ཡོད་མེད་མཐོང་ནས་ཡུན་རིང་སོང་ཟིན་པ་རེད། དཔེར་ན། པཎ་ཆེན་ཆན་ལུང་མཇལ་དུ་སོང་ནས་སྟབས་མ་ལེགས་པར་འབྲུམ་པའི་ནད་ཀྱིས་གྲོངས་པ་དེས་རྒྱུ་ནོར་བགོ་བཤའ་བྱེད་སྟངས་ལ་མ་འཆམས་ནས་ཁོའི་སྐུ་ཚ་ཞྭ་དམར་པས་གོར་དམག་བོད་དུ་དྲངས་པར་བརྟེན་དཔྱིད་མུ་གེའི་སྒང་ལ་ཟླ་ལྷག་ཏུ་རྒྱ་དམག་ཀྱང་བོད་དུ་སླེབས་པ། ཉེ་བའི་ཆར་ཡང་ྐླུ་འབུམ་དགེ་བཤེས་ཤེར་རྒྱམ་ཨག་ཚོམ་ཅན་གྱིས་བཀའ་འགྱུར་ཞུ་དག་སྐོར་ལས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བར་བླ་སློབ་ཀྱི་དམ་ཚིག་ལ་སེལ་ཞུགས་པར་འཁོན་འཛིན་གྱིས་བོད་སྡེ་པ་གཞུང་ལ་འཁོན་འཛིན་གྱིས་གུང་དམག་བོད་དུ་བསྐྱོད་པའི་སྐུལ་མ་བྱས་པ་དང་། གུང་ཁྲན་ཏང་ནི་སྤྱི་སེམས་ཆེ། །སོགས་ཀྱི་ཚིགས་བཅད་བྲིས་པ་ད་ལྟ་ཡང་ཁོང་གི་གསུང་འབུམ་དུ་འདུག དེ་བཞིན་དཀར་མཛེས་བེ་རི་དགེ་སྟག་སྤྲུལ་སྐུས་གུང་ཁྲན་གྱི་སྐུ་ཚབ་བྱས་ཏེ་ཆབ་མདོར་སླེབས་སྐབས་ཤི་བ། དེ་དག་ལས་ཀྱང་ཚང་མ་ལ་གསལ་ཆ་ཆེ་ཤོས་ཤིག་ནི་བོད་པ་ཚང་གི་དབུགས་རྔ་ལེན་མཁན་ངོ་མ་དེ་རྭ་སྒྲེངས་དང་སྟག་བྲག་གི་གདོང་གཏུག་དམ་སེལ་གྱི་ལས་ངན་ལ་བརྟེན་ནས་ཕྱི་དགྲ་ནང་དུ་ཁྲིད་པ་ནང་གི་མཐུན་སྒྲིལ་གཏོར་བཤིག་བཏང་། སེ་ར་དང་གཞུང་བར་དམག་འཁྲུགས་ལངས། སེ་རའི་མཁན་པོས་རྒྱ་ལ་མགོ་སྒུར་བ་སོགས་ལ་སོམས་དང་། ཉེ་ཆར་ཞིག་ལ་སྐུ་ཞབས་འཇམ་དབྱངས་ནོར་བུས་བོད་རང་བཙན་ཤོར་དགོས་དོན་དེ་སྐུ་དྲགས་ཀྱི་ནོར་འཁྲུལ་མ་ཡིན་ཞིང་བླ་ཆེན་ཚོའི་ནོར་འཁྲུལ་ཡིན་ཚུལ་བཤད་འདུག་ཅེས་པ་དེ་ལ་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད། ངས་གོང་དུ་བཤད་པ་འདི་ཚོ་ཚང་མ་བོད་པའི་མིག་གིས་མཐོང་ཡང་མ་མཐོང་ཁུལ་བྱས་ནས་བསྡད་ཡོད་པ་མ་རེད་དམ། འདི་ཚོ་མ་གླེང་ན་བདེན་པ་ལ་རྡོག་རྫིས་བཏང་བ་ལས་མ་འདས་སྟབས་ཟུར་ཙམ་གླེང་བ་ཡིན།
ཆོས་རྒྱལ་ཚོའི་སྐབས་ཀྱི་བོད་ཀྱི་མིག
ཤར་རྒྱ་ནག་ལ་ལྟ་ཐུབ་པའི་བོད་ཀྱི་མིག
སྟོད་རྒྱ་གར་ལ་ལྟ་ཐུབ་པའི་བོད་ཀྱི་མིག
ནུབ་སྟག་གཟིག་ལ་ལྟ་ཐུབ་པའི་བོད་ཀྱི་མིག
དེའི་སྐབས་བོད་ཀྱི་མིག་དེ་འཇིག་རྟེན་གྱི་མིག
