ཨ་ནུ་ཐང་བསོད་ནམས།
བོད་བརླགས་པའི་རྩ་བ་དེད་ན་སྤྲུལ་སྐུ་ཚོ་ཡིན། སྤྲུལ་སྐུ་ཚོ་རྒྱུན་གནས་ཐུབ་པའི་རྩ་བ་ནི་དད་པ་ཡིན་ཞིང་། དེ་ཡིན་པ་སྤྲུལ་སྐུ་དང་དེའི་རྗེས་འཇུག་པ། ལྷག་པར་དུ་སྤྲུལ་སྐུ་ལ་བརྟེན་ནས་ཁེ་ཕན་ཐོབ་མཁན་ཚོས་གསལ་བོ་ཤེས་ཀྱི་ཡོད་པས་དད་པ་ལ་འགྱུར་བ་གཏོང་འདོད་སྤྲུལ་སྐུ་སུ་དང་དེའི་ཕྱོགས་གཏོགས་པ་ཚོས་ནམ་ཡང་བྱེད་མི་སྲིད་ལ། དེ་ལས་ལྡོག་སྟེ་དད་པ་སྲ་བརྟན་ཡོང་ཐབས་ལ་ཅི་ལྕོགས་ཀྱིས་འབད་ཀྱིན་ཡོད། དེ་ལྟར་འབད་ན་བོད་མིའི་སེམས་པ་ལྕགས་ལྟར་མཁྲེགས་པོར་འགྱུར་ཞིང་། དུས་ཀྱི་འགྱུར་བ་གང་ཞིག་ཏུ་ཕྱིན་ཡང་དེ་ལ་ངོས་ལེན་བྱེད་འདོད་མེད་པར་ཐེར་ཟུག་ཏུ་གནས་པས་རེད། ག་ཆོད་ཀྱིས་སྤྲུལ་དད་བྱེད་རྒྱུ་ཐེར་ཟུག་ཏུ་གནས་པ་ཡིན་ན་དེ་ཚོད་ཀྱིས་སྤྲུལ་སྐུ་རྣམས་བོད་ཀྱི་སྤྱི་ཚོགས་ཁྲོད་བདེ་འཇགས་ཀྱི་ངང་གནས་ཐུབ་པ་མ་ཟད། ཁོོང་ཚོ་བོད་སྤྱི་ཚོགས་ཁྲོད་གོ་སྐབས་ཡག་ཤོས་ཐོབ་མཁན་དང་ཁ་ལོ་བར་འགྱུར་ཞིང་། བོད་མི་རྣམས་ཅི་འདོད་དུ་བཀོལ་སྤྱོད་བྱེད་པའི་དོ་དམ་པ་ཆགས་པས་རེད།
དད་པ་འདིས་བོད་མི་རྣམས་ཀྱི་སེམས་པ་ལྕགས་ལྟར་མཁྲེགས་པོར་བཏང་ཞིང་། དུས་ཀྱི་འགྱུར་བ་ག་ཚོད་ཕྱིན་ཀྱང་བོད་མིའི་སེམས་ཁམས་ཀྱིས་དེ་ལ་རྒོལ་ལན་སྤྲད་བྱེད་དུ་རྟག་བརྟན་ཐེར་ཟུག་ཏུ་གནས་སུ་བཅུག་ཡོད་ཁར། དེ་ལྟར་གནས་པར་སྤྲུལ་སྐུ་དང་རྗེས་འཇུག་པ་ཚོས་འབད་བརྩོན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། བོད་ཀྱི་སེམས་ཁམས་དུས་དང་མཐུན་པའི་ཡར་རྒྱས་སུ་ཕྱིན་པ་ཡིན་ན་སྤྲུལ་སྐུ་རྣམས་རྒྱུན་གནས་བྱེད་པར་དཀའ་ངལ་འཕྲད་པས་རེད། གནས་ལུགས་དེ་སྤྲུལ་སྐུ་རིང་ལུགས་པ་ཚོས་གསལ་བོ་མཐོང་ཏེ་དད་པ་དང་དམ་ཚིག་སྲུང་སྐྱོབ་ལ་མངོན་ལྐོག་ཅི་རིགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།
དེར་བརྟེན། སྤྲུལ་སྐུར་དད་པ་བྱེད་རྒྱུ་ནི་སངས་ཆོས་ཀྱི་རྩ་བའི་དགོངས་དོན་དང་འབྲེལ་བ་མེད་ཅིང་ཁྲིམས་འགལ་ཡིན་ཡང་། ཁོང་ཚོས་གང་ཐུབ་ཀྱིས་སངས་ཆོས་དང་འགྲེལ་ནས་མི་མང་མགོ་སྐོར་གཏོང་བཞིན་ཡོད། རྒྱུ་མཚན་ནི། སྤྲུལ་སྐུ་ཡིན་ན་སངས་རྒྱས་དང་གཉིས་སུ་མེད་ཅིང་སྐྱེ་འཆིར་རང་དབང་ཐོབ་ཅིང་མངོན་ཤེས་ལ་ཐོགས་པ་མེད་དགོས་ཀྱང་། བོད་ཀྱི་སྤྲུལ་སྐུ་ཚོ་ནི་དེ་ལས་ལྡོག་སྟེ། ཐ་ན་ཚན་རིག་པའི་མདུན་དུ་རྣམ་ཤེས་ཡོད་མེད་དང་། ཆབ་སྲིད་བཙོན་མ་ཚོ་གང་དུ་ཡོད་མེད་ཙམ་ཡང་མཁྱེན་གྱི་མེད། དེར་བརྟེན། སྐྱེ་སྤྲུལ་ཞེས་འབོད་མཁན་ཡང་ཡོད།
འོན་ཀྱང་། སྐྱེ་སྤྲུལ་ཡིན་ཡང་ཚེ་སྔོན་མའི་མྱོང་བ་ཅུང་ཙམ་ཞིག་དྲན་དགོས་ཀྱང་། དེ་ལྟར་མིན་པ་མི་ཆོས་བླ་མའི་ཆོས་རྫུན་སྨྲ་མཁན་ཁོ་ན་རེད། དེ་ནི་བློ་ཕམ་གྱི་གནས་ཤིག་རེད། ལམ་ལུགས་འདིས་སྤྱི་ཚོགས་ཐོག་གི་གཡོ་ཅན་རྣམས་ལ་གོ་སྐབས་སྤྲད་པ་མ་ཟད། ཆོས་རྫུན་མཁན་རྣམས་ཆོས་དཔོན་དུ་བཀུར་དགོས་པས་ཡིན། ཡིན་ཏེ། གང་དུ་ཆོས་རྫུན་མཁན་མང་ན་དེ་རུ་བླ་མ་དང་སྤྲུལ་སྐུ་མང་བས་ཡིན།
དད་པས་བོད་འདི་ཕོངས་ཚུལ་གླེང་ཚེ་མི་མང་པོ་ཞིག་གི་སེམས་སུ་དེ་ལྟར་མིན་པ་གནའ་བོའི་རྒྱལ་རྒྱུད་ཕལ་ཆེར་དད་པ་དང་དམ་ཚིག་གིས་སྐྱོང་ཞིང་། དེ་ལྟར་སྐྱོང་བས་ཁ་ཆེ་དང་ཡི་ཤུ། རྒྱ་བོད་ཀྱི་རྒྱལ་པོ་མང་པོས་མངའ་ཐང་ཅི་འདོད་དུ་རྒྱས་པ་དགོངས་སྲིད་ཀྱང་། དད་པ་དེ་ནི་སྤྲུལ་དད་དང་མི་འདྲ་ཞིང་། དམར་ཕྱོགས་ཀྱི་དད་པ་དང་འདྲ་བ་མི་སེར་ཡོངས་ཀྱིས་མི་དེའམ་ཚོགས་པ་དེ་ལ་དད་པ་བྱེད་དགོས་པས་ཡིན། གལ་སྲིད་དད་པ་བྱེད་སའི་ཚོགས་པའམ་རྒྱལ་པོ་གཉིས་བྱུང་ཚེ། གཅིག་དེ་སྦྲང་བུའི་རྒྱལ་མོ་བཞིན་དམར་གསོད་བཏང་དགོས་བ་འམ། ཡང་ན་གནས་གཞན་ཞིག་ཏུ་རྒྱལ་ཁམས་འཛུགས་སུ་འགྲོ་དགོས། རྒྱུ་མཚན་ནི། སྦྲང་བུ་དང་མི་གཉིས་ནི་དབུ་ཁྲིད་གཅིག་གི་ལམ་སྟོན་འོག་ཏུ་འགྲོ་ཡ་ལས་མགོ་ཁྲིད་གཉིས་ཡོངས་ཐབས་མེད་པས་རེད།
གལ་སྲིད་དབུ་ཁྲིད་གཉིས་ཡོང་བ་ཡིན་ན་རྒྱལ་ཁབ་དང་མི་རིགས་དེ་ཕྱོགས་ཁག་གཉིས་སུ་གྱེར་ཞིང་གཅིག་གྱུར་ཡོང་བར་འགོག་རྐྱེན་འཕྲད་པས་རེད། ལྷག་པར་དུ་རྒྱལ་པོ་དང་དམར་པོའི་རིང་ལུགས་པ་ཚོས་ག་དུས་ཡིན་ཡང་། དམག་དོན་དང་དཔལ་འབྱོར། རྒྱལ་ཁབ་སྲ་བརྟན་ལ་གཙོ་བོར་འབད་དེ་དམག་མི་བསྡུ་སྐོངདང་བཟོ་གྲྭ་གསར་འཛུགས། ཐ་ན་རྒྱལ་སྲས་ཡིན་ཡང་དམག་ནང་དུ་ཕྱིན་ཏེ་དམག་སྦྱོང་བྱེད་དགོས་ཀྱང་། སྤྲུལ་སྐུ་ཚོས་ནི་དེ་ལས་ལྡོག་སྟེ་དགོན་པ་གསར་རྒྱག སྦྱིན་བདག་འཚོལ་སྒྲུབ་དང་གྲྭ་འབོར་བསྡུ་སྐོང་སོགས་ལ་གཙོ་བོར་འབད་པ་མ་ཟད། དམག་མི་བསྡུ་སྐོང་དང་དཔལ་འབྱོར་སོགས་ལ་ག་དུས་ཡིན་ཡང་ངོ་རྒོལ་བྱེད་པས་རྒྱལ་ཁབ་ཅིག་གི་འཚོ་གནས་ལ་བསམ་ན་སྲོག་གཅོད་ཀྱི་གཤེད་མ་རེད།
དེར་བརྟེན། སྤྲུལ་དད་འདི་དད་པ་གཞན་དང་བསྡུར་ཐབས་མེད་ལ། མེད་པས་རྒྱལ་ཁབ་གང་ཞིག་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཕབ་བཤུས་བྱས་ཏེ། རྒྱལ་ཁམས་བསྐྱངས་མེད། སོག་པོས་ཅུང་ཙམ་སྐྱོང་འཕྲོ་བྱས་ཀྱང་ལམ་འགྲོ་མ་རྒྱུགས་པས་བོད་ལྟར་ཕམ་ཉེས་བྱུང་ཡོད།
དད་པ་ཡིས་རྒྱལ་ཁམས་སྐྱོང་བའི་དུས་ཡུན་འཇིག་ཟིན་པས། སྔོན་ཆད་སྐད་གྲགས་ཆོོད་པའི་ཁ་ཆེ་དང་ཡི་ཤུ་སོགས་ལ་ད་ལྟ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། ཡིན་ཡང་། ཆོས་ལུགས་དེ་དག་གི་ཀླད་རྙིང་མཁྲེགས་འཛིན་པ་ཚོས་ད་དུང་ཡིན་ཡང་ཆོས་ལུགས་ཀྱི་བཀྲ་ཤིས་བདེ་ལེགས་བྱུང་བ་ལས། ཆོས་ལུགས་ཀྱིས་བསྐྱེད་པའི་གནས་ཚུལ་སྡུག་པོ་ཀུན་ངོས་ལེན་བྱེད་འདོད་མེད་ཅིང་། ལྷག་པར་དུ་ཁ་ཆེ་བ་རྣམས་ཀྱིས་དེ་ལ་རྒོལ་རྡུང་བཏང་བ་ཉུང་ཉུང་མིན། ཡིན་ཡང་། དེ་ལྟར་སྣང་བའི་མཇུག་འབྲས་སུ་ཁ་ཆེ་པ་རྣམས་ཀྱིས་ཀྱང་དེང་རབས་ཀྱི་རྒྱལ་ཁབ་གཞན་གྱི་རྗེས་སུ་མ་ཆོད་པར། རྗེས་ལུས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་མྱོང་བཞིན་ཡོད།
བོད་མིའི་ཁྲོད་ནས་དུས་མཐུན་གྱི་གོ་རྟོགས་སད་མཁན་རེ་ཟུང་ཞིག་ཡོང་ཡང་། སྤྲུལ་སྐུ་དང་དེའི་རྗེས་འཇུག་པ་ཚོས་བོད་ལ་བོད་ཀྱི་གོམས་གཤིས་ཡོད་པས་གཞན་གྱི་ལད་ཟློས་བྱེད་དགོས་མེད་ཚུལ་དང་། དུས་དང་འཚམས་པའི་ལྟ་བ་འཛིན་མཁན་ཞིག་ཡོད་ན་བདུད་དང་ལྟ་ལོག་གི་ཉེས་མིང་བཏགས་ནས། སྤྱི་ཚོགས་ཀྱི་ཁྲོད་དུ་གང་ཐུབ་ཀྱིས་རྒྱང་ཕུད་དུ་བཏང་ཞིང་། རྡོ་རྡུང་དང་ཚེ་སྲོག་གི་འཇིགས་སྐུལ་བྱེད་བཞིན་ཡོད། དེས་བོད་འདི་དུས་དང་མཐུན་པར་ཡར་རྒྱས་འགྲོ་བར་འགོག་རྐྱེན་བྱེད་པ་མ་ཟད། དེ་ལྟར་བྱས་པ་དགེ་ཆོས་དང་ལུང་ཤར། ཉེ་ཆར་བྱུང་བའི་འབར་ཞུན་རྩོམ་སྒྲིག་པའི་གནད་དོན་སོགས་ཀྱིས་བདེན་དཔང་བྱ་ཐུབ།
འདི་དག་ནི་སྤྲུལ་སྐུ་རྣམས་ཀྱིས་རང་གི་ལམ་ལུགས་རྒྱུན་གནས་ཡོང་ཆེད་དུ་སྤེལ་བའི་བླ་མེད་ཀྱི་ལས་འགུལ་ཞིག་རེད་ལ། ལས་འགུལ་འདི་བརྒྱུད་ནས་བོད་མི་རྣམས་གླེན་པ་དང་ལྐུག་པ། རྗེས་ལུས་དང་ཉམ་ཆུང་། ནུས་མེད་དང་མཁྲེགས་འཛིན་པར་བཏང་ཡོད།
དེ་ལྟར་བསམ་ཚེ་སྐྱོ་སྣང་དང་སྡུག་བསྔལ་གྱིས་ན་ཟུག་སྟེར་ལ། འཇིགས་སྐྲག་གིས་སེམས་ཁམས་མནན་པ་ཉུང་ཉུང་མིན། འོན་ཀྱང་། ད་དུང་ཡང་བོད་མི་༩༠% ལྷག་རྨོངས་སེམས་ཀྱི་གད་སྙིགས་ཁྲོད་དུ་ལྷག་ཅིང་དད་པ་དང་དམ་ཚིག་གིས་སྤྲུལ་སྐུ་རིང་ལུགས་སྲུང་སྐྱོབ་དང་སྐྱབས་འཛིན་ཞུ་བཞིན་ཡོད་ཅིང་། དེ་ནི་བོད་རིགས་གསོད་མཁན་ལ་ཆེད་མངགས་ཀྱིས་སྐྱབས་བཅོལ་ཞུས་པ་དང་གཉིས་སུ་མ་མཆིས་པས། ལས་དོན་འདིས་བོད་འདི་རྩ་མེད་བཟོ་བར་མཐུན་འགྱུར་བྱེད་ཀྱིན་ཡོད།
དེ་ནི་སྤྲུལ་སྐུ་རྣམས་ཀྱི་སྐྱོན་མིན་ཞིང་ལམ་ལུགས་ཀྱི་སྐྱོན། སྤྲུལ་སྐུ་སྒེར་བ་སུ་ལ་ཡང་ཉེས་པ་མེད་ཅིང་། ཁོང་ཚོར་འཁོན་འཛིན་བྱེད་དགོས་དོན་མེད་ཁར། སྤྲུལ་སྐུ་ཡང་གཞན་ཞིག་གིས་ཆུང་དུས་ནས་བསམ་བློ་སྒྱུར་ཞིང་དེ་ལྟར་འཚོ་བ་སྐྱེལ་དུ་འཇུག་བཞིན་ཡོད་པས་ཉེས་པ་མེད། ཡིན་ཡང་། ངེས་པར་དུ་ཤེས་དགོས་པ་ཞིག་ལ། ལམ་ལུགས་འདི་ནི་འགྲིག་གི་མེད་ཅིང་བཅོས་སྒྱུར་བྱེད་དགོས་པ་ཚོར་དགོས། ལམ་ལུགས་འདིས་སྤྲུལ་འབངས་ཙམ་མ་ཟད། སྤྲུལ་སྐུ་མང་པོ་ཞིག་ལ་བཙན་དབང་གིས་ཚུལ་འཆོས་དང་སྦྱིན་བརྟེན། གཞན་གྱི་ལག་ཆ་བྱེད་པའི་ལམ་ཁ་སྤྲད་པས། ཁོང་ཚོ་སྒེར་གྱི་འདོད་མོས་དང་ལུགས་མཐུན་གྱི་རང་དབང་འཕྲོག་ཡོད་པ་མ་ཟད། བོད་མི་རིགས་འདི་འཆི་ལམ་དུ་འདེད་པའི་ལམ་སྣེ་སྟོན་བཞིན་ཡོད། རྒྱུ་མཚན་ནི། སྤྲུལ་སྐུ་ལམ་ལུགས་ཀྱིས་བོད་ལ་དད་པ་དང་གྲལ་རིམ། ལས་མེད་དང་གཞན་བརྟེན། ཚོད་མེད་ཀྱི་གྲྭ་བཙུན་མང་བ་སྐྱེད་སྲིང་བྱེད་པས་ཡིན།
སྤྲུལ་སྐུ་ལམ་ལུགས་འདིས་བོད་ལ་མཚན་སྙན་དང་སྦྱིན་བདག་རེག་མིན་ལ་མ་ལྟོས་པར། དེས་རྒྱ་བལ་གྱི་དམག་དཔུང་བོད་དུ་བཙན་འཛུལ་ལ་གདན་འདྲེན་ཞུས་ཡོད། མན་ཇུ་ཐེངས་དང་པོར་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་སྲུང་དུ་སླེབས་བཅུག་པ་ཡིན་ལ། ཏང་གི་དམག་དཔུང་ཡང་པན་ཆེན་རིན་པོ་ཆེའི་སྐུ་སྲུང་དུ་ཡོང་བཅུག་ཡོད། དེ་བཞིན་ཞྭ་དམར་པས་ཀྱང་༡༧༨༠ ལོའི་ནང་གོར་དམག་བོད་དུ་མགྲོན་འབོད་བྱས་ཡོད། ཁོ་ཚོ་གསུམ་ནི་བོད་མི་རྣམས་ཀྱི་སྐྱབས་གནས་རེད། འོན་ཀྱང་། སྐྱབས་གནས་ཀྱིས་བཙན་འཛུལ་བ་བོད་དུ་གདན་འདྲེན་ཞུས་པ་དངོས་ཡོད་རེད།
ཚངས་རྒྱམ་གྱི་ཡང་སྲིད་སྐལ་བཟང་རྒྱ་མཚོ་ལ་མན་ཇུ་ཡིས་རྒྱབ་སྐྱོར་བྱས་ཤིང་། ཡང་སྲིད་བདེ་འཇགས་ངང་ལྷ་ས་ལ་ཁྲིད་རྒྱུར་བསྙད་དེ། མན་དམག་བོད་དུ་སླེབས་ཤིང་དད་ལྡན་བོད་མི་མང་པོས་རྒྱལ་བའི་ཡང་སྲིད་ལ་རྒྱབ་སྐྱོར་གྱིས་སོག་པོ་འཇུན་སྒར་བ་བོད་ནས་རྒྱང་ཕུད་བཏང་ཐུབ་ཡོད། དེ་བཞིན་འཇུན་སྒར་བས་ཀྱང་ཚངས་རྒྱམ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་བོད་དུ་སླེབས་ཤིང་ལྷ་བཟང་ཁང་བཀྲོངས་ཐུབ་ཡོད། ལྷ་བཟང་ཁང་གིས་ཀྱང་ཚངས་རྒྱམ་ལ་ཁྲིམས་རྒོལ་རིང་ལུགས་པའི་གཤིས་ཀ་ཡོད་པ་ཚོར་ཞིང་། ཡང་སྲིད་ཡག་པོ་མིན་ཚུལ་གྱི་རྒྱབ་སྐྱོར་བཙལ་ཞིང་སྡེ་སྲིད་སངས་རྒྱམ་བཀྲོངས་ཐུབ་ཡོད། སངས་རྒྱམ་གྱིས་ཀྱང་རང་གི་སྲིད་དབང་སྲ་བརྟན་གྱི་ཆེད་དུ་རྒྱལ་དབང་ལྔ་བའི་ཡང་སྲིད་ངོས་འཛིན་གྱིས། སྤྲུལ་སྐུའི་རྒྱལ་སྲིད་སྐྱོང་བའི་ལམ་སྲོལ་གསར་བཏོད་མཛད་ཡོད་ཀྱང་། བཀྲ་མི་ཤིས་བའི་ལམ་ལུགས་དེ་གསར་བཏོད་བྱས་པ་དང་མཉམ་དུ་དོན་མི་འགྲུབ་པའི་གནད་དོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་བོད་པ་རྣམས་ཀྱིས་ངེས་པར་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།
དད་པ་དང་དམ་ཚིག་གིས་འཇིག་རྟེན་སྐྱོང་བའི་ལམ་ལུགས་རྫོགས་ཟིན་ཅིང་། དེ་ལྟར་དེ་མུ་མཐུད་དུ་ཕྱིན་པ་ཡིན་ན་སྐྱབས་གནས་མི་འདྲ་བ་སོ་སོར་ཡོད་ཅིང་། དེ་དག་སྔར་ལྟར་དད་པ་དང་ལྟ་བ་མི་མཐུན་པའི་དམག་འཁྲུག་བརྒྱབས་ཤིང་བོད་རྣམས་སོ་སོར་གྱེར་ནས་ཁ་ཐོར་འགྲོ་ངེས་རེད། དེའི་ཚབ་ཏུ་དུས་དང་མཐུན་པའི་རང་དབང་དང་འདྲ་མཉམ། མི་རིགས་ཀྱི་ལ་རྒྱ་གསོ་སྐྱོང་གནང་ཞིང་བོད་འདི་སྐྱོང་ཚེ། བོད་ཀྱི་ཕུགས་རྒྱང་རིང་བོའི་ཁེ་ཕན་ལ་ཕན་པ་མ་ཟད། བོད་ཅེས་པའི་ཚིག་འདི་ལས་ལྷག་ཅིག ད་ལྟ་བོད་མི་རྣམས་གཅིག་སྒྲིལ་བཟོ་བྱེད་ཀྱི་ནུས་པ་གང་ལ་མེད།
སྤྲུལ་སྐུ་རྣམས་ཀྱིས་ག་ཚོད་བར་དུ་བོད་མི་རྣམས་ལ་དད་པ་དང་དམ་ཚིག་དགོས་ཚུལ་གྱི་སློབ་གསོ་གཏོང་ཐུབ་བམ། བོད་འདི་མ་འཇིག་བར་དུ་དད་པ་དང་དམ་ཆིག་གིས་མགོ་སྐོར་བཏང་ཞིང་དབང་སྒྱུར་བྱེད་ཐུབ་བམ།
གལ་སྲིད་དེ་ལྟར་རྒྱུན་མཐུད་དུ་བྱེད་མ་ཐུབ་ཚེ་རྒྱན་དཀྲུགས་ལྟ་བུ་རྒྱལ་ཁ་ཐོབ་མཁན་གྱི་སྤྲུལ་སྐུ་ཚོ་ལ་བོད་མི་ཚོས་སྔར་བཞིན་རིན་ཐང་མི་སྤྲོད་ཅིང་། རིན་ཐང་མ་སྤྲད་པ་ཡིན་ན་སྤྲུལ་སྐུ་བྱེད་མཁན་ཡོང་ཐབས་མེད། ཡིན་ཏེ། རིན་ཐང་མ་སྤྲད་ན་རིན་མེད་ཅིག་སུ་ལ་མི་དགོས་ཤིང་། ལྷག་པར་དུ་ཉེས་པ་ཡོད་མཁན་ཞིག་ལ་སུས་ཀྱང་མོས་མཐུན་མི་བྱེད་པས། སྤྲུལ་སྐུ་རིང་ལུགས་པ་ཚོས་བྱིས་པ་ཞིག་སྤྲུལ་སྐུ་ལ་ངོས་འཛིན་བྱས་ཀྱང་ཁོའི་ཕ་མ་གཉིས་ཀྱིས་ངོས་ལེན་བྱེད་མི་སྲིད་ཅིང་། དེ་ལས་ལྡོག་སྟེ་འབྲུག་རྒྱལ་ལྟར་ངོས་འཛིན་གནང་མཁན་ལ་གྱོད་གཞི་འཛུགས་ངེས་རེད།།
བདེན་ཁི་འདོད་ན་སོ་སོའི་མོས་པ་མ་ཡིན་ན། ཀུ་རེ་མིན། ༧གོང་ས་མཆོག་ལ་དད་པ་དང་སྤྲུལ་སྐུ་ཡིན་པས་བོད་རིགས་འདི་ཡང་གོ་ཚོར་ཡོད་པར་བྱུང་བ་རེད། དེས་ན་རྫུན་དང་བདེན་པ་ཁ་ཁར་མ་ཤེས་པའི་སྐྱོན་འདུག དཔེར་ན་ཞྭ་དམར་ནས་བདེན་པས་ངོས་འཛིན་དང་སི་ཏུས་སྐྱག་རྫུན་གཉིས་གང་བདེན་པ་གང་བྱེད་དམ། ཧ ཧ
སྤྲུལ་སྐུའི་ལམ་ལུགས་འི་སངས་རྒྱས་ཀྱི་ཆོས་ལུགས་དགོངས་དོན་དང་མི་མཐུན་པ་དང་། དད་པ་ལ་རིགས་མང་བའི་ནང་གི་རྨོངས་དད་ལ་ལ་བརྟེན་པ། སྤྲུའི་བླ་བྲང་ཚོ་འདོད་རྔམས་ཆེ་བ་སོགས་ཡིན་པས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ཞིག་ཡིན་པར་མོས་མཐུན་ཡོད། སྤྲུལ་སྐུའི་ལམ་ལུགས་རྩ་མམེད་བྱ་རྒྱུ་དེ་ནི་དུས་རབས་ཉེར་གཅིག་པའི་བོད་མི་ནང་པ་ཚོའི་ལས་འགན་ཨང་དང་པོ་ཞིག་ཡིན།
རེད་ཡ། ཞྭ་དམར་དང་སི་ཏུ་གཉིས་ཀྱི་ནང་འཛིང་གི་དམག་འཁྲུག་དེ་ཡང་དད་པའི་དབང་ལས་བྱུང་བ་ཞིག་མ་རེད་པས། འདི་དཔེ་མཚོན་ཆུང་ཆུང་ཞིག་རེད།
དེས་ན་ཨ་ནུ་ལགས་ཀྱིས་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམ་ངའི་བྱུང་རབས་ཀྱི་བདེན་དོན་གླེང་བར་དཔྱད་གླེང་བྱེད་རྒྱུ་དེ་གལ་གནད་རེད།
གཞི་རྩའི་དད་པས་ཀླད་པ་བཀྲུས་ཟིན་པའི་མི་རིགས་དེ་ལ་གནས་ལུགས་རྒྱུ་མཚན་འགྲོ་ས་མེད་ལ། དཔེར་ན་ཁ་ཆེ་དང་ཡེ་ཤུ་ནང་པ་སོགས་ལྟར་རོ། འདི་ཚོར་རང་ཉིད་ཀྱི་དད་པའི་བསམ་བློར་དོ་འཕོག་སོང་ན་ལམ་སེང་ངོ་ནག་ཆགས་འགྲོ་ལ་ཆེ་སར་མི་གསོད་རྟ་གྱེལ་དང་ཆུང་སར་ངན་སྨོད་ཡོད་དགུ་འདོན་གྱི་རེད། དད་པའི་བསམ་བློས་བསྐྲུན་པའི་དད་ཡུལ་སྤྲུལ་སྐུ་ཡང་དད་རྫས་བདག་གཉེར་བྱེད་མཁན་དང་དད་ལྡན་མང་ཚོགས་ལ་དབང་བསྒྱུར་བྱ་ཆེད་ཅིག་རེད་མ་གཏོག་འདི་ལ་གནས་ལུགས་རྒྱུ་མཚན་ངེས་ཅན་ལྡན་མི་འདུག།
སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་ནས་ང་ཚོས་མང་པོ་གླེངས་ཚར་བ་རེད། སྤོབས་པ་མཐའ་ཡས་ལགས་ཀྱིས་སྤྲུལ་སྐུའི་བཟོ་གྲྭ་ཆེ་ཤོས་གཉིས་བཤད་ཡོད་རེད། ཏྭ་ལའི་བླ་མའི་སྐུ་སྒེར་ཡིག་ཚང་དང་ཀྲུང་ཡ་སྲིད་གཞུང་གཉིས་རེད། བཟོ་གྲྭ་འདི་གཉིས་ཀྱིས་སྤྲུལ་སྐུ་འཕྲུལ་ཆས་བཟོ་བཟོ་རེད། སྤྲུལ་སྐུའི་ལམ་ལུགས་བཀག་དགོས་ན་བཟོ་གྲྭ་འདི་གཉིས་སྒོ་རྒྱག་དགོས་རེད། གཞན་པ་་་་་ཞྭ་དམར་པའི་བཟོ་གྲྭ་དང་སུ་ཏུ་ཡི་བཟོ་གྲྭ་འདི་དག་ཁྲིམས་མཐུན་ཞིག་ལ་ངོས་འཛིན་ཡང་བྱེད་བཞིན་མི་འདུག་པས་སྒོ་རྒྱག་ཆོག་ཆོག་ཡིན་་པར་འདྲ།
དང་པོར། བཟོ་གྲྭ་ཆེ་ཤོས་གཉིས་སྒོ་རྒྱག་དགོས་རེད། བཟོ་གྲྭ་འདི་གཉིས་སྒོ་རྒྱག་ཐུབ་པའི་ཆེད་དུ་བཟོ་གྲྭ་གཉིས་ཀྱི་བཟོས་པའི་དངོས་ཟོག་རྫུན་མ་ཡིན་པ་སྤྱི་ཚོགས་ཀྱི་ནང་དུ་དྲིལ་བསྒྲགས་དང་མི་དམངས་ལ་ངོ་སྤྲོད་ཡག་པོ་བྱ་དགོས་པར་འདོད། བཟོ་གྲྭ་འདི་གཉིས་ཀྱི་བར་དུ་ཟླ་འགལ་ཡང་ཡོད། ཏ་ལའི་བླ་མའི་སྤྲུལ་སྐུའི་ཀུང་སི་ཡིས་ངོས་ནས་ཀྲུང་ཡ་སྲིད་གཞུང་གི་སྤྲུལ་སྐུའི་ཀུང་སི་ལ་ངོས་ལེན་བྱས་ཀྱི་མེད།
དཔེར་ན། པན་ཆེན་རྒྱལ་མཚན་ནོར་བུ་ཀྲུང་ཡ་སྲིད་གཞུང་གི་སྤྲུལ་སྐུའི་བཟོ་གྲྭ་ནང་དུ་བཟོས་པས་པན་ཆེན་རྫུན་མ་ཞེས་འབོད་བཞིན་ཡོད། ཀྲུང་ཡ་སྲིད་གཞུང་གིས་སྤྲུལ་སྐུ་བཟོ་དུས་གསེར་འབུམ་ནང་དུ་ཕྲུ་གུ་གསུམ་བཞི་ཞིག་གི་མིང་བླུགས་ནས་དཀྲུགས་དཀྲུགས་བཏང་དུས་་་་་སུ་ཡི་མིང་ཕྱི་ལ་ཐོན་ན་སྤྲུལ་སྐུ་ཡིན་པར་ལ་ངོས་འཛིན་བྱས་ཀྱི་ཡོད་པར་འདྲ། དེ་འདྲ་ཡིན་དུས་ཁྱི་ཕག་གླང་གསུམ་གྱི་མིང་གསེར་ནང་དུ་བླུགས་ནས་དཀྲུགས་དཀྲུགས་གཏོང་ནའང་གཅིག་ཕྱི་ལ་ཐོན་ངེས་པས་དེ་ཉིད་སྤྲུལ་སྐུ་ཆགས་འགྲོ་གིན་ཡོད་དུས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་འཁྲུལ་མེད་ཤིག་ངོས་འཛིན་ཐུབ་ཡོད་པའི་ཡིད་ཆེས་བྱེད་སའི་གཞི་རྩ་བ་ནས་མེད། མི་དམངས་ཀྱིས་དད་པ་བྱེད་ན་ནོར་བ་རེད།
ཏ་ལའི་བླ་མའི་སྤྲུལ་སྐུའི་བཟོ་གྲྭ་ཡིས་སྤྲུལ་སྐུ་བཟོ་སྟངས་ཡང་གསེར་འབུལ་དཀྲུགས་ཀྱི་ཡིན་ན་བཟོ་གྲྭ་འདི་ནས་ཐོན་པའི་སྤྲུལ་སྐུ་ཡང་དངོས་ཟོག་རྫུན་མ་ཡིན་པས་བོད་མི་དམངས་ཀྱིས་དད་པ་བྱེད་ན་ནོར་ཡོད་པར་འདོད།
མདོ་དོན། སྤྲུལ་སྐུའི་ལམ་ལུགས་བཀག་དགོས་ན་ཐེངས་དང་པོར་བཟོ་གྲྭ་སྒོ་རྒྱག་ཐུབ་པའི་ཐབས་ཇུས་དགོས་པར་འདོད། བཟོ་གྲྭ་སྒོ་རྒྱག་ཐུབ་ཆེད་དུ་དངོས་ཟོག་རྫུན་མ་ཡིན་པར་མི་དམངས་ཀྱིས་ཤེས་སོང་ན་ཚོང་མི་རྒྱུག་པས་རང་བཞིན་གྱིས་སྒོ་རྒྱག་དགོས་པའི་གནས་སྟངས་ཤིག་ཡང་སྲིད་པ་རེད། ཨོ་ཡ་་་ད་མང་པོ་མི་བཤད། མདོ་ན་ཐབས་ཇུས་རེད།
སྤྲུལ་སྐུ་ཨོ་ཉི་དང་ཀླུ་སྨྱོན་གཉིས་ཀྱིས་སྤྲུལ་སྐུའི་ལམ་ལུགས་འདི་མུ་མཐུད་ནས་ཡོད་ན་བོད་ཀྱི་ཆེད་དུ་ཡག་བ་འདུག་ཟེར་ནས་སྔོན་མ་གསུངས་མྱངས་ཡོད། མདོ་དོན་་སྤྲུལ་སྐུ་ཚང་མས་སྤྲུལ་སྐུའི་ལམ་ལུགས་བློས་གཏོང་འདོད་མེད་པའི་རྟགས་མཚོན་ཞིག་ཀྱང་རེད། དེ་ལུགས་ཀྱིས་དྲ་གྲོགས་ཚོས་དགོངས་པ་བཞེས་རོགས་བྱོས།
ཀྲུང་དབྱངང་སྲིད་གཞུང་གི་སྤྲུལ་སྐུའི་ཀུང་སི་ལ་ངོས་ལེན་མ་བྱས་ན་ཆོག་གི གོང་ས་མཆོག་ལ་ངོས་ལེན་མེད་བཤད་ན་ཐལ་མ་ཆེའམ། དོལ་ཚོགས་ཀྱིས་དྰ་ལས་བླ་མ་སྐྱག་རྫུན་མཚམས་ཞོགས་ཟེར་བ་དང་གཅིག་མཚུངས་མ་སོང་ངམ།
སི་ཏུའི་བཟོ་གྲྭའི་སྐོར་འགོ་ལོག་མཁས་དབང་སྟོབས་དགས་ཀུན་རྟོག་རི་མོ་ལ་གཟིགས་དང་གསལ་ཐང་ཐངས་བཟོས་འདུག་གོ།
ཨ་ནུ་ཐང་བསོད་ནམས་ལགས། མཆོག་ནི་དུས་དང་མཐུན་པའི་ལྟ་རྒྱ་དང་མཐོངས་རྒྱ་ཆེ་བར་མ་ཟད་འདི་འདྲའི་གཏམ་བཤད་ཕོད་པར་ཤིན་ཏུ་ནས་ཡི་རང་ཡོད། སངས་རྒྱས་བསྟན་པ་སྙིང་ནས་བསམ་ན་སྤྲུལ་སྐུའི་ལམ་ལུགས་འདི་ངེས་པར་དུ་མེད་པ་བཟོ་དགོས་རེད། བསྟན་པ་ལ་དག་ཐེར་བྱེད་ན་སྤྲུལ་སྐུའི་ལམ་ལུགས་འདི་ངེས་པར་དུ་མེད་པ་བཟོ་དགོས་རེད། སངས་རྒྱས་བསྟན་པ་དྲི་མ་མེད་པ་ཞིག་གནས་དགོས་ན་ལུགས་སྲོལ་ངན་པ་འདི་ངེས་པར་དུ་མེད་པ་བཟོ་དགོས་རེད། ད་ཅི་དྲག ཐབས་ཅི་ཞིག་ལ་བརྟེན་ནས་མེད་པ་བྱེད། ལས་སླ་བོ་ཞིག་ག་ལ་ཡིན། ལོ་ངོ་བརྒྱ་ཕྲག་མང་བོར་གནས་པའི་ལམ་ལུགས་འདི་མེད་པ་ཅི་ལྟར་བྱ། དཀོན་མཆོག་མཁྱེན། བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་ཅིར་ཡང་མི་སྨྲ་བར་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ན་ལེགས་སོ།།
འོ་ད་ཡིན་ན་རིག་གསར་བསླངས་སོང་ སུ་ཞིག་གིས་སྤྲུལ་སྐུ་ལ་དད་པ་བྱོས་ཟེར་གི་འདུག བོད་མི་རྣམས་ཀྱིས་དད་པ་བྱེད་མི་བྱེད་བོད་མི་རང་རང་གི་ཐོབ་ཐང་རེད་མ་གཏོགས་བཙན་བཀའ་གཏོང་མཁན་མི་འདུག དེ་བས་གུང་ཁྲན་ཏང་དང་འདི་ན་ནང་རུལ་བ་འགས་བོད་མིའི་དད་མོས་བཙན་འགོག་བྱེད་གི་འདུག་གོ།
ཉེ་སྔོན་འདི་ནས་བཟུང་། ཧུར་ཐག་ཅན་རེ་འགས་དོན་ཆེན་ཞིག་ཧོབ་དེ་རྟོགས་སོང་བ་བཞིན་དྲ་ལམ་འདིར་ལས་འདེད་ཀྱི་ཨག་སྐད་དགོང་ལ་འཕྱོ་ཡི་འདུག ཁྱེད་སྐུ་རྣམས་ཀྱི་བཀའ་མོལ་དག་གནས་ལུགས་དང་ལྡན་མིན། ཤུགས་རྐྱེན་ཡོད་མེད། གྲུབ་འབྲས་འདྲ་ཞིག་འབྱུང་སྲིད་དམ་མི་སྲིད་གང་ལ་ཡང་བལྟོས་མེད་ཀྱི་སྒོ་ནས། ཁྱེད་སྐུ་རྣམས་དང་ལྷན་གླེང་མོལ་ཅུང་བྱེད་འདོད་པ་ནང་ལྟར། ཐོག་མར་དྲི་བ་འདི་ནས་མགོ་བརྩམས་ན་བསམ་པ་དྲན་བྱུང་།
༡༽ཅི་ཞིག་ལ་དད་པ་ཟེར་རམ།
༢༽ཅིའི་ཕྱིར་དུ་དད་པ་བྱེད་དགོས་བ་ཡིན་ནམ།
༣༽ལྷག་ཏུ་རྨོངས་དད་ཟེར་བ་ཞིག་གིས་ནར་ཡོད་ཚོད་རེད། དེ་ན་རྨོངས་དད་ཟེར་བ་ནི་ཅི་ཞིག་ཡིན་ནམ། ཐེམ་སྐས་རིམ་བརྒྱུད་ཀྱིས་འུ་ཅག་གིས་བོད་ཕུངས་བྱེད་གླེང་ན་ག་འདྲས་འདུག དྲ་གྲོགས་ཅོ་རུ། སྤོ་བོ་མཐའ་ཡས། གནས་ཚང་ངམ་ལྷ་སྡེ་ག་ནམ་ལོ་ཡག ཨ་ནུ་ཐང་སོགས་གནམ་དཔྱོད་ཡངས་བ་དག་ལ།
ལམ་སྟོན་རང་བཞིན་གྱི་རྩོམ་མཆོག་ཅིག་སྤེལ་འདུག ཧ་ལམ་སྤྲུལ་སྐུའི་ལམ་ལུགས་ལ་ཁྱོན་ཡོངས་ནས་ལྡོག་གཞིགས་གནང་བ་ཡག་ཤོས་ཤིག་ཡིན་པར་ངེས། གང་ལྟར་པཎ་ཆེན་ཆུང་སྲིད་རྩོད་རྙོག་ནས་སྤྲུལ་སྐུའི་ལམ་ལུགས་རྒུད་འགོ་ཚུགས་ཡོད་ཅིང་། འདི་ནི་སྤྲུལ་སྐུའི་ལམ་ལུགས་ལ་ཕྱོགས་ཡོངས་ནས་ལྡོག་གཞིགས་བྱེད་པའི་དུས་ལའང་བབས་ཡོད། ཡིན་ནའང་། ཕྱོགས་གཉིས་ལ་ངེས་པར་དུ་གཟབ་གཟབ་དང་ཁ་གཏད་གཅོག་ཐབས་བཙལ་འོས།
༡ བོད་མི་མང་ཆེ་བའི་གོ་རྟོགས་སེལ་ཆེད་བླ་མ་རྣམས་ཀྱིས་ལས་འགུལ་འདིར་གཞོགས་འདེགས་གནང་བར་བརྩོན་ལེན་བྱེད་འོས། དེ་ལས་ལྡོག་ན། ཤེས་ཡོན་ཅན་དང་སེར་མོ་བ་ཕྱོགས་ཁག་གཉིས་སུ་གྱེས་ནས་ནང་འཁྲུག་གསར་བ་ཞིག་ཡོང་ངེས་ཡིན།
༢ རྒྱ་དམར་གཞུང་གིས་ཀྱང་སྤྲུལ་སྐུ་ལམ་ལུགས་ནི་བོད་འཆིང་བྱེད་ཅིག་ཡིན་པར་ངོས་འཛིན་གསལ་བོ་ཡོད་པས། ཡང་སྲིད་ཐག་གཅོད་ཀྱི་དབང་ཆ་རྩོད་ཀྱིན་པ་ལས་སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་བ་རྩོམ་གྱི་མེད་པས། མ་འོངས་པར་བོད་ནང་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་བར་འགོག་རྐྱེན་ཆེན་པོ་བཟོ་ངེས་ཡིན།
སྔོན་མ་ཞིག་ལ་ཡིན་ན། འདི་ང་ཚོའི་ཨམ་ཕྲུག་ཁ་ཤས་ཤིག་གི་ན་ཚ་རེད། ད་ཡིན་ན། ན་ཚ་འདི་ང་ཚོའི་ཁམས་ཕྲུག་ཚོ་ལ་ཡང་ཐེབས་ཡོད་པ་འདྲ། གང་ལྟར།
དུས་རབས་ཤིག་གི་སྐད་ཆ་བཤད་དུས། དུས་རབས་དེའི་གོ་ཆག་གླེང་ནས་སྐད་ཆ་བཤད་པ་ལས། སྔན་མ་སྔན་མ་ཟེར་བསྡད་ན། མིག་རྒྱང་ལ་ཚོད་དཔགས་མ་ཐུབ་པའི་ལྐུག་རྟགས་རེད། མདུན་སྐྱོད་ལ་ནུས་ཤུགས་མེད་པའི་ཐ་ཆད་རེད།
ང་ཚོ་འབྲོག་པ་ཚོས་སྒོ་ཁྱི་ཉར་བ་རེད། ཉར་དོན་རྐུ་ཇག་སྤྱང་ལྟོག་ལ་སོགས་པའི་དགྲ་སྔུན་ལ་མཆོང་ཐུབ་པའི་རེ་བ་བཟུང་བ་རེད། དེ་ལྟར་དུ། ལྷ་སྲུང་འདྲ་བའི་སྒོ་ཁྱི་ཚོས་ང་ཚོ་དུས་བདེ་གནས་བདེ་ལ་གཏོང་གི་ཡོད་པ་རེད། ཡིན་ན་ཡང་ཚང་མ་དེ་འདྲ་ཞིག་ག་ལ་ཡིན། འགའ་ཤས་ཤིག་གིས་དགྲ་ངོ་མ་ལོན་པར་རང་གི་སྦྱིན་བདག་དམུར་བ་དང་སྦྲའི་ཆོན་ཐག་དམུར་ནས་འདུག་གི་རེད། ཁྱི་འདི་ཅན་པོས། ནང་མི་ལ་སྡུག་པོ་དང་དགྲ་བོ་ལ་གོ་སྐབས་སྤྲད་ནས། མཐའ་སྔ་ལ། ཁྱིམ་ཁྱི་གཉིས་ཀ་ཁག་སྟོང་ཐབ་སྟོང་ལ་གཏོང་གི་ཡོད་པ་རེད། ཁྱི་དེ་ཚོ་དང་མི་འདི་ཚོ་ནི་གཅིག་པ་འདྲ་བོ་མཐོང་གི་འདུག།
མ་གཞི་མི་འདི་ཚོ་ལ་ཡ་བྱེད་འདོད་ཞིག་མི་འདུག། ཁྱི་ཁ་ཤས་ཤིག་ལ་ཟུག་རོགས་བྱས་པར་དགེ་མཚན་ཞིག་མི་འདུག་ན་ཡང་། བོད་མི་ཚང་མའི་ཁ་གཅིག་མཐུན་ཆགས་སོང་ཟེར་བ་འདྲ་བོ། གཡོ་སྒྱུ་ཁྲམ་པའི་མིང་ཚིག་འདི་འདྲ་པོ་དེ་འདྲ་མཐོང་ཡ་དང་གོ་ཡ་བཀོལ་འདུག་པའི་མི། དེ་དག་གི་ངོ་ལ་ཁྲམ་རྟགས་ཤིག་ཐེན་པ་ཙམ་ཡིན།
བླ་སྤྲུལ་བདུད་དུ་མཐོང་བ་དང་།།
ཕ་མ་གཙོག་ལ་ལྟ་བའི་བུ།།
འཇིག་རྟེན་སྐྱོང་བའི་དཔོན་མིན་པ།།
ཆོས་ལུགས་ཆོས་རྒྱུད་ཚང་མས་མཁྱེན།
ཆོས་དད་རང་མོས་ག་པར་ཕྱིན་པ་རས། རྒྱ་གུང་ཁྲན་གྱིས་ཀྱང་ཐོག་མར་ཆོས་དུག་ལ་བལྟས་ནས་བཅིངས་འགྲོལ་གཏོང་བར་ཡོང་བ་དེ་མ་བརྗེད་པ་གྱིས་ཨང་། ཏིང་ཞའོ་ཕིང་གིས་ཞི་མི་དཀར་ནག་ལ་མ་བལྟོས་པར་ཙི་ཙི་འཛིན་ཐུབ་ན་གཅིག་པ་རེད་ཟེར་བ་བཞིན། དམར་ནག་ལ་མ་བལྟོས་པར་མི་དམངས་ཀྱི་དད་པར་རྡོག་རོལ་བྱས་ན། མི་དམངས་ཀྱིས་ངོ་རྒོལ་བྱེད་རྒྱུ་ཡིན་པ་དེ་ཡང་ང་ཚོ་བརྗེད་མི་ཉན།
ཁ་ཡོད་ལག་ཡོད་ཀྱི་རང་དབང་ལྡན་པའི་རྒྱལ་ཁབ་ཨ་རི་དང་རྒྱ་གར། དབྱིན་ཇི་ལྟར་བུར་གཙོ་བོ་དེ་མི་དམངས་ཀྱི་ཆོས་དད་རང་མོས་ལ་གུས་ཞབས་བྱེད་ཀྱི་འདུག ད་ཆ་རྒྱ་དམར་གྱིས་ཀྱང་ཆོས་དད་ལ་དོ་ཕོག་གཏོང་གི་མིན་འདུག
ཁྱོད་ཚོ་འདི་ལས་གསར་བརྗེ་ཞིག་སློང་བསམ་ན། ལོ་རྒྱུས་ཏོག་ཙམ་སྦྱངས་ན་ལེགས་ཆ་ཆེ། ཨུ་རུ་སུས་ཆོས་དད་ལ་སྐྱོན་མཐོང་ནས་མི་དམངས་ས་ཡ་འགའ་ཤས་བསད་པ་མ་བརྗེད་པ་གྱིས་ཨང་།
མུ་མཐུད་ནས་ཡིན་འདའ།
གླེང་མོལ་མང་ཙམ་བྱས་ན་ཡག་གི་སྙམ།
མ་གླེང་ཐབས་མེད་ཀྱི་བརྡ་འཕྲིན་ཞིག་འབྱོར་སོང་། དེའི་ནང་ན། དེ་རིང་ཁ་སང་། བོད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ལག་ལ་ལས་ཀ་མ་རག་པར་དགྱ་ཡུལ་དུ་སོང་བ་རྣམས། དགྱ་ནག་གི་མཚོ་མཐའི་གྲོང་ཁྱེར་ཞིག་ན། གླ་རྔན་དང་འདུག་ས་སྤྲད་ནས། དགྱ་བོད་ཀྱི་གླེང་སྟེགས་འདྲ་མིན་དང་ཁ་བརྡ་འདྲ་མིན་ལ་འཛུལ་དུ་བཅུག་ནས། དམར་པོའི་དགེ་འདུན་གྱི་ལྟ་བ་དང་ཆབ་སྲིད། བོད་ཀྱི་གནད་དོན་ལ་འཁྱོག་བརྗོད་བྱེད་དུ་འཇུག་གི་ཡོད་པ་རེད་ཟེར་འདུག།
ཁ་བརྡ་ཚང་ན་དེ་འདྲ་ག་ཚོད་ཡོད་མེད་ངས་མི་ཤེས། ཡིན་ན་ཡང་གནས་འཕྲིན་འདི་བདེན་པ་ཞིག་ལ་ང་རང་གིས་ངས་འཛིན་བྱེད་བཞིན་ཡོད།
སུ་ཏིས་ཡི་གེར་བཀོད་པར་གསལ་བས་ཟིན་བྲིས་པ་ཡིན་པ་ལས་རྩོམ་པ་པོ་རེད་མི་འདུག བོད་ཡིག་ཤེས་ན་གསལ་བོ་འདུག
མཆན་འཇོག་ས་ནོར་དགོངས་དག་ཞུ།
ཨ་ནུ་ཐང་བསོད་ནམས་ལགས་ལ། དད་པ་དང་སྤྲུལ་སྐུའི་ལམ་ལུགས་གཉིས་བོད་འཕོང་བྱེད་ཀྱི་རྩ་བ་རེད་ཟེར་ན་ནམ་ཡང་ཁས་ལེན་ཐུབ་བྲལ་བ་ཞིག་རེད། འོན་ཀྱང་འདི་གཉིས་བོད་འཕོང་བྱེད་ཀྱི་རྐྱེན་དུ་སོང་ཡོད་པ་དངོས་ཡོད་རེད། སྤྲུལ་སྐུ་ཟེར་ནའང་རེད། དད་པ་ཟེར་ནའང་། ངོ་བོ་ཆ་ནས་འདི་གཉིས་ཆོས་ཕྱོགས་ཀྱི་ཐོན་རྫས་ཤིག་ཡིན་པ་ཙམ་མ་གཏོགས་གནོད་ཚབས་ཅན་གྱི་རང་བཞིན་ཞིག་མ་རེད་འདོད། ཆེས་འཇིགས་སུ་རུང་བ་ནི་བོད་སྤྱི་ཚོགས་བྱིངས་ཀྱིས་འདི་གཉིས་བེད་སྤྱོད་ལོག་པར་བཏང་བ་དེ་རེད། བོད་ཀྱི་སྤྲུལ་སྐུ་ཚོ་སྲིད་པའི་ཕུན་ཚོགས་ཡོད་ཚད་བློས་བཏང་བའི་ཆོས་པ་དོན་ཉུང་བྱ་ཉུང་ཞིག་གི་གནས་བབས་ལས་མ་བཞག་པར་དབང་བསྒྱུར་བ་པོའི་གོ་ས་སྤྲད་དེ་མངའ་བདག་གི་ཚུལ་དུ་བཀུར་བ། དེ་ལ་ཡང་ཆོས་དད་བྱེད་པ་ཙམ་དང་གུས་བརྩི་བྱས་པ་ཙམ་གྱིས་མ་ཆོག་པར་རྨོངས་དད་བྱས་ཤིང་མགོ་འབུལ་ལུས་འབུལ་བྱས། དེར་བརྟེན་ད་གཟོད་བོད་སྤྱི་ཚོགས་འདི་རྨོངས་དད་ཀྱི་སྤྱི་ཚོགས་ཤིག་དང་བླ་སྤྲུལ་ཚོའི་བྲན་གཡོག་ཏུ་གྱུར་བ་རེད། གལ་སྲིད་སྤྲུལ་སྐུ་དང་དད་པ་གཉིས་ཚོང་རྫས་ཤིག་ཡིན་པའི་དབང་དུ་བཏང་ན་བོད་སྤྱི་ཚོགས་ནི་ཚོང་རྫས་འདི་གཉིས་བྲིན་སའི་ཁྲོམ་ར་ཆེན་པོ་ཞིག་རེད། བརྒྱ་ལ་ཚོང་ར་འདིའི་སྒོ་མོ་མ་བརྒྱབ་པ་དེ་སྲིད་དུ་ཚོང་རྫས་འདི་གཉིས་མུ་ནས་མུར་ཁྱབ་བརྡལ་དུ་འགྲོ་རྒྱུ་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད།
༼འཕོང་༽འཕུང་ལ་བཅོས།
གནམ་ལགས་ཀྱིས་རྒྱ་ནག་ནང་མ་གཏོགས་ཕྱི་ལོགས་སུའང་དེ་འདྲ་མང་བོ་ཡོད་པ་འབྲི་ཆད་བྱུང་འདུག་སྙམ།
ངས་ལྟོས་ན་སྤྲུལ་སྐུའི་ལམ་ལུགས་ཀྱིས་གནོད་པ་ཡིན་ནམ་ཡང་ན་སོ་སོར་བོད་ཀྱི་རིག་གཞུང་གི་བག་ཆགས་སྲབ་པ་གང་ཡིན་མི་ཤེས་པར་གྱུར་འདུག་སྙམ། ལམ་དང་ལུགས་སྲོལ་གང་ཞིག་ལ་སྐྱོན་ཡོན་གཉིས་ལྡན་ཡིན་པ་དེ་ཤེས་པར་བྱོས། སྤྲུལ་སྐུའི་ལམ་ལུགས་མེད་པའི་དབང་དུ་བཏང་ནའང་མགོ་བདེ་དྲན་འཕྲུལ་འགའི་ལག་འོག་ཏུ་ཤོར་ཤག་ཤག་ཡིན་པ་སྨོས་ཅི་དགོས། དེ་གཉིས་ལས་སྔ་མ་ཡག་པ། བསམ་བློ་ཐོངས་དང་གཞི་རིམ་མི་མང་གི་གོ་རྟོགས་སད་པ་ཡིན་ན་སྤྲུལ་སྐུའི་ལམ་ལུགས་ནས་བསྟན་སྲིད་ངོ་བོ་གོང་འཕེལ་དུ་འགྲོ་རྒྱུ་ཉག་གཅིག་རེད། ཡང་གཅིག་བཤད་ན། འདིར་སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་རྡུལ་གཏོང་གི་མེད་པར་བོད་ཀྱི་སྲོལ་རྒྱུན་བསམ་བློ་བསྒྱུར་བར་འབད་ཀྱིན་འདུག་པས། རབ་ཡིན་ན་མོའོ་ཙེ་ཏོང་གི་ལམ་ལུགས་ཡག་པར་ཁ་གསལ་གནང་བ་ཡིན་ན་འགྲོ་བདེ་འདུག་བདེ་ཡོང་བ་ལ་ཕན་ངེས།
རྣམ་པ་བགྲོ་གླེང་གནང་ཞིང་བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ། དད་པ་ཡོད་ཚད་རྩ་མེད་བཏང་དགོས་ཟེར་ནས་བཙན་དབང་བཏང་གི་མེད་ལ། ཡོད་པ་ནི་དད་པ་ཡིས་བོད་འདི་ཕོངས་ལ་སྦྱར་བའི་དངོས་ཡོད་ཀྱི་ལོ་རྒྱུས་དང་དཔང་པོ་ཁག་རེད། དེ་ནི་བདེན་པ་ཡིན་མིན་སོ་སོའི་དཔྱད་ཡུལ་དང་རང་དབང་ལས། བཙན་བཀའ་མིན་པས་དམར་པོའི་སྲིད་གཞུང་ཁག་དང་བསྡུར་བ་ནི་གོ་བརྡ་ཡག་པོ་ཞིག་མ་འཕྲོད་པའི་སྐྱོན་དུ་མཐོང་། ཡིན་ཏེ། མང་གཙོ་དང་དད་འདུན་རང་དབང་ནི་སྐྱེས་བོའི་སོ་སོའི་མཐོང་ཐོས་མྱོང་འགྱུར་དང་། ལྷག་པར་དུ་བདེན་དོན་བརྗོད་སའི་ཁོར་ཡུག་ཅིག་ཡིན་ཕྱིན། བདེན་པའི་ཆེད་དུ་སྐད་ཆ་བཤད་པ་དང་སྐྱོན་བརྗོད་བྱས་བ་ནི་གཞན་གྱི་རང་དབང་འཕྲོག་པར་མི་འགྱུར། དེ་ལྟར་ཡིན་ན། མང་གཙོའི་སྤྱི་ཚོགས་ཁྲོད་དུ་སྐྱོན་བརྗོད་དང་བསམ་ཚུལ། བདེན་དོན་བརྗོད་ས་མེེད་པ་འགྱུར་བས་ཡིན།
གོང་དུ་དྲ་གྲོགས་བསམ་ཤེས་ལགས་ཅུང་ཙམ་གོ་ནོར་ཐེབས་འདུག ཨུ་རི་སུ་དང་རྒྱ་ནག་གུང་ཁྲན་གྱིས་ཆོས་ལུགས་དུག་ཏུ་བརྩི་བ་ལས་དད་པ་དུག་ཏུ་བརྩིས་མེད། དེ་ལས་ལྡོག་སྟེ་དད་པ་དང་ལྟ་གྲུབ་ཀྱི་འཐབ་རྩོད་བྱས་ཤིང་། མི་ཚང་མར་བཙན་དབང་གིས་དམར་ཕྱོགས་ཚོགས་པ་ལ་དད་པ་དང་ཡིད་ཆེས་བྱེད་དུ་བཅུག་ཡོད། དེ་ལ་ང་ཡིན་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱུ་མཚན་ནི། བཙན་དབང་གིས་བསམ་བློ་སྒྱུར་བ་ནི་དྲང་བདེན་མིན་པས་རེད། དེ་བཞིན་བོད་ཀྱི་སྤྲུལ་སྐུ་རིང་ལུགས་པ་བཞིན་གཡོ་ཐབས་ཀྱིས་མིའི་སེམས་ཁམས་སྒྱུར་བ་ནི་དྲང་བདེན་མིན་པས་ངོ་རྒོལ་ཡོད། དེ་ནི་བོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་མི་མཐུན་པས་ཡིན།
འདོད་པ་ཡོད་མེད་ལ་མ་ལྟོས་བ་བོད་པ་ཚོས་ངེས་བར་དུ་ཤེས་དགོས་བ་ཞིག་ལ།
༡༽གོང་དུ་རྣམ་དཔྱོད་ཅན་གྱི་དྲ་གྲོགས་དུ་མས་ངོས་འཛིན་བྱས་བ་བཞིན་སྤྲུལ་སྐུ་ལམ་ལུགས་འདི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དང་གཏན་ནས་མི་མཐུན་ཞིང་། བོད་ཀྱི་བླ་མ་ཚོས་ཆོས་ཁྲིམས་དང་འགལ་ཏེ་རང་བཟོའི་མི་མང་ལ་དབང་སྒྱུར་བྱེད་ཀྱི་ལམ་ལུགས་ཤིག་ཡིན་ཞིང་། དེ་ལྟར་ཡིན་པས་རྗེ་གཙང་ཁ་བ་དང་ཨ་རིག་དགེ་བཤེས་སོགས་ཀྱིས་ལམ་ལུགས་དེ་ངོས་ལེན་གནང་མེད་ཁར། ཚེ་གཏན་ཞབས་དྲུང་གིས་ཀྱང་། སངས་རྒྱས་སྐུ་ལ་ཆོས་ལུང་སྤྲུལ་གསུམ་ཏེ།། སྤྲུལ་སྐུ་སངས་རྒྱས་ཁོ་ནས་སྤྱོད་ཡུལ་ཡིན། བདག་ཉིད་སྐུ་གསུམ་ཐུགས་ལ་རབ་རྨོངས་བས།། སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཐོལ་ལོ་བཤགས།། ཞེས་བ་ལྟར་ཐ་ན་སྤྲུལ་སྐུ་ཞེས་བརྗོད་པའི་ཚིག་འདིའང་་སངས་རྒྱས་ཆོས་ལུགས་ཀྱི་ཁྲིམས་དང་འགལ་ཡོད།
༢༽སྤྲུལ་སྐུའི་ལམ་ལུགས་བཏོད་པ་ནས་བཟུང་བོད་རིགས་མང་ཚོགས་སངས་རྒྱས་ཆོས་ལུགས་དག་མ་ལས་སྤྲུལ་སྐུ་ལ་སྐྱབས་སུ་ཕྱིན་ཅིང་། སྤྲུལ་སྐུའམ་དགོན་བདག་བླ་མ་དེ་སངས་རྒྱས་སུ་སྒོམས་ཏེ་འཛུབ་མོ་གར་བསྟན་ཤར་བྱས་ཤིང་། དགོན་པའི་འདོན་པ་དང་། གྲྭ་ཚོའི་ཉིན་རེའི་ཞལ་འདོན་གྱི་ཡང་སྙིང་དུ་གྱུར་ཏེ་སངས་རྒྱས་བཞིན་དགོན་་བདག་ལ་སྐྱབས་སུ་འགྲོ་དགོས་བས། ཉམས་རྟོགས་ལ་ལྟ་མི་དགོས་བ། སུས་དགོན་པ་འདེབས་ཐུབ་ན་དེ་ནི་སངས་རྒྱས་སུ་བརྩི་བའི་ལམ་སྲོལ་བཏོད་པས། སངས་རྒྱས་ཆོས་ལུགས་ཀྱི་ཁྲིམས་དང་འགལ་ཡོད་ལ། དེ་ནི་ཧིན་དྷིའི་ཆོས་ལུགས་ལྟར་བླ་མ་དང་དབང་ཕྱུག་དབྱེ་མེད་དུ་སྒོམ་པ་ལྟར་ཆགས་ཡོད།
༣༽སྤྲུལ་སྐུ་མེད་ཀྱང་སངས་ཆོས་གནས་ཐུབ་སྟེ་ཐ་ལན་དྲ་དང་སེང་ག་ལ། ཝེ་ཐི་ནམ་སོགས་ཡོད་པས་སངས་རྒྱས་ཆོས་ལུགས་རྒྱ་ཆེ་དར་ཡོད་ཀྱང་། སྤྲུལ་སྐུ་མེད། དེ་དག་ནི་སངས་ཆོས་དག་མ་ཡིན་པས་རེད། འོན་ཀྱང་། ཧིན་ནང་འདྲེས་མའི་བོད་ཀྱི་སྤྲུལ་སྐུ་རྣམས་ཀྱིས་ཆོས་ལས་ཆོས་མིན་གྱི་ལས་དོན་སྣ་ཚོགས་སྒྲུབ་ཅིང་། གཞན་གྱི་ལག་ཆར་གྱུར་ནས་མི་རིགས་རྩ་མེད་དུ་བཟོ་བ་མིག་མཐོང་ལག་ཟིན་རེད་ལ། གོང་དུ་བཀོད་པའི་རྩོམ་ཡིག་གིས་གང་མཚམས་ཤིག་གསལ་བཤད་བྱས་ཡོད།
མཐའ་དོན།
སྤྲུལ་སྐུ་ལམ་ལུགས་དེ་བོད་ལ་གནོད་ཀྱི་ཡོད་ཚུལ་དང་། དེ་ལྟར་གནོད་པའི་རྒྱུ་མཚན་དང་སྒྲུབ་བྱེད་བརྗོད་པ་ལས་དེ་མེད་པ་བཟོ་དང་བདག་འཛིན་བྱེད་མིན་ནི་བོད་རིགས་རྒྱལ་ཆེའི་མི་མང་ལ་རག་ལས་བ་ལས། སུ་ཞིག་ལ་རག་ལས་མེད། གལ་སྲིད་བོད་མི་རྣམས་ཀྱིས་ནུབ་ཡོ་རོབ་པ་བཞིན་དཀའ་སྡུག་སྣ་ཚོགས་རྒྱུད་ཅིང་། འདྲ་མཉམ་མིན་པའི་ཡི་ཤུའི་ཆོས་ལུགས་ཀྱི་མནར་གཅོད་འོག་གོ་རྟོགས་སད་པ་བཞིན་འདྲ་མཉམ་མིན་པའི་སྤྲུལ་སྐུ་ལམ་ལུགས་ཀྱི་མནར་གཅོད་འོག་བོད་མི་རྣམས་གོ་རྟོགས་སད་ཚེ། སྤྲུལ་ཚོའི་ནུས་བ་ཆུང་དུ་འགྲོ་ངེས་རེད། རྒྱུ་མཚན་ནི། ཅི་ཙམ་མི་མང་གི་རྒྱབ་སྐྱོར་ཉུང་ན་དེ་ཚོད་ཀྱིས་སྤྲུལ་སྐུ་ཚོའི་ནུས་བ་ཉུང་དུ་འགྲོ་ཞིང་། ནུས་བ་མེད་མཁན་ཞིག་ལ་རྒྱ་ནག་དང་། སྲིད་གཞུང་གང་ཞིག་ཡིན་ཡང་རིན་ཐང་མི་སྤྲད་པས་ཡིན། རྒྱུ་མཚན་ནི། རིན་ཐང་སྤྲད་ཀྱང་ཉོ་མཁན་མེད་པས་རེད། དེ་བརྟེན། སྤྲུལ་སྐུ་ལམ་ལུགས་ཀྱི་ནུས་བ་ཆུང་དུ་བཏང་དགོས་ཚེ། ཐབས་ལམ་ཡག་ཤོས་ནི་ཁོ་ཚོའི་ཁྲོམ་སའི་སྤྱི་ཚོགས་ཀྱི་གོ་རྟོགས་སད་རྒྱུ་དེ་རེད། རྒྱུ་མཚན་ནི། ཉོ་མཁན་ཚོས་ཚོང་ཟོག་རྫུན་མ་ཡིན་པ་རྟོགས་ཚེ་མི་ཉོ་ཞིང་། མ་ཉོས་ན་སྤྲུལ་སྐུའི་བཟོ་གྲྭ་ཁག་གིས་ཀྱང་ཐོན་སྐྱེད་ཉུང་དུ་མི་བཏང་ཐབས་མེད་རེེད།
དེ་ལྟར་མིན་པ་བཟོ་གྲྭ་བཀག་འགོག་བྱེད་རྒྱུ་ནི་ཧ་ཅང་གི་ཉེན་ཁ་རེད་ལ་ཡོང་ཐབས་མེད་པ་ཞིག་ཏུ་མཐོང་། རྒྱུ་མཚན་ནི། ཚོང་ཟོག་སྤྲུལ་ལོ་རྣམས་གྲིན་ཚེ་སྲིད་གཞུང་གིས་བཀག་ཀྱང་ནག་ཚོང་བྱེད་ངེས་ལ། ང་ཚོ་སུ་ལའང་དེ་ལྟར་བཀག་འགོག་པའི་ནུས་བ་མེེད་ལ། དེ་སྔོན་བཀག་མཁན་དག་ལས་འབྲུག་གཞུང་མ་གཏོགས་ཕམ་ཉེས་བྱུང་ཡོད།༼འབྲུག་གཞུང་གིས་པདྨ་དཀར་པོའི་ཡང་སྲིད་བཀག་ཐུབ་ཡོད༽ གལ་སྲིད་བཀག་པ་ཡིན་ཡང་ཚོང་ཟོག་ཉོ་མཁན་ཚོའི་དགོས་འདོད་ལ་བརྩི་མེད་བཏང་བ་འགྱུར་བས་མི་ཆོས་དང་དད་འདུན་རང་དབང་ལ་འགལ་བས་ཡིན། དེ་བརྟེན། ཐབས་གཅིག་ཡོད་པ་ནི་མི་མང་གི་གོ་རྟོགས་སད་རྒྱུ་དེ་རེད། མི་མང་གིས་ལམ་ལུགས་དེ་ནི་ཆོས་འཇིག་རྟེན་གང་གི་ཐོག་ནས་མགོ་སྐོར་བཏང་བྱེེད་ཅིག་དང་། རང་ཉིད་ལ་གནོད་བྱེད་ཅིག་ཡིིན་པ་ར་སྤྲོད་བྱུང་ན་ཉོ་མཁན་མེད་ཅིང་། ཉོ་མཁན་མེད་ཚེ་ཁེ་ཚོང་འགྲན་བསྡུར་བྱེད་མཁན་གྱིི་གཞུང་དང་སྒེར་གྱི་བཟོ་གྲྭ་ཁག་གིས་སྤྲུལ་སྐུ་བཟོ་ཡ་དེའང་མཚམས་ཆད་ངེས་རེད། ཡིན་ཏེ། ཁེ་ཕན་མེད་པས་རེད། ཁེ་ཕན་མེད་པ་འགྲོ་སོང་བཏང་མཁན་སུ་ཞིག་ཡོད། དེ་ལྟར་གྱུར་ན་རྡ་ས་དང་པེ་ཅིང་བར་གྱི་ཡང་སྲིད་ངོས་འཛིན་གྱི་འགྲན་བསྡུར་ཡང་མཚམས་ཆད་ངེས་རེད་ལ། སྒེར་བདག་བཟོ་གྲྭ་དག་ཀྱང་རིམ་བཞིན་ཕམ་ཉེས་བྱུང་ངེས་རེད།
མི་མང་གིས་སྤྲུལ་སྐུ་ལ་རིིན་ཐང་སྤྲད་པ་ཡིན་ན་པེ་ཅིང་དང་རྡ་ས་གཉིས་ཀས་སྤྲུལ་སྐུ་ཚོ་ལ་ཆབ་སྲིད་ཀྱི་དགོས་མཁོ་སླད་བཟོ་སྐྲུན་དང་། བཟོས་ཕྱིན་བོད་ཀྱི་ཁྲོམ་སར་འཐབ་རྩོད་ཀྱི་འགྲན་རྩོད་བྱེད་ངེས་རེད། དེ་བཞིན་སྐབས་འཚོལ་རིང་ལུགས་པ་སྤྲུལ་སྐུ་རིང་ལུགས་པ་ཚོས་ཀྱང་རང་གི་ཁེ་ཕན་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་ཏེ། པེ་ཅིང་དང་རྡ་ས་གཉིས་ལས་གང་ཞིག་ཡག་མིན་འདེམས་ངེས་རེད། ཡིན་ཏེ། པད་ནོར་རིན་པོ་ཆེའི་ཡང་སྲིད་པེ་ཅིང་ལ་ངོས་འཛིན་བྱེད་དུ་བཅུག་འདུག་ཟེར། བླ་ཆེན་རྣམས་རེ་བཞིན་པེ་ཅིང་གིས་ངོས་འཛིན་བྱས་ཚེ་རྡ་སའི་ཁྲོམ་རའི་ནུས་ཤུགས་རིམ་བཞིན་ཇེ་ཆུང་དུ་བཏང་བ་མ་ཡིན་ནམ། ད་ལྟ་ཆོས་རྒྱུད་ཁག་གི་བླ་ཆེན་མི་ཉུང་བ་ཞིག་ཀྱང་པེ་ཅིང་དང་བར་ཇེ་ཉེ་དང་བོད་དུ་གཟིགས་སྐོར་དུ་ཕེབས་པར་དགའ་བསུ་ཞུ་བཞིན་འདུག དེ་ལྟར་ཡིན་ན། པེ་ཅིང་གིས་སྐུ་མདུན་གྱི་ཕྱོགས་གཏོགས་ཀུན་བོོད་ཀྱིི་སྤྱི་ཚོགས་ནང་རིམ་བཞིན་ཁེ་རྐྱང་དང་ནུས་བ་ཇེ་ཆུང་དུ་བཏང་ཐབས་མ་རེད་དམ།
ནག་ཐར་སྐྱིད་ལགས། བགྲོ་གླེང་ཕེབས་པར་དགའ་བསུ་ཡོད།
ཁྱོད་ཀྱིས་དད་པ་ཟེར་བ་འདི་ཅི་ཞིག་ལ་ཟེར་རམ། རྨོངས་དད་ཟེར་ན་གང་ཡིན་ནམ་ཞེས་དྲི་བ་ལྕི་པོ་འདི་དག་སྔོན་དུ་འཕེན་འོས་དུས་ལན་རྒྱག་མ་ཤེས་པའི་ཟོལ་འདྲ་ཞིག་ཡང་འདུག ཕྱོགས་གཞན་ཞིག་ནས་བསམས་ན་བོད་པའི་མི་ཞིག་གིས་དད་པ་ཟེར་བ་འདི་ཅི་རེད་དམ་ཞེས་འདྲི་འོས་དུས་ཁྱད་མཚར་འདྲ་ཞིག་ཡང་འདུག མི་ཚེ་རི་ལ་བསྐྱལ་ནས་རི་དྭགས་ངོ་མ་ཤེས་པའི་སྐད་ཆ་འདྲ་པོ། རང་ཉིད་རྨོངས་དད་ཅན་གྱི་ཁོར་གཡུ་ནང་དུ་བསྡད་ནས་དད་པ་ངོ་མ་ཤེས་པའི་ཟོལ་འདྲ་པོ། སོ་སོས་བློ་ཁ་ནང་བཀུག་ནས་བསམ་བློ་བཏང་དུས་དད་པའི་མཚན་ཉིད་ཡག་པོ་ཞིག་འཇོག་དགོས་ནའང་དཀའ་ལས་ཁག་ཡིན་པའི་ཟོལ་འདྲ་ཞིག་འདུག
ཁྱོད་ཀྱིས་གསུགས་པ་ལྟར་ང་ཚོ་བློ་མཐུན་རྣམས་པ་ཚོས་ཧུར་ཐག་བྱས་ནས་བོད་མི་རིགས་ཀྱི་ལས་དབང་གླེང་གི་ཡོད། འགྲུབ་འབྲས་འཐོབ་མིན་ལ་མ་བལྟས་པར་ལྷག་བསམ་རྣམ་དག་གིས་ཐོག་ནས་བོད་མི་རིགས་འགྱེལ་ས་ནས་ལང་ཐུབ་ཆེད་དང་ཤི་ས་ནས་གསོན་ཐུབ་པའི་ཐབས་ཇུས་ཤིག་རྙེད་ཆེད་དུ་ནམ་ཉིན་མཚན་མེད་པར་འབད་བརྩོན་བྱེད་བཞིན་ཡོད།
བརྗོད་གཞི་དངོས་ཀྱི་ཐོག་ཏུ་བཤད་ན།
༡་་་་མིའི་འདི་ཕྱི་གཉིས་ཀྱི་ཕུགས་བསམ་ལ་མཐའ་མེད་ཅིང་། མཐའ་མེད་པའི་ཕུགས་བསམ་དེ་ཉིད་འགྲུབ་པའི་ཆེད་དུ་རང་གིས་འདོད་པའི་སྐྱབས་གནས་ཞིག་ལ་རེ་བ་དང་ཡིད་ཆེས་ཀྱི་བློ་རྩེ་གཅིག་ཏུ་གཏད་པ། དད་པའི་མཚན་ཉིད་བཞག་གི་ཡིན།
༢་་་་མིའི་འདི་ཕྱི་གཉིས་ཀྱི་ཕུགས་བསམ་ལ་མཐའ་མེད་ཅིང་། མཐའ་མེད་པའི་ཕུགས་བསམ་དེ་ཉིད་འགྲུབ་པའི་ཆེད་དུ་རང་གིས་འདོད་པའི་སྐྱབས་གནས་ལ་རྨོངས་ནས་ཡོད་བཞིན་དུ་རེ་བ་དང་ཡིད་ཆེས་ཀྱི་བློ་རྩེ་གཅིག་ཏུ་གཏད་པ། རྨོངས་དད་ཀྱི་མཚན་ཉིད།
༣་་་་ཅིའི་ཕྱིར་དུ་དད་པ་བྱས་པ་རེད་ཟེར་ན་་་རང་ཉིད་ཀྱི་འདི་ཕྱི་གང་རུང་གི་ཕུགས་བསམ་འགྲུབ་ཆེད་དུ་དད་པ་བྱས་པ་རེད། དཔེར་ན། ཚེ་འདི་ལ་ནད་མེད་ཚེ་རིང་ཡོང་ཆེད་དང་། སྐྱེ་བ་ཕྱི་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དང་མངོན་མཐོ་ལྷ་ཡི་གོ་འཕང་གང་རུང་འཐོབ་ཆེད་དུ་དད་པ་བྱས་པ་སོགས་མིའི་ཕུགས་བསམ་ལ་རྣམ་གྲངས་ཇི་ཙམ་མང་པོ་ཡོད་པ་དེ་ཙམ་དད་པའི་དམིགས་ཡུལ་མང་པོ་རེད་འདོད།
བཀྲ་ཤིས་ལེགས། མུ་མཐུད་ནས་བསླབ་བྱ་གནང་རོགས་བྱོས། ཕུགས་བསམ་འཚོལ་རོགས་བྱོས།
དྲུང་པ་རིན་པོ་ཆེའི་ང་ལ་སྤྲུལ་སྐུ་མེད་ཅིང་གལ་སྲིད་ཡོད་ན་ཉི་ཧོང་གི་ཉ་བ་ཞིག་ཡིན་གསུངས་ཀྱང་ཁོང་གི་ཡང་སྲིད་ངོས་འཛིན་བྱས་ཡོད། དེ་བཞིན་མི་ཕམ་པས་ཀྱང་ང་ལ་ཡང་སྲིད་མེད་གསུངས་ཀྱང་ཁོང་གི་ཡང་སྲིད་ངོས་འཛིན་བྱས་ཟིན་ཡོད། དེ་དག་ནི་ཡང་སྲིད་ལས་ཁུངས་དག་གིས་དོ་བདག་གི་དགོངས་བ་མཐུན་མིན་དང་འདོད་པ་ཡོད་མེད་ལ་མི་ལྟ་བ་རང་གི་དགོས་མཁོ་ཆེད་དུ་ངོས་འཛིན་བྱ་བའི་དཔང་རྟགས་ཡག་ཤོས་རེད། མ་འོངས་ཡང་སྲིད་རྣམས་ལ་མུ་མཐུད་དུ་རིན་ཐང་སྤྲད་ཚེ་ཚོང་གི་དགོས་མཁོ་དང་སྟུན་ཏེ་ཡང་སྲིད་ལས་ཁུངས་ཀྱི་་འགྲན་རྩོད་ཁྲོད་ནས་རྒྱན་དྲུག་མཆོོག་གཉིས་དང་རྗེ་བཙུན་མི་ལ་སོགས་ཀྱི་ཡང་སྲིད་ཡོང་ངེས་ལ། དེས་བོད་མི་རིགས་ཀྱི་མགོ་བོ་དཀྲུགས་དཀྲུགས་བཏང་ཞིང་། ཡང་སྲིད་ངོས་འཛིན་གྱི་འཐབ་རྩོད་ཁྲོད་མཁོ་གལ་ཆེ་བའི་མི་རིགས་ཀྱི་ལས་དོན་ཀུན་འཐུས་ཤོར་བཏང་ངེས་རེད། དེ་ལྟར་བཏང་བ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་རྩད་གཅོད་དང་བླ་ཆེན་ཁག་གི་ལོ་རྒྱུས་ལས་ཤེས་ཐུབ།
ཡང་སྲིད་ལས་ཁུངས་གང་ཞིག་གིས་གནད་དགག་ཆེ་བའི་མིི་སྣ་ཡི་ཡང་སྲིད་ངོས་འཛིན་ཐོག་མར་བྱ་ཐུབ་ཚེ། རབ་བྱུང་ན་ཡང་སྲིད་དེའི་བདག་དབང་དང་། མ་བྱུང་ཡང་དེ་དག་དང་འབྲེལ་བ་ཡག་པོ་ཞིག་བྱེད་ཐུབ་པས་རེད། ལྷག་པར་དུ་ཡང་སྲིད་རང་ཉིད་ཀྱང་རང་ལ་དེ་ལྟར་གོ་གནས་ཐོབ་པ་ནི། ཡང་སྲིད་ངོས་འཛིན་བྱེད་མཁན་གྱི་བཀའ་དྲིན་ཡིན་འཚོར་བས་བཏང་རག་ཕུལ་སྲིད་ཅིང་། མ་ཕུལ་ཡང་བྱིས་བའི་དུས་སྐབས་ནས་ཀླད་པ་སྒྱུར་བཅོས་ཀྱི་ཤུགས་རྐྱེན་སྤེལ་ཐུབ་པས་རེད། གནས་ཚུལ་དེ་དག་ཡང་སྲིད་ལས་ཁུངས་རྣམས་ཀྱིས་གསལ་བོ་མཁྱེན་གྱི་ཡོད་པས་སུ་ཞིག་གིས་ཐོག་མར་ངོས་འཛིན་བྱེད་ཐུབ་མིན་ལ་འགྲན་རྩོད་ཡོད་པ་མ་ཟད། རང་གི་སྔོན་དུ་ལས་ཁུངས་གཞན་གྱིས་ངོས་འཛིན་བྱེད་པར་འཇིགས་སྐྲག་སྐྱེས་བཞིན་ཡོད། དེ་ནི་མཛེས་མ་རྣམས་ཐང་རྒྱལ་པོའི་གཙུན་མོ་བྱེད་རྒྱུ་འགྲན་བསྡུར་བྱས་བའི་ལོ་རྒྱུས་བཞིན་རེད། མཛེས་མ་དེ་ཐང་རྒྱལ་གྱི་གཙུན་མོར་ཆགས་ཏེ་དེའི་སྡེ་བ་དང་ཚོགས་པ་ཀུན་སྟོབས་འབྱོར་རྒྱས་བས། སྡེ་བ་དང་ཚོགས་པ་སོ་སོས་རང་རང་གི་ས་ནས་མཛེས་མ་བདམས་ཏེ་གཙུན་མོའི་འགྲན་བསྡུར་ཞུགས་ཤིང་། འགྲན་བསྡུར་ལ་མགོ་བོ་འཁོར་ནས་ཐང་རྒྱལ་གྱི་དཔལ་འབྱོར་ཟད་ཅིང་དམག་དོན་ཉམས་ནས་སྐྱོ་གར་གྱི་ལོ་རྒྱུས་བྱུང་བ་བཞིན་རེད།
སྒེར་གྱི་སྤྱང་པོ་ཁག་གིས་མི་ཚང་ཡོད་ཚད་སྤྲུལ་སྐུར་བཟོ་བ་དང་། ཁག་ཅིག་གིས་རང་ཉིད་སྤྲུལ་སྐུ་བཟོ་བ། ཁག་གིས་ཚོགས་པ་བཙུགས་ནས་ཐུན་མོང་གི་ཁེ་ཕན་སླད་གཅིག་སྤྲུལ་བཟོ་བ་དང་། ཁག་ཅིག་གིས་བླ་མ་སོགས་རྔན་པ་སྤྲད་ནས་རང་གི་བུ་སྤྲུལ་སྐུར་བཟོ་རུ་བཅུག་པ་སོགས་ནི་མིག་མཐོང་ལག་ཟིན་རེད། ང་ལྟ་བུ་ཡིན་ཡང་། སྤྲུལ་སྐུའམ་བླ་མ་བྱེད་འདོད་ཡོད་ཚད་གནས་འདིར་བཟོས་ཆོག་ཆོག་རེད། མི་ཁག་གིས་ཀྱང་ང་ལ་བླ་མ་ལ་བསྟེན་གྱི་ཟེར་མཁན་བྱུང་མྱོང་། ཡིན་ཡང་། ངས་གནས་ཚུལ་དེ་ངོས་ལེན་བྱས་མེད། དེ་དུས་ངས་གསང་བ་ཞིག་རྟོགས་སོང་། སྤྲུལ་སྐུ་བཟོ་ཡ་ནི་ལས་སླ་བོ་ཞིག་རེད། སློབ་མ་ཁ་ཤས་ཤིག་བསྐོངས་ཤིང་ཆོས་ཁྲིད་བྱས་ཚེ། ཁོང་ཚོ་ལ་ཁྱེད་ནི་བླ་མ་རེད། ཁྱེད་ཀྱིས་གང་གསུངས་དེ་ལ་ཉན་གྱི་འདུག རྒྱུ་མཚན་ནི། ཁོ་ཚོར་ཆོས་ལུགས་ལ་རྒྱུས་མངའ་མེད་པ་མ་ཟད་ཁྱེད་ཀྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཅི་ཡང་མི་ཤེས་ཤིང་སྤྲུལ་སྐུའི་ལམ་ལུགས་ཀྱང་ཡག་པོ་མི་ཤེས་བས། ཁྱེད་ཀྱིས་གང་བཤད་པ་དེ་ལ་ཡིད་ཆེས་བྱེད་ཀྱི་འདུག་ཁར་རིན་པོ་ཆེ་དང་བླ་མ་ཟེར་ནས་ཚུལ་བོས་ཡོང་གི་འདུག གཞན་ལ་ངོ་སྤྲོད་ཀྱང་དེ་ལྟར་བྱས་ཡོང་གི་འདུག དེ་ལྟར་བྱས་ཚེ་ཧ་ཅང་གི་སྟབས་བདེ་རེད། ལྷག་པར་དུ་བོད་ནུབ་ཕྱོགས་ཀྱི་ཡུལ་སྐད་ཁག་ཅིག་ཏུ་གྲྭ་བ་དང་ཆོས་ཁྲིད་བྱེད་མཁན་ཀུན་ནི་རིན་པོ་ཆེ་རེད། ཁག་ཅིག་གིས་གྲྭ་བ་ལའང་བླ་མ་ཞེས་འབོད་ཀྱིན་འདུག ཁ་གཡར་སའང་མང་དུ་འདུག་ཁར། གཞན་གྱིས་རིན་པོ་ཆེས་འབོད་པ་དེ་ཡིན་མདོག་བྱས་ན་དེ་གའི་འགྲིག་འདུག དེ་དུས་གཞན་ཞིག་གིས་ཡང་སྲིད་ལ་ངོས་འཛིན་བྱས་བའི་སྤྲུལ་སྐུ་ཚོ་ཕྲག་དོག་ཟ་ནས་ཁྱེད་ཉིད་སྤྲུལ་རྫུན་རེད་གསུངས་སྲིད་ཀྱང་། ཁྱེད་ཀྱི་སློབ་མ་དང་གནས་དེ་ལ་ཁྱེད་ནི་རིན་པོ་ཆེ་རེད་ལ། སྤྲུལ་སྐུའང་རེད། དེ་བཞིན་བླ་མའང་རེད། མི་འདྲ་ས་ཞིག་ཡོད་པ་ནི་སྤྲུལ་སྐུ་རྣམས་ནི་ཡང་སྲིད་ལས་ཁུངས་ཀྱིས་ངོས་འཛིན་བྱས་བའི་སྤྲུལ་སྐུ་རེད། ཁྱེད་ནི་ཁྱེད་ཀྱི་སློབ་མས་ངོས་འཛིན་བྱས་བའི་སྤྲུལ་སྐུ་ཡིན་པས་བདེན་རྫུན་གྱི་རྒྱུ་མཚན་འདྲ་མཚུངས་ལས་གཞན་གྱི་སྒྲུབ་བྱེད་མེད། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདི་ལ་བཏང་འཛིན་ཞིག་བྱེད་མ་ཐུབ་ཚེ་འདིའི་རྐྱེན་བྱས་ནས་མ་འོངས་བར་བོད་རྒྱུད་སངས་ཆོས་ཀྱང་སངས་ཆོས་མ་ཡིན་པའི་སངས་ཆོས་དང་། བོད་མི་རིགས་འདི་རྩ་མེད་འགྲོ་བའི་ཉེར་ལེན་བྱེད་ངེས་རེད། དེ་ལྟར་གྱུར་ནས་རྒྱུན་རིང་པོ་ཕྱིན་པ་རྟོགས་རན་རེད།
དཔལ་ནྭ་ལེནྡྲ་ཡི་སློབ་དཔོན་ཕྱོགས་ཡབ་སྲས་ཚོས་སྐྱེ་བ་སྔ་ཕྱི་འདི་ཤིན་ཏུ་ལྐོག་གྱུར་དང་དེ་སྒྲུབ་བྱེད་གཏན་ཚིགས་རིག་པ་་ཚད་མ་རྣམ་འགྲེལ་སོགས་ཀྱི་ནང་དུ་གསུངས། སྤྲུལ་སྐུའི་ཡང་སྲིད་གསེར་འབུམ་ནང་ནས་ཐག་གཅོད་བྱེད་ཐུབ་པ་འདིས་སྐྱེ་བ་སྔ་ཕྱི་གསེར་འབུམ་ནང་དུ་ཐག་གཅོད་བྱེད་བཞིན་ཡོད་པ་རེད། སྐྱེ་བ་སྔ་ཕྱི་གསེར་འབུམ་ནང་དུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་ན་ཕྱོངས་གླང་ཆོས་གྲགས་ཚོས་ཚད་མ་རྣམ་འགྲེལ་སོགས་བསྟན་བཅོས་དུ་མ་བརྩམས་པའི་དགོས་པ་མ་མཆིས་ལ་སོ་སོར་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་བརྟེན་པའི་ཚུལ་གསུམ་རྟོག་གེ་རིགས་པ་གསུངས་པའི་དགོས་དོན་མེད་པའི་ཕྱིར། དེར་ཐལ། གསེར་འབུམ་ནང་ནས་ཐག་གཅོད་ཐུབ་པའི་ཕྱིར་རོ།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་འདི་དཔལ་ན་ལེནྡྲ་ཡི་ཆོས་རྒྱུད་དང་འགལ་ཡོད།
ནུབ་ཕྱོགས་ཀྱི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་ཚོའི་རྒྱུད་ལ་ཡ་རབས་བཟང་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཟེར་ནས་སྐད་རྒྱག་བཞིན་ཡོད། ཅིའི་ཕྱིར་དུ་རེད། ཇི་ལྟར་ཡ་རབས་བཟང་སྤྱོད་ཉམས་རྒུད་ཕྱིན་པ་རེད། ནུབ་ཕྱོགས་སུ་སྐྱེས་པའི་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་དེ་དག་ལ་བཟང་སྤྱོད་མེད་ན་བོད་དུ་སྐྱེས་ཤིང་བོད་དུ་འཚར་ལོངས་བྱུང་བའི་ཡིག་རྨོངས་དེ་དག་ལ་ཡ་རམས་བཟང་སྤྱོད་ཤིག་ཡོད་སྲིད་ཀྱི་རེད་པེ།་་ཧཧཧ
ནུབ་ཕྱོགས་སུ་སྐྱེས་ཤིང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་མང་ཤོས་ཤེས་ཡོན་ཅན་གྱི་མི་ཡིན་ལ་རྨོངས་དད་མེད་པའི་མི་ཡིན། ནུབ་ཕྱོགས་པའི་འདྲ་མཉམ་གྱི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐད་ཡོད་པའི་མྱི་ཡིན། ཉམ་ཆུང་ལ་གཉའ་གནོན་དང་མྱི་ཆེན་བླ་ཆེན་ལ་ངོ་དགའ་བྱེད་པའི་གོམས་གཤིས་མེད། དྲང་བདེན་གྱི་གཤིས་ཀ་ཡོད། དོན་དངོས་པོའི་ཐོག་ཏུ་ཡ་རབས་བཟང་སྤྱོད་ཅན་མི་ནི་གཞོན་སྐྱེས་ཤེས་ཡོན་ཅན་འདི་དག་ཡིན། ཡིན་ཀྱང་་་རྨོངས་དད་མེད་དུས་ཡ་རབས་བཟང་སྤྱོད་ཉམས་སོང་ཟེར་ནས་བསླབ་བྱ་རྒྱག་གི་འདུག
ཁ་ནས་ཡ་རབས་བཟང་སྤྱོད་བཤད་ནའང་དོན་དངོས་ཐོག་དབང་བསྒྱུར་བྱེད་ཐུབ་ཆེད་དུ་རྨོངས་དད་སློབ་གསོ་རྒྱག་གི་ཡོད། བོད་མི་སུ་ཡིན་ནའང་སྤྲུལ་སྐུའི་རྨོངས་དད་འོག་ཏུ་བཅུག་ཚར་དུས་མི་དེ་ལ་མཛུབ་མོ་ག་སྟོན་ཤར་རེད། ཤར་བསྐྱོད་བྱེད་ནས་འགྲོ་གི་རེད། ཆུ་ནང་དུ་འཆོངས་ཤོག་ལབ་ནའང་ཉན་གྱི་རེད། དེ་འདྲ་བྱུང་ན་སྒེར་གཅོད་པ་ཚོས་བསམ་དོན་གྲུབ་ཀྱང་བོད་མི་རིགས་ལ་མཚོན་ན་གྱོང་ཆེན་པོ་ཞིག་ཡིན།
ངས་མང་པོ་བཤད་ཡོད། སྤྲུལ་སྐུ་མང་བའི་ཡུལ་ལུང་ནང་དུ་དམངས་གཙོ་ལག་ལེན་ཡོང་ཁག་བ་དང་། ཁ་ཆེའི་ཆོས་ལུགས་ཀྱིས་བཟི་ནས་ཡོད་པའི་མི་རིགས་ཀྱིས་དམངས་གཙོ་ལག་ལེན་བསྟར་ཁག་པོ་ཡོད་པ་ནི་འཛམ་གླིང་གི་མཁས་དབང་མང་པོས་ཁ་གཅིག་གྲག་རེད།
དྲ་གྲོགས་ཅོ་རུ་ལགས། ཁྱེད་སྐུ་རྣམས་ཀྱི་སེམས་ངལ་དེ་ཁོ་བོས་མྱོང་ཐུབ་ཀྱིན་འདུག དེ་ལྟ་ནའང་བོད་ཕུངས་བྱེད་འདི་དང་དེའོ་ཞེས་ཚིག་ཐག་བཅད་ཡོང་དུས་ཐེ་ཚོམ་གྱི་བློ་ཞིག་འགོག་མེད་དུ་སླེབས་སོང་བས་ན། ཕུངས་བྱེད་ཀྱི་རྩ་བའི་རྩ་བ་དེ་དོན་ངོ་མ་ཅི་ཞིག་ཡིན་ནམ་བསམ་པ་ལྟར། ཅི་ཞིག་ལ་དད་པ་ཟེར་རམ་ཞེས་བའི་དྲི་བ་འདི་ཚོད་ཚོད་ལ་ཁ་ནས་ཤོར་སོང་བ་དེ་འདྲ་གང་ཡང་མིན། ཕུངས་བྱེད་དམ་འཇིག་བྱེད་ཀྱི་རྩ་བ་དེ་ངོས་ཟིན་ཐུབ་ཡོད་ཚེ། རྒྱུ་དང་རྐྱེན་འདི་དང་དེ་རང་ངོས་ནས་གང་ཐུབ་ཀྱིས་འགོག་པར་བྱའོ་སྙམ་ཡོད། འོན་ཀྱང་། ཁྱེད་སྐུ་རྣམས་པ་ཚོ་ལ་ཡང་དད་པ་ཟེར་བ་ནི་འདི་འདྲ་ཞིག་གོ དད་པ་དེ་འདྲ་ཞིག་ཡོད་པའི་རྐྱེན་གྱིས་ལས་དོན་འདི་འདྲ་རེ་ཡི་སྟེང་ནས་འཐུས་ཤོར་རམ་ཕུངས་ཚུལ་ཏན་ཏན་ཞིག་བརྗོད་་རྒྱུ་མེད་པ་འདྲ། དེར་བརྟེན། རེ་ཞིག་ཁོ་བོ་མུ་མཐུད་ནས་དྲི་བ་ལ་འཇུག་པ་ཙམ་ཡིན།
༡༽དྲ་གྲོགས་ཅོ་རུ་སྐུ་ཉིད་ཀྱིས”མཐའ་མེད་པའི་ཕུགས་བསམ་དེ་ཉིད་འགྲུབ་པའི་ཆེད་དུ་རང་གིས་འདོད་པའི་སྐྱབས་གནས་ཞིག་ལ་རེ་བ་དང་ཡིད་ཆེས་ཀྱི་བློ་རྩེ་གཅིག་ཏུ་གཏད་པ། དད་པའི་མཚན་ཉིད་བཞག་གི་ཡིན།” འདོད་པ་ལྟར། རེ་སྨོན་དང་སྐྱོ་གདུང་གིས་མནར་བའི་གང་ཟག་གང་ཡང་རུང་བ་ཞིག་ལ། རང་ཉིད་སྡུག་ངལ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་སོང་བ་ནང་ལྟར། ཁྱོད་དང་ངའི་བསྒྲུབས་དཀའ་བ་ན་བསྒྲུབས་ཕོད་མཁན་ཞིག་ལ་ཡིད་ཆེས་བློས་གཏོད་བྱེད་ཚུལ་འདི་རིགས། བོད་སྤྱི་བའི་འདས་དོན་དང་མདུན་ལམ་ཐད་འགལ་ཆ་ག་རེ་ཡོད་བ་རེད།
༢༽དེ་བཞིན་རྨོངས་དད་ཟེར་བ་འདི་ཁྱེད་སྐུ་རྣམས་ཀྱིས་གང་ཟག་སུ་ཡང་རུང་བ་ཞིག་སྒང་ལ་བཙན་གྱིས་སྦྱར་བ་འམ། ཡང་ན་གང་ཟག་གཞན་གིས་ངས་འདི་ལྟར་རྨོངས་དད་བྱེད་ཀྱིན་ཡོད་ལབ་ནས་ཁྱེད་སྐུ་རྣམས་ལ་མགོ་བཏགས་བ་རེད། གང་ལྟར་མདོར་དེད་ན་ཁྱེད་ཅག་གིས་བསམ་པའི་རྨོངས་དད་མཁན་ཚོ་དང་བོད་སྤྱི་བའི་རྩ་དོན་བར་ན་འགལ་རྐྱེན་ག་རེ་ཡོད་བ་རེད།
༣༽འདོད་པ་ལ་མཐའ་མེད་བ་ཡིན་ཙང་། དད་པ་བྱེད་དགོས་དོན་ཡང་མཐའ་ཡས་བ་ཞིག་ཡིན་ཚེ། དད་ལྡན་གངས་ཅན་པ་ཚོས་བོད་སྦྱི་བའི་མདུན་ལམ་ཐད་རེ་སྨོན་དང་གསོལ་འདེབས་བྱས་བ་གང་དེ། བོད་ཕུངས་རྐྱེན་ཅི་ལྟར་གྲུབ་སོང་བ་ཡིན་ནམ། མདོ་དོན་མ་འགྲིག་མ་འཐུས་བའི་རིགས་ཡོད་ན། དགོངས་བ་ཆེར་བསྐྱེད་ཡོང་བ་ཞུ་ཞུ།
དྲ་གྲོགས་ནག་ཐར་སྐྱིད་ལགས། ང་ཁྱོད་ཀྱི་བསམ་ཚུལ་དང་ལྟ་གྲུབ་ལ་རྒྱུས་མངའ་མེད། དེ་འདྲ་ཡིན་དུས་བསམ་ཚུལ་བརྗེ་རེའི་བྱེད་དུས་དཀའ་ལས་ཏོག་ཙམ་ཡོད་ངེས་རེད། ཁྱོད་ཀྱིས་དྲ་ཐོག་འདི་ལ་མཆན་བུ་ཞིག་བཏབ་པའི་རྗེས་སུ་ཁྱོད་ཀྱི་ལྟ་གྲུབ་ཤེས་ཆེད་དུ་ཁྱོད་ཀྱི་རྩོམ་ཡིག་གཉིས་བཀླགས་པ་ཡིན། ༡་་་ཟམ་གདོང་བླ་མ་ནི། བདེན་པའི་ཨ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ།ཞེས་འདི་དང་་༢་་བཟོད་སྒོམ་བྱེད་དགོས་དོན་ཅི་ཡིན་ནམ།ཞེས་པའི་རྩོམ་འདིར་བཀླགས་པ་ཡིན། རྩོམ་ཡིག་འདི་གཉིས་ལ་བལྟས་ན་ཆབ་སྲིད་དང་ཆོས་ལུགས། སྤྱི་ཚོགས་བལྟ་སྟངས་ཀྱི་ཐོག་ཏུ་ལྟ་གྲུབ་མི་མཐུན་པའི་དཀའ་ངལ་དེ་ཙམ་ཨེ་ཡོད་ན་བསམས་པ་བྱུང་།
སྤྱི་ཆ་ནས་དད་པ་དང་རྨོངས་དད་ཀྱིས་སྤྱི་ཚོགས་ནང་དུ་དཀའ་ངལ་གང་མང་བཟོས་པའི་ལོ་རྒྱུས་མང་པོ་ཟླ་ཤས་སྔོན་ནས་བློ་མཐུན་ཚོས་གསུངས་ཡོད་རེད། ཁྱོད་ཀྱིས་ཀྱང་བཀླགས་ཡོད་ཆ་ཡིན། མེད་ན་འདིར་ཀློག་ཙམ་བྱོས་་་http://www.khabdha.org/?p=59856&cpage=3 རྩོམ་འདི་འོག་ཏུ་མཆན་བུ་གལ་ཆེན་མང་པོ་ཡོད་རེད།
1་་་་ཁྱོད་ཀྱིས་་་་རེ་སྨོན་དང་སྐྱོ་གདུང་གིས་མནར་བའི་གང་ཟག་གང་ཡང་རུང་བ་ཞིག་ལ། རང་ཉིད་སྡུག་ངལ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་སོང་བ་ནང་ལྟར། ཁྱོད་དང་ངའི་བསྒྲུབས་དཀའ་བ་ན་བསྒྲུབས་ཕོད་མཁན་ཞིག་ལ་ཡིད་ཆེས་བློས་གཏོད་བྱེད་ཚུལ་འདི་རིགས། བོད་སྤྱི་བའི་འདས་དོན་དང་མདུན་ལམ་ཐད་འགལ་ཆ་ག་རེ་ཡོད་བ་རེད།ཅེས་དྲིས་འདུག
ལན་་་ཁྱོད་དང་ངའི་བསྒྲུབས་དཀའ་བ་ན་བསྒྲུབས་ཕོད་མཁན་ཞིག་ལ་ཡིད་ཆེས་བློས་གཏོད་བྱེད་ཚུལ་འདི་རིགས་ཟེར་འོང་དུས་བསྒྲུབ་ཐུབ་མཁན་དང་བསྒྲུབ་ཕོད་མཁན་དེ་སུ་རེད། རང་ཉིད་ཀྱི་འདོད་པའི་སྐྱབས་གནས་དེ་ཨེ་རེད། སྤྲུལ་སྐུ་གངས་ཅན་བླ་མར་་སྐྱབས་གནས་འདོད་མཁན་ཞིག་གིས་ངོས་ནས་རང་གི་ཕུགས་བསམ་རིང་པོ་དེ་ཁོང་ལ་རེ་བ་རྒྱག་ན་ནོར་བ་མིན་ནམ།
བོད་མི་རིགས་ཀྱི་ཕུགས་བསམ་འདི་སྐྱབས་གནས་སྤྲུལ་སྐུ་ཞིག་གིས་བསྒྲུབ་ཀྱིན་རེད་བསམས་ན་ནོར་བ་རེད། བོད་མི་རིགས་ཀྱི་དངོས་ཡོད་འཐབ་རྩོད་ཀྱི་ཕུགས་བསམ་འདི་རང་ཉིད་ཀྱིས་བསྒྲབ་དགོས་པ་ལས་སྐྱབས་གནས་དཀོན་མཆོག་གསུམ་གྱིས་མི་བསྒྲུབ་པར་ཤེས་དགོས།་
རྣམ་དཔྱོད་ཅན་་ཚ་བ་མདའ་སྨྱུག་ལགས་ཀྱིས་འདི་ལྟར་གསུངས་་་་་་་གོང་དུ་བཤད་ཚར་བ་བཞིན་ཆོས་ལུགས་ནི་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཡིན་ མོད། དངོས་ཡོད་ཀྱི་གནད་དོན་ཆོས་ལུགས་ཀྱིས་ཐག་གཅོད་བྱ་ཐབས་མེད། ཆོས་ལུགས་ནི་མིའི་ནུས་ཤུགས་མི་སླེབ་པའི་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་ཞིག་ མ་གཏོགས་མིའི་ནུས་ཤུགས་ཀྱི་ཚབས་བྱེད་དངོས་པོ་ཞིག་གཏན་ནས་མིན། ད་ལྟའི་བར་དུ་ང་ཚོས་ཁ་ཆོ་ལེས་ཚིག་ན་དཀོན་མཆོག་དང༌། འཕོང་ཤིག་གིས་ཟོས་ནའང་དཀོན་མཆོག་ཁོ་ནར་གསོལ་བ་འདེབས་པ་ལས། རང་གི་ཀླད་པ་དཀྲུག་དཀྲུག་དང༌། ལག་པ་འགུལ་སྐྱོད་གཏོང་མྱོང་མེད། རྣ་ལམ་ལ་མ་སོང་ན་འདས་པའི་མི་ལོ་སྟོང་ཕྲག་གི་རིང་འུ་ཚང་ལ་མཁས་པ་གནམ་གྱིས་ས་ བཀབ་པ་ལྟ་བུ་བྱོན་ནས་གསུང་རྩོམ་བྲག་རི་བརྩིག་བརྩིག་བྱས་ཡོད་ཀྱང༌། མི་ཆོས་རིང་ལུགས་ཀྱི་མཁས་པ་གཅིག་ཁོ་ན་དང༌། འཚོ་ཐབས་སྟོན་པའི་གླེགས་བམ་ཁེར་རུ་མ་ཞིག་བགྲང་རྒྱུ་མེད་པ་འདི་ཅི་ཞིག་གིས་མ་ ཉན་པ་རེད་བསམ་བློ་ཐོངས་ཤིག །ཅེས་གསུངས་འདུག
༢་་་་ཁྱོད་ཀྱིས་་་གང་ལྟར་མདོར་དེད་ན་ཁྱེད་ཅག་གིས་བསམ་པའི་རྨོངས་དད་མཁན་ཚོ་དང་བོད་སྤྱི་བའི་རྩ་དོན་བར་ན་འགལ་རྐྱེན་ག་རེ་ཡོད་བ་རེད།ཅེས་གསུངས་འདུག
ལན།་་་བོད་སྤྱི་པའི་རྩ་དོན་འཐབ་རྩོད་ཀྱི་ཐབས་ཇུས་བཟང་ཤོས་ཆིག་སྒྲིལ་འདི་གཅིག་ཡིན་པ་ལ་ངོས་འཛིན་བྱུང་། རྨོངས་དད་ཀྱིས་བོད་མི་རིགས་ཀྱི་ཆིག་སྒྲིལ་རྩ་ནས་གཏོར་བཞིན་ཡོད། དཔེར་ན། ཤུགས་ལྡན་བརྟེན་མཁན་དང་ཏ་ལའི་བླ་མའི་བར་གྱི་ཟླ་འགལ་འདི་ཡང་མཐར་དེད་ན་རྨོངས་དད་ལས་བྱུང་། ཤུགས་ལྡན་བརྟེན་མཁན་ཚོས་དོལ་རྒྱལ་ལྷ་རེད་བསམས་ནས་རྨོངས་དད་བྱས་པས་རྐྱེན་གྱིས་བློས་གཏོང་མི་ཐུབ་པ་དང་། ནང་ཁུལ་དུ་ཟླ་འགལ་ཆགས་སོང་བ་རེད། ཏ་ལའི་བླ་མ་ལ་རྨོངས་དད་ཡོད་མཁན་ཚོས་ངོས་ནས་ཤུགས་ལྡན་འདྲེ་རེད་བསམས་ནས་འཇིགས་སྐྲག་དང་དེར་བརྟེན་མཁན་ལ་ཁ་གཏད་བཅག་བསྡད་པ་འདི་དག་ཡོང་ཁུངས་ངོ་མ་རྨོངས་དད་རེད། འདི་དང་འདི་འདྲ་བའི་ནོར་འཁྲུལ་་བརྒྱ་ཕྲག་དང་སྟོང་ཕྲག་རྨོངས་དད་ཀྱིས་བསྐྲུན་ཡོད་ལ་མ་འོངས་པ་ལའང་བསྐྲུན་གྱི་རེད། བྱས་ཙང་བོད་མི་རིགས་གོ་རྟོགས་སད་དགོས་པ་གལ་ཆེན་ཆགས་ཡོད།
གསུམ་པ་ལ་ལན་མི་དགོས་པ་བྱོས། གོང་དུ་བཤད་ཚར་བ་དེ་དག་གིས་ལན་ཐད་ཡོད་ཆ་བྱེད་ཀྱི་ཡིན།
ང་ཚོ་བོད་མི་རིགས་འདི་ཨ་གསར་ལ་དགའ་ཞེན་ཆེ་བ་འམ་གཡམ་རྒྱུགས་བྱ་རྒྱུར་ཧ་ཅང་གི་དགའ་མཁན་ཞིག་ཡིན་པ་འདྲ། ལྷག་པར་དུ་གནད་དོན་གལ་ཆེན་ཞིག་གླེང་ཡོང་སྐབས་དོན་དངོས་རྒྱབ་བརྟེན་དུ་མ་བྱས་པར་འོལ་ཚོད་དང་། རྟོགས་འཆར་གྱི་ལམ་ནས་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་དེ་བས་དགའ། ཨ་ནུ་ཐང་གི་སྐད་ཆ་དེ་ཡང་སྔོན་མེད་ཀྱི་གསར་གཏོད་ལྟ་བུ་ཞིག་ཡིན་ལུགས་ལ་སྙོན་སྟེ་མི་ཉུང་བ་ཞིག་གིས་ངོ་བསྟོད་བྱེད་པ་ནི་ཅུང་མ་དཔྱད་པའི་རྟགས་རེད། དེ་གཅིག་ཡིན། ངས་བོད་ཕུང་བར་བྱེད་མཁན་དེ་སྤྲུལ་སྐུའི་ལམ་ལུགས་ལ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། དེ་བས་བོད་ཕོང་བར་བྱེད་མཁན་དེ་བོད་མི་རྣམས་རེད། ལམ་ལུགས་དེའི་ནང་སྡོད་མཁན་གྱི་བོད་མི་རྣམས་རེད། ལམ་ལུགས་དེར་སྐྱོན་ཡོད་ན་སྐྱོན་དེ་བཏོན་ནས་གདོང་ལེན་དང་། གསར་བརྗེ་བྱེད་དགོས་པ་རེད། འཛམ་གླིང་གི་སྔོན་མཐོན་རྒྱལ་ཁབ་ཚང་མས་ལམ་བུ་དེ་རྒྱུད་ནས་ཡོང་བ་ཤ་སྟག་རེད། དེས་ན། མདོར་ནས་བཤད་ན། བོད་མི་བྱིངས་ཀྱི་བློ་སྟོབས་དང་། ནུས་པ། རྣམ་དཔྱོད་ཀྱིས་མ་འདང་ཙང་ལམ་ལུགས་དེ་དར་བ་རེད། མདོར་ན། སྤུལ་སྐུའི་ལམ་ལུགས་གསོ་སྐྱོང་བྱེད་མཁན་བོད་མི་རེད་མ་གཏོགས་ལམ་ལུགས་དེ་རང་མ་རེད། དེ་ལྟ་བུའི་ལམ་ལུགས་གནས་མིན་དེ་ལམ་ལུགས་དེ་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་ཡོད་མིན་དེ་རེད། བོད་མི་ཚོས་ཁོར་ཡུག་དེ་བསྐྲུན་པ་རེད་ལ་བདག་གཅེས་ཀྱང་ངེས་ཅན་བྱས་པ་རེད། དེེས་ན། མཐར་གཏུགས་ན། ཐ་མའི་བབ་ས་དེ་བོད་མི་རིགས་བྱིངས་རེད་མ་གཏོགས་ལམ་ལུགས་མ་རེད་ཟེར་རྒྱུ་ཡིན། གཉིས་ནས། དེ་ལྟ་བུའི་ལམ་ལུགས་དེར་བོད་མི་ཚོས་གཙིགས་ཆེར་བརྩིས་ཙང་ཆབ་སྲིད་པ་དང་དབང་སྒྱུར་བས་དེའི་སྟོབས་ཤུགས་དེ་བེད་སྤྱོད་བྱས་པ་རེད། བེད་སྤྱོད་བྱས་པ་ནང་བཞིན་ནུས་པ་མཐོན་པ་རེད། དེ་ལྟ་བུའི་ནུས་པ་དེ་སྤྱི་ཆོགས་ནས་མཐོན་པ་རེད་མ་གཏོགས་ལམ་ལུགས་དེས་བསྐྲུན་པ་ཞིག་མ་རེད། དེ་ནི་དབང་སྒྱུར་དང་ཆབ་སྲིད་ཀྱི་སྐད་ཆའི་ཐོག་ནས་བལྟས་པའི་བཤད་སྟངས་ཤིག་རེད། དེ་ནས། དཔལ་འབྱོར་དང་ཁེ་ཕན་སྐོར་དེ་རེད། དེ་ཡང་དེང་སང་ཡང་སྤྲུལ་སྐུ་ཡིན་འང་འདྲ་དཀྲུག་སྐུ་ཡིནའང་འདྲ་གང་ལྟར་གྲ་མི་སྐྱ་མིན་མི་ཉུང་བ་ཞིག་གིས་སྤྲུལ་མིང་ཁྱེར་ནས་འདྲ་མིན་བྱེད་མཁན་ཡོད་པ་རེད། དེ་ནི་གཙོ་བོ་དཔལ་འབྱོར་བསྡུད་འགོད་ཀྱི་ཆེད་དུ་རེད། ད་ལྟའི་ཆར་སྤྲུལ་རིགས་དེ་དག་ནུབ་ཕྱོགས་དང་། བོད་པའི་སྤྱི་ཚོགས་ལས་བརྒལ་བའི་ཡུལ་ལུང་གཞན་དུ་དར་ཁྱབ་འགྲོ་བཞིན་ཡོད། དེས་ན། ཡུལ་ལུང་དེ་དག་ཏུ་ལམ་ལུགས་དེ་རིགས་རིམ་པས་དར་ཁྱབ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ལམ་ལུགས་དེ་མ་རེད། ལམ་ལུགས་དེར་བདག་པོ་རྒྱག་མཁན་རྣམས་རེད། ཕྱོགས་གཞན་ནས་ཅོ་རིས་་སྤྲུལ་སྐུའི་བཟོ་གྲ་་་ཞེས་པའི་སྐད་ཆ་ཞིག་ཀྱང་བཤད་སོང་། ༧ངའི་ངོས་ནས་བརྗོད་ན། རྒྱལ་བ་རིན་པོ་ཆེ་ནི་སྤྲུལ་སྐུ་མང་དྲག་འདུག་གསུངས་མཁན་ཐཽག་མ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། སྤྲུལ་སྐུའི་བཟོ་གྲ་ཡིན་ན། ལོ་རེར་སྤྲུལ་སྐུ་ཅི་ཙམ་བཟོ་གི་ཡོད་མིན་ཚོར་བ་རྗེས་འབྲང་མིན་པར་དོན་དངོས་སྤུངས་ནས་བཤད་ན་ཡག་པོ་འདུག དེ་མིན་རྒྱུ་མཚན་མེད་པར་ཁ་ཤུགས་ཆེན་པོས་བརྗོད་ཀྱང་ཆུའི་ནང་སྟུག་དྲི་བཏང་བ་དང་གཅིག་པ་རེད། དེ་ཙམ་ཡིན། མུ་མཐུད་ནས་ཕེབས་ཤོག ང་ཚོས་དོན་དངོས་གཞི་ལ་བཞག་ནས་བརྩོད་ཆོག་གི་རེད།
བོད་ཕུང་དོན་གཙོ་བོ་ནི་བོད་་མི་ཚོར་དེང་དུས་ཀྱི་ཤེས་ཡོན་མེད་པའི་རྐྱེན་གྱིས་འཛམ་གླིང་ཕྱི་ལ་སྒོ་རྒྱབ་ནི་བསྡད་ཙང་གོ་རྒྱ་མཐོང་རྒྱ་མེད་པའི་སྐྱོན་རེད་བསམ་གྱི་ཡོད། དེར་བརྟེན་༧གོང་ས་མཆོག་དང། སྲིད་སྐྱོང་་མཆོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་དེང་དུས་ཀྱི་ཤེས་ཡོན་མཐར་འཁྱོལ་བ་ཞིག་དགོས་གལ་དུ་གཟིགས་ནས་བཀའ་སློབ་ལམ་སྟོན་གནང་དང་གནང་བཞིན་པ་རེད།
གཡུ་ཐོགས་པས་ཡག་པོ་བཤད་སོང་། དུས་ཚོད་སོགས་ཀྱིས་རྐྱེན་ཚིག་དམ་རེར་བསམ་ཚུལ་ཞུ་རྒྱུ་ཡིན།
ཨ་ནུས། ༡ ཨུ་རི་སུ་དང་རྒྱ་ནག་གུང་ཁྲན་གྱིས་ཆོས་ལུགས་དུག་ཏུ་བརྩི་བ་ལས་དད་པ་དུག་ཏུ་བརྩིས་མེད། ཟེར། འོ་ན་དད་པ་ཆོས་མ་ཡིན་ནམ། རྟོགས་པའི་བསྟན་པའི་འགོ་གང་ནས་འཇོག་རྒྱུ་ཡིན་ནམ། བོད་ཀྱི་ཆོས་དངོས་དང་དད་པ་ངོ་ཤེས་པར་གྱིས།
ཅོ་རིས། ༢ དད་པའི་དོན་ལ་གཉིས་བཤད་འདུག་པ་ལས། རྨོངས་པ་ཅུང་ཙམ་ཡང་མ་འདྲེས་པའི་དད་པ་རྒྱུན་མཐའ་དང་སངས་རྒྱས་སར་འཇོག་དགོས་པ་ཡིན་ནམ། མིན་ན། དད་པ་དང་རྨོངས་དད་སོ་སོར་ཕྱེས་དོན་ཅི་ཡིན། གུང་ཁྲན་སོགས་གཞན་གྱིས་བོད་ཀྱི་དད་པ་རྨོངས་དད་རེད་ཟེར་བ་ལ། རྒྱུ་མཚན་གཉིས་ཡོད། གཅིག་ནི་ཁོང་རང་ཚོའི་རིག་གཞུང་དང་ལྟ་གྲུབ་ཀྱི་ངོས་ནས་ཚུར་བོད་ཀྱི་དད་པར་ལྟོས་ནས་བཤད་གི་ཡོད། གཉིས་བ་ནི། ཆབ་སྲིད་ཀྱི་དགོས་དབང་གིས་ཡིན་ཏེ། དཔེར་ན། སུ་ཏྲ་ལན་གྱིས་ཆོས་དུ་ནག་ལྟ་བུར་བཤད་པ་དང་མོའོ་ཡིས་དུག་ཏུ་བཤད་པ་བཞིན་རེད། དེས་ན་ཉིད་ཀྱིས་དད་པའི་ངོ་བོ་ནང་བའི་ལྟ་གྲུབ་ཀྱི་རྨང་གཞི་སྟེང་ནས་འཇོག་གི་ཡོད་དམ། ཡང་ན་གཞན་ཞིག་ཡིན་གསུངས་རོགས། ནང་བ་ལྟར་ན། འུ་ཅག་གི་དད་པ་ལ་རྨོངས་པའི་ཆ་ལོས་ཡོད། ས་བརྒྱད་པར་གནས་པའི་བྱང་ཆེན་པ་ཚོར་ཡང་རྨོངས་བ་ཡོད་པར་བཤད་ཡོད། རྨོངས་པ་ལ་ཕྲ་རགས་གཉིས་དང་། ཕྲ་བ་ལ་ཕྲ་ཙམ་དང་ཤིན་དུ་ཕྲ་མོར་ཕྱེས་ཏེ་བཤད་ཡོད། དག་སར་རྨོངས་པ་ཤིན་ཏུ་ཕྲ་མོ་ཡོད་ན་དེས་དད་པ་མི་སྒྲིབ་པའི་རྒྱུ་མཚན་གང་ཡང་མེད།
དེ་ཚོས་གཡུགས་ཤོག
༣ སྤྱི་ཡོངས་ལ། སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོས་པ་ཡིན་ན་འུ་ཅག་ལ་འདབ་ཤོགས་གཉིས་ལྡན་ངང་གིས་འགྲུབ་རྒྱུ་ཨེ་ཡིན། འུ་ཅག་ལ་དེང་རབས་ཀྱི་ལག་རྩལ་ལྷ་བབས་པ་ལྟར་འབྱོར་རྒྱུ་ཨེ་རེད། འུ་ཅག་ལ་རང་དབང་འབད་མེད་དུ་ཐོབ་ངེས་པ་ཡིན་ནམ། ཡིན་ན་ནི་དུས་རབས་སྔོན་མའི་ལོ་བརྒྱད་བཅུའི་ནང་ནས་ད་ལྟ་བར་དུ་འབབ་དགོས་པ་ལ་བབས་མ་སོང་ང་། གཅིག་བྱས་ན་བདེན་སྲིད་མོད། སྟོང་བཤད་ཙམ་ལས་བརྒལ་འདོད་ཚེ་སྤྲུལ་སྐུའི་ལམ་ལུགས་དང་དོ་མཉམ་པའི་ལུགས་གསར་ཞིག་གི་གཞི་གདིངས་དང་དེ་ནས་བདེན་པ་མངོན་དུ་འགྱུར་སྲིད།
༤ ཡ་མཚར་བ་ཞིག་ལ། སྤྲུལ་སྐུ་ག་གེ་མོའི་སྤྱོད་པར་བསྙེད་དེ་ལམ་ལུགས་དེ་བསྒྱུར་དགོས་རབས་བཤད་པ་དེ་རེད། དེ་ལྟ་ན་མང་གཙོའི་ལུང་བའི་མི་ཁ་ཤས་ཀྱི་སྤྱོད་པའི་ཆ་ནས་མང་གཙོའི་ངོ་བོ་བསྒྱུར་དགོས་ཟེར་རྒྱུ་ཡིན་ནམ། བསྒྱུར་ཀྱང་འགྲིག་ལ་མ་བསྒྱུར་ནའང་ཆོག་གི གལ་ཏེ་མེད་པ་བཟོ་དགོས་པ་ལྟར་ན། དེ་མེད་པར་བཟོས། དེ་ནས་ལྷ་སོགས་དང་དེ་དག་ལ་དད་པ་མེད་པར་བཟོ། དེ་ནས་གསུང་རབ་ཡོད་ཚད་མེད་པར་བཟོ། དེ་དང་ཆབས་ཅིག་སྔོན་སྲོལ་གོམས་གཤིས་ཚང་མ་མེད་པར་བཟོ། མཐའ་མ་ཁ་སྟོང་བའི་སྒང་ལ་ལག་པའང་སྟོང་བར་འགྱུར་ངེས་ཡིན་པས་དེ་དགོས་པ་རེད་དམ། ཚང་མ་མེད་པར་བཟོས་པའི་ཤུལ་དུ་འུ་ཅག་མིག་བཙུམ་གཅིག་གི་ཡུན་ལ་སའི་གོ་ལ་དང་ཟླ་བ་སྐར་མའི་གོ་ལ་བརྒལ་ཐུབ་གི་རེད་བསམ་གི གལ་ཏེ་བརྒལ་བའི་དབང་དུ་ཐོངས་དང་། ཁྱོད་ཀྱི་ཁོར་ཡུག་འགྱིག་གིས་གྲུབ་པ་ཤ་སྟག་ཏུ་ངེས་པར་འགྱུར་བ་ལས་འོས་མེད་པས་དེ་དགོས་པ་རེད་དམ། དུས་ཚོད་ཀྱི་དབང་གིས་མཚམས་འཇོག འགལ་ཆ་མཆིས་ན་དགོངས་དག
ང་ཚོའི་སྤྱི་ཚོགས་འདིར་སྤྲུལ་སྐུའི་ལམ་སྲོལ་དེ་ལ་དགའ་ནའང་འདྲ་མ་དགའ་ནའང་འདྲ་ང་ཚོའི་བརྒྱུན་མཐུད་ནས་འགྲོ་ལ་བ་ལས་འགོག་ཐབས་རྩ་བ་ནས་མེད། ང་ཚོའི་སྤྱི་ཚོགས་འདི་རྨོངས་ཞེན་ཅན་ཚོའི་དབང་གཙོ་འཛིན་པའི་ཁོར་ཡུག་ཉག་ཅིག་ལ་སོང་། ང་དང་ཁྱོད་ལྟ་བུས་དེང་རབ་དང་འདས་རབ་འབྱུང་རབ་སོགས་ཀྱི་རྐང་རྗེས་རབ་རིབ་ལ་བལྟས་ནས་འགྱུར་བ་ཧ་ལམ་གཏོང་མི་ཐུབ། སྤྲུལ་སྐུའི་ལམ་ལུགས་འདིའི་གོད་ཆགས་ནི་ང་ཚོ་བོད་པའི་ཆབ་སྲིད་ཀྱི་གོད་ཆགས་ཙམ་མིན་པ་ཉེན་ཁ་ཆེ་ཤོས་དེ་བོད་བརྒྱུད་ནང་བསྟན་སྟེང་གྲུབ། དེང་འཛམ་གླིང་གང་སར་བོད་པའི་ནང་ཆོས་འདི་ས་ཁྱབ་རྡོ་ཁྱབ་ཕྱིན་ནས་ནང་ཆོས་ཀྱི་བྲོ་བ་མངར་མིན་སྐྱུར་མིན་ཁ་བའི་མཚམས་འདིར་བླ་མིན་སྤྲུལ་མིན་གྱི་དྲི་མ་ངན་པ་དེ་དེ་བས་མང་བ་ཁྱབ་ནས་བག་ཆགས་ངན་པས་གོས་པའི་ཆོས་ལུགས་ཤིག་ཏུ་བལྟ་སྟངས་འཛིན་མཁན་ཉུང་ཉུང་མིན། ད་ང་ཚོའི་ཆོས་ལུགས་འདིའི་གོད་ཆགས་ལ་བསམ་ནས་སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཀྲོལ་ཟེར་བའི་དཔེ་ལྟར། མངོན་ཤེས་ལ་ཐོག་པ་མེད་པ་བྱིན་རླབས་ཀྱི་ཆར་སྤྲིན་ཐིབ་པའི་མཐུ་སྟོབས་ལ་མངའ་བརྙེས་པ་རྣམས་སོ། གང་གི་ཕྱིར་ན་རིན་པོ་ཁྱེད་རྣམས་ཀྱིས་བྱིས་པ་འདི་འདྲ་ཞིག་སྐྱེས་བུ་དམ་པ་འདི་འདྲ་ཞིག་ཡང་ནས་སྲིད་འདིར་ཕེབས་པ་ཐག་གཅོད་པའི་གདེངས་དེ་ཙམ་ཡོད་ན། ད་ཆ་བླ་མིན་སྤྲུལ་མིན་གྱི་བྱེད་བབས་འདི་ལ་ཐག་ཆོད་པའི་བཀའ་རྩ་ཞིག་ངེས་པར་དགོས་ཅེས་རིན་པོ་ཆེ་ག་ལ་བ་དེར་ཞུས་པ་དང་ཁོང་ནས་འོ་ཡ་ངས་བསམ་བློ་གཏོང་ཟེར་བ་དང་གུས་པ་གཉིད་ལས་བསད། སང་ནམ་ལང་མ་ལང་སྐུ་ངོ་ཅིག་ཅིག་མ་ཡི་བུ་ཁྲི་བ་ཡེ་ཡེ་མ་ཞིག་གི་ཡང་སྲིད་དུ་ངོས་འཛིན་འདུག་ཟེར། ཧ་ཁ་ལམ་ལུགས་འདིས་?????
གྲོགས་ཨ་ནུས་གླེང་བརྗོད་ཡག་པོ་བྲིས་ཤག་འདི་ལ་ངེས་པར་དུ་གླེང་སློང་དགོས་པ་རེད་བསམ། བོད་བླ་མའི་ཆོས་ལུགས་ཟེར་བ་ཡུལ་ཆུང་རེ་ལ་དགོན་ཆུང་རེ་་་་་དགོན་ཆུང་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ། ཆོས་ལུགས་རེ་ལ་ཆ་ལུགས་རེ། ཟེར་བའི་གཏམ་དཔེ་དེ་བོད་ལ་བྱུ་བ་རེད། གཏམ་དཔེ་འདི་ལྟར་འབྱུང་དགོས་པའང་དད་པ་དང་སྤྲུལ་སྐུ་ཟེར་བ་ལས་བྱུང་བ་རེད། རྒའཡ་དམག་ཧོར་དམག་གོར་དམག་བོད་དུ་བསུས་ནས་རང་མི་དམར་གསོད་བཏང་བའང་དེ་གཉིས་ལས་བྱུང་བ་རེད།
སྤྲུལ་སྐུའི་ལམ་ལུགས་འདིས་བོད་སྤྱི་ཚོགས་ལ་ཤུགས་རྐྱེན་དེ་ཙམ་ཐོན་གི་མེད་པ་རྒྱས་བཤད་ཀྱི་ངལ་བ་བསྟེན་མི་དགོས་པར་སེམས། སྲིད་ཀྱི་དབང་ཆ་ནི་སུ་ཡིས་བཟུང་ཡང་མི་དམངས་ཀྱི་དཀའ་ངལ་སེལ་ཐུབ་མཁན་ཞིན་ཡིན་ལོས་དགོས། དཔེར་ན། ཟམ་གདོང་བླ་མ་ལྟ་བུ་རེད། ཁོང་གི་སྐབས་ལ་གཞུང་གི་འགྲོ་གྲོན་སྟངས་འཛིན་དང་བོད་རྒྱ་ཞི་མོལ་ཐེངས་ཁ་ཤས་བྱུང་བ། ཤེས་ཡོན་སྲིད་བྱུས་གསར་དུ་གཏན་འབེབ་ཀྱིས་སློབ་གྲ་ཟུར་འཛུགས་བྱས་པ་དེས་ལོ་ན་ཆུང་ཞིང་རྒྱ