རྗེ་སྤྲུལ་བློ་གྲོས་ཆོས་བཟང་།
ཕྱི་ལོ་༢༠༡༥ ཟླ་བ་༡༠ ཚེས་༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་མཛད་སྒོར་སྩལ་བའི་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་སློབ་ཀྱི་ཟུར་ཞིག་གསར་ལམ་ཁག་ནས་ཐོས་པ་ནི་འདི་ལྟར། ཕྱོགས་གཞན་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ང་ཚོ་བོད་པ་བཙན་བྱོལ་བ་ཉུང་ཤས་དེ་སློབ་སྦྱོང་དེ་ལྟ་བུ་ཞིག་གི་ཐོག་ནས་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན་འཛམ་གླིང་གི་ཐོག་ལ་ཡ་རབས་སྤྱོད་བཟང་གི་སློབ་དཔོན་བྱེད་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ལྟ་བུ་ཞིག་རེད། ཅེས་པ་དེ་ཡིན། བཀའ་སློབ་དེ་གོ་རྗེས་མཛད་སྒོ་དེར་གནང་བའི་བཀའ་སློབ་ཆ་ཚང་ཞིག་༧རྒྱལ་དབང་རིན་པོ་ཆེའི་དྲ་ཚིགས་ནས་བཀླགས་རྗེས་བོད་མིས་འཛམ་གླིང་གི་ཐོག་ཀུན་སྤྱོད་ཀྱི་སློབ་དཔོན་བྱེད་ཐུབ་པའི་གོ་སྐབས་དང་ནུས་པ་ཡོད་པའི་སྐོར་ཅུང་ཙམ་བསམ་གཞིགས་བྱས་པའི་རྙོག་གཏམ་ཞིག་གླེང་བ་ལ།
དངོས་ཡོད་ཀྱི་གནས་ཚུལ་ལ་ང་ཚོས་རྒྱལ་སྤྱིའི་སློབ་གྲྭ་ཁག་གིས་གཙོས་གོ་ལ་ཧྲིལ་པོའི་མི་སྡེའི་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་སློབ་དཔོན་བྱེད་ཐུབ་ཀྱི་རེད་དམ། ཐུབ་པའི་གདེང་ཚོད་དང་ཆ་རྐྱེན་ག་རེ་ཡོད་དམ་ཞེ་ན། ང་ཚོ་བཙན་བྱོལ་བས་སྟོབས་དང་འབྱོར་བས་ཕན་ཐོགས་བྱ་རྒྱུ་ནི་སྤྲོས་བྲལ་རེད། དེ་བཞིན་དུ་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་པའི་གཞི་ལམ་འབྲས་གསུམ་བརྗོད་བྱར་བྱས་པའི་མདོ་བསྟན་རྣམས་ཀྱིས་ཀྱང་རྒྱལ་སྤྱིའི་ཁྲོད་དུ་ཕར་ཞོག་ནང་པའི་ཡུལ་གྲུ་ཁག་གི་ནང་ལ་ཡང་སྤྱི་སྙོམས་ཀྱི་ཕན་ཐོགས་ཤིག་བསྒྲུབ་རྒྱུ་དཀའ་ཚོད་གདའ།
ང་ཚོས་ཐབས་ལམ་གང་ཞིག་གིས་རྒྱལ་སྤྱིའི་ཤར་ནུབ་ཀྱི་སློབ་གྲྭ་ཁག་གིས་གཙོས་མི་སྡེའི་སྤྱི་ཚོགས་ལ་སློབ་དཔོན་དང་ཞབས་འདེགས་ཞུ་ཐུབ་རྒྱུ་ཡིན་ནམ་ཟེར་ན། འདི་ནི་༧རྒྱལ་བ་དོན་གྱི་བདག་པོས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བཞི་བཅུ་ལྷག་གི་ནང་མི་ལོ་ལྔ་བཅུའི་རིང་ཞབས་ཀྱིས་ཡང་ཡང་བཅགས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་དང་། ལྷག་པར་འགྲོ་བ་མིའི་ཀུན་སྤྱོད་ཇེ་ཞན་དང་ཇེ་སྡུག་ཏུ་སོང་ནས་དཀའ་ངལ་འཕར་མ་གང་ཞིག་འཕྲད་བཞིན་ཡོད་མེད་དང་། དཀའ་ངལ་དེ་དག་ནི་འཛམ་གླིང་གི་མི་རིགས་བྱེ་བྲག་པ་ཙམ་དང་ཆོས་ལུགས་བྱེ་བྲག་པ་ཙམ་གྱི་ཁྲོད་དུ་མ་ཡིན་པར་ཁྱོན་ཡོངས་ནས་བྱུང་དང་འབྱུང་བཞིན་པའི་གནས་སྟངས་ལེགས་པར་མཁྱེན་ཐོག ཆོས་ལུགས་བྱེ་བྲག་པ་ཞིག་ནས་གསུངས་པའི་བསླབ་བྱ་ནི་སྲིན་བུ་མེ་འཁྱེར་ལྟ་བུ་ལས་ཁྱོན་ཡོངས་ཀྱི་མུན་ནག་གི་དཀའ་ངལ་སེལ་བའི་ཉི་མ་ཞིག་མ་ཡིན་ཅིང་འགྲོ་བ་མིའི་ཁམས་དང་མོས་པའི་སྒོ་སྣ་ཚོགས་པ་དང་མི་འཚམས་པ་དང་། ཁྱོན་ཡོངས་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་ནི་རིས་སུ་མ་ཆད་པའི་མིའི་རིགས་ཀུན་གྱིས་ངོས་ལེན་བྱེད་ཐུབ་པའི་རིག་པའི་གཞུང་ཞིག་མེད་ཐབས་མེད་པར་དགོངས་ནས་ཆོས་ལུགས་དང་མ་འབྲེལ་བའི་འཇིག་རྟེན་ཀུན་སྤྱོད་སྐོར་གྱི་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་གཉིས་ Ethics for New Millennium སྟོང་ལོ་གསར་པའི་བླང་དོར་གྱི་རྣག་གཞག་དང་། (Beyound Religion) ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་ཏེ་གཉིས་བརྩམས་གནང་མཛད།
༧སྐྱབས་མགོན་ཡིད་བཞིན་ནོར་བུ་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་གཞུང་ལུགས་འཇིག་རྟེན་འདིར་ཤིན་ཏུ་མཁོ་ཆེ་བའི་སྐབས་སུ་རྣག་ཐོག་གཙགས་འཁེལ་གྱི་དཔེ་ལྟར་ཐོག་མར་སྲོལ་འབྱེད་པ་པོ་ཉག་གཅིག་དང་མགོན་པོ་གང་ཉིད་ཀྱིས་སྲོལ་བཏོད་པའི་རིག་པའི་གཞུང་ལུགས་ནི་འཇིག་རྟེན་འདིའི་མི་རིགས་རིས་མེད། ཆོས་ལུགས་རིས་མེད། རྒྱལ་ཁབ་རིས་མེད་ཀྱི་སྐྱེས་བུ་སུས་ཀྱང་སློབ་རུང་བ་དང་། སྦྱོང་རུང་བའི་ཆ་ནས་འཇིག་རྟེན་གྱི་སྤྱི་སྨན་དུ་གྱུར་ཡོད།
དཔེར་ན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྙིང་རྗེ་ལྟ་བུ་ལ་མཚོན་ན་དེང་ཚན་རིག་པས་ཀྱང་འགྲོ་བ་རྣམས་ཐོག་མར་མའི་བྱམས་སྐྱོང་དང་བརྩེ་བ་ལ་བརྟེན་ནས་འཚོ་ཞིང་ཀུན་ལ་ལྷན་སྐྱེས་སུ་ཡོད་པ་དང་། སྙིང་རྗེ་དང་བརྩེ་བ་ཇེ་ཙམ་ཆེ་བ་དེའི་ཚོད་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལའང་ཕན་རབས་ཆེ་ཚུལ་སོགས་དང་། དེར་བརྟེན་སྙིང་རྗེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གིས་གསར་བཟོས་དང་གསར་བཏོད་བྱས་པ་མ་ཡིན་པར་འགྲོ་བ་ཡོད་དོ་ཅོག་ལ་རང་ཆས་སུ་གྲུབ་པ་ལྟ་བུ་རེད། དེ་བཞིན་དུ་བྱམས་པ། བརྩེ་བ། བཟོད་པ། གུ་གཡང་། སྤྱི་ཚོགས་འགན་འཁུར། གཞན་སེམས་དང་གཞན་ཕན་སོགས་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་ཁྱབ་ཁོངས་སུ་ཚུད་ཡོད།
ང་ཚོ་བོད་པའི་ངོས་ནས་རྒྱལ་སྤྱིའི་སློབ་གྲྭ་ཁག་གི་སློབ་གསོའི་ལམ་སྟོན་དང་སློབ་དཔོན་བྱེད་ཐུབ་པའི་ཆ་རྐྱེན་ཡོད་པའི་རྒྱུ་མཚན་ནི་དེ་ལྟ་བུའི་ཀུན་སྤྱོད་ཀྱི་རིག་པའི་གཞུང་ལུགས་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ཞིག་ཡིན་པ་དང་བོད་མི་ཞིག་གིས་སྲོལ་འབྱེད་པའི་རྒྱུ་མཚན་གྱིས་གཏན་ནས་མིན། དེའི་རྒྱུ་མཚན་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་མཚན་གཞི་སྙིང་རྗེ་ལྟ་བུར་མཚོན་ན། དེའི་ངོ་བོ། སྒོམ་པའི་རིམ་པ། དབྱེ་བའི་རྣམ་གྲངས། དེའི་ཕན་འབྲས་སོགས་བོད་པའི་སྐད་ཡིག་ནང་རྒྱ་ཆེ་ལ་གཏིང་ཟབ་པའི་རྣམ་གཞག་ཡོད་ཅིང་བོད་མི་ནི་འཇིག་རྟེན་འདིའི་ས་ལ་སྤྱོད་པའི་འགྲོ་བ་ཀུན་གྱི་ནང་ནས་རྒྱུས་མངའ་དང་ཉམས་མྱོང་ཆེ་ཤོས་ཡོད་པའི་རྒྱུ་མཚན་གྱིས་ཡིན།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་པའི་ངོས་ནས་འཛམ་གླིང་སློབ་གསོ་རིམ་པའི་ཚན་ཁག་ནང་ཞབས་འདེགས་དང་། ལམ་སྟོན། རབ་ན་དབུ་ཁྲིད་ཀྱང་བྱེད་ཐུབ་པའི་ནུས་པ་དང་གདེང་ཚོད་ཡོད་ཅེས་བཀའ་གནང་ཡོད། དེ་ཡང་མེས་དཔོན་གཙུག་ལག་ཁང་དུ་བསྩལ་བའི་བཀའ་སློབ་ལས། “དེ་བྱུང་བ་ཡིན་ན་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་འདིས་རིམ་པས་འཛམ་གླིང་སྤྱི་ལ་དཔེ་མཚོན་སྤྲད་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་མི་ཐུབ་པ་མ་རེད། ཡོང་བའི་རྐྱེན་མང་པོ་ཞིག་སླེབས་ཡོང་གི་ཡོད། ཕྱོགས་གཅིག་ནས་ཧམ་པ་ཚ་བོ་ལྟ་བུ་ཞིག་འདུག་ཀྱང་། ཕྱོགས་གཞན་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ང་ཚོ་བོད་པ་བཙན་བྱོལ་བ་ཉུང་ཤས་དེ་སློབ་སྦྱོང་དེ་ལྟ་བུ་ཞིག་གི་ཐོག་ནས་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན་འཛམ་གླིང་གི་ཐོག་ལ་ཡ་རབས་སྤྱོད་བཟང་གི་སློབ་དཔོན་བྱེད་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ལྟ་བུ་ཞིག་རེད། དེ་དངོས་ཡོད་གནས་ཚུལ་རེད།” ཅེས་བཀའ་སློབ་གནང་ཡོད།
མ་ཟད་དེང་ནུབ་ཕྱོགས་པའི་སློབ་གྲྭ་ཆེ་ཆུང་ཁག་དང་མཐོ་སློབ་སོགས་ཀྱི་ནང་ཚན་རྩལ་རིག་པའི་གཞུང་ལུགས་ཀྱི་སློབ་གཞི་ཚད་མཐོའི་རང་བཞིན་དུ་སླེབས་ཤིང་ཤར་ནུབ་ཀུན་གྱིས་ཡིད་སྨོན་འཆོར་བའི་གནས་སུ་གྱུར་མོད། ཀུན་སྤྱོད་རིག་པའི་གཞུང་ལུགས་ཀྱི་སློབ་གསོའི་ཁོར་ཡུག་དང་སློབ་གཞིའི་ཚད་གཞི་ཧ་ཅང་དམའ་བའི་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་གང་མང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། ཟླ་ཁོངས་འདིའི་ནང་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཀུན་དང་ www.guardain.com ཞེས་པའི་དྲ་ཚིགས་ནང་ཟླ་བ་ ༡༠ ཚེས་ ༢ ཉིན་ཨ་རིའི་གྲོང་སྡེ་ Oregon ནང་མིང་ལ་ Chris Harper Mercer དང་ལོ་ཉི་ཤུ་ཅན་ཞིག་གིས་ཁོང་རང་གི་སྡོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་ Umpqua college མཐོ་སློབ་ཀྱི་སློབ་མ་དཀྱུས་མའི་ནང་མེ་མདའ་བརྒྱབ་སྟེ་མི་དགུ་རྐྱེན་ལམ་དུ་བཏང་བ་དང་། བདུན་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན་བྱུང་མ་ཐག་སྲིད་འཛིན་ཨོ་བྷ་མའི་སྐད་ངན་ཤོར་བའི་གསུང་བཤད་ཅིག་གནང་དོན་ལ་། ཕྱི་ལོ་ ༢༠༡༢ ཟླ་ ༡༡ བཟུང་ནས་དེ་རིང་གི་རྐྱེན་ངན་འདི་བརྩིས་ན་ཁྱོན་བསྡོམས་མེ་མདས་བསད་རྨས་ཀྱི་གནད་དོན་ཐེངས་ ༩༩༤ བྱུང་བ་དང་དེའི་ནང་ ༢༩༤ ནི་ཕྱི་ལོ་ ༢༠༡༥ ལོའི་ནང་གཅིག་པུར་བྱུང་རབས་གསུངས་འདུག
དཔལ་འབྱོར། དམག་དོན། དེང་དུས་ཀྱི་ཤེས་ཡོན། དམངས་གཙོ་དང་རང་དབང་སོགས་ཆེས་དར་རྒྱས་ཕུན་སུམ་ཚོགས་པའི་མངའ་ཁུངས་སུ་དེ་ལྟ་བུའི་ཐབས་སྐྱོ་བོའི་དོན་རྐྱེན་བྱུང་བའི་རྒྱུ་མཚན་དང་རྒྱུ་རྐྱེན་ཅི་ལྟ་བུ་ཞིག་ལ་ཐུག་ཡོད་དམ། དེ་ལ་རྒྱུ་རྐྱེན་ཞིག་ཡོད་ན་ནི། ཀུན་སྤྱོད་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་ལ་དོ་སྣང་དང་། མཐོང་ཆེན། སྤྱི་ཚོགས་ལ་དགོས་མཁོའི་ཆ་རྐྱེན་ཞིག་ཏུ་མ་བརྩིས་པ་སོགས་ཀྱི་གནད་དོན་ལ་ཐུག་ཡོད་ཚུལ་བཤད་མཁན་ཇེ་མང་དང་ཇེ་མང་དུ་འགྲོ་བའི་གནས་སྟངས་ཤིག་དང་། དཀའ་ངལ་དེ་རྣམས་སེལ་བའི་ཐབས་ལམ་ཞིག་འཚོལ་བཞིན་པའི་དུས་ཚོད་ཀྱང་ཡིན། བོད་ཀྱི་གཏམ་དཔེ་ལ། དུས་ཐོག་ཆར་བ། ཞེས་པའི་དཔེ་ལྟར་ང་ཚོས་འབད་བརྩོན་བགྱིས་ན་བཟང་སྤྱོད་ཀྱིས་སྐམ་པའི་རྒྱལ་སྤྱིའི་ཞིང་ས་གསོན་པོར་དུས་ཐོག་གི་ཀུན་སྤྱོད་རིག་པའི་ཐབས་ལམ་གྱི་གྲུ་ཆར་ཞིག་འཇོ་ཐུབ་པར་བར་ཐག་དེ་ཙམ་མེད་སྙམ།
འོ་ན་བོད་པས་རྒྱལ་སྤྱིའི་སློབ་གསོའི་ནང་ཀུན་སྤྱོད་རིག་པའི་གཞུང་ལུགས་ཐོག་ནས་ཞབས་འདེགས་དང་སྣེ་ཁྲིད་བྱེད་ཐུབ་པའི་ཆ་རྐྱེན་ལྡན་ཞིང་དུས་ལ་བབ་ཡོད་ན། དེའི་ཚུལ་ཇི་ལྟར་བྱེད་དགོས་ཤེ་ན། བོད་ཀྱི་སྐད་ཡིག་ནང་ཡོད་པའི་ཡ་རབས་ཀུན་སྤྱོད་ཀྱི་རིག་པའི་གཞུང་ལུགས་རྣམས་སྐད་ཡིག་གཞན་དུ་བསྒྱུར་པའི་ལས་དོན་ལྟ་བུ་ལ་གོ་དགོས་སམ། ཞེ་ན། དེ་ནི་བསྒྱུར་གྱི་ལས་དོན་ཙམ་ཞིག་ལ་གོ་རྒྱུ་གཏན་ནས་མིན་ལ། དེ་ལས་ཀྱང་རླབས་ཆེ་བའི་བྱ་གཞག་ཅིག་ཡིན།
དེའི་ཚུལ་ནི་༧གོང་ས་སྐྱབས་མགོན་མཆོག་གི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་ཕྱག་དེབ་ལས། “ངའི་རེ་བ་དང་འདོད་དོན་ནི། ཉིན་ཞིག་སློབ་གྲ་སོགས་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་ངས་བརྗོད་བཞིན་པའི་སེམ་ཀྱི་ཡོན་ཏན་ཞེས་པའི་ཐོག་ལ་དོ་སྣང་སྤྲོད་རྒྱུ་དེ་ཡིན། གཞི་རྩའི་ཤེས་ཡོན་སློབ་གཞིའི་ཐད་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་པར་ང་ཚོས་ཡིན་ཤག་བྱེད་པ་བཞིན་དུ་ཕྲུ་གུ་རྣམས་ཀྱིས་རང་རང་སོ་སོའི་སློབ་གྲྭའི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ། དཔེར་ན། བྱམས་པ་དང་། སྙིང་རྗེ། བཟོད་པ་ལྟ་བུའི་ནང་སེམས་ཀྱི་རིན་ཐང་གི་གལ་ཆེའི་རང་བཞིན་སློབ་སྦྱོང་བྱ་རྒྱུ་ཡིན་ཤག་བྱེད་པའི་དུས་ཚོད་ཅིག་འཆར་རྒྱུར་ང་ལ་རེ་བ་ཆེན་པོ་ཡོད།” ཅེས་ཕྱི་ལོ་ ༢༠༡༢ ལོར་གནས་མཆོག་རྡོ་གདན་དུས་འཁོར་དབང་ཆེན་སྐབས་ཕྱག་དེབ་དེ་ཉིད་ཀྱི་དབུ་འབྱེད་གནང་ནས་དེ་རིང་བར་ལོ་ངོ་བཞི་ཙམ་སོང་ཡང་༧མགོན་པོ་གང་ཉིད་ཀྱི་གོང་གི་རེ་འདོད་དང་ཐུགས་དགོངས་ཀྱི་ཐོག་ནས་གཞུང་སྒེར་གཉིས་ཐོག་ནས་ལས་དོན་གྱི་གོམ་པ་ཤུགས་ཆེན་བརྒྱབ་མེད་པའམ་མ་ཐུབ་པའི་རྒྱུ་མཚན་གྱིས་མཐར་མགོན་པོ་གང་ཉིད་ཀྱིས་སླར་ཡང་དེ་ལྟ་བུའི་ཐོག་བཀའ་སློབ་མཛད་པའི་ཚུལ་ནི། ད་ཐེངས་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོར་བསྩལ་བའི་བཀའ་སློབ་ལས། “ད་ལྟ་གཞི་ནས་ང་ཚོས་གོ་བསྡུར་བྱེད་བཞིན་ཡོད། རིམ་པའི་ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་སློབ་ཚན་དེ་ལག་ལེན་བསྐྱལ་ནས་བསླབ་ཐུབ་པ་ཞིག་བྱུང་ན་སྙམ་ནས་བསམ་བློ་འཁོར་བསྡད་ཀྱི་ཡོད་པ་རེད། “ཅེས་བཀའ་གནང་ཡོད།
༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ང་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རྣམས་སློབ་གཞི་གཏན་འབེབ་ཀྱིས་སློབ་དགོས་པའི་ཐུགས་འདོད་ཤུགས་ཆེ་གནང་བཞིན་ཡོད། དེ་ལྟ་བུའི་རླབས་ཆེན་གྱི་དགོངས་གཞི་འདི་ཐོག་མར་ང་ཚོ་བོད་པས་མ་བསྒྲུབས་ན་སུས་བསྒྲུབ། དེའི་ཚུལ་ཡང་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་སློབ་གཞི་རག་ཟིན་གཏན་འབེབ་དང་དུས་བཅད་ཀྱིས་བཙན་བྱོལ་ནང་གི་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སྤྱི་ཡོངས་སམ། ཡང་ན་འཛིན་གྲྭ་བྱེ་བྲག་གཅིག་གཉིས་ཤིག་གི་ནང་ཆེད་གཉེར་གྱིས་སློབ་ཏུ་འཇུག་དགོས།
དེ་ལྟ་བུའི་ལས་རིམ་ནི་ང་ཚོས་འཆར་ཅན་ལྟར་གོང་ས་མཆོག་ལ་ལས་སྡོམ་གྱི་སྙན་གསེང་ཕུལ་ཐུབ་ཙམ་དང་ང་ཚོའི་བོད་པའི་སློབ་གྲྭ་ཁག་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལག་བསྟར་དང་སློབ་བཞིན་ཡོད་ཅེས་གཞན་ལ་སྒྲོག་ཆེད་ཙམ་ཞིག་གཏན་ནས་མིན་ལ། དེའི་དམིགས་ཡུལ་ནི་འགོ་བོད་པའི་སློབ་གྲྭ་ནས་བཙུགས་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་རྒྱལ་སྤྱིའི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་གཏོང་ཐུབ་པའི་དམིགས་ཡུལ་ཡིན། དེ་ལྟར་ཡོང་བར་ཀུན་སྤྱོད་རིག་པའི་གཞུང་ལུགས་དེ་ལྟ་བུ་དག་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ཀྱི་འགོ་བཙུགས་པ་ནས་བཟུང་སྟེ་མགོ་མཇུག་བར་གསུམ་གྱི་ལས་དོན་ལ་ཞིབ་འཇུག་ངེས་པར་དུ་བྱེད་དགོས།
དེ་ཡང་ཀུན་སྤྱོད་རིག་པའི་གཞུང་ལུགས་ལག་བསྟར་མ་བྱས་པའི་སློབ་མའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་རྒྱུས་ལོན་དང་ལག་བསྟར་བྱས་རྗེས་ཀྱི་སློབ་མའི་སྒོ་གསུམ་གྱི་ཀུན་སྤྱོད་ལ་ལེགས་ཉེས་ཀྱི་འགྱུར་ལྡོག་དང་། སྤྱི་ཚོགས་ནང་མི་གཞན་དང་ཕ་མ་སོགས་དང་འགྲོགས་འདྲིས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་ལེགས་ཉེས་ཀྱི་འགྱུར་ལྡོག་བཅས་བསླབས་པ་དང་མ་བསླབས་པའི་སློབ་ཚོགས་དབར་གྱི་ཁྱད་པར་ཅི་བྱུང་སོགས་ཀྱིས་མཚོན་པའི་མདོར་ན་ལག་བསྟར་བྱས་པའི་དགེ་མཚན་ཅི་བྱུང་རྣམས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཉམས་ཞིབ་བྱས་ནས་གྲུབ་དོན་རྣམས་ཡིག་ཐོག་ཏུ་གཏན་འབེབ་དང་། དེ་ནས་རྒྱ་གར་དང་རྒྱལ་སྤྱིའི་སྟེང་གི་སློབ་གྲྭའི་སློབ་གཞི་གཏན་འབེབ་གནང་མྱོང་བའི་མི་སྣ་གྲགས་ཅན་དང་སེམས་ཁམས་རིག་པའི་མི་སྣ་འདུས་སྐོང་གིས་ཚོགས་ཆུང་བཙུགས་ཏེ་སླར་ཡང་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པ་རྣམས་བསླབས་ནས་སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ལེགས་ཉེས་ཀྱི་འགྱུར་ལྡོག་ཅི་བྱུང་དང་། ལྷག་པར་དུ་སློབ་མའི་བསམ་བློའི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་སོགས་ལ་ཉམས་ཞིབ་མཐིལ་ཕྱིན་པ་བྱས་ནས་ད་གཟོད་གྲུབ་དོན་གྱི་ལས་བསྡོམས་རྣམས་༧གོང་ས་མཆོག་ལ་ཕུལ་ན་དོན་དམ་པའི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བར་གདོན་མི་ཟ་བ་དང་། དེ་ལྟ་བུའི་བྱེད་ཐབས་ཀྱི་གྲུབ་དོན་གཏན་ལ་འབེབ་ལུགས་ནི་ཚན་རིག་གི་རིག་པའི་གཞུང་ལུགས་དང་། དེང་དུས་གཏན་འབེབ་ཀྱི་རྣམ་གཞག་གི་འགྲོ་ལུགས་ཀུན་དང་མཐུན་ཞིང་རྒྱལ་སྤྱི་དང་རྒྱལ་ནང་གི་ཟུར་གནས་ཀྱི་བློ་ལྡན་སུ་ཡིས་དཔྱད་ཀྱང་དང་བས་ཁས་ལེན་བྱེད་ཐུབ་པའི་གྲུབ་དོན་ཞིག་ཏུ་འགྱུར་བར་ངེས།
གྲུབ་དོན་གྱི་ལས་བསྡོམས་དེའི་ཐོག་ནས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ནང་སྔར་ལས་ཞིབ་ཚགས་པའི་ཐོག་ནས་སློབ་གཞི་གཏན་འབེབ་དང་སློབ་ཁྲིད་བྱས་འགོ་བཙུགས་ནས་གཞི་རྒྱ་ཆེ་རུ་བཏང་བ་དང་ཆབས་གཅིག་རྒྱལ་སྤྱིའི་ཐོག་ནས་དངོས་ལེན་ཡོད་པའི་ཚོགས་པ་དང་། མི་སྣ་གྲགས་ཅན་མང་པོ་གདན་ཞུ་བྱས་ཏེ་ང་ཚོའི་བཙན་བྱོལ་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་བཞིན་པའི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་བསླབས་པའི་མཇུག་འབྲས་ལ་ཞིབ་འཇུག་གིས་གྲུབ་དོན་གཏན་འབེབ་དང་། རྒྱལ་སྤྱིའི་ངོས་ནས་གྲུབ་དོན་ལ་ངོས་ལེན་བྱེད་ཐུབ་པ་བཟོས་རྗེས། ད་གཟོད་ང་ཚོས་༧རྒྱལ་བའི་དགོངས་པ་གྲུབ་པ་དང་རྒྱལ་སྤྱིའི་སློབ་གསོའི་ནང་ལམ་སྟོན་དང་མིག་དཔེ་གསར་པ་ཞིག་བཏོན་ཐུབ་པའི་ལམ་སྣེ་ཟིན་ཞིང་། བཙན་བྱོལ་བ་འབུམ་གཅིག་ཙམ་གྱིས་སྟོབས་འབྱོར་དང་མངའ་ཐང་རྒྱས་པའི་རྒྱལ་ཁབ་དང་། དེང་དུས་ཤེས་ཡོན་ཕྱུག་པའི་འཛམ་གླིང་མི་མང་ལ་རྒྱལ་སྤྱིའི་དེབ་ཐེར་དུ་འཁོད་རིན་ཡོད་པའི་ལེགས་སྐྱེས་འབུལ་ཐུབ།
དེའི་ཚུལ་ཡང་། རྒྱལ་བས་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོར་བསྩལ་བའི་བཀའ་སློབ་ལས། “དེ་བྱུང་བ་ཡིན་ན་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་འདིས་རིམ་པས་འཛམ་གླིང་སྤྱི་ལ་དཔེ་མཚོན་སྤྲད་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་མི་ཐུབ་པ་མ་རེད། ཡོང་བའི་རྐྱེན་མང་པོ་ཞིག་སླེབས་ཡོང་གི་ཡོད། ཕྱོགས་གཅིག་ནས་ཧམ་པ་ཚ་བོ་ལྟ་བུ་ཞིག་འདུག་ཀྱང་། ཕྱོགས་གཞན་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ང་ཚོ་བོད་པ་བཙན་བྱོལ་བ་ཉུང་ཤས་དེ་སློབ་སྦྱོང་དེ་ལྟ་བུ་ཞིག་གི་ཐོག་ནས་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན་འཛམ་གླིང་གི་ཐོག་ལ་ཡ་རབས་སྤྱོད་བཟང་གི་སློབ་དཔོན་བྱེད་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ལྟ་བུ་ཞིག་རེད། དེ་དངོས་ཡོད་གནས་ཚུལ་རེད། ” ཅེས་བཀའ་གནང་ཡོད་ཅིང་། ༧རྒྱལ་བའི་དགོངས་པ་དེ་ཉིད་མངོན་དུ་འགྱུར་དུ་བར་ང་ཚོའི་ངོས་ནས་༧ཁོང་གི་ལམ་ལྟོན་ལྟར་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་གཞུང་ལུགས་དེའི་རྒྱུད་འཛིན་ངེས་པར་བྱེད་དགོས།
དེ་ལྟ་བུའི་རིག་པའི་གཞུང་ལུགས་དེ་ཉིད་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཤིང་རྟའི་སྲོལ་འབྱེད་གནང་བ་ལྟར་བོད་མི་ཚོས་དེའི་སྲོལ་འཛིན་པར་དོ་སྣང་དེ་ཙམ་མི་བྱེད་པར་མི་རིགས་གཞན་ཞིག་གིས་དེ་ལྟར་ལག་བསྟར་བྱས་པའི་དུས་ཤར་ཚེ་ཅུང་ཐབས་སྐྱོ་བོའི་གནས་ཚུལ་ཞིག་རེད་འདོད། སྤྱིར་ན་ནུབ་ཕྱོགས་པའི་སེམས་ཁམས་པ་དང་དབང་རྩ་རིག་པ་བ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ནས་གསུངས་པའི་དཔྱད་སྒོམ་དང་འཇོག་སྒོམ། དྲན་པ་ཉེར་བཞག་སོགས་ཀྱིས་མིའི་ཀླད་པ་དང་འཕྲོད་བསྟེན་ལ་འབྲེལ་བ་ཧ་ཅང་ཆེ་རབས་དང་ཕན་གནོད་ཤུགས་ཆེ་ཡོད་སྐོར་བརྟག་དཔྱད་ཀྱི་ལམ་ནས་གྲུབ་དོན་རྣམས་ཡིག་འཇོག་བྱེད་བཞིན་ཡོད།
དཔེར་ན། ཨ་རིའི་ Univeristy of Wisconsin མཐོ་སློབ་ཀྱི་དབང་རྩའི་སློབ་དཔོན་གྲགས་ཅན་ Richard Davidson མཆོག་གིས་སྒོམ་དང་དྲན་པ་ཉེར་བཞག་སོགས་སྒོམ་པས་མིའི་ཀླད་པར་སྟངས་འཛིན་དང་འགྱུར་ལྡོག དེ་འབྲེལ་གྱི་ལུས་པོའི་འཕྲོད་བསྟེན་ལ་ཕན་གནོད་སོགས་ཀྱི་སྐོར་ཞིབ་འཇུག་ཡུན་རིང་བྱས་ཏེ་ཕྱི་ལོ་༢༠༡༢་ལོར་བྲིས་རྩོམ་གནང་བའི་ The Emotional life of Your Brain ཞེས་པའི་རྩོམ་དེབ་དེ་ཉིད་ལོ་འདིའིNew York Times ་ནིའུ་གཡོག་གི་དུབ་བབ་ཀྱི་དཔེ་དེབ་བྲིན་ཆེ་ཤོས་གྱུར་པའི་གནས་ཚུལ་དང་། དེ་བཞིན་ཁོང་གི་ཕྱག་རོགས Sharon Begley ཀྱིས་ཀྱང་སྒོམ་དང་ཀླད་པར་འབྲེལ་བའི་སྐོར་དེབ་མང་དུ་བཏོན་འདུག
ད་ཐེངས་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་རིག་པའི་གཞུང་ལུགས་དེ་ཉིད་གལ་ཏེ་མི་སྡེའི་སྤྱི་ཚོགས་ནང་ལག་བསྟར་བྱས་ནས་དེའི་གྲུབ་འབྲས་ལ་མི་སྡེའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བའི་རྣམ་པ་ཞིག་བྱུང་ན་ཕལ་ཆེར་འཐུས་པ་ལས་འགྲོ་བ་མིའི་ཀླད་ཁམས་ལ་འགྱུར་ལྡོག་ཇི་བྱུང་གི་སྐོར་སོགས་ཞིབ་ཚགས་པོའི་གྲུབ་དོན་དེ་དེ་ཙམ་མི་མཁོ་སྙམ། དེར་བརྟེན་ང་ཚོས་རིག་པའི་གཞུང་ལུགས་དེ་ཉིད་བཙན་བྱོལ་བོད་མའི་སློབ་གྲྭ་ལྟ་བུའི་ནང་ལག་བསྟར་བྱེད་ཐུབ་པའི་གནས་སྟངས་དང་གོ་སྐབས། ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་ཡོད་པས་ལག་བལྟར་བྱས་ཐོག འཚོ་བ་དངོས་ཀྱི་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་གི་གྲུབ་དོན་རྣམས་རྒྱལ་སྤྱིའི་ངོས་ནས་ངོས་ལེན་ཐུབ་པའི་ཆ་རྐྱེན་ངེས་པར་བསྐྲུན་དགོས་པ་དང་། ང་ཚོས་རྒྱལ་སྤྱིའི་ནང་འགྲོ་བ་མིས་བཟོས་པའི་དཀའ་ངལ་རྐུན་ཇག་གསོད་གསུམ་གྱིས་མཚོན་པའི་རྐྱེན་ངན་རྣམས་འགྲོ་བ་མིའི་བཟང་སྤྱོད་ཀྱིས་མ་འདང་བ་དང་ཕོངས་པའི་དབང་གིས་བྱུང་བའི་ཚུལ་དང་། དེའི་ཆེད་དུ་ཐབས་ལམ་འདི་དང་དེ་བྱ་བ་ཡོད་པ་དང་། ཐབས་ལམ་དང་རིག་པའི་གཞུང་ལུགས་དེ་དང་དེ་ལག་བསྟར་བྱས་ན་དེའི་མཇུག་འབྲས་ལ་བཟང་སྤྱོད་ཀྱི་རྣམ་པ་དེ་འདྲ་ཐོན་ངེས་ཡིན་ཞེས་ཚོད་དཔག་བྱེད་མི་དགོས་པར་ཉམས་མྱོང་གི་ཐོག་ནས་འཛམ་གླིང་མི་མང་ལ་ལེགས་སྐྱེས་དང་། ལམ་རྒྱུས་མེད་ཀྱི་ས་མཁན་གྱི་དཔེ་ལྟར་ཆེས་ཉག་ཕྲ་དང་ཆེས་དགོས་མཁོ་ཆེ་བའི་ཀུན་སྤྱོད་ཀྱིས་ཕོངས་པའི་འཛམ་གླིང་མི་མངས་ཀྱི་གདུང་བ་སེལ་བའི་སློབ་གསོ་གསར་པའི་སྣེ་ཁྲིད་དང་སློབ་དཔོན་བྱ་རྒྱུའི་གོ་སྐབས་འདུག་སྙམ།
ཞེས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༣ ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བློ་གྲོས་ཆོས་བཟང་གིས།
ཁ་བྱང་ཆེ་དྲགས། ནང་དོན་ཆུང་དྲགས།
ཁ་ཆེ་ཐམས་ཅད་ཀྱིས་ཁོང་ཚོའི་ལྷ་ཁང་ནས་བསམ་གཏན་དང་སྒོམ་སོགས་བརྒྱག་གིན་ཡོད་པ་རེད། ཁོང་ཚོ་ནི་བླུན་པོ་ལུག་འདྲ་བའི་སེམས་ཅན་ང་ཚོ་བོད་པ་རྒྱལ་ཁབ་ཀྱང་མེད་པ་ཞིག་གིས་སློབ་གསོ་གཏོང་དགོས་བའི་མི་རིགས་ཞིག་ག་ལ་ཡིན། འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ལ་ལྟ་བ་དང་དཔལ་འབྱོར་གྱི་སྟེང་ནས་ཁ་གཏད་གཅོག་ཐུབ་མཁན་ཁོང་ཚོ་ལས་མ་འདས། དེའི་ཕྱིར་ཐོག་མར་རང་གི་རང་དབང་དང་རང་བཙན་ཐོབ་པར་འབད་པ་བྱེད་པ་ལས་གཞན་ལ་རྨིང་གཞི་མེད་པའི་སློབ་གསོ་གཏོང་ཁུལ་མ་བྱེད།། ང་ཚོ་བོད་པ་ལ་ལུས་ཡོད་པའི་འགན་ཁུར་དེ་རེད།
་་་་་་་་་་ མགོན་པོ་གང་ཉིད་ཀྱིས་སྲོལ་བཏོད་པའི་རིག་པའི་གཞུང་ལུགས་ནི་འཇིག་རྟེན་འདིའི་མི་རིགས་རིས་མེད། ཆོས་ལུགས་རིས་མེད། རྒྱལ་ཁབ་རིས་མེད་ཀྱི་སྐྱེས་བུ་སུས་ཀྱང་སློབ་རུང་བ་དང་། སྦྱོང་རུང་བའི་ཆ་ནས་འཇིག་རྟེན་གྱི་སྤྱི་སྨན་དུ་གྱུར་ཡོད། ་་་་་་་་་་
གཞན་གྱི་སློབ་དཔོན་བྱས་པ་ལ།
བོད་རིགས་ས་ཡ་བཅུ་པོ་འདིས། བོད་སྐད་ཤེས་ན་ཅི་མ་རུང་།
བོད་རིགས་ས་ཡ་བཅུ་པོ་འདིས། ཡ་རབས་བྱས་ན་ཅི་མ་རུང་།
བོད་རིགས་ས་ཡ་བཅུ་པོ་འདིས། བྱང་སེམས་བསྒོམས་ན་ཅི་མ་རུང་།
བོད་རིགས་ས་ཡ་བཅུ་པོ་འདིས། ཞི་བདེར་འབད་ན་ཅི་མ་རུང་།
འཛམ་གླིང་མི་དམངས་ཀྱི་བྱ་སྤྱོད་བོད་མིའི་བྱ་སྤྱོད་ལྟར་ཆགས་སོང་བ་ཡིན་ན་འཛམ་གླིང་འདི་བོད་ལྟ་བུ་ཞིག་ཆགས་འོང་ངེས་རེད། འཛམ་གླིང་འདི་བོད་ལྟ་བུ་ཆགས་སོང་བ་ཡིན་ན་བླ་སྤྲུལ་རྣམས་ཀྱི་བདེ་སྐྱིད་ཙམ་ལས་ཉམ་ཆུང་མི་ཡིས་སྡུག་བསྔལ་མི་ཁྱོག་ནས་རང་ལུས་མེར་སྲེག་གཏོང་དགོས་ཐུག་ཀྱི་རེད་བ། བོད་མི་རྣམས་ཀྱིས་སོ་སོའི་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ལྷུངས་བསྡད་པར་ཤེས་དགོས་པ་དང་། བོད་མི་རིགས་འཛམ་གླིང་གི་མིའི་རིགས་ཀྱི་གྲལ་མཐའ་ལྷུངས་སོང་བའི་རྒྱུ་རྐྱེན་ངོས་ཟིན་དགོས་ཀྱི་གལ་ཆེན་རེད་དོ།
བོད་མི་རིགས་འཛམ་གླིང་གི་མིའི་རིགས་ཀྱི་གྲལ་མཐའ་ལྷུངས་སོང་བའི་རྒྱུ་རྐྱེན་ངོ་མ་དེ་ཅོར་ཉི་ཁྱོད་འདྲ་བ་དམར་སྲུང་དམག་གི་རྒྱུག་ཁྱི་དེ་ཚོས་བླ་སྤྲུལ་དྲིན་ཆེན་ཚོའི་མགོ་ཐོག་ལ་སྐྱག་པ་བཏང་། ཁ་ནང་ལ་གཅིན་པ་བླུགས་པའི་ཉེས་དམིགས་ལས་བྱུང་བ་རེད། དེ་ལས་ལྷག་པའི་རྒྱུ་རྐྱེན་ཞིག་ངོས་བཟུང་ཅི་དགོས།
རྩོམ་ཡིག་གི་ནང་དོན་ཀློག་ཁོམ་མ་སོང་། ཅོ་སྤོབས་གཉིས་ཀྱིས་གདོང་གཏུག་རྒྱག་ཉེན་འདུག་པས་བསྒུགས་ནས་ཡོད་ད་་་་་ཧཧཧཧ
ཅོར་གློའུ་ལྟ་བུས་མིའི་བདེ་སྡུག་བཤད་ཤེས་ན་མི་ཚང་མའི་ལས་ཀ་རྫོགས་པ་རེད། འདི་རུ་མི་ཚང་མས་ཤུགས་རྒྱག་བཞིན་པ་ནི་ཅོར་གློའུ་ལྟ་བུའི་སུག་གཉིས་དག་མི་རུ་བསྒྱུར་བའི་ཆེད་དུ་རེད།
ཅོ་རི་xxཁྱོད། རང་མི་རིགས་ཀྱི་རིག་གཞུང་གི་རིན་ཐང་མཐོང་བར་ལིང་ཏོག་བསྒྲིབས་པའི་ལོང་བུ་ཁྱོད། རང་མི་རིགས་འཛམ་གླིང་མི་དམངས་ཀྱི་གྲལ་མཐར་ལྷུངས་བར་རྩི་བ་ནི་རང་ཉིད་ཀྱས་ཉིདཀྱི་ཕའི་མགོ་ལ་སྟ་རེ་ཞུས་པའི་གཏམ་རྒྱུད་ལས་མ་འདས། བོད་ཀྱི་ས་ཤོར་ནས་ད་བར་འཛམ་གླིང་མི་དམངས་ཀྱིས་བོད་དང་བོད་མི་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་བཞིན་པ་འདི་ང་ཚོ་གྲལ་མཐར་ལྷུངས་བའི་རྒྱུ་མཚན་གྱིས་ཡིན་ནམ།
ཅིག་བྱས་ན་ཁྱོད་ལྟ་བུ་ཟུར་ཟ་དང་སྐྱོན་འདོགས་ཁ་ན་དགའ་ཅིང་། གཞན་གྱི་ལེགས་བྱས་གང་མཛད་སྐྱོན་དུ་མཐོང་བར་གོམས་པ་ཤུགས་དྲགས་པ་དང་། རང་ཉིད་ཅི་མཛད་དག་སྣང་འབའ་ཞིག་མཐོང་མཁན་མང་དྲགས་པས་སྲིད།
ཀླུ་སྨྱོན་ལགས། ཁྱོད་ལྟར་ན་ནང་དོན་ཆུང་དྲགས་པའི་རྐྱེན། སྙིང་པོ་དབེན་པའི་སྙན་ཚིག་གིས་མ་བཅིང་པའམ་ཆགས་གཏམ་གྱིས་མ་བརྒྱན་པའི་རྒྱུ་མཚན་ལས་གཞན་ཅི། རང་མི་རིགས་ཀྱི་འབུར་དུ་འཐོན་པའི་ཁྱད་ཆོས། འཛམ་གླིང་མི་དམངས་ཀྱི་མདུན་ལ་ངོམ་རིན་ཡོད་པའི་ཀུན་སྤྱོད་རིག་པའི་གཞུང་ལུགས་གླེང་བཞིན་འདུག ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསྟན་བཅོས་ནི་བོད་མི་ཞིག་གིས་དུས་རབས་འདིའི་ནང་གསར་དུ་བཏོད་པའི་འཛམ་གླིང་མི་དམངས་ཕུལ་བའི་ལག་རྟགས་ཆེ་ཤེས་དེ་ཡིན་ཅིང་བོད་ལས་གཞན་པའི་མི་རིགས་དང་རྒྱ་ཁབ་གང་ཡང་མེད་པའི་བོད་མིའི་ནོར་བུ་བརྗོད་བྱར་བྱེད་བཞིན་འདུག ཕལ་ཆེར་ཁྱེད་ལ་དེའི་དོན་གོ་བའི་བློ་རིག་མེད་པ་འདྲ། ད་ཆགས་གཏམ་དང་སྙན་ངག་ཐར་ཐོར་ལ་མགོ་འཁོར་ནས་སྡོད།
ཧེ་ཧེ་་་རྩྭ་སྤོབས་མཐའ་ཡས། དམར་སྲུང་དམག་ཟེར་ནས་བཤད་ཀྱི་ཡོད་པེ། ཅོ་རི་དམར་སྲུང་དམག་གི་རྒྱུགས་ཁྱི་རེད་ཨེ། ཡིན་སྟངས་ཤིག་ཤོད་དང་།་ཁྱོད་ཀྱིས་བསྟོད་གླུ་ལེན་སའི་དམར་དམག་གི་རྒྱུགས་ཁྱི་རྒྱལ་རོང་སངས་རྒྱས་ཡེ་ཤེས་རེད། ཁྱོད་རང་དམར་དམག་གི་རྒྱུགས་ཁྱི་ཡན་པ།་་་ཧཧ
དམར་དམག་གི་ལྟ་གྲུབ་ཡོད་དགོས་ན་ཁྱོད་ལས་ལྷག་ཞིག་བརྡ་ཁའི་ཐོག་ཏུ་སུ་ཡོད་དམ། སྟོན་པ་ལ་དགག་པ་བརྒྱབ་ནས་ཤཀྱའི་རྒྱལ་པོས་ཕག་ཤ་རྙིང་པ་ཟོས་པས་གྲོག་ཁོག་ན་ནས་ཤིང་སོང་བ་རེད་ཅེས་བཤད་མཁན་ཁྱོད་རེད། གསང་སྔགས་ལ་དགག་པ་བརྒྱབ་ནས་གསང་སྔགས་མུ་སྟེགས་ཧན་ཏུང་གི་ཆོས་ལུགས་རེད་ཟེར་མཁན་ཁྱོད་རེད།
ངས་ཚོད་དཔག་པ་བྱས་ནས་ཁྱོད་རང་རིག་གསར་གྱི་སྐབས་སུ་དམར་དམག་གི་རྒྱུགས་ཁྱི་ཡིན་པའི་འབྱོར་མེད་གྲལ་རིམ་གྱི་ཁྱིམ་ཚང་ཞིག་གི་ནང་དུ་སྐྱེས་པའི་དམར་ཕྲུག་མིན་ནམ་སྙམ་གྱི་ཡོད། ཁྱོད་དམར་སྲུག་དམག་རྒྱལ་རོང་སངས་རྒྱས་ཡེ་ཤེས་ཟེར་བ་དེའི་ཚ་བོ་དང་ཡིན་གྱི་མ་རེད་བ།་་་་ཧཧ
་་་་་་་་་་་་་དམར་དམག་གི་རྒྱུགས་ཁྱི་རྒྱལ་རོང་སངས་རྒྱས་ཡེ་ཤེས་རེད། ་་་་་་་་་་་་
ཆོས་རྒྱལ་རང་མགོ་མི་ཐོན་སྲིད་པའི་བྱ་ར། རང་མགོ་མི་ཐོན་གཤིན་པོའི་ཡར་འདྲེན་ཟེར་བ་དེ་ཡིན་རྒྱུ་རེད། རྒྱལ་སྤྱིའི་སློབ་གསོའི་སྡེ་ཁག་ནང་བོད་པ་བཞག་ན་ལག་བསྟར་དོན་འཁྱོལ་མེད་པས་ཁ་སྟོང་ནང་གི་ཚིག་སྟོང་ཁོ་ནས་མི་ཐམས་ཅད་སྤྲང་པོ་བཟོ་རྩིས་ཡིན་རྒྱུ་རེད། ཁ་ནས་གཞན་ཕན་དང་གཞན་དོན་གྱི་ཁ་གཡང་ག་ཚོད་སྒྲོགས་ཀྱང་རང་དོན་དུ་བབས་ཡོང་དུས་གུ་ཡངས་གི་བསམ་བློ་ཅི་ཡང་མེད་པ་དེ་རེད་པཱ།
སྤྱིར་ཡི་གེ་དག་ཆ་ལེགས་པ་དགའ་བ་སྐྱེད་ཆོག་པ་མཆིས་སོ། འདི་ཡང་ཀཱིརྟི་རིན་པོ་ཆེས་བོད་སྐད་དག་པོ་དགོས་གསུངས་པའི་བཀའ་སློབ་ལས་བྱུང་བ་ཡིན་ངེས།
ཞིབ་པར་བལྟ་ན། མ་དག་པ་ཐོན་ངེས། འོན་ཀྱང་ཡོངས་གྲགས་ཀྱི་ནོར་འཁྲུལ་བོད་ཀྱི་སྐད་ལ་གནོད་པ་སྐྱེལ་མཁན་ཞིག་ནི།ཾ བསྩལ་བ། ཞེས་པ་དེ་ཡིན། འདི་ལ་སྔོན་འཇུག་བ་བརྒྱབས་པ་དང་། པ་ཡིག་དགོས་པ་ལ་བ་ཡིག་བྲིས་པ་མཁས་པས་བཀོད་པའི་ལུགས་དང་འགལ། དེ་འདྲ་བྱུང་དང་འབྱུང་བཞིན་པ་ནི་བོད་རྒྱ་ཚིག་མཛོད་སོགས་མ་དག་པ་དག་པར་འཛིན་པ་ལས་འབྱུང་ངོ་། བོད་སྐད་གཙང་ཞིང་དག་པར་འདོད་ན། འདི་འདྲའི་རིགས་ལ་བློ་རིག་རྣམ་དཔྱོད་དགོས་སོ།
དམར་སྲུང་དམག་ཟེར་བ་དེ་འབྱོར་མེད་གྲལ་རིམ་མམ་ཞིང་བྲན་གྱི་དབུལ་པོའི་སྤྲང་ཕྲུག་ཁོ་ན་ལས་གྲུབ་པའི་དཔུང་ཁག་གཅིག། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་ལྷ་མེད་སྨྲ་བའི་ལྟ་གྲུབ་ཀྱི་སློབ་གསོས་སྐྱངས་པའི་བོད་ནང་རིག་གནས་གསར་བརྗེའི་གྲལ་རིམ་འཐབ་རྩོད་ཀྱི་ཧུར་བརྩོན་ཅན་གྱི་འགོ་འཁྲིད་བྱས་པ་རེད། དམར་དམག་རང་ཉིད་ལ་མཚོན་ན་དེ་ཙམ་གྱི་སྡུག་ཅག་རེད་བཤད་དཀའ། རྒྱུ་མཚན་འབྱོར་མེད་གྲལ་རིམ་ཞིང་བྲན་གྱི་དབུལ་པོའི་ཁྱིམ་ཚང་ནང་ཚར་ལོངས་བྱུང་ཞིང་ཤེས་ཡོན་གྱི་གོ་སྐབས་ཅི་ཡང་མ་ཐོབ་པར་མར་བལྟས་ན་འཚོ་གོས་སྐྱོ་ལངས་དང་། ཡར་བལྟས་ན་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་ཞིང་བྲན་ལམ་ལུགས་ལས་མ་མཐོང་བས་ཡར་རྒྱས་དང་འཛུགས་བསྐྲུན་གྱི་གླུ་དབྱངས་བགྱེར་མཁན་བོད་སྐྱོད་བཅིངས་གྲོལ་དམག་ལ་ཡིད་སྨོན་ཤོར་སོང་བས་པེ་ཅིང་གིས་བོད་བཅིངས་གྲོལ་གཏོང་རྒྱུར་ལག་ཆ་ཡག་ཤོས་དེ་རག་སོང་བ་རེད།
འཛམ་བུའི་གླིང་འདི་རྩ་མེད་དུ་གཏང་བའི་ནུས་པ་འགའ་ཡོད་པ་ལས་གཅིག་དབུལ་ཕྱུག་གི་བར་ཁྱད་ཡིན་ལ། གུང་བྲན་ཏང་གིས་གནས་ལུགས་དེར་བརྟེན་ནས་རྒྱ་ནག་གི་དབུལ་བོའི་རིགས་ལ་བསླུ་བྲིད་ཀྱིས་མི་སྒེར་བའི་སྲིད་དབང་བརྟན་པོ་བཙུགས་ཟིན་ཅིང་། དེང་མིའི་འདོད་རྔམས་ལ་བརྟེན་ནས་སྲིད་དབང་ཇེ་བརྟན་དུ་འགྲོ་བའི་རེ་བས། དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་འོག་ཆ་ཚང་སློག་ཟིན། དཔེ་མཚོན་ཆེས་དམའ་བ་ཞིག་བཤད་ན་ནི། ཇག་རྒན་མའོའི་མགོ་པར་སྤྲད་དེ། སྤུན་ཟླ་ནང་དམེ་བྱེད་བཅུག་པ་སོགས་ཀྱིས་མཚོན་ནུས།
ཅོར་ཉི་འདྲ་བོ་ཁྱོད་ཚོས་སྐད་ཆའི་རིན་ཐང་ལ་བརྩི་འཇོག་བྱེད་ཤེས་གི་མ་རེད། རེད། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མགར་བའི་བུ་ཙུན་དའི་ཁྱིམ་དུ་ཕེབས་ནས་ཕག་ཤ་དྲངས་པ་བཞེས། དེའི་གསོལ་གྲོད་བསྙུང་པའི་རྐྱེན་གྱིས་སྐུ་གཤེགས་པ་རེད། ཁྲག་བཤལ་ནས་གྲོངས་ཚུལ་ཡོད་འདུག དེ་ཡང་གློ་བུར་དུ་ཁྲག་མང་པོ་ཤོར་ན་ལུས་སྟོབས་ཞན་པ་དེ་ཚོ་གྲོངས་བའི་ཉེན་ཁ་ཡོད་པ་རེད། སྤྱིར་ན་སྐབས་དེར་སྟོན་པ་དགུང་ལོ་བརྒྱད་ཅུའི་ནང་དུ་སོན་ཡོད་ཐོག་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་རེད། དེ་ལོ་རྒྱུས་གཞིར་བཞག་དང་དེང་རབས་སྨན་པའི་ཤེས་བྱ་ལ་བརྟེན་ནས་ཤེས་པ་ཞིག་རེད་མ་གཏོགས་ངས་སྐུར་འདེབས་བྱས་པ་མ་རེད། ངའི་ལེགས་བཤད་གསེར་འདྲ་བ་དེ་ཚོ་ཁྱོད་འདྲ་བ་གསེར་དང་ས་རྡོའི་ཁྱད་པར་མི་ཤེས་མཁན་ཚོའི་རྣ་བར་བཤད་པར་ཕངས་སེམས་འདུག
་་་་་་་་ བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མགར་བའི་བུ་ཙུན་དའི་ཁྱིམ་དུ་ཕེབས་ནས་ཕག་ཤ་དྲངས་པ་བཞེས། དེའི་གསོལ་གྲོད་བསྙུང་པའི་རྐྱེན་གྱིས་སྐུ་གཤེགས་པ་རེད། ཁྲག་བཤལ་ནས་གྲོངས་ཚུལ་ཡོད་འདུག དེ་ཡང་གློ་བུར་དུ་ཁྲག་མང་པོ་ཤོར་ན་ལུས་སྟོབས་ཞན་པ་དེ་ཚོ་གྲོངས་བའི་ཉེན་ཁ་ཡོད་པ་རེད། ་་་་་་ཟེར།
་་་་་་་ བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མགར་བའི་བུ་ཙུན་དའི་ཁྱིམ་དུ་ཕེབས་ནས་ཕག་ཤ་དྲངས་པ་བཞེས། དེའི་གསོལ་གྲོད་བསྙུང་པའི་རྐྱེན་གྱིས་སྐུ་གཤེགས་པ༼པའི་ཚུལ་བསྟན་པ་༽རེད། ་་་་་ཅེས་པ་ཞིག་མི་དགོས་སྤོབས་པ་མཐའ་ཡས་པ་ལགས།
་་་་་སྐུ་གཤེགས་པ༼པའི་ཚུལ་བསྟན་པ་༽རེད། ་་་་་ཅེས་པ་ཞིག་མི་དགོས་སམ། སྤོབས་པ་མཐའ་ཡས་པ་ལགས། ་་་་་་
་་་་་་དེའི་གསོལ་གྲོད་བསྙུང་པའི་རྐྱེན་གྱིས་སྐུ་གཤེགས་པ་རེད། ཁྲག་བཤལ་ནས་གྲོངས་ཚུལ་་་་་་ ལ་གྲོངས་ཚུལ་ལ་སྒྲ་བཞིན་པར་ཁས་བླངས་ན། ཐེག་པ་ཆེ་པོའི་ལུགས་དང་། འགལ་བར་མི་འགྱུར་རམ། ཆོས་གྲོགས་སྤོབས་མཐའ་ལགས།
་་་་་་་་་་ #13 ཁུ་བྱུག ་ལགས་ཀྱིས་སྤེལ་དོན།:
December 3rd, 2015 at 5:24 pm
འཛམ་བུའི་གླིང་འདི་རྩ་མེད་དུ་གཏང་བའི་ནུས་པ་འགའ་ཡོད་པ་ལས་གཅིག་དབུལ་ཕྱུག་གི་བར་ཁྱད་ཡིན་ལ། ་་་་་་་་་
་་་་་་་་་ དེང་མིའི་འདོད་རྔམས་ལ་བརྟེན་ནས་སྲིད་དབང་ཇེ་བརྟན་དུ་འགྲོ་བའི་རེ་བས། དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་འོག་ཆ་ཚང་སློག་ཟིན། དཔེ་མཚོན་ཆེས་དམའ་བ་ཞིག་བཤད་ན་ནི། ཇག་རྒན་མའོའི་མགོ་པར་སྤྲད་དེ། སྤུན་ཟླ་ནང་དམེ་བྱེད་བཅུག་པ་སོགས་ཀྱིས་མཚོན་ནུས། ་་་་་་་་
གསུངས་པ་འདི་ནི། ད་ལྟའི་རྒྱ་ནག་གི་འབྱུང་རབས་གསོན་པོ་དེ་རེད་དོ།།
སངས་རྒྱས་ནི་རྣམ་ཐར་ལ། གཞོན་ནུ་དོན་གྲུབ་སངས་རྒྱས་ཟིན་པའི་དབང་དུ་བྱས་སམ། ཡང་ན། ཐེག་པ་དམན་པ་ལྟར། དོན་གྲུབ་བྱང་ཞིང་འོག་ཏུ་སྦྱོར་ལམ་ནས། མི་སློབ་ལམ་པར་བགྲོད་པའི་དབང་དུ་བྱས།
དང་པོ་ཐེག་ཆེན་ལྟར་ན། སྐུ་གཤེགས་པའི་མཛད་ཙམ་ལས། སྐུ་གཤེགས་པའི་ལོ་རྒྱུས་མེད། གཉིས་པ་ཐེག་དམན་ལྟར་ན། ད་དུང་རྩོད་དགོས་པ་དང་། དཔྱད་དགོས་པ་མང་ལགས།
པད་ཤག་དཀོན་མཆོག་ལ་ལྟ་མཁན་གྱི་མི་དག་གིས་མི་ཚེའི་རིན་ཐང་གཏན་ནས་ཤེས་མི་སྲིད། ཁོ་ཚོས་སྔོན་ཐོན་ཟེར་བ་ཡང་དཔལ་འབྱོར་ཡོད་མེད་ཁོ་ནའི་སྟེངས་ནས་གཞལ་གྱི་རེད། འདི་ལྟ་བུའི་མི་དག་ནི་ཤེས་རབ་འཆལ་ཟིན་པའི་མི་བུ་དག་རེད། དོན་ངོ་མ་འཛམ་གླིང་སྟེངས་ནས་དཔལ་འབྱོར་ཆེ་ཤོས་ཨ་རི་དང་རྒྱ་ནག་ཡིན་ཡང་། ཨ་རིའི་ནང་ལ་བདུན་ཕྲག་རེ་རེ་བཞིན་མི་བསོད་ཁྲག་སྦྱོར་གྱི་གནས་ཚུལ་ཐོན་བཞིན་པ་རེད་ལ། རྒྱ་ནག་ལ་མཚོན་ན་འཛམ་གླིང་སྟེངས་ནས་མིའི་ཀུན་སྤྱོད་སྡུག་ཤོས་ལྟ་བུ་ཆགས་ཡོད་པ་འདི་དག་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་གྲུབ་འབྲས་རེད། ད་དུང་འཛམ་གླིང་གི་འཁོར་ཡུག་ལ་འབག་རྩོག་ཆེ་ཤོས་བཟོས་ནས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་བཞིན་པ་འདི་ཡང་དཔལ་འབྱོར་ཡར་རྒྱས་ཀྱི་འབྲས་བུ་རེད། དེས་ན་དེང་སང་འཛམ་བུ་གླིང་པས་ཀུན་སྤྱོད་ལ་དོ་སྣང་དང་སེམས་ཁུར་སླེབས་བཞིན་པའི་དུས་འདི་བོད་མི་རིགས་ཀྱིས་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པའི་གོས་སྐབས་དང་ནུས་པ་ཡོད་པ་དངོས་ཡོད་གནས་ཚུལ་རེད། བོད་མི་རིགས་ཀྱི་བཟང་ཆ་གཏན་ནས་མཐོང་འདོད་མེད་པའི་བོད་རང་བཙན་རྩོད་མཁན་ཡིན་ཞེས་འུར་སྒྲོག་མཁན་པོ་འདི་དག་ལ་གད་མོ་ཤོར་ཡོང་གི་འདུག
ཕྲན་ནས་༧མགོན་པོ་གང་ཉིད་ཀྱིས་ཐུགས་རྗེའི་གཏེར་ལས་འཁྲུངས་པའི་ལེགས་བཤད་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་གཞུང་ལུགས་རིན་པོ་ཆེ། རྒྱལ་མཚན་རྩེ་མོར་བཏགས་ནས་འགྲོ་བ་རྣམས་ལོངས་སུ་སྤྱོད་པའི་ཐབས་ལ་འབད་ཁུལ་བྱས་ཀྱང་། དྲྭ་གྲོགས་རྣམ་པས་དོན་མེད་གཤགས་འགྱེད་པ་ལས་སྐབས་དོན་ཀྱི་བརྗོད་བྱའི་སྟེང་གླེང་སློང་དེ་ཙམ་མེད་པ་དང་༧མགོན་པོ་གང་ཉིད་ཀྱིས་གསར་དུ་སྲོལ་བཏོད་པའི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པའི་གཞུང་ལུགས་ཀྱི་ངོ་བོ། དེ་ཇི་ལྟར་རྒྱུད་འཛིན་བྱེད་དགོས་མིན་དང་ཁྱབ་སྤེལ་ཇི་ལྟར་བྱེད་དགོས་མིན། ཆོས་ལུགས་དང་མ་འབྲེལ་བའི་གོ་དོན་དང་ཁྱབ་ཚད་སོགས་ཀྱིས་མཚོན་པས་བརྗོད་བྱ་སྣ་མང་ཞིག་ལ་གྲོས་གླེང་བྱ་རྒྱུ་ཡོད།
ངས་བལྟས་ན་ད་ལྟའི་ཆར་བོད་མི་རིགས་ལ་འཛམ་གླིང་ལ་ངོམ་རིན་ཡོད་པའི་རིན་ཆེན་གཅིག་ཡོད་པ་ནི་༧ཁོང་སྐྱབས་མགོན་རིན་པོ་ཆེ་དང་ཁོང་གི་རྣམ་དཔྱོད་དང་ཐུགས་སྐྱེད་གསུམ་སོགས་ཡིན། དེའི་ནང་ནས་གཅིག་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པ་ཡིན་ཅིང་། ང་ཚོ་བོད་མི་བློ་རིག་བཀྲ་བ་འགས་རང་མི་རིགས་ཀྱི་ནོར་བུ་ནོར་བུར་ངོས་འཛིན་མ་ཐུབ་པའི་སྣང་ཚུལ་ཤུགས་ཆེ་བདོ་བའི་དུས་ངན་ཞིག་འཆར་བཞིན་ཡོད་ཚོད་འདུག ༧ གོང་ས་མཆོག་གི་ཆོས་ལུགས་དང་མ་འབྲེལ་བའི་གཞུང་ལུགས་ཀྱི་བསྟན་བཅོས་དང་པོ་སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་( Ethics For New Millennium) འདོན་སྤེལ་གནང་རྗེས་ནུབ་ཨ་རིའི་ཆེས་སྙན་གྲགས་ཆེ་བའི་མཐོ་སློབ་(University of California Santa Barbara ) དང་(Santa Barbara City College ) http://www.ia.ucsb.edu/93106-archivesd/2009/January/Dalai.html སོགས་ཀྱིས་ནོར་བུ་ནོར་ཉམས་ཆོད་ནས་ཟུར་ལྟའི་སློབ་ཚན་གྱི་ཁུངས་སུ་བཅུག་པའི་གནས་སྟངས་དང་། ཤར་བོད་མི་རིག་བཟང་འགས་ནོར་བུ་རྡོར་མཐོང་བ་དང་ད་དུང་དེ་ལྟར་མཐོང་བར་གསར་བརྗེས་དང་མངོན་མཐོན་པར་རློམ་པའི་ངང་ཚུལ་དང་བརྗོད་བྱ་དེ་འབྲེལ་གྱི་སྐོར་གླེང་ཙམ་ཡང་མ་བྱས་པ་ནི། རང་མི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གཞུང་ལུགས་ལ་དུངས་བ་ཆེས་དྲགས་ཡིན་ནམ་གླེང་རིན་མེད་པའི་ཡིན། ཡང་ན་རང་ཉིད་སྙན་ངག་ཐར་ཐོར་ལ་ངན་གོམས་ཀྱི་ར་བ་ལས་རྒལ་བའི་རྣམ་དཔྱོད་མེད་པའི་ལན་པ་ཡིན་ནམ། དྲ་གྲོགས་རྣམ་པས་བཀོད་པའི་གོང་གི་མཆན་རྙོག་དང་ཨ་རི་བས་ཆོས་ལུགས་དང་མ་འབྲེལ་བའི་རིག་པའི་གཞུང་ལུགས་ལ་གཅེས་སྤྲས་དང་མཐོང་ཆེན་སྤྲོད་སྟངས་ལས་ང་ཚོས་སྡོམ་ཚིག་ཆེན་པོ་ཞིག་རྙེད་ཐུབ།
རྩྭ་སྤོབས་མཐའ་ཡས་་་་ཁྱོད་ཀྱི་ཁུངས་ལུང་མེད་པའི་སྐད་ཆ་དེ་དག་ལ་རིན་ཐང་བརྩི་མཁན་མི་ཞིག་སུ་ཡོད་དམ། ཤཀྱའི་རྒྱལ་པོའི་ཕག་ཤ་ཟོས་པ་དང་། གྲོད་ཁོག་ན་ནས་ཁྲག་བཤལ་པའི་དཔུང་རྟགས་དང་ཁུངས་བསྐྱེལ་ཡིག་ཆ་ཡོད་དམ། དེང་རབས་སྨན་པའི་ཤེས་བྱར་བརྟེན་ནས་སྟོན་པའི་ཕག་ཤ་ཟོས་པ་ག་དུས་ཤེས་པ་རེད་དམ། ཤེས་མཁན་སུ་རེད་དམ། ཁྱོད་དང་མུ་སྟེགས་པ་ཁ་ཅིག་གིས་ཤེས་པ་རེད་དམ།་་་ཧ་ཧ
ཆོས་ལུགས་དང་མ་འབྲེལ་བའི་སྙིང་རྗེ་ཟེར་བ་དེ་སྤྱང་ཀིའི་རྒྱུད་ཀྱི་སྙིང་རེད་དམ་་་ཆབ་སྲིད་པའི་རྒྱུད་ཀྱི་སྙིང་རྗེ་རེད།
ཅོ་རི་ཁོ་རེ།
ཅོ་རིའ་རྒྱུད་ལ་སྙིང་རྗེ་ཡོད་པ་ལྟར། ཆབ་སྲིད་པའི་རྒྱུད་ལ་ཡང་སྙིང་རྗེ་ཡོད་རེད། སྤྱང་ཀིའི་རྒྱུད་ལ་ཡང་སྙིང་རྗེ་ཡོད་རེད་གདའ། ཅོ་རིས། རང་བཙན་ལ་ཞེན་ཆེ་དྲགས་ནས། འདི་ཡང་ཁས་མི་ལེན་ནམ། ལགས།
ཅོ་རི་ཉི་སྐྱག་ལགས། འདི་ནི་འགྲོ་བ་ཡོད་དོ་ཅོག་ལ་རང་ཆས་སུ་ཡོད་པའི་བརྩེ་བ་རེད། ཕལ་ཆེར་ཁྱོད་འདྲ་བའི་ལས་ངན་གྱིས་མགོ་དཀྲུགས་དཀྲུགས་ཐེངས་བརྒྱ་བྱས་ཀྱང་ཟུར་ཙམ་ཤེས་པའི་སྐལ་བ་མེད། ཅིག་བྱས་ན་ཕག་གི་སྐྱེ་བ་ཞིག་བླངས་ནས་ལྟོས་དང་། དྲི་ཙམ་གོ་བའི་རེ་བ་ཡོད།
ཧ་ཧ་་་་བློ་གྲོས་ཆོས་བཟང་ལགས་་་་ཁྱོད་ཀྱི་རྒྱུད་ཀྱི་སྙིང་རྗེ་ཡི་མདོག་རྒྱག་དེ་རེད་པེ།་་་་ཧཧ ཁྱི་འབོད་དང་ཕག་འབོད་འཐེན་མཁན་གྱི་བཟང་སྤྱོད་ཅན་ཁྱོད་ཚོས་འཛམ་གླིང་ལ་བསླབ་བྱ་རྒྱབ་དང་རྒྱབ་་་་་ཧཧཧ
ཉི་སྐྱག་ལགས། ཕོག་ཐུག་སོང་ན་དགོངས་དག་ཞུ། ཁྱོད་ཀྱི་མཆན་གྱིས་མཚོན་པ་ནི། རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། ཞེས་པའི་བསྟན་དོན་གྱི་ས་བོན་དེ་ཉིད་ལས་མ་འདས། གང་ལྟར་གསལ་བཤད་དང་འགྲེལ་བརྗོད་ཀྱི་ཆར་ག་ཚོད་ཕབ་ཀྱང་སྐྱེ་རྒྱུ་དཀའ་ཚོད་གདའ།
སྤོབས་མཐའ་འདི་མི་རང་ཚུགས་དང་སྒལ་ཚིག་མེད་པའི་རྡ་སའི་སྲང་ལམ་བར་གྱི་ཟ་ལེ་རྒྱལ་ཞིག་ཡིན་བཟོ་འདུག། རྒྱུ་མཚན་ཁོས་སྐབས་རེ་ཁོས་ལྷ་ཆོས་རིང་ལུགས་དང་བོད་ཀྱི་བླ་མའི་ལམ་ལུགས་ལ་ཚད་བརྒལ་གྱི་སྐུར་འདེབས་བྱེད་ལ། ཡང་ཁོའི་ལྟོ་གོས་ཀྱི་ཁེ་ཕན་དང་འབྲེལ་ཡོད་ན་ལྷ་ཆོས་རིང་ལུགས་དང་བོད་ཀྱི་བླ་མའི་ལམ་ལུགས་ལ་ཆེ་བསྟོད་ནམ་མཁར་མི་གཤོང་བ་བྱེད་པ་མ་ཟད། རང་དང་ལྟ་ཚུལ་མ་མཐུན་ན་ཁོས་ཧ་ལམ་མ་སོང་ན་རང་ཉིད་ལས་མཁས་པ་ཞིག་མེད་སྣང་གིས། སྤྲང་པོ་རྟ་ལ་བཞོན་ན་ས་གཞི་མིག་གིས་མི་མཐོང་བའི་གཏམ་རྒྱུད་ལྟར་གཞན་ལ་མཐོང་ཆུང་དང་ཁྱད་གསོས་ཁོ་ནས་རྒན་མོ་ཅོ་འཛིང་ལྟ་བུའི་ངན་སྨྲས་ཡོད་དགུ་འདོན་རྒྱུ་དེ་ཁོའི་མི་གཞི་ཐང་ལ་བུད་འདུག།
ངས་དོན་ལ་གནས་ན་བསྟོད་པ་བྱེད་ཀྱི་རེད་ལ་དོན་ལ་མི་གནས་ན་སྨད་ར་བྱེད་ཀྱི་ཡོད། ཁྱོད་ཚོ་བཞིན་དུ་དམར་སྲུང་དམག་གི་འབོད་ཚིག་དང་ཡིག་ཆེན་ཚགས་པར་རྗེས་བརྗོད་བྱེད་སྟངས་དེ་ང་ལ་གོམས་མེད།
སྤོབས་མཐས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མགར་བའི་བུ་ཙུན་དའི་ཁྱིམ་དུ་ཕེབས་ཏེས་ཕག་ཤ་དྲངས་བ་བཞེས། དེའི་གསོལ་གྲོད་བསྙུང་པའི་རྐྱེན་གྱིས་སྐུ་གཤེགས་པ་རེད། ཁྲག་བཤལ་ནས་གྲོངས་ཚུལ་འདུག་ཟེར། འོ་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤ་མཆོད་ཀྱི་ཡོད་མེད། གལ་ཏེ་ཤ་མཆོད་ཀྱི་ཡོད་ན་སེམས་ཅན་ལ་དམིགས་པའི་བརྒྱུད་ལ་སྙིང་རྗེ་ཚད་མེད་ཤིག་ཡོད་མེད། མངོན་ཤེས་དང་རྫུ་འཁྲུལ་ལ་ཐོགས་པ་མེད་ན་མགར་བའི་བུ་ཙུན་དས་ཤ་དུག་ཅན་གྱི་ཕག་ཤ་དྲངས་བས་ཁྲག་བཤལ་ནས་སྐུ་གཤེགས་དགོས་པ་མི་མཁྱེན་པའི་རྒྱུ་མཚན། འཚེ་བ་གཞི་དང་བཅས་པ་སྤངས་ཟིན་པའི་སྟོན་པ་ཞིག་གིས་ཤ་ཟ་བའི་ལམ་ལུགས་དེ་ཇི་ལྟར་ཡིན་མིན། མདོར་ན་དྲི་བའི་སྒང་ལ་དྲི་བ་ཡོང་གཞི་འདི་སྤོབས་མཐས་མི་ཚེ་གང་པོར་ལན་བརྒྱབ་མི་ཚར་བ་ཞིག། ཁ་ཚེའི་ཆོས་ལུགས་ལྟར་ན་ཁོའི་སྲོག་མགོ་དེ་ཡང་ཐར་ཁག་ཙམ་རེད། ཧ་ཧ།
ཧེ་ཧེ་་་རྩྭ་སྤོབས། ཁྱོད་ཀྱིས་གཞི་རྩ་མེད་པའི་སྐྱོན་བརྗོད་ཀྱི་དཔེ་མཚོན་ཞིག་དྲངས་ན་་་་ཟམ་གདོང་བླ་མ་བཀའ་ཁྲིའི་ལས་ཡུན་རྫོགས་ཚར་དུས་དོལ་རྒྱལ་ཚོགས་པའི་དགོན་པའི་ནང་དུ་ཞུགས་ཀྱི་རེད་ཟེར་ནས་སྐྱོན་བརྗོད་བྱས་མྱངས་ཡོད་པ། དོན་ལ་གནས་འདུག་གམ་མི་འདུག གཞི་རྩ་འདུག་གམ་མི་འདུག
ཟམ་གདོང་བླ་མ་དོལ་དགོན་ལ་ཞུགས་ཀྱི་ཕར་ཞོགས་་་་་དགའ་ལྡན་ཕོ་བྲང་ཚང་གི་ཨ་ཁུ་ནང་མ་བྱས་ནས་བསྡད་འདུག་ག ད་དུང་་་ཁྱོད་ཀྱི་དོན་ལ་མི་གནས་པའི་སྐྱོན་བརྗོད་ག་ཚོད་བགྲང་བགྲང་ཡོད། ཁྱོད་ཀྱི་སྐད་ཆ་དེ་དག་རྩྭ་འཇག་མ་ལྟ་བུའི་རང་ཚུགས་མེད་པའི་བླུན་སྤོབས་རེད། མ་གཏོགས་ཤེས་ཡོན་ཡོད་པ་དངརང་ཚུགས་ཡོད་པའི་མིའི་རྣམ་དཔྱོད་ལས་བྱུང་བའི་སྐད་ཆ་མ་རེད་དོ།
དོན་ལ་གནས་དང་མི་གནས་ཟེར་བ་དེ་གནས་ལུགས་རྒྱུ་མཚན་ཡང་དག་གིས་ཕྱུག་པ་ཞིག་ལས་རང་གི་ཁེ་ཕན་དང་དགའ་མི་དགའ་སྡུག་དང་འབྲེལ་ཡོད་ན་དོན་ལ་གནས་མི་གནས་ཅང་མ་རེད།
འོ་ན་དམར་སྲུང་དམག་གི་འབོད་ཚིག་ཡིག་ཆེན་ཚགས་པར་རྗེས་བརྗོད་བྱེད་སྟངས་ཅི་འདྲ་ཞིག་དོན་ལ་གནས་མི་འདུག་འདིར་དྲངས་ཤོག་དང་། ང་ཚོས་དཔྱད་པ་བྱེད་ཆོག། དེ་མིན་རང་གི་འདོད་བློ་ལ་བབས་མ་སོང་ན་དམར་སྲུང་དམག་གི་འབོད་ཚིག་དང་། རང་གི་འདོད་བློར་བབས་སོང་ན་གཏན་ཚིག་དང་བཀའ་ལུང་། དྲང་བདེན་གྱི་ཚིག་ཡིན་པ་མ་ངེས་ཏེས། དགེ་ཆོས་ཀྱིས། ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།། དེ་ཡི་རྒྱབ་ན་མཁས་བླུན་སྟོང་ཕྲག་རེ།། ཡིད་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།། མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ།། གསུངས་པ་ལྟར་རོ།།
ངས་ལོ་རྒྱུས་དང་། དཔང་རྟགས། ཁུངས་སྐྱེལ་ལ་བརྟེན་ནས་སྐད་ཆ་བཤད་ཀྱི་རེད། ཁྱོད་ཚོ་འདྲ་བ་ཉིན་མཚན་དུས་དྲུག་ཏུ་དམར་སྲུང་དམག་གི་འབོད་ཚིག་ཁ་ཤས་ཡང་བཟློས་བསྐྱར་བཟློས་བྱས་ནས་བླ་མ་གྲྭ་བས་བཤུ་གཞོག་བྱེད་ཀྱིན་འདུག གཉའ་གནོད་བྱེད་ཀྱིན་འདུག་ཟེར་ནས་མི་ཚེ་སྐྱེལ་གྱི་མ་རེད།
རྩྭ་སྤོབས་ཀྱི་ག་དུས་ཡིན་ན་དགའ་ལྡན་ཕོ་བྲང་དང་དགེ་ལུགས་གཉིས་ཀྱིས་ཆོས་རྒྱུད་གཞན་ཚོ་ལ་ཉི་མ་རྒྱ་ལམ་དབང་བཅུག་མྱངས་ཟེར་གི་རེད་བ། དོན་ལ་གནས་པའི་སྐད་ཆ་ཡིན་ན་དགལ་ལྡན་ཕོ་བྲང་དང་དགེ་ལུགས་གཉིས་ཀྱིས་ཆོས་རྒྱུད་གཞན་ཚོ་ལ་ཉི་མ་རྒྱ་ལམ་དབང་མ་བཅུག་པའི་ལོ་རྒྱུས་རྒྱུ་མཚན་དང་བཅས་པ་བཤད་ཀྱི་ཡོད་དགོས་པ་རེད། བཤད་ཀྱི་ཡོད་དམ་་་རྩྭ་སྤོབས་མཐའ་ཡས་ལགས།
ལོ་རྒྱུས་དང་དཔང་རྟགས། ཁུངས་བསྐྱེལ་ཡོད་ན་སྟོན་པའི་ཕག་ཤ་ཟོས་པར་ཁུངས་བསྐྱེལ་རོགས་བྱོས། ལོ་རྒྱུས་འཁྱེར་ཤོག དཔང་རྟགས་འཁྱེར་ཤོག ཡིན་ད། མེད་ན་ཁ་བཙུམ་་་་ཨ་་་་་་་ ལོ་རྒྱུས་དང་དཔང་རྟགས་ཅིག་ཅིག་མ་མ་ཟེར་མ་འོང་ཨ།
འོ་ན་བླ་མ་གྲྭ་པས་གཉའ་གནོན་དང་བཤུ་གཞོག་བྱས་མེད་ཞེས་ལོ་རྒྱུས་དང་དཔང་རྟགས། ཁུངས་སྐྱེལ་ཡང་དག་ཅིག་འཁྱེར་ཤོག་དང་། ངས་ཀྱང་ལོ་རྒྱུས་དཔང་རྟགས་ཁུངས་སྐྱེལ་རེ་རེ་བཞིན་དྲངས་ཡོང་ཨ།
མ་གཞི་ཁྱོད་ཀྱང་གཉའ་གནོན་དང་བཤུ་གཞོག་གཏོང་མཁན་གྱི་གྲས་ལ་ཡོད་པ་མ་རེད་པས།
བོད་ཀྱི་ལོ་རྒྱུས་ནང་སེར་མོ་བས་ཆབ་སྲིད་ཁྲོད་དབང་ཆ་འཐབ་རྩོད། ཆོས་ལུགས་ཀྱི་ནང་དམེ། ཆོས་གཞིས་ཁག་གི་ཁྲལ་བསྡུ་དང་ཁྲལ་ཐོབ། དགོན་སྡེ་ཁག་རྒྱ་ཕིབས་ཡན་ལས་གསེར་ལས་སྒྲུབ། བླ་མ་གྲྭ་པ་དར་གོས་ཀྱིས་བཏུམས། ཁ་ལ་མར་ཁུས་བརྒྱངས། ཞིང་འབྲོག་མང་ཚོགས་ལ་ཕན་པའི་སློབ་གྲྭ་དང་སྨན་ཁང་ཟེར་བ་སྣ་གཅིག་ཀྱང་མེད། ཞིང་འབྲོག་མང་ཚོགས་ནི་སྐུ་དྲག་གི་གཞིས་ཀ་ཁག་དང་ཆོས་གཞིས་ཁག་གིས་མི་ཚེ་གང་པོར་ཁྲལ་དང་འུ་ལག་གིས་དོང་དུ་བཅུགས། ད་དུང་གཉའ་གནོན་དང་བཤུ་གཞོག་བཏང་མེད་ཨེ། བྱས་ཙང་ལས་འབྲས་སྲང་ལ་འཇལ་ཡོང་དུས། ཡོད་ཚད་བཞག་ནས་ལྟོག་ཤི་སྐོམ་ཤི་ནད་ཤི། བཙོན་འཇུག་མནར་གཅོད། ལྷག་མ་རྣམས་ས་མཐར་འཁྱམས་དགོས་པའི་ཞོར་ལ་ཉེས་མེད་མི་སེར་རྣམས་ཀྱང་ངན་པའི་ཞོར་ལ་རྒྱུགས་བརྡུང་རག་སོང་བ་མ་རེད་པས། ཨ་དཀོར་ཟན་སྤོབས་མཐའ།
དམར་སྲུང་དམག་གི་འབོད་ཚིག་ལ་ཡང་ནང་དོན་རྩ་བ་ནས་མེད་པ་མ་རེད་ད།
ལ་དྭགས་བློ་བཟང་ལགས། ཁྱོད་ཀྱིས་དཔྱད་རྩོམ་བཀླགས་ནས་བྱུང་བའི་བློ་བསྐྱེད་དང་དོགས་དྲིའི་གནད་དོན་པ་བའི་ཞེན་འཁོན་གྱི་འབྲི་ཚུལ་ཙམ་ཞིག་རྙེད་པ་ལ་དགའ་དོགས་ལ། དོན་གྱི་འབྲས་བུ་ཆོས་ལུགས་དང་མ་འབྲེལ་བའི་སྐོར་ཟུར་ཙམ་ཡང་མ་མཐོང་བར་ཚིག་གི་ལོ་མ་རྐྱང་རྐྱང་མཐོང་བ་ནི་ཁྱེད་ཤེས་ཡོན་པ་ཞིག་རློམ་པའི་ཆ་ནས་སེམས་སྐྱོ་བྱུང་། ད་དུང་ཀིརྟི་ཞེས་པའི་དག་ཆ་ལ་ཀཱིརྟི་ཞེས་ཡོངས་གྲགས་མེད་པའི་འབྲི་སྲོལ་དང་བོད་རྒྱ་ཚིག་མཛོད་སོགས་ལ་དག་བཅོས་ཀྱི་རི་མོ་འབྲི་ཁུལ་བྱས་པའི་གནས་ཚད་སླེབས་ཡོད་མེད་རང་སེམས་ལ་ལྟོས།
དྲ་གྲོགས་རྣམས་ལ་གསོལ་བདེབས་ཞུ་རྒྱུ་ལ། ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་གོ་དོན་རེ་འཇོག་རོགས་གནང་།
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་འགྲོ་བ་མི་ལ་ལྷན་སྐྱེས་སུ་མངའ་བའི་བྱམས་སྙིང་རྗེ་དང་བཟང་སྤྱོད་ལ་ཟེར། འདི་དག་ནི་འཇིག་རྟེན་འདིར་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡང་ཡིན། བྱམས་བརྩེ་དང་དྲང་བདེན་གྱིས་ཕངས་ཞིང་ཆབ་སྲིད་དང་དཔལ་འབྱོར་དམག་དོན་བཅས་ཨང་དང་པོར་རྩི་བའི་ད་ལྟའི་འཇིག་རྟེན་འདིར་བདེ་སྐྱིད་མེད་པ་མྱོང་བས་གྲུབ་པས། གོང་ས་ཆེན་པོའི་ལམ་སྟོན་འདི་དག་ནི་དུས་ཐོག་ཆར་པ་ལྟ་བུར་གྱུར་ཡོད་པར་སྙམ།
བློ་གྲོས་ཆོས་བཟང་ལེགས། ཁྱོད་ཀྱིས་སྨྲས་པ་ཤིན་ཏུ་བདེན་ཤས་ཆེ། “ཁྱེད་ཤེས་ཡོན་པ་ཞིག་རློམ་པའི་ཆ་ནས་སེམས་སྐྱོ་བྱུང་། ” ལ་དྭགས་པའི་ཁ་སྐད་དུ། རི་བོང་ལ་གནམ་རྡིབ་པའི་སྡུག་བསྔལ་གྱི་དཔེ་ལྟར་སེམས་སྐྱོ་བ་དེ་ལས་བསངས་པའི་དུས་ཤིག་ནམ་ཡངམི་འབྱུང་བར་ངེས། “ད་དུང་ཀིརྟི་ཞེས་པའི་དག་ཆ་ལ་ཀཱིརྟི་”ཞེས་པའི་ཀིརྟི་ཞེས་པ་ལེགས་སྦྱར་གྱི་སྒྲ་ཡིན་པར་སྙམ་ནས། ཀཱིརྟི་ཞེས་ཞུས་དག་བྱས་པར་ཁྱོད་ལ་ཀིརྟི་ཞེས་པའི་དོན་དག་ཅིག་བཤད་རྒྱུ་ཡོད་ན། བདག་ཙམ་དུ་མ་ཟད་ཀློག་པ་པོ་ཡོངས་ལ་ཕན་པས། བདག་གིས་དགོངས་དག་ཞུ་ངེས། བདག་ཤེས་ཚད་ཆེས་དམན་རུང་། རོགས་སོགས་ཆག་སྐྱོགས་ཀྱི་མིང་ཚིག་ནམ་ཡང་བཀོལ་བ་མེད་པར་ཤེས་གྲོགས་གྱིས་ཤིག
ལ་དྭགས་བྱང་ཐང་ལགས། ང་ལ་ཀློག་པ་པོ་ཡོངས་ལ་བློ་སྐྱེད་ཕུལ་ཐུབ་པའི་ཁྱེད་ལྟ་བུའི་ལེགས་སྦྱར་ཤེས་པའི་རྣམ་རིག་མེད་ཀྱང་། ངས་ཁྱེད་ལ་བློ་སྐྱེད་ཕྲན་བུ་ཕུལ་བའི་སྐལ་བཟང་འབྱུང་སྙམ། ཀིརྟི་ཞེས་པའི་དོན་ནི་གྲགས་པ་ལ་འཇུག དཔེར་དབུ་མ་ལ་འཇུག་པ་ཞེས་པའི་བསྟན་བཅོས་མཛད་པ་པོ་ལ་ལེགས་སྦྱར་དུ་ཙནྜ་ཀིརྟི་དང་བོད་སྐད་དུ་ཟླ་བ་གྲགས་པ་ཞེས་ལྟ་བུ་དང་། ཡང་སྨྲི་ཏི་ཛྙཱ་ན་ཀིརྟི་ལ་དྲན་པའི་ཡེ་ཤེས་གྲགས་པ་དང་། དེ་གཉིས་ཁྱེད་ཀྱི་རེ་འདོད་ལྟར་ཀིརྟིའི་གོ་དོན་ཞུས་པ་ཡིན་ལགས། ཀིརྟི་ལ་འ་ཆུང་མ་ཐོབ་པའི་ཁུངས་ནི། རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ལེགས་བཤད་གསེར་ཕྲེང་ལས། ” མདོ་དང་སྦྱོར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས་མཁས་པ་ཆེན་པོ་སྨྲི་ཏི་ཛྙཱ་ཀིརྟིའི་ཡིན་མིན་དཔྱད་དགོས་སོ།” ཞེས་ཁྱོད་ལུགས་ལྟར་ཀིརྟི་ལ་འ་ཆུང་བྲིས་མི་འདུག་ལགས། གཞན་ཡང་། བུ་སྟོན་ཆོས་འབྱུང་ལས། བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ། ” ༣༣ སྨྲི་ཏི་ཛྙཱ་ན་ཀིརྟི་དྲན་པའི་ཡེ་ཤེས་གྲགས་པ་དང་། ༤༠ སུ་མ་ཏི་ཀིརྟི་བློ་བཟང་གྲགས་པ་དང་། ༦༡ པཱུར་ཡ་ཀིརྟི། ༩༣ ཀིརྟི་པཎྜི་ཏ་ལ་སོགས་པ་བྱོན་ནོ།” ཞེས་གངས་ཅན་མཁས་དབང་གི་གཙུག་རྒྱན་དང་ལེགས་སྦྱར་ལ་ཆགས་ཐོགས་ཀུན་བྲལ་བུ་སྟོན་རིན་པོ་ཆེས་ཀྱང་ཀིརྟི་ཞེས་བྲིས་པ་ལས་ཀཱིརྟི་ཞེས་བྲིས་མི་འདུག ཕལ་ཆེར་ཁྱོད་ཀྱི་མཁྱེན་པ་དང་གཟིགས་པ་བུ་སྟོན་ལས་ཡན་ཨེ་ཡིན་སྙམ། མ་ཟད་ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་དེབ་དམར་ལས་ཀྱང་། ཉི་ཤུ་པ། གསུང་ཕུ་དགོན་པའི་གདན་རབས་སྐབས་ལས། ” པ་ར་ཧེ་ཏ་དང་། མ་ཧཱ་ཛཱ་ན་དང་།སུ་མ་ཏི་ཀིརྟི་དང་། སྐལ་ལྡན་རྒྱལ་པོ་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པ་དུ་མ་བསྟེན་ཏེ། ཞེས་ཀིརྟི་ཞེས་བྲིས་པ་ལས་ཀཱིརྟི་ཞེས་བྲིས་མི་འདུག ཕལ་ཆེར་ཁུངས་དེ་དག་གིས་ཁྱེད་ལ་ཕན་པའི་རེ་བ་ཡོད། ཁྱེད་ཀྱིས་ཀཱིརྟི་ཞེས་པའི་འ་ཆུང་དེ་ཉིད་ལ་དྭགས་བྱ་ཐང་ནས་རྙེད་པ་ཡིན་ནམ་བསྒྲུགས་པ་ཡིན། ངའི་རེ་བ་ལ་དག་ཆ་དང་ཡིག་ཐོབ་ཙམ་མགོ་འཁོར་ནས་མ་བསྡད་པར་དོན་གྱི་ཆ་ལ་བབས་ན་ལེགས་སྙམ།
ལུང་རྟོགས་ལགས། ཁྱེད་ཀྱིས་གསུངས་པ་ལྟར་འཇིག་རྟེན་འདིར་བཟང་སྤྱོད་ཕོངས་པས་དབང་ལས་མི་འདོད་པའི་རྐྱེན་ངན་གང་མང་ཕྲད་དང་འཕྲད་བཞིན་ཡོད་ཅིང་དེའི་སེལ་བའི་ཐབས་ཉག་གཅིག་ནི་༧གོང་ས་མཆོག་གིས་གསར་བཏོད་གནང་བའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཡིན་མོད། ནུབ་ཨ་རི་བས་ཐབས་ལམ་དེ་ཉིད་ངོས་འཛིན་ཐུབ་པའི་ཐོག་ནས་མཐོ་སློབ་འགར་ལག་ལེན་དུ་བལྟར་འགོ་བཙུགས་ཤིང་ང་ཚོ་བོད་མིས་ལག་ལེན་བསྟར་རྒྱུ་ཕར་ཞོག དེའི་སྐོར་ཙམ་ཡང་གླེང་སློང་བྱེད་མ་ནུས་ཅིས་ལེན་པ་ཡིན་ནམ། གླེང་རིན་མེད་པའི་ཡིན་ནམ། རང་ཉིད་ཀྱིས་རྣམ་དཔྱོད་ཀྱིས་མ་འདང་བ་ཡིན། ལུང་རྟོགས་ལགས། ཁྱེད་ཀྱིས་བཞག་པའི་གོ་དོན་ནི་མཚན་ཉིད་དང་མཚན་གཞི་གཉིས་ལས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་གཞི་ཙམ་ངོས་འཛིན་གནང་མི་འདུག གང་ལྟར་ཐུགས་རྗེ་ཆེ།
བློ་གྲོས་ཆོས་བཟང་གཡམ་རྒྱུགས་ལེགས། མི་མང་ན་རོ་མང་གི་དཔེ་དངོས་མར་གྱུར། གྲགས་པ་ཞེས་པའི་སྐད་དོད་ཀྱི་་ལེགས་སྦྱར་དག་པར་འདོད་ན། སྐུ་གཤེགས་ཇེཨེས་ནེགཱི་མཆོག་གིས་མཛད་པའི་བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ། ༡༩༩༣ལོར་བོད་མཐོ་རིམ་སློབ་ཆེན་མོ་ནས་སྤར་བསྐྲུན་མཛད་པར་གཟིགས་གྲོགས་མཛོད། གལ་ཏེ་དེ་བ་ནཱ་ག་རཱི་ཡི་ཡིག་གཟུགས་ཀློག་མཁྱེན་པ་མེད་ན། བོད་ཡིག་དང་། ཡིག་གཟུགས་དེ་ཉིད་ཀློག་མཁྱེན་པ་པོའི་མཁས་པ་ཞིག་ལ་ཀློག་གྲོགས་བཅོལ་དགོས་པ་གལ་ཆེ་བར་མཐོང་། ཡང་ན། ལེགས་སྦྱར་གྱི་ཚིག་མཛོད་ཅིག་ལ་ལྟ་ཐུབ་ན། ཀཱིརྟི། ཞེས་པ་ཡོད་ཅིང་། ཀིརྟི། ཞེས་པ་ཞིག་གཏན་ནས་མེད་པ་གསལ་པོར་མངོན་ཐུབ་བོ།
དཔེར་དབུ་མ་ལ་འཇུག་པ་ཞེས་པའི་བསྟན་བཅོས་མཛད་པ་པོ་ལ་ལེགས་སྦྱར་དུ་ཙནྡྲ་རྐཱིརྟིདང་
བོད་སྐད་དུ། ཟླ་བ་གྲགས་པ་ཞེས་ལྟ་བུ་དང་། ཡང་། སྨྲཱི་ཏི་ཛྙཱ་ན་ཀཱིརྟི་ལ་དྲན་པའི་ཡེ་ཤེས་གྲགས་པ་ཡིན། སྨྲཱི་ཞེས་པར་ཀི་གུ་མི་འདྲ་བར་འབྲི་དགོས་ཀྱང་གློག་ཀླད་འཕྲུལ་ཆས་འདིར་དེ་ལྟར་བྱེད་མ་ཐུབ། བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་ཐམས་ཅད་མཁྱེན་པ་སོགས་ཀྱི་མཁྱེན་པ་རྒྱ་མཚོ་ལྟར་ཟབ་པ་ཡིན་པས། བཅོལ་ཆུང་བདག་འདྲས་ཇི་ལྟར་གཞལ་ཐུབ། འོན་ཀྱང་ཀཱིརྟི་སོགས་མིང་ཚིག་འགའ་ཞིག་ལ་ཡི་གེ་པ་དག་གིས་མ་དག་པར་བྱས་ཡོད་པ་དཔེ་དག་པ་གཞན་མང་པོ་ལ་བལྟས་ཏེ་རྟོགས་ཐུབ་པ་ཡིན།
་
ཚིག་བཟང་བ་ན་དོན་ཡང་བཟང་།
ཚིག་ནི་དོན་གྱི་སྐྱེལ་མ་ཡིན།
་
ཞེས་པ་འདི་ཁོ་བོས་ལོ་ངོ་མང་པོའི་སྔོན་དུ་བྲིས་སོ།
ད་ཁྱེད་རྣམ་པས་རྒྱ་གར་སྐད་ལ་དག་བཅོས་བ་ལས། བདག་ཚོའི་རང་ཡུལ་གྱི་སྐད་ལ་དག་བཅོས་གནང་ན་ལེགས་ཡོང་། ང་ཚོའི་སྐད་ལ་ང་ཚོས་ཆེ་མཐོང་དང་ཁུངས་སྐྱེལ་མ་བྱས་ན་སུ་དང་གང་གིས་བྱེད་མི་ཡོང་། ཁ་མཛེས་པོ་ཤོད་མཁན་འདྲ་ནི་གང་སར་ཡོད་ངེས་སྙིང་ལ་བརྣག་པའི་བྱ་བ་སྒྲུབ་མཁན་ཧ་ཅང་དཀོན་པོ་རེད། །
རིག་གནས་གསར་བརྗེའི་སྐབས་ཀྱི་དམར་སྲུང་དམག་གི་སློབ་གསོ་ངན་པས་ཀླད་པའི་ཚོས་གཞི་བསྒྱུར་ཚར་མཁན་ཁྱོད་ཚོ་དང་ཁྱོད་ཚོ་འདྲ་བོ་ཚོས་དཔང་རྟགས་དང་། ཁུངས་སྐྱེལ། གཏན་ཚིག ལ་རྒྱ། ཟེར་བ་དེ་ཚོ་ཅང་ཤེས་པའི་རེ་བ་ཡོད་ནི་མ་རེད། ཁྱོད་ཚོས་ཅིག་ཤེས་པ་དེ་ནམ་ཡར་ལངས་ན་མུན་མར་རུབ་ན་བླ་མ་དང་གྲྭ་བ་ལ་རྒོལ་རྡུང་བྱ་རྒྱུ་དེ་རེད།
མའོ་རྒན་གསོན་དུས་དར་དམར་དཔུང་བ་ལ་བཏགས་ནས་རྒྱུག་གི་རེད་ལ་མའོ་རྒན་ཤི་དུས་དར་ནག་དཔུང་པ་ལ་བཏགས་ནས་རྒྱུག་གི་རེད། དེང་སང་ཁྱོད་ཚོའི་མིག་གཉིས་ཀ་དམར་སྲུང་དམག་གི་རས་ཡོལ་དམར་ནག་གཉིས་ཀས་བསྒྲིབས་ནས་བསྡད་ཡོད་པ་རེད། དང་པོ་དེ་ཤེས་པ་གྱིས། ངའི་གདམས་ངག་ཡིན།
ང་ཚོའི་སྐད་ལ་ང་ཚོས་ཆེ་མཐོང་དང་ཁུངས་སྐྱེལ་མ་བྱས་ན་སུ་དང་གང་གིས་བྱེདདམ།
ལ་དྭགས་པ་ཙམ་མ་ཡིན་པར་བོད་ལུང་པ་གར་སོང་དུ་ཡོད་པ་གཏམ་རྒྱུན་ཞིག་ནི།
་
བླ་མ་རེ་དང་ཆོས་ལུགས་རེ།
ལུང་པ་རེ་དང་སྐད་ལུགས་རེ།
་
དེ་ལྟར་ལགས་ན་ཅི་བྱེད་དགོས་སམ། འདི་ལ་ལན་ཡོད་དམ།
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར།
རྒྱང་འཕེན་པ་ཚོས། ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་ཅིག་སྲུང་རྒྱུ་ཡོད་དམ་མེད། འདི་ཆེད་རྩོམ་རྩོམ་པ་པོ་ལ་དྲི་བ་ཡིན།
ལ་དྭགས་བྱང་ཐང་ལགས། ཉི་མ་ལྟ་བུའི་མཁས་གྲུབ་གཉིས ལྡན་གྱི་གསུང་བྱིན་རླབས་ཅན་ཡོད་བཞིན་དུ་སྲིན་བུ་མེ་འཁྱེར་ལྟ་བུའི་སྐུ་གཤེགས་ཇེཨེས་ནེགཱི་མཆོག་གིས་མཛད་པའི་བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོའི་བཤད་ཡམ་ལ་བརྟེན་དགོས་དོན་མེད་འདུག གངས་ཅན་ལྗོངས་ན། མ་མཐོང་ན་བུ་ལ་འདྲི། ཐག་མ་གཅོད་ན་རྗེ་ལ་འདྲི། ཞེས་པའི་གཏམ་རླུང་ལྟར་གྲགས་པའི་མཁས་གྲུབ་གཉིས་ལྡན་དེ་གཉིས་ཀྱིས་མ་མཁྱེན་པར་དེང་དུས་ལེགས་སྦྱར་ཐར་ཐོར་ཤེས་རློམ་ཅན་གྱིས་བྲིས་ཚད་ལ་ཡིད་བརྟན་ཅང་ཡོད་དམ། ཁྱེད་ཀྱིས་རང་ཉིད་ཀྱི་འདོད་ཚུལ་དང་ཅུང་མ་མཐུན་པ་འཕྲད་ཚེ། མ་དག་པར་ཁ་གཡོགས་ཏེ། ” དེ་འདྲ་བྱུང་དང་འབྱུང་བཞིན་པ་ནི་བོད་རྒྱ་ཚིག་མཛོད་སོགས་མ་དག་པ་དག་པར་འཛིན་པ་ལས་འབྱུང་ངོ་།” ཞེས་རྙོག་བཤད་དང་། ཡང་ད་ལྟ་རང་གི་རྨོངས་འཆར་དང་འགལ་ཚེ། ཡི་གེ་པས་མ་དག་པར་བྲིས་ཁ་གཡོགས་ཏེ། ” འོན་ཀྱང་ཀཱིརྟི་སོགས་མིང་ཚིག་འགའ་ཞིག་ལ་ཡི་གེ་པ་དག་གིས་མ་དག་པར་བྱས་ཡོད་པ” ཞེས་ཟེར་རྒྱུ་ཕོངས་པའི་ལོག་གཏམ་གྱི་ཕྲེང་བ་རྐྱང་རྐྱང་མགུལ་ལ་མ་བཞེས་རོགས་གནང་། ལ་དྭགས་པ་ཁྱེད་ལྟར་ན། གངས་ཅན་ལྗོངས་ཀྱི་ཡི་གེ་པ་ཐམས་ཅད་ནོར་བ་རེད་དམ། རྗེའི་ལེགས་བཤད་གསེར་ཕྲེང་། བུ་སྟོན་གྱི་ཆོས་འབྱུང་། ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་དམར། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་ཀིརྟི་བྲིས་པ་ལས་ཀཱིརྟི་བྲིས་མི་འདུག ཡི་གེ་པ་གཅིག་ནོར་དུ་ཆུག་ཀྱང་དེ་དག་ཀུན་གྱི་ཡི་གེ་པ་ནོར་བ་རེད། ཅེས་སྨྲ་ནུས་སམ། དེ་ལྟ་བུའི་གངས་ཅན་གྱི་གྲུབ་དབང་མང་པོའི་ལུང་ཁུངས་ཡོད་ཀྱང་། ” མི་མང་ན་རོ་མང་བར་མཐོང་མཁན་ལ་དྭགས་པ་ཁྱེད་ཀྱིས་གྲུབ་དབང་དེ་རྣམས་དེ་རིང་གི་དུས་བཟང་འདིར་རོར་མཐོང་དུ་འཇུག་འདོད་མི་འདུག་པས་ལུང་ཁུངས་དེ་ཙམ་གྱིས་འགྲིགས་པར་ཞུ།
ཀརྡོ་ལགས། ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་ངོ་བོ་ནི། སྤྱོད་ལམ་དེ་ཉིད་ལག་བསྟར་བྱེད་པར་ཆོས་ལུགས་བྱེ་བྲག་པ་གང་གི་ཡང་རྗེས་སུ་ངེས་པར་དྲངས་མི་དགོས་སྤྱོད་རུང་བ་དང་སློབ་རུང་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཞིག་ལ་ཟེར། དཔེར་ན། སྙིང་རྗེ། བྱམས་པ། བཟོད་བསྲན། ཕན་སེམས་སོགས་ལྟ་བུ། དེ་དག་ནི་འཇིག་རྟེན་གྱི་སྐྱེས་བུ་སུ་ཡིས་ཀྱང་སློབ་རུང་བ་དང་སྒོམ་རུང་བའི་སྤྱོད་ལམ་ཡིན་པར་བརྟེན་རྒྱང་འཕེན་པས་བཟོད་བསྲན་དང་བརྩེ་བ་སོགས་ལག་ལེན་དུ་བསྟར་བཞིན་ཡོད་པས་ཁོང་ཚོས་ཆོས་དང་མ་འབྲེལ་བའི་ལུས་ངག་གི་ཚུལ་ཁྲིམས་ཤིག་ཡོད་སྙམ། ཀརྡོ་ལགས་ལ་དྲི་རྒྱུ་ཞིག་ལ། སྐུ་ཉིད་ནས་ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་ངོ་བོ་དང་དེའི་རིན་ཐང་སོགས་ཀྱི་སྐོར་བསམ་ཚུལ་ཞིག་གསུང་རོགས་ཞུ།
བློ་གྲོས་ཆོས་བཟང་གཡམ་རྒྱུགས་ལེགས།
བདག་ནི་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་པ་སྨྲ་བར་འཛེགས་དོགས་མེད་པ་ཞིག་ཡིན།
ཁྱོད་ཀྱི་རྩོམ་བྲིས་སུ། དང་པོར། བསྩལ་བའི་ཞེས་པར་བ་སྔོན་འཇུག་ཐེན་ཡོད་པ་ལ་ཁ་བཙུམས་ནས། སྩལ་བའི། ཞེས་ཞུས་དག་བྱས་ཡོད་ཀྱང་། པ་ཡིག་དགོས་པ་ལ་བ་ཡིག་བྲིས་པ་མཁས་པས་བཀོད་པའི་ལུགས་དང་འགལ། ཞེས་པ་གཟུ་བོར་གནས་པས་རྟོག་དཔྱོད་བྱེད་ན། བོད་ཀྱི་ལོ་ཙ་པ་བེ་རོ་ཙ་ན་དང་། སྐ་ཅོག་རྣམ་གཉིས་སོགས་བོད་སྔ་རབས་པ་དང་། རིན་ཆེན་བཟང་པོ་སོགས་ཀྱི་བཞེད་པ་དང་འགལ་བར་བྲིས་པར་མ་ཟད་རྗེ་ཙོང་པའི་བཞེད་པ་དང་འགལ་བར་མཐོང་སྟེ། རྟེན་འབྲེལ་བསྟོད་པ་ན།
སྨན་པའི་སླད་དུ་བཀའ་སྩལ་པ། སྐུ་འབུམ་སྤར་མ་ཤོག་གྲངས་༡༥རྒྱབ།
ཁྱོད་ཀྱིས་ཇི་སྙེད་བཀའ་སྩམ་པ། ཤོག་གྲངས་༡༧རྒྱབ། དེར་མ་ཟད་ཉེ་དུས་ཀྱི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱི་དགོངས་པ་དང་འགལ། སྩལ་ཅེས་པར་ད་སྔོན་འཇུག་མི་མངོན་པའི་ཚུལ་དུ་ཡོད་པས། པ་འབྲི་དགོས་པ་ཁྱོད་སོགས་གཡམ་རྒྱུག་བྱེད་པ་པོ་དང་། གཟུ་བོར་གནས་པ་མ་ཡིན་པ་དག་ལ་ཕན་དཀའ་ཡང་། བོད་སྤྱིའི་སྐད་ལ་གཅེས་ཤིང་གཟུ་བོར་གནས་པའི་ཀློག་པ་པོ་གཞན་རྣམས་ལ་པའི་རེ་བས་འཇམ་མགོན་བླ་མའི་དུས་ཆེན་ལ་བྲིས་སོ།
་
སྩོལ་བ། སྩལ་པ། སྩལ་བ། སྩོལ་ཅིག་ཅེས་ད་ལྟ་འདས་མ་འོངས་སྐུལ་ཚིག་གོ་རིམས་བཞིན་དུ་བཀོད།
,
རྒད་པོསབྲིས་པའི་་ཡིག་ནོར་དག་ལ་ཞུས་དག་མཛོད།
ལ་དྭགས་བྱང་ཐང་ལགས། ཁྱེད་ཀྱིས་”
བླ་མ་རེ་དང་ཆོས་ལུགས་རེ།
ལུང་པ་རེ་དང་སྐད་ལུགས་རེ།
དེ་ལྟར་ལགས་ན་ཅི་བྱེད་དགོས་སམ། འདི་ལ་ལན་ཡོད་དམ། ” ཞེས་གསོལ་འདེབས་ཞུ་དོན་ལྟར། ཆུ་འགོ་གངས་དང་ཆོས་འགོ་སྟོན་པ་ལ་གཏུགས་པའི་དཔེ་ལྟར། འཛམ་བུ་གླིང་གི་ནང་པའི་ཡུལ་གྲུ་ཀུན་གྱི་བསྟན་པའི་འགོ་རྒྱ་གར་ལ་གཏུགས་པ་དང་ཨེ་ཤ་ཡའི་ཤར་ནུབ་ཀྱི་གཙང་བོ་ཆེ་ཁག་གི་འགོ་བོད་གངས་ཅན་ལ་གཏུགས་པའི་སྲོལ་བཟང་ཡོད་པ་བཞིན། ཡུལ་མཐའ་ཁོབ་ཀྱི་ར་སྐད་དང་ལུག་སྐད་ཀུན་ཡུལ་དབུས་ཀྱི་སྐད་ལ་གཏུགས་ཐབས་དང་མཐུན་ཐབས་བྱེད་དགོས། ཅེས་ཞུ་བཞིན་ཡོད། ང་དོན་ཆུང་ངུའི་པ་བའི་གནད་དོན་ལྟ་བུ་ལ་མི་ཚེ་སྟོང་ཟད་བཏང་ནས་གླེང་སློང་བྱེད་རྒྱུ་དགའ་བོ་མེད། ངས་ཆེད་རྩོམ་གྱི་ནང་སྩལ་ལ་བ་ཡིག་སྔོན་འཇུག་ཐེངས་ཤོར་བ་དེ་འདྲའི་ཚབས་ཆེན་ཨེ་ཡིན། ཁྱེད་ཀྱི་མཆན་རྙོག་ནང་། ” དེར་མ་ཟད་ཉེ་དུས་ཀྱི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱི་དགོངས་པ་དང་འགལ། སྩལ་ཅེས་པར་ད་སྔོན་འཇུག་མི་མངོན་པའི་ཚུལ་དུ་ཡོད་པས། ” ཅེས་བྲིས་འདུག
རྒན་ལ་དྭགས་ལགས། གཞན་གྱིས་མ་བཤད་པ་དང་མ་གསུངས་པ་ལ་གསུངས་ཅེས་བཙན་གཤེད་མ་བྱས་རོགས་གནང་། གལ་ཏེ་དགེ་ཆོས་ཀྱི་བརྩམ་ཆོས་ནང་སྩལ་ཅེས་པར་ད་སྔོན་འཇུག་མི་མངོན་པའི་ཚུལ་དུ་ཡོད་པར་གསུངས་པའི་ལུང་ཚིག་གཅིག་དྲང་རྒྱུ་ཡོད་ན། ང་བློ་གྲོས་ཆོས་བཟང་གིས་སྐེ་བཅད་ནས་གོམ་པ་དགུ་རྒྱབ་ཆོག ཧཧཧ། གཞན་ཡང་། ཁྱེད་ཀྱི་མཆན་རྙོག་ནང་། ” མ་ཡིན་པ་ལ་མ་ཡིན་པ་སྨྲ་བར་འཛེགས་དོགས་མེད་པ་ཞིག་ཡིན།” ཞེས་པའི་འཛེམ་དོགས་ལ་འཛེགས་དོགས་ཀྱི་ཡིག་ནོར་བྲིས་ནས་ད་དུང་རང་སྐྱོན་གཡག་མི་མཐོང་། གཞན་སྐྱོན་ཤིག་མཐོང་བའི་དཔེ་ལས་མ་འདས། གཡམ་རྒྱུག་ཅེས་པའི་ཚིག་དེ་གཉིས་ཁྱེད་ཀྱི་རྣ་ཆོག་གཡས་གཡོན་གཉིས་ལ་ལེན་པོ་འདུག དེའི་རྒྱུ་མཚན་ནི་ཀིརྟི་ལ་འ་ཆུང་ཐོབ་པའི་ཁུངས་སྐྱེལ་བྱས་མ་ཐུབ་པ་དང་ལམ་སེང་སྐབས་དོན་ལས་གཡོ་ནས་པ་བའི་གནད་དོན་གླེང་བའི་ཕྱོགས་སུ་རྒྱུག ལ་དྭགས་རྒན་ལགས། ཁྱེད་ལ་འཛེམ་དོགས་མེད་ན། ཀཱིརྟི་ཞེས་པའི་འ་ཆུང་དེ་ཉིད་ཆུ་མོ་གཱངྒའི་འགྲམ་ནས་རྙེད་པ་རེད་དམ། ལ་དྭགས་བྱ་ཐང་གི་འབྲོག་པས་ཁྱོད་ལ་གསོས་རས་གནང་བ་རེད།
ཀརྡོ་ལགས་ལ་དྲི་རྒྱུ་ཞིག་ལ། སྐུ་ཉིད་ནས་ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་ངོ་བོ་དང་དེའི་རིན་ཐང་སོགས་ཀྱི་སྐོར་བསམ་ཚུལ་ཞིག་གསུང་རོགས་ཞུ།
ཞེས་པའི་ལན་དུ།
ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་བཟང་པོ།
སྔར་རྒྱ་གར་དུ་ཆོས་བྱེད་སྟངས་མང་དྲགས་ནས། རྒྱང་འཕེན་གྱི་མཁན་པོའམ། དྲང་སྲོང་ཞིག་དང་། དེའི་རྗེས་འཇུག་པ་རྣམས་བྱུང་བ་འདྲ།
དིང་སང་ཡང་། འཇིག་རྟེན་བྱེད་པོ་ཡོད་མེད་སོགས་ལས་ཆོས་ལུགས་མི་འདྲ་བ་མང་དྲགས་པ་དེས། སྐབས་འགར་སྤྱི་ཚོགས་མི་འདྲ་བ་ཆེན་པོ་གཉིས་ཀྱི་བར་ལ། ད་དུང་མི་འདྲ་བ་ཆེ་རུ། ཆོས་མི་འདྲ་བས་རྐྱེན་གྱི་འཁྲུགས་རྐྱེན་སློང་བ་ལོང་བས་བལྟས་ཀྱང་མཐོང་བ་ལྟར།
ཆོས་ལུགས་དང་མ་འབྲེལ་བའི་བཟངསྤྱོད་དེ་ལས་ལྷག་པ་གཞུང་ལུགས་གཞན་པ་ཅིག་ལ་སྐྱབས་སུ་འགྲོ་ས་མེད་ནས། ཆོས་ཁས་བླང་མཁན་དང་། ཆོས་ཁས་མི་བླང་མཁན་གཉིས་ཀས་སྤྱོད་ཐུབ་པའི་གཞུང་ལུགས་གསར་པ་འདི་དར་ཞིང་། ཕན་ཐོགས་ཅན་དུ་གྱུར་དང། འགྱུར་བཞིན་ཡོད་པར་འདོད།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་ཉིད་ནི། མི་དང་དུད་འགྲོར་སྐྱེས་ཙམ་ནས་རང་ཆས་སུ་ཡོད་པའི་བྱམས་བརྩེ་དང་། ཚུལ་མཐུན་གྱི་བྱ་བ་གཞན་གནོད་གཞི་བྲལ། རང་གཞན་གཉིས་ཕན་བཟང་སྤྱོད་ཅིག་ལ་གོ་དགོས་སྙམ་མོ།།
བློ་གྲོས་ཆོས་བཟང་གཡམ་རྒྱུགས་ལེགས།
ཀཱིརྟི་ཞེས་པའི་འ་ཆུང་དེ་ཉིད་ཆུ་མོ་གཱངྒའི་འགྲམ་ནས་རྙེད་པ་རེད་དམ། ལ་དྭགས་བྱ་ཐང་གི་འབྲོག་པས་ཁྱོད་ལ་གསོས་རས་གནང་བ་རེད།
དེ་ལྟར་གང་ཡང་མ་ཡིན་པར་བོད་ཀྱིས་མཁས་པས་བྲིས་པའི་དཔེ་ཆ་བཀློགས་པ་ལས་རྙེད་པས ཁྱོད་སྙིང་མི་གས་པར་བོད་མཁས་པ་དག་གི་གཞུང་ལ་ཐོས་བསམ་བྱེད་ཐུབ་པར་སྨོན་ལམ་འདེབས་པ་སྔོན་དུ་བཏང་ནས། བོད་ཀྱི་དཔེ་ཆ་གང་དུ་རྙེད་པ་དགོད་པར་བྱ་སྟེ། མིག་གི་རྒྱལ་མོ་ལེགས་པར་ཕྱིས་ལ་ཀློགས་ཤིག
དང་པོ་དཔེ་ཆ་འབྲི་བར་མཛད་པ་ལ་ཐུགས་ཁུར་ཇི་ལྟར་བཞེས་པ་ཡོད་པ་ཤེས་དགོས་པས་གུས་པའི་སྒོ་ནས་ཀློག་དགོས། དེ་ཡང་འདི་ལྟར། གང་གི་གསུང་ལས། འདིར་སྨྲས་པ།
ཕྱིས་སུ་ནད་ཀྱིས་མནར་བ་ཡིས།
ཙོག་པུར་སྡོད་དུ་མི་སྟེར་ཞིང་།
འབྲི་ཀློག་ཅུང་ཟད་མི་ནུས་པས།
འདི་འདྲའི་སེམས་ཁུར་གཏན་བྲལ་ཀྱང་།
མེ་ལུག་ས་ག་ཟླ་བ་ཡི།
ཁྱིམ་གྲངས་ལྡན་ཚེས་ལ་ནི
འཕྲལ་དུ་འབྲི་འདོད་སྐྱེས་པ་ལྟར།
རིམ་བྲིས་ཉེར་འཚེ་སྣ་ཚོགས་ཀྱིས།
རྦ་རླབས་འཁྲུགས་ཀྱང་བརྩོན་ཟིན་ཕྱིར།
འདོད་པ་མི་བཏང་རིམ་བརྩམས་པས།
ཉིན་ཞག་དྲུག་ཅུར་ལོངས་པ་ཡིས།
ཆུ་སྟོད་ཟླ་བའི་ཚེས་བཅུ་བཞིར།
གྲུབ་གྱུར་འདི་ཡི་ལེགས་བྱས་ཀྱིས།
འགྲོ་རྣམས་ཚིག་དང་དོན་གནས་ལ།
མཁས་པའི་ཤེས་རབ་མཆོག་ཐོབ་ནས།
རྒྱལ་བའི་བསྟན་པ་གསལ་བྱེད་ཅིང་།
དེ་ཡི་མཐུ་ལས་འཇིག་རྟེན་ཁམས་ཀུན་ཏུ།
རྨོངས་མུན་དང་བྲལ་ཤེས་རབ་སྣང་བས་ཁྱབ།
བདེ་དང་བཀྲ་ཤིས་དཔལ་དང་སྐལ་བཟང་གི
ཡོན་ཏན་མ་ལུས་འབད་མེད་རྒྱས་གྱུར་ཅིག
གང་གི་ཡིད་ཀྱི་མཚོ་དང་ངག་གི་ཚལ།
དབྱངས་ཅན་ངང་པའི་བུ་མོས་མཛེས་བྱས་པས།
ས་གསུམ་ཀུན་དགར་བྱེད་པའི་སྒྲ་དབྱངས་ཅན།
སྨྲ་དབང་ཚོགས་རྣམས་ས་ཆེན་འདི་ན་མཛེས།།
་
འདི་ཀློགས། ་བསམ་བློ་ཐོངས། ཁྱོད་ཀྱིས་བསླངས་པ་དེ་བསྟར་བར་བྱའོ།
(སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས།
མི་ཕམ་རྣམ་པར་རྒྱལ་བ་མཚོ་བྱུང་བཞད་པའི་གེ་སར་གྱིས་བཀོད་པ།)
འཇུ་མི་ཕམ། བྱོན་ལོ་༡༨༤༦ནས་༡༩༡༢
(འཇམ་དཔལ་ཡེ་ཤེས་མེ་ལོང་དང་བའི་གཟུགས།
ཡིད་འོང་དགའ་བའི་ཉམས་བརྒྱར་འབར་བ་ལ།
དབྱངས་ཀྱི་རྒྱལ་མོས་ལེགས་འཁྱུད་དགའ་ཆེན་དཔྱིད།
སྙིང་ལ་བཅུད་དུ་འགུག་ཅིང་བརྟན་འགྱུར་ཅིག །
དྷཱིཿ སྐད་གཉིས་ཤན་སྦྱོར་ཤོག་གྲངས་ ༡༢༥མདུན་ཤོག་ན། བསྟོད་པ་དང་གྲགས་པའི་རྣམ་གྲངས་ལ། ཀཱིརྟྟིཿ གྲགས་པའམ་བརྗོད་པ། )
དེ་ཡང་ར་ཡིག་གི་རྗེས་སུ་གསལ་བྱེད་གང་ཡིན་གཉིས་བརྩེགས་འགྱུར་མི་འགྱུར་གདམ་ང་ཡིན་པ་ལས་བླ་མ་འདིས་གཉིས་བརྩེགས་བྲིས་པ་ལས་གཞན་ཁྱད་མེད་པར་ཀཱིརྟི་ཞེས་ཨི་ཡིག་རིང་པོ་ཡོད་པ་གསལ་པོ་ཡིན།
(“དེར་མ་ཟད་ཉེ་དུས་ཀྱི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱི་དགོངས་པ་དང་འགལ། སྩལ་ཅེས་པར་ད་སྔོན་འཇུག་མི་མངོན་པའི་ཚུལ་དུ་ཡོད་པས། ” )ཅེས་བྲིས་འདུག ཁྱོད་བདེན། འདིར་ངས་ད་ཡང་འཇུག་ཅེས་འབྲི་དགོས་པ་ལས། ཡང་གི་གནས་སུ་སྔོན་བྲིས་ནོར་ལ་དགོངས་དག་ཞུ། “དེ་ཡང་སྩལ་ཏོ།” དེབ་ཐེར་དཀར་པོ་ཤོག་གྲངས་༢༤ ཞེས་པར་པ་ཡང་ན་བ་འབྲི་དགོས་ན། སྩལད་ཅེས་པར་པ་ཡིག་འབྲི་དགོས་ཏེ། དེ་ལྟར་དུ་བོད་ཀྱི་མཁས་པའི་བྲིས་པའི་དཔེ་དག་ན་མཆིས། འོན་ཀྱང་མ་དག་པ་ཤོར་ཡོད་པ་ནི་དམིགས་བསལ་ལོ།
“ཉི་མ་ལྟ་བུའི་མཁས་གྲུབ་གཉིས ལྡན་གྱི་གསུང་བྱིན་རླབས་ཅན་ཡོད་བཞིན་དུ་སྲིན་བུ་མེ་འཁྱེར་ལྟ་བུའི་སྐུ་གཤེགས་ཇེཨེས་ནེགཱི་མཆོག་གིས་མཛད་པའི་བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོའི་བཤད་ཡམ་ལ་བརྟེན་དགོས་དོན་མེད་འདུག ”
ཁྱོད་ལ་ལེགས་སྦྱར་སྐད་དམ་མིང་ཚིག་མཁོ་བ་མེད་པས་བདེན་ཡང་། བོད་མིང་ཚིག་གམ་བརྗོད་པ་འདི་དང་འདི་ལ་ལེགས་སྦྱར་ཅི་ཡིན་སྙམ་ནས་འཚོལ་བ་པོ་ཞིག་ལ་་སྐུ་གཤེགས་ཇེཨེས་ནེགཱི་མཆོག་གིབོད་ལེགས་སྦྱར་ཚིག་མཛོད་དེ། སྔོན་བྱུང་མེད་པ་འདུག་པས། དམ་པ་དེ་ལོ་ཆུང་ངུར་འཇིག་རྟེན་ཕ་རོལ་ཏུ་སོང་བ་དེ་བོད་དང་ལེགས་ཀྱི་སྐད་མཉམ་ཤེས་་ཡོད་པ་བསབ་དཀའ་བ་ཞིག་གོ ། ཡིག་ནོར་ལ་ཞུས་དག་བྱེད་ན་བོད་ཀྱི་སྐད་ལ་ཕན་ནོ།
ཁྱིམ་གྲངས་ལྡན་ཚེས་ལ་ནི། ཞེས་པར། ཁྱིམ་གྱི་གྲངས་ལྡན་ཚེས་ལ་ནི། ཞེས་ཞུས་དག་བྱས་སོ།
ལ་དྭགས་བྱ་ཐང་ལགས། ཁྱོད་ཀྱིས་དག་ཆ་ཐར་ཐོར་ནོར་བ་ལ་ངས་སྣང་བ་དེ་ཙམ་གཏོང་གིན་མེད། འོན་ཀྱང་སྐབས་དོན་ལས་གཡོ་ནས་བྱ་ཐང་མི་མེད་ལུང་སྟོང་དུ་བྲོས་བྱོལ་དུ་ཕྱིན་དུས་ང་བྱེད་ཐབས་མེད་འདུག་ཡ། རྒད་པོས་སྔ་དྲོ་མཐོང་ཡག་མི་འདུག་པས། ཁྱོད་བྱ་ཐང་བསྐོར་བསྐོར་ནས་མཐར་ཁམས་ཕྱོགས་ནས་ཀིརྟི་ལ་འ་ཆུང་ཡོད་པའི་ཁུངས་ཤིག་འཚོལ་བར་ཕྱིན་པ་འདྲ། ཕལ་ཆེར་རྒད་པོའི་རྐང་པ་ན་ཡོད་ཚོད་ཡིན། རྒད་པོ་ལགས། དངོས་གནས་ཞུས་ན། ཁྱེད་ཀྱིས་སྲིན་བུ་མེ་འཁྱེར་ལྟ་བུའི་སྐུ་གཤེགས་ཇེཨེས་ནེགཱི་མཆོག་གིས་མཛད་པའི་བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ་སོགས་ཀྱི་ལུང་དྲངས་བས་ཅི་བྱས། ཉི་མ་ལྟ་བུའི་བསྟན་བཅོས། ” བྱེ་བྲག་རྟོགས་བྱེད་ཆེན་པོ་དང་། སྒྲ་སྦྱོར་བམ་གཉིས་ཡོད་བཞིན་དུ། རྟོགས་བྱེད་ཆེན་པོ། ” བོད་གཞུང་ཤེས་རིག་དཔར་མ། ཤོག་གྲངས། ༡༣༥-༡༣༦ ” དྷརྨཀཱིརྟྟ:། ཆོས་གྲགས། ཙཎྡཀཱིརྟྟི:། ཟླ་གྲགས། ཅེས་གསུངས་འདུག། རྒན་ལ་དྭགས་ལགས། དེ་འདྲ་བའི་ཁུངས་བཙན་དང་ཡིག་རྙིང་ཚད་ལྡན་གྱི་ལུང་ཚིག་དྲང་ན་ས་འོག་ཏུ་ལུས་པའི་གསེར་འདྲ་བའི་མཁས་དབང་ཁྱོད་ཀྱི་རྣམ་དཔྱོད་ཀྱི་འོད་སྣང་རང་བཞིན་གྱིས་བར་སྣང་དུ་ཁྱབ་ཀྱིན་རེད། མ་གཏོགས། ཧཧཧཧ། ལ་དྭགས་བྱང་ཐང་ལགས་ད་དུང་ཞུ་རྒྱུ་ཞིག་ལ། ཁུངས་བཙན་གྱི་གཞུང་དེ་དག་ཡོད་ཀྱང་རྒྱལ་བའི་རྒྱལ་མཚན་བསྒྲེང་རྒྱུ་མ་སྔ། ཞེས་ཞུ་བཞིན་ཡོད། མཁས་པའི་ཟེར་སྲོལ་ལ། ཐག་གཅོད་སྔ་བ་མ་བྱས། དཔྱད་པ་མ་ཆུང་། ཞེས་པ་ལྟར། བོད་ཀྱི་ལོ་རྒྱུས་ནང་སྐད་གསར་བཅད་ཐེངས་གསུམ་དང་དེ་དག་གི་ལོ་ཚིག་རྒད་པོའི་ཡིད་ངོར་སྟོན་གནམ་གྱི་སྐར་ཚོགས་ལྟར་བཀྲ་ལྷམ་མེར་ཡོད་བཞག་རེད།
བློ་གྲོས་ཆོས་བཟང་གཡམ་རྒྱུགས་ལེགས།
འོག་གསལ་མིང་ཚིག་རྣམས་ལ་དག་བཅོས་དགོས། ཁྱོད་ཀྱི་དོན་དག་མི་འགྲུབ། ཁོ་བོ་ལ་དྭགས་པ་བྲིས་རྩོམ་བྱེད་པ་པོ་ཀུན་ལ་འདི་ལྟར་བྲིས་པ་བློ་ལ་དྲིན་པ་ནི
་
ཡི་གེའི་དག་ཆ་ཆུང་ངུ་ལའང་།
ཅི་སྟོ་བསམ་ན་དོན་མི་འགྲུབ།
་
ཅེས་བྲིས་ཡོད། དེ་བཞིན་བདག་རང་གིས་བྲིས་པ་ཀུན་ལ་ལན་ཚར་ཁ་ཤས་ཞུས་དག་བྱེད། དེ་ལྟ་ནའང་མ་དག་པ་མང་པོ་འོང་། དགེ་ཆོས་ཀྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་སྤར་མ་དང་པོ་ན། སྟོན་པ་སངས་རྒྱས་ཀྱི་འདྲ་སྐུ་བྲིས་མའི་འོག་ཏུ་ཡོངས་གྲགས་ཀྱི་ཕྱག་འཚལ་བའི་འདོན་པ་ན། ཡང་དག་པར་རྫོགས་པའི། ཞེས་པ་ན། ཡང་དག་པ་རྫོགས་པའི། བྲིས་ཡོད་པར་དགེ་ཆོས་དང་རྒྱ་གར་པཎྜིཏའི་མ་གཅན་གྱིས་མཐོང་སྟེ། འདིར་ཡང་དག་པར་རྫོགས་པའི། ཟེར་དགོས་པ་ལ་ར་ཡིག་ཆད་འདུག་ཅེས་ལོ་ངོ་དྲུག་ཅུ༏ཨི་སྔོན་དུ་ཐོས་པ་ད་ལྟ་ཡང་དྲན་པ་གསལ་པོར་གདའོ། ད་ལས་བྱེད་པར་འགྲོ་རན། ཁ་རྒྱགས་པ་མེད་པར་གཤམ་གྱི་ཡི་གེ་དག་དག་པར་བྱེད་ཐུབ་ན། འབད་པ་གྱིས། བློ་གྲོས་འཕེལ་བའི་གྲོགས་སུ་འགྱུར་རོ།
དྷརྨཀཱིརྟྟ:། ཆོས་གྲགས། ཙཎྡཀཱིརྟྟི:།
བློ་གྲོས་ཆོས་བཟང་ལགས། ཁྱེད་ཀྱི་རྒན་བློ་བཟང་འཇམ་དཔལ་ལགས་སུ་ལ་དྭགས་བྱང་ཐང་ཞེས་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་ཡ་རབས་ཀྱི་སྤྱོད་ཚུལ་དང་འགལ་ཞིང་ཤིན་དུ་ནས་མི་མཛེས་པའི་སྤོང་དགོས། རང་ཉིད་ཀྱང་གསར་འབྱོར་འཐོམ་པོ་ཞིག་ཡིན་པ་ངེས་པར་ཧ་གོ་དགོས། གཞན་གྱིས་རང་ལ་གསར་འབྱོར་ཞེས་བརྙས་དུས་ཇི་ལྟར་ཚོར་བ་ཡིད་ལ་སོམས།
དྷརྨཀཱིརྟྟ:། = ཆོས་གྲགས།
ཟླ་བ་གྲགས་པ། = ཙཎྡཀཱིརྟྟི:།
་་་་་་་་་་་་་ ཉི་མ་ལྟ་བུའི་བསྟན་བཅོས། ” བྱེ་བྲག་རྟོགས་བྱེད་ཆེན་པོ་དང་། སྒྲ་སྦྱོར་བམ་གཉིས་ཡོད་བཞིན་དུ། རྟོགས་བྱེད་ཆེན་པོ། ” བོད་གཞུང་ཤེས་རིག་དཔར་མ། ཤོག་གྲངས། ༡༣༥-༡༣༦ ” དྷརྨཀཱིརྟྟ:། ཆོས་གྲགས། ཙཎྡཀཱིརྟྟི:། ཟླ་གྲགས། ཅེས་གསུངས་འདུག། ་་་་་་་་་་
དྷརྨཀཱིརྟྟི:། ཆོས་གྲགས། ཆོས་ཀྱི་གྲགས་པ།
ཙཎྡཀཱིརྟྟི:། ཟླ་གྲགས། ཟླ་བ་གྲགས་པ།
རྒན་ལ་དྭགས་ལགས། སྐད་གསར་བཅད་ཐེངས་གསུམ་པ་ཡོད་པས། དཀོན་མཆོག་གིས་རྒད་པོ་ཁྱོད་ལ་གཟིགས་འདུག་པ་མ་གཏོགས། ང་མ་ཚད་རྒད་པོ་ཁྱེད་ཀྱི་ལག་སྦྱར་ལ་མཁྱེན་པ་རྒྱས་པའི་མཁས་ཉམས་ཀྱང་ཤོར་ཡག་གི་ཉེན་ཁ་ཆེན་པོ་འདུག བྱེ་བྲག་རྟོག་བྱེད་ཆེན་པོ་ལྟར་ན། བྱིས་པ་ང་མ་ཟད་མཁས་རློམ་རྒད་པོ་ཁྱོད་ཀྱང་ར་ཡིག་གཉིས་བརྩེགས་མེད་པས་རྒྱལ་བོའི་བཀའ་བཅད་ཕོགས་ངེས། རྒད་པོས་མཁས་དབང་གི་མིང་འཛིན་པའི་ཆ་ནས་ང་ལ་བབས་པའི་རྟ་ལྕག་གི་གྲངས་ལས་ལྡབ་གཅིག་གི་མང་བ་ཕོགས་ངེས་རེད། ཧཧཧ། མ་ཟད་ཁྱོད་ཀྱི་མཆན་ནང་།” དེ་ཡང་ར་ཡིག་གི་རྗེས་སུ་གསལ་བྱེད་གང་ཡིན་གཉིས་བརྩེགས་འགྱུར་མི་འགྱུར་གདམ་ང་ཡིན་པ་ལས་བླ་མ་འདིས་གཉིས་བརྩེགས་བྲིས་པ་ལས་གཞན་ཁྱད་མེད་པར་ཀཱིརྟི་ཞེས་ཨི་ཡིག་རིང་པོ་ཡོད་པ་གསལ་པོ་ཡིན། ” ཞེས་གསལ་བཤད་ཀྱིས་རྒད་པོ་ཁྱོད་ཏོག་ཙམ་འཁྱོགས་པའི་རང་མཚང་སྟོན་གིན་འདུག དེའི་རྒྱུ་མཚན་རང་གི་འདོོད་ཕྱོགས་དང་མཐུན་ཕྱིར་ར་ཡིག་གཉིས་བརྩེགས་གདམ་ང་ཅན་ཡིན། ཞེས་པ་ལྟ་བུ་དང་། ཡང་སྐབས་རེ་པར་མ་དག་པ་རེད། ཅེས་དང་། ཡང་མཚམས་རེ་ཡི་གེ་པས་མ་དག་པ་རེད། ཅེས་དང་། ཡང་མཚམས་མཚམས་ལ་དམིགས་བསལ་ལོ། ཞེས་པ་ལྟ་བུ་ནི་མཁས་དབང་ཞིག་གི་དགག་ལན་གྱི་ཟོར་འདྲ་བོ་འདུག་མི་འདུག་བློ་སྒོ་ཡང་ནས་ཡང་དུ་ཕྱེས་ནས་ལྟོས་ཤིག ཅེས་རེ་སྐུལ་དང་། རང་ཉིད་ཀྱིས་རང་ཉིད་ལ་དམིགས་བསལ་བཏང་བའི་སྲོལ་ངན་དེ་འདྲ་མཁས་དབང་མིང་འཛིན་པའི་བྱ་སྤྱོད་རེད་དམ། ངས་ཀྱང་ཁྱོད་ལུགས་ལྟར། ཡི་གེ་པས་མ་དག་པ་དང་པར་མ་དག་པ་རེད། ཅེས་སྨྲས་ན་ལན་ཅི་ཡོད་ལགས། གལ་ཏེ་ར་ཡིག་གདམ་ང་ཡིན་ན་འ་ཆུང་གདམ་ང་མ་ཡིན་པའི་ཁུངས་དང་ར་ཡིག་གདམ་ང་ཡིན་པའི་ཁུངས་ལུང་གང་ཡོད་དམ། ངས་བྲིས་པའི་ཀིརྟི་ཞེས་པའི་དག་ཆའི་ཁུངས་ལ་བུ་སྟོན་སོགས་ཚད་ལྡན་གྱི་སྐྱེས་བུའི་གསུང་ཡོད། ཁྱོད་ཀྱིས་བྲིས་པའི་ཀཱིརྟི་ཞེས་པའི་དག་ཆའི་ཁུངས་ལ་དྲངས་ཚད་” ཀཱིརྟྟི་མ་གཏོགས་ཀཱིརྟི་དྲངས་བ་གཅིག་ཀྱང་མ་མཐོང་བས་སྒྲུབ་བྱེད་དུ་འགྲོ་མིན་གཟུར་གནས་ཀྱི་ཀློག་པ་པོ་རྣམས་ཀྱིས་མཁྱེན་ངེས་རེད།
ཀ་རྡོ་གཉེར་ཕྱག་པ་མཆོག་གིས། དྷརྨཀཱིརྟྟ:ཞེས་པའི་གོ་དོན་མེད་པའི་སྒྲ་ལ་དྷརྨཀཱིརྟྟི:།ཞེས་ཞུས་དག་མཛད་པར་རྒྱ་གར་སྐད་མཁྱེན་པའི་གོ་ས་ཐོབ་ཀྱང་། ཟླ་བ་གྲགས་པ་ལ་ཙཎྡཀཱིརྟྟི:།ཞེས་པས་རྒྱ་གར་སྐད་མཁྱེན་པའི་གོ་ས་དེ་ཡལ་འགྲོ་བའི་ཉེན་ཁ་འདུག སླྲར་ཡང་འབད་པ་མཛད་དགོས་འདུག ཙཎྜ་ནི་ལེགས་སྦྱར་སྐད་དུ། གཏུམ་པ་ལ་ཟེར་རོ། གཏུམ་པོ་རབ་སྣང་ལ་ཙཎྜ་པྲ་དྱོ་ཏ། ཞེས་པ་ལྟ་ལགས། དེས་ན་སྔོན་པ་བྲིས་པ་ཞིག་སླར་ཡང་བྲིས་ཡོད་པ་ནི།
་
་ཡི་གེའི་དག་ཆ་ཆུང་ངུ་ལའང་།
ཅི་སྟོ་བསམ་ན་དོན་མི་འགྲུབ།
་
གཙང་པ་ཞིག་གིས་ལ་དྭགས་པ་ཞིག་ལ་གྲི་བཟང་རེ་སྐུར་གྲོགས་ཞེས་བྲིས་པར་ལ་དྭགས་པ་མཛའ་བོ་དེས་གྲི་ལེགས་པ་ཁ་ཤས་བསྐུར་ཏོ། གཙང་དུ་ཐོས།་ གཞན་ཡང་གཙང་པའི་སྒྲུང་བཤད་པ་ཞིག་ནི། གཡག་ལྔ་དང་བཅས་འབྲོག་པ་ཞིག་བྱང་ཐང་དུ་ཚྭ་ལེན་པར་སོང་། གཡག་གཅིག་གི་རྔ་མ་དཀར་པོ་ཡིན་པས། དེ་ལ་གཡང་རྔ་དཀར་ཟེར། དེ་ཉིད་ཤི་བ་འདྲ། དེ་ནས་འབྲོག་པ་དེས་རང་ཁྱིམ་ལ་གནས་ཚུལ་བྲིས་པ་འདི་ལྟྲར། གཡག་ལྔ་ཀ་ཤི། ང་ན་ཚ་མེད། འབྲི་མཁན་དང་ཀློག་མཁན་གཉིསཀས་ཡི་གེ་ཁུངས་དག་པ་ཞིག་ཤེས་ཀྱི་མེད་པ་འདྲ། གཡག་ལྔ་ཀ་ཤི་བའི་སྒང་ལ་འབྲོག་པ་ཁོ་རང་ན་བ་དང་། ཚྭ་མེད་པ་ཐོས་ཏེ། འབྲོག་པའི་ཁྱིམ་ཚང་ལ་སེམས་ཁྲལ་ཆེན་པོ་བྱུང་བར་བཤད། ཡི་གེ་དག་པོ་འབྲི་དགོས་ཏེ། གཡག་རྔ་དཀར་ཤི། ང་ལ་ན་ཚ་མེད། ཁྱིམ་ཚང་གི་མི་དག་ལ་དེའི་འདྲའི་སེམས་ཁྲལ་མི་འབྱུང་བ་གཏམ་བཤད་པ་ཐོས་སོ།
སྒྲུང་འདི་དག་གཅིག་ན་དངོས་མ་ཡིན་ངེས། དུས་འཁྱོལ་བའི་ཕྱིར་རྫུས་མ་ཡིན་སྲིད་དོ།
ང་ལ་ན་ཚ་མེད། ཅེས་བྲིས་པ་ཡིན་ན། ཞེས་པ་ཆད་པས་། ཚིག་འདི་མཚམས་དེར་འཇུག་གྲོགས་མཛོད།
བློ་གྲོས་ཆོས་བཟང་གཡམ་རྒྱུགས་ལེགས།
་
ཁ་བཤད་ཆུ་ཡི་དབུ་བ་ཡིན།
ལག་ལེན་གསེར་གྱི་ཐང་མ་ཡིན།
་
གཤམ་གསལ་གྱི་མིང་ཚིག་དག་ལ་ཞུས་དག་བྱེད་པར་འབད་ན། བོད་རིག་གཞུང་སྲུང་བའི་ཞབས་ཏོག་ཞུ་བར་འགྱུར།
་
ལག་སྦྱར།
བྱེ་བྲག་རྟོག་བྱེད་ཆེན་པོ།
ང་མ་ཟད།
དྲངས་བ།
་
ཡི་གེ་པས་མ་དག་པ་དང་པར་མ་དག་པ་རེད། བརྗོད་པ་འདི་སྐྱར་བྲིས་ཀྱིས་ཀློག་པ་པོ་ལ་གོ་རྟོགས་འོང་ཞིག་བྱ་དགོས།
་
བདེན་པ་ཉིད་རྒྱལ་ལོ།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་ཉིད་ནི།
མི་དང་དུད་འགྲོར་སྐྱེས་ཙམ་ནས་རང་ཆས་སུ་ཡོད་པའི་བྱམས་བརྩེ་དང་། ཚུལ་མཐུན་གྱི་བྱ་བ་གཞན་གནོད་གཞི་བྲལ། རང་གཞན་གཉིས་ཕན་བཟང་སྤྱོད་ཅིག་ལ་གོ་དགོས་སྙམ་མོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིག་པ་ནི། ཆབ་དཔལ་རིགས་གསུམ་ཆེས་ཡར་རྒྱས་སོང་བའི་སྤྱི་ཚོགས་ཁྲོད་དུ་ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་མང་དག་སེལ་བའི་ཐབས་ལམ་ཉག་གཅིག་ཡིན་པ་འཛམ་གླིང་གི་གཟུར་གནས་མཁས་དབང་མང་དག་གིས་དེ་ལྟར་སྨྲ་བཞིན་ཡོད་པ་དང་ས་ཆེན་པོའི་སྐྱེ་འགྲོ་མང་པོའི་ཡིད་ཀྱི་དབང་པོ་དབང་མེད་དུ་འཕྲོག་བཞིན་ཡོད། དེ་ལྟ་བུའི་རིག་པའི་གཞུང་ལུགས་ནི་བོད་མི་ཞིག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་དུས་རབས་འདིའི་གོ་ལ་ཧྲིལ་པོར་བོད་མི་ཞིག་གིས་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཞིག་ཏུ་རྩི་ཆོག དེར་བརྟེན་རིག་པའི་གཞུང་ལུགས་དེ་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་དེའི་སྐོར་ངེས་པར་ཐོས་བསམ་སྒོམ་གསུམ། བགྲོ་གླེང་དང་དཔྱད་རྩོམ་སོགས་ཀྱི་ལམ་ནས་དར་ཁྱབ་གཏོང་བའི་ལས་འགན་ཡོད་པའི་རྒྱུ་མཚན་གྱིས་གོང་གི་དཔྱད་རྩོམ་དེ་སྤེལ་བ་ཡིན། འོན་ཀྱང་དྲ་གྲོགས་རྣམ་པས་བརྗོད་བྱ་དང་འབྲེལ་བའི་གནད་དོན་སྐོར་བགྲོ་གླེང་དེ་ཙམ་གནང་མ་སོང་བར་བློ་ཕམ་དང་། ཟླ་བ་ལྷ་མཛེས་ལགས། གུས་པའི་བསམ་མེད་ཀྱི་བྱ་སྤྱོད་ཀྱིས་བློ་བཟང་འཇམ་དཔལ་ལ་ལ་དྭགས་བྱ་ཐང་། ཞེས་པ་སྨོས་པ་ལ་དགོངས་དག་དང་། འཇམ་དཔལ་ལགས། ཀིརྟི་ལ་འ་ཆུང་ཐོབ་ཅིང་ཏ་ཡིག་གཉི་བརྩེགས་ཡིན་པ་གདམ་ང་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་ཅེས་གསུངས་རོགས།
རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལེགས།
སེགས་སྦྱར་གྱི་མིང་ཚིག་ར་ལུག་ཚང་མ་བྱེ་བྲག་རྟོགས་བྱེད་སོགས་ཚིག་མཛོད་དག་པའི་དང་རྭ་ན་བཅུག་ཡོད། དེ་ན་ཀིརྟི་ཡིན་པ་ར་ལུག་གཅིག་ཀྱང་མཐོང་ཐུབ་པ་མེད། མངོན་སུམ་གྱིས་མཐོང་ཐུབ་པ་ལ་ལུང་རིགས་དགོས་དོན་མེད། འོན་ཀྱང་ཀཱིརྟྟི་འམ་ཀཱིརྟི་ཞེས་པའི་ར་ལུག་ནི་འཆི་མེད་མཛོད་དང་། བྱེ་བྲ་རྟོགས་བྱེད་སོགས་ཀྱི་ཚིག་མཛོད་དག་གཙང་གི་་དང་རྭ་ན་མིག་གི་དབང་པོས་མཐོང་ཐུབ་བོ།
་
ལགས་དང་། རོགས་ཞེས་ཆག་སྐྱོགས་་བཀོལ་སྤྱོད་མ་བྱེད་པར་ལེགས་དང་གྲོགས་ཞེས་བོད་སྐད་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་ཕྱིར་དུ། དེ་ལྟར་བཀོལ་སྤྱོད་ཡོད་པ་མཁྱེན་པར་མཛོད།་
ལ་དྭགས་བྱ་ཐང་ལགས། རྒན་འཁྱོགས་ཁྱོད་མི་སྐད་རྒྱབ་ན་མི་གོ་བར་ར་སྐད་དང་ལུག་སྐད་རྒྱབ་དགོས་ཚོད་འདུག ཁྱོད་ཀྱི་ལེགས་སྦྱར་ཐར་ཐོར་ཤེས་པའི་ཁེངས་དྲེགས་ཀྱིས་བྲིས་པའི་ཀཱིརྟི་ཞེས་པའི་ཚིག་དག་པའི་སྒྲུབ་བྱེད་འཁྱེར་ཤོག ཅེས་མི་སྐད་ག་ཚོད་རྒྱབ་ཀྱང་གོ་ཡིན་མི་འདུག ད་ངས་ར་སྐད་རྒྱབ་ཀྱིན་ཡིན། བྱེ་བྲག་རྟོགས་བྱེད་ནང་ཀཱིརྟྟི་མ་གཏོགས་ཁྱོད་ཀྱིས་བྲིས་པའི་ཀཱིརྟི་ཞེས་པའི་ཚིག་གཅིག་ཀྱང་མེད་འདུག་པས་འདྲེན་བྱེད་དབང་པོ་མ་ཉམས་ཡོད་ན་རྟོག་བྱེད་ཉིད་དུ་ལྟོས་ཤིག བྱེ་བྲག་རྟོགས་བྱེད་ཀྱི་ཚིག་ཀཱིརྟྟི་ཞེས་པ་དེ་ཉིད་ཀཱིརྟི་ཞེས་པའི་ཚིག་དག་པའི་སྒྲུབ་བྱེད་དུ་རྒན་འཁྱོགས་ཁྱེད་ཀྱིས་བཙན་གཤེད་ཀྱིས་ཡང་ནས་ཡང་དུ་དྲང་བཞིན་འདུག་ཀྱང་སྒྲུབ་བྱེད་དུ་འགྲོ་མིན་རང་སེམས་གྱོང་པོ་དེ་ཉིད་ལ་ལྟོས་ཤིག ངས་ཀྱང་ཀཱིརྟྟི་ཞེས་པའི་ཚིག་དེ་ཉིད་ཁྱེད་ཀྱིས་ཧམ་བཤད་ལྟར་ཀིརྟི་ཞེས་པའི་ཚིག་དག་པའི་ཁུངས་ཡིན་ཞེས་སྨྲས་ན་བཤད་རྒྱུ་ཅི་ཡོད། རྒད་པོ། རྒྱུ་མཚན་ཡང་དག་བཤད་རྒྱུ་མེད་ཀྱང་ཧམ་བཤད་མ་བྱས་རོགས་གནང་འབད་སྐུལ་ཞུ་བཞིན་ཡོད། བྱ་ཐང་ལགས། ལགས་དང་རོགས་ཅེས་པའི་ཚིག་དེ་གཉིས་ཁྱོད་བྱ་ཐང་མཐའ་འཁོབ་ཏུ་ཆག་སྐྱོགས་སུ་རྩི་བཞིན་ཡོད་ཀྱང་ང་ཚོའི་དབུས་ཀྱི་ཡུལ་ལ་དེ་ལྟར་མིན། ཁྱོད་ཀྱི་རྙོག་མཆན།” ལགས་དང་། རོགས་ཞེས་ཆག་སྐྱོགས་་བཀོལ་སྤྱོད་མ་བྱེད་པར་ལེགས་དང་གྲོགས་ཞེས་བོད་སྐད་ཉམས་པ་སོར་ཆུད་དང་།” ཧཧཧཧ། ཧོཧོཧོཧོ། ཁྱོད་ལྟར་ན། ཨ་མ་ལགས། དགེ་རྒན་ལགས། བླ་མ་དམ་པ་ལགས། ཅེས་སོགས་བོད་སྐད་ཉམས་པ་དང་ཆག་སྐྱོགས་སུ་འདོད་དམ། རྒད་པོ། ད་ཐུགས་རྗེ་གཟིགས་མཁས་ཉམས་ཞེ་དྲག་མ་སྟོན་རོགས་གནང་།
་་་་་་་་་་་་་ཆེས་ཉག་ཕྲ་དང་ཆེས་དགོས་མཁོ་ཆེ་བའི་ཀུན་སྤྱོད་ཀྱིས་ཕོངས་པའི་འཛམ་གླིང་མི་མངས་ཀྱི་གདུང་བ་སེལ་བའི་སློབ་གསོ་གསར་པའི་སྣེ་ཁྲིད་དང་སློབ་དཔོན་བྱ་རྒྱུའི་གོ་སྐབས་འདུག་སྙམ། ་་་་་་་་
བློ་གྲོས་ཆོས་བཟང་བློ་རྒོད་ལེགས།
“བྱེ་བྲག་རྟོགས་བྱེད་ནང་ཀཱིརྟྟི་མ་གཏོགས་ཁྱོད་ཀྱིས་བྲིས་པའི་ཀཱིརྟི་ཞེས་པའི་ཚིག་གཅིག་ཀྱང་མེད་འདུག་”ཉམས་མྱོང་གིས་དམན། ཁྱོད་ཀྱིས་བསམ་རྒྱ་ཡན་མ་གཏོང་བར་དཔེ་ཆ་མང་གང་ལྕོགས་ལྟ་དགོས།
་
“རོགས་ཞེས་ཆག་སྐྱོགས་་བཀོལ་སྤྱོད་མ་བྱེད་པར་ལེགས་དང་གྲོགས་ཞེས་བོད་སྐད་ཉམས་པ་སོར་ཆུད་དང་།” ཧཧཧཧ། ཧོཧོཧོཧོ། ཁྱོད་ལྟར་ན། ཨ་མ་ལགས། དགེ་རྒན་ལགས། བླ་མ་དམ་པ་ལགས། ཅེས་སོགས་བོད་སྐད་ཉམས་པ་དང་ཆག་སྐྱོགས་སུ་འདོད་དམ། རྒད་པོ། ད་ཐུགས་རྗེ་གཟིགས་མཁས་ཉམས་ཞེ་དྲག་མ་སྟོན་རོགས་གནང་།?
རང་གི་དམ་བཅའ་ཤོར་དོགས་ཀྱིས་མངོན་སུམ་ལ་འགོང་། བཤད་པར་བྱ་བ་མང་ཡང་། ད་ལྟར་ལོང་མེད། བསམ་གློལེགས་པར་ཐོངས།
བསམ་གློ་ཞེས་པ་བསམ་བློ་ཞེས་ཞུས་དག་བྱས།