དེའི་སྐབས་ལོ་ཙ་བ་ལ་འཇིག་རྟེན་མིག་ཏུ་འབོད།
དེའི་སྐབས་ཆོས་སྲིད་གཉིས་ཀ་དར་བའི་རྩེ་མོར་སོན
དེ་ནས་རིམ་གྱིས་འཇིག་རྟེན་མིག་རྣམས་རེ་རེ་ཟིམ་པར་གྱུར།
གཞན་ལ་ལྟ་བའི་བོད་མིག་མར་མར་འགྲིབས།
དེ་ནས།
ཨ་མདོ་རང་བཙན་རེད་མ་རེད་ཅེས་པ་འདི་ཨ་མདོ་བོད་ཀྱི་ཆ་ཤས་རེད་མ་རེད་ཅེས་པའི་དོན་རེད་དམ། ཨ་མདོ་རང་བཙན་རེད་ཅེས་སུ་གཅིག་གིས་ཀྱང་བཤད་མྱོང་ཡོད་རྒྱུ་མ་རེད། ཨ་མདོ་རང་བཙན་རེད་མ་རེད་ཟེར་བ་ལས་ཨ་མདོ་བོད་ཀྱི་ཆ་ཤས་རེད་དམ་རྒྱའི་ཆ་ཤས་རེད། ཡང་ན་སོག་པོའི་ཆ་ཤས་རེད་ཅེས་བརྗོད་ན་གོ་རྒྱུ་ཡོད་རེད། འདི་འདྲའི་གོ་རྒྱུ་གསལ་པོ་མེད་པའི་སྐད་ཆ་རེར་བརྟེན་ནས་མང་པོ་ཤོད་སྡོད་པ་དཀའ་ལས་མ་རེད་དམ།
ངེད་ཀྱི་བསམ་པར། རྩོམ་པ་པོས་གླེང་བའི་མིག་འདི་བོད་པ་ཚང་མ་ལ་ཡོད་པའི་མིག་ཞིག་མིན་པ་འདྲ། བོད་རིགས་སྤུན་ཟླ་ཚོ་སའི་གོ་ལའི་ཕྱོགས་གང་སར་ཁ་འཐོར་ནས་ཡོད་ཙང་། མིག་ཀྱང་འདྲ་མིན་ཡོད་ཀྱི་རེད་བསམ། དཔེར་ན། རྒྱལ་ལོ་དོན་གྲུབ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་ལྟ་བུ་ལ་མིག་འདི་མ་ཡིན་པའི་མིག་གཞན་ཞིག་འདུག འོན་ཀྱང་། ད་ལྟའི་མིག་འདིས་ཁོང་ཚོའི་མིག་དེ་མཐོང་གི་མི་ཐུབ། མ་རེད་དམ
Politically, Amdo had never been under the direct rule of Songtsen/Trisong/Triral/Langdar’s court, nor Gaden Phodang of the 5th to 13th Dalai Lama.
Now where does really Amdo stand as far as to both the origin of people and political status .
Were Amdowas originated from Mongols or mixtures with Mongols? Are Amdowas off springs of frontier army sent by Songtsen and Trisong’s court?
Was Amdo ever under Gaden Phodang?
Or Amdo had been directly ruled by Mongols, Manchu, and Chinese?
What was the political status of Amdo during Tang, Yuan, Ming, song, Qing dynasty or during Songtsen, Trisong, Triral, Langdar’s reign?
དྲ་གྲོགས་ཚོ་དངོས་ནས་བྱས་ན་བོད་པ་ཚང་གི་མིག་གི་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཡོད་པར་འདོད་ཀྱི་ཡོད། འཛམ་གླིང་མཐོང་ཐུབ་མཁན་ཞིག ཡང་ན་འཛམ་གླིང་གི་ཕར་རོལ་ཞིག དེ་མིན་གོ་ལ་གཞན་པ་ཞིག ད་དུང་གཞན་གང་ཡང་མི་མཐོང་བ་ཞིག དཀྱིས་མ་ཞིག ཐ་མ་ཞིག མགོ་མ་ཞིག གང་ན་འདུག སུས་སྡོམ་རྒྱག་ཐུབ་ཀྱི་ཡོད། ཡང་ན་ཞར་འདུག དེ་མིན་གསལ་བོ་མཐོང་གི་འདུག ཡང་ན་རབ་རིབ་ཞིག ཨོ་་སྒྲོ་ལོར་མ་གཏོགས་བོད་ཡིག་དང་བོད་མི་མི་མཐོང་མཁན་ཞིག
“The Tibetan Eye” could be plural!!!?
ངེད་ཀྱིས་བོད་ཡིག་གི་ལམ་ནས་ཐད་ཀར་མཆན་བུ་འགོད་མ་ཐུབ་པའི་སྐབས་སུ། དྲ་དེབ་ཀྱི་དགོས་དམིགས་དང་འགལ་བའི་སྒོ་བའི་དབྱིན་ཡིག་གི་ལམ་ནས་མཆན་བུ་འགའ་བཀོད་པ་ཡིན། དེ་དུས། ང་ལ་དྲ་གྲོགས་འགས་བསླབ་བྱ་འདྲ་བོ་དང་ལམ་སྟོན་འདྲ་བོ་གནང་མཁན་བྱུང་སོང་། དེའི་ཁྲོད་ཀྱི་གཅིག་ལྕགས་རྒྱ་འགྲམ་ནག་ཟེར་བ་ཁྱོད་ཡིན། ངེད་ཀྱི་རེ་བར་ཁྱེད་ཀྱིས་བོད་ཡིག་ལག་ཐོག་ཡིན་བཞིན་དུ་དབྱིན་ཡིག་འཁྱེར་ནས་མ་ཡོང་རོགས་ལབ་ཡ་ཡིན།
བོད་པ་ཚང་གི་མིག་ལ་ཚད་འདྲ་བོ་འཇོག་ཐུབ་རྒྱུ་ཁག་པོ་རེད། རྒྱུ་མཚན་། བོད་པ་ཚང་ལ་མིག་མང་པོ་འདུག་
བོད་ནང་དུ་མིག་རིགས་མི་འདྲ་བ་ཁ་ཤས་ཤིག་ཐོན་ཡོང་གི་འདུག་ལ་མིག་ད་ཚོའི་བྱེད་ལས་དང་བལྟ་སྟངས་ཡང་ལོགས་ཀ་རེད་འདུག བཙན་བྱོལ་དུ་ཡང་མིག་མི་འདྲ་བ་མང་པོ་འདུག རང་གི་རྐུབ་སྟེགས་སྲུང་བྱེད་ཀྱི་མིག རང་གི་གླ་ཕོགས་ལེན་བྱེད་ཀྱི་མིག རང་ཉིད་བཀའ་བློན་ཁྲི་བར་འདུག་བྱེད་ཀྱི་མིག གཞན་སྐྱོན་རྐྱང་རྐྱང་ལ་བལྟ་བའི་མིག ༧གོང་ས་མཆོག་གི་སྤྱན་གྱི་མཐོང་ལམ་འགོག་མཁན་གྱི་མིག་སོགས་མང་པོ་འདུག
ཚད་གཞི་འཇོག་པའི་ཉིན་ཞིག་བྱུང་ན་ཉིན་དེ་ནས་མིག་དེས་ལས་ཀ་ཡག་པོ་བྱེད་འགོ་ཚུགས་ཀྱི་རེད།
ཁ་བརྡའི་བརྡ་ལ་ཡོང་ནས་ཡར་ཡར་མར་མར་བཤད་མཁན་གྱི་ང་ཚོ་ཡང་མིག་རིགས་གཅིག་ཐོགས་མཁན་གྱི་གྲས་ཤིག་མིན་འགྲོ་
“སོག་རྒྱ་མན་གསུམ་གྱི་དབང་ཤུགས་ཤིག་ག་དུས་ཡིན་ན་ཡང་མདོ་སྨད་པ་ཚོའི་མགོ་རུ་བསླེབས་འདུག་པས”ཞེས་ཀླུ་སྨྱོན་གྱིས་བོད་རྒྱ་ཁོངས་ཡིན་པིའི་སྒྲུབ་བྱེད་བགྲང་འདུག་ཀྱང་། འོ་ན་དྲི་བ་འདི་ལ་བསམ་བློ་ཐོངས། དཔེར་ན་ཁྱིམ་ཚང་ཞིག་གི་ཕ་མ་གཉིས་མ་འཆམ་པའི་དབང་གིས་རང་གི་བུ་མོར་བདག་པོ་བརྒྱག་རྒྱུར་འཐུས་ཤོར་ཕྱིན་ཏེ། བུ་མོ་བདག་མེད་དུ་ཁེར་མོ་ལུས་པའི་སྐབས་སུ་མི་ཞིག་ཡོང་ནས་མོ་ལ་བཙན་གཡེམ་བྱས་པ་ཡིན་ན། དེ་ནི་ཆེས་ཁྲིམས་འགལ་ཞིག་ཏུ་བརྩི་བ་ལས། བུ་མོ་དེ་ཁོའི་བཟའ་ཟླ་རེད། གང་ཡིན་ཟེར་ན་ཁོས་མོ་ལ་བཙན་གཡེམ་བྱས་མྱོང་ཡོད་པ་རེད་ལབ་ན་འགྲིག་གམ།
དཔེ་དེ་དང་འདྲ་བར་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་ལྟར། བོད་དབུས་སྲིད་གཞུང་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་ནང་བཀྲ་མ་ཤིས་པ་དང་། ཕྱིའི་ས་མཚམས་སྲུང་རྒྱུའི་དོན་ཡང་མ་འགྲུབ་པར་ཡོད་པའི་སྐབས་སུ། རྒྱ་མིའི་ཕྱོགས་ནས་མདོ་སྨད་ཀྱི་ཡུལ་གྲུ་ཁ་ཤས་སུ་བཙན་གནོན་བྱས་མྱོང་བ་བདེན་པ་རེད། འོན་ཀྱང་མདོ་སྨད་རྒྱ་ཁོངས་རེད། གང་ཡིན་ཟེར་ན་མདོ་སྨད་ཀྱི་ས་ཆ་ཁ་ཤས་ནང་རྒྱ་མིས་བཙན་གནོན་བྱས་མྱོང་ཡོད་པ་རེད་ལབ་ན་ག་འདྲ་འདུག དེ་ནི་གོང་གི་དཔེར་བརྗོད་དང་འདྲ་བར་བུ་མོ་དེ་ཁོའི་བཟའ་ཟླ་རེད། གང་ཡིན་ཟེར་ན་ཁོས་མོ་ལ་སྔོན་མ་ཐེངས་མ་མང་པོ་བཙན་གཡེམ་བྱས་མྱོང་བ་རེད་ལབ་པ་དང་གཅིག་པ་མ་རེད་དམ།
ཀླུ་སྨྱོན་འདྲ་བོ་ཞིག་ལ་ཕར་བཤད་ཚུར་བཤད་བྱས་ནས་མི་ཚེའི་ཆ་ཕྲ་མོ་རེ་རེའང་དགོས་མེད་དུ་གཏོང་མི་ཕོད་ཀྱང་དྲ་གྲོགས་གཞན་ཁ་ཤས་ཀྱི་སེམས་ཚོར་གྱིས་སེམས་འགུལ་ཆེན་པོ་ཐེབས་བཅུག་པས་མི་འདོད་བཞིན་དུ་ཀླུ་སྨྱོན་ལ་སླར་ཡང་དྲང་ཕྱོགས་མིག་གཅིག་སྤྲོད་ཨེ་ཐུབ་ལྟ་གི་ཡོད། མི་འདི་གཤིས་ཀ་སྡུག་མོ་དཔེ་འདུག
སྟག་སྨྱོན། བྱོན་པ་ལེགས།
རེད་ཡ། སྟག་སྨྱོན་ཡང་སྐྱར་འདིར་བསླེབས་པར་དགའ་བསུ་ཞུ། མི་གཅིག་དྲ་ངོས་སུ་ཞུགས་རྒྱུ་ཉུང་དུ་སོང་ན་ཡང་དེ་བོད་པ་ཚང་གི་གྱོང་གུད་དང་རྒྱ་རྒན་ཚང་གི་ཁེ་བཟང་ཡིན་པ་མ་རྗེད།
ངས་ཡེ་ཤེས་མི་ཤེས་རུང་ཡེ་ཤེས་ཀྱིས་ང་ཤེས་ཀིན་ཡོད་ཟེར། ད་དུང་ཕ་ཡུལ་གཅིག་པ་ཡིན་ན་ཅིག་ཟེར་ནས་ངའི་ནང་མིས་དགྲ་བོར་ཁྲལ་འཇལ་མ་ཐུབ་པར་བྲོས་པ་རེད་ཟེར། ཨ་ཧ་བོ། ང་མི་སྒེར་ལ་མཐོང་ཆུང་དང་དམའ་འབེབས་གང་བྱེད་ཁྱོད་ཀྱི་འདོད་ཐོག་ལ་བཞག་ཆོག་ནའང་ངའི་ཡབ་མེས་ལ་འདི་འདྲའི་བཀའ་ལོག་བྱས་པར་ངས་རང་དགར་འཇོག་འདང་མེད་མོད། ད་ཡིན་ན་ཁྱོས་ཨ་མདོར་དགྲ་བོའི་བཙན་དབང་སླེབས་ཡོད་པ་ལས་དགྲ་ཁུངས་མ་རེད་མདོག་མདོག་ཅིག་ཟེར་སོང་བས་དེ་རིང་སྲོག་མགོ་ཐར་ཙམ་བྱུང་བ་རེད། དེ་ནས་གོང་དུ་མདོ་ཁམས་ཀྱི་སྐོར་ལ་ཁྱོད་ཀྱིས་མདོ་ཟེར་བ་མདོ་སྨད་དང་ཁམས་ཟེར་བ་མདོ་སྟོད་ལ་གོ་དགོས་རེད་མདོག་མདོག་དེ་བདེན་པ་མ་རེད། མདོ་ཁམས་ཟེར་བ་དེ་སྨད་མདོ་ཁམས་སྒང་དྲུག་༼མདོ་སྟོད་སྨད༽ཡོངས་ཀྱི་བསྡུས་མིང་ཞིག་ལས་མདོ་དང་ཁམས་ཟེར་ནས་ལོགས་སུ་བཀར་ཡ་ཡོད་མ་རེད། མིན་ན་དབུ་༧གོང་ས་མཆོག་ནས་རྐུབ་ཁྱེད་རང་གི་བར་གྱི་ཨ་མདོ་བ་རྣམ་པས་ཅིག་བྲིས་བྲིས་པའི་མཇུག་དུས་མདོ་ཁམས་པ་ཅིག་ཅིག་མ་མ་གོ་གོ་ནས་ཞེས་ཟེར་སྲོལ་ཡོད་པ་འདི་ལ་བལྟས་ནའང་མདོ་སྟོད་སྨད་གཉིས་བསྡུས་པའི་ཁམས་ཕྱོགས་ཡོངས་ལ་མདོ་ཁམས་ཟེར་བ་ས་རིས་ཐང་གསལ་རེད་མི་འདུག་གམ། ད་རུང་མང་བོ་བཤད་ཡ་ཡོད་མོད་ཐེབས་གཞོང་འདིར་ཡིག་རྡོག་ཁ་ཤས་མི་འདུག་པས་་་་་་་་་་་་་་་ད་རེས་དེ་ཙམ་བྱོས་པ།
ཨ་རོ། གྲོགས་པོ་ཚོ། ད་བོད་པའི་མིག་དེ་གང་ལ་བུད་སོང་བ་རེད། བོད་པའི་མིག་དེས་ཀླུ་སྨྱོན་རྗེས་འདེད་གཏོང་གི་ཡོད་པའི་བཟོ་འདྲ་བོ་ཞིག་འདུག དེ་འདྲ་མ་བྱེད། མིག་བཤད་དུས་མིག་བཤད་ཐུབ་དགོས། མ་རེད་དམ།
དཀོན་མཆོག་ལགས། དོན་མེད་དོགས་འདྲོགས་མ་བྱེད། ཁྱེད་རང་མ་ཡིན་པའི་ཨ་མདོ་དཀོན་མཆོག་གང་ས་གང་དུ་ཡོད་པ་རེད། འདི་གའི་དཀོན་མཆོག་དེ་རྡོ་སྦིས་ནས་རེད་ལ་འདི་ལོར་དགུང་ལོ་བདུན་ཅུ་དོན་གྲངས་ཤིག་ཏུ་ཕེབས་ཡོད། ཁྱོད་རང་རྒན་པོ་འདི་མོ་ཟིག་ཡིན་ན་མི་ཧྲ་པ། ཨ་རོགས། རང་གི་ཕ་ཡུལ་གཅིག་པ་ལ་ས་མཐའ་སྡེ་མཐའ་ནས་དོན་མེད་སྐྱོན་འཛུག་མ་བྱེད་རོགས།
“ད་ལྟ་ང་ཚོའི་ས་གནས་འདིར་ཡོད་པའི་ཨ་མདོ་བ་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གིས་དངུལ་སྒོར་སུམ་ཅུའི་ཁྲལ་འཇལ་མ་ཐུབ་པར་ཁོ་རང་ཡུལ་གྱར་དུ་འགྲོ་དགོས་བྱུང་འདུག་”
དཀོན་མཆོག་ལགས། དེ་དུས་ཁྱོད་རང་ད་དུང་སྐྱེས་ཀྱང་མེད་པས་ཡུལ་གྱར་དུ་འགྲོ་སྟངས་ཤིག་གང་ན་ཡོད། དོན་ངོ་མ་དེ་བརྟག་དཔྱད་མེད་པའི་གཏམ་བཤད་རེས་ཉི་མ་གཏོང་གིན་ཡོད་པའི་ཚོར་སྣང་ཞིག་ཡོང་གི
ཀླུ་སྨྱོན། འདིར་ཁ་ཤས་ཀྱིས་དངོས་མིང་བཀོལ་གི་ཡོད་པ་རེད། ཁ་ཤས་ཀྱིས་མིང་གཞན་བཀོལ་པ་དེར་ཁོ་ཚོར་རྒྱུ་མཚན་རེ་ཡོད་རྒྱུ་རེད། ཁོ་ཚོར་རང་གི་དངོས་མིང་གསང་བའི་ཐོབ་ཐང་ཡོད་པ་རེད། ཁྱོད་ཀྱིས་དེ་འདི་རེད། འདི་དེ་རེད་ཟེར་ནས་གཞན་གྱི་གསང་དོན་འཚོལ་ཞིབ་དང་ཁྲོམ་བསྒྲགས་བྱེད་པ་འདི་ཁྲིམས་འགལ་གྱི་བྱ་བ་རེད། ཁྱེད་རང་གཟབ་གཟབ་མ་བྱས་ན་སུ་ཞིག་གིས་ཁྲིམས་ཐོག་ལ་འཁྲིད་སྲིད་ཀྱི་རེད་ད། ཨ་རིའི་ནང་ཁྱེད་རང་ཁྲིམས་ཐོག་ཁྱེར་བ་ཡིན་ན་ཁྱེད་སྤྲུལ་སྐུ་སྤྲང་པོ་ཞིག་ལ་ཨ་སྒོར་ཁྲི་ཚོ་ཁྲི་ཚོ་བྱས་སྤྲད་རྒྱུ་ཡོད་དམ།
མགོན་པོ་ལགས། ངས་མགོ་ཚོས་མ་སོང་། ངས་མི་སུ་ཞིག་གི་གསང་བ་ཁྲོམ་བསྒྲགས་བྱས་སོང་།
དེས་ན་ཁ་སྔོན་དྲ་གྲོགས་ཤིག་གིས། ཀླུ་སྨྱོན། ཁ་བ་དཀར་པོ་ཟེར་བ་དེ་ཁྱོད་རང་རེད་ཟེར་བ་ཞིག་དྲན་བྱུང་། འོ་ན་ངས་ཀྱང་དེ་ལ་རྩད་གཅོད་བཏང་ནས་བདག་པོ་རེ་བརྒྱབ་ན་ཨ་སྒོར་སྟོང་ཕྲག་འགའ་རེག་རྒྱུ་ཡོད་འགྲོ
དེས་མི་ཚད་པར་ང་ལ་རྒྱ་མིའི་སོ་བ་རེད་རྒྱུགས་ཁྱི་རེད་ཟེར་མཁན་གང་མང་ཞིག་བྱུང་སོང་བས། དེ་དག་རེ་རེ་བྱས་ནས་ཁྲིམས་སར་བསྐྱལ་བ་ཡིན་ན་ཉི་མ་གཅིག་ལ་ང་ཨ་སྒོར་ས་ཡའི་བདག་པོ་ཆགས་པ་མ་རེད་དམ།
ཡིན་ན་ཡང་ངའི་སྐྱེ་བ་འདི་ལ་མི་ཞིག་ལ་བསམ་གཟས་ནས་གནོད་པ་ཞིག་མི་བྱེད་རྒྱུ་འདི་ངས་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་པའི་སྐབས་ཀྱི་ཁས་ལེན་དང་དམ་བཅའ་ཡིན་པས། ང་འདི་ལ་ཅིག་འགལ་བ་ལས་ང་ངོ་མ་ཤི་ན་དགའ། ང་ཉལ་ཁ་ལང་ཁ་ཀུན་ཏུ་སྨོན་ལམ་འདེབས་ས་འདི་ཡིན།
བདེན་བདེན་འདྲ། ཁྱོད་ཨ་སྒོར་ས་ཡའི་བདག་པོར་མགྱོགས་པོར་ཆགས་རྒྱུ་ཡིན་པ་འདྲ། དེ་ནས་ཁྱོད་ཀྱི་དྲ་གྲོགས་ཚོ་རེ་རེ་བྱས་ཁྱོད་ཁྲིམས་ལ་བསྐྱལ། ཟམ་གདོང་དང་རྒྱ་རི་གཉིས་སྐུ་སྒེར་སོ་སོ་ནས་ཁྱོད་ཁྲིམས་ལ་བསྐྱལ། བོད་གཞུང་གིས་ཀྱང་ཁྱོད་ཁྲིམས་ལ་བསྐྱལ། དེ་འདྲ་བྱས་ནས་ཁྱོད་ཀྱི་ཨ་སྒོར་ཚང་མ་ཚར་ཐེངས་གཅིག་ལ་ཚར་ནས་ལག་སྟོང་མཆན་དང་ཅན་སྟོང་རུམ་བྱས་སྡོད་དགོས་ཐུག་གི་རེད། ཡིན་ན་ཡང་ཁྱེད་ཀྱིས་མི་རྟག་གླུ་རུ་ལེན་པའི་ཉམས་མགུར་སྲིད་ན་འགྲན་ཟླ་བྲལ་བ་ཞིག་འབྲི་གི་རེད། དེ་ནས་དྲ་གྲོགས་མང་པོ་ཞིག་གི་ཡིད་སེམས་རྩ་ནས་ཁུག་སྟེ་སྒོར་མོ་གང་ལ་གང་འཚམས་ཤིག་ཁྱེད་ལ་ཕྱིར་འབུད་བྱས་ནས་ཁྱེད་ཀྱང་འཛུམ་དམུལ་ལེར་འགྱུར། ཡིན་ན་ཡང་། མི་རིང་བར་ཁྱེད་རང་གིས་སྒོར་མོ་བེད་སྤྱོད་གཏོང་ལོང་མ་བྱུང་བར་ཤི་འགྲོ་རྒྱུ་ཡིན་པ་དང་། ཁྱེད་རང་གི་སྒོར་རྡོག་དེ་ཚོ་ཡང་སུ་ཞིག་ལ་དབང་མིན་སུས་ཤེས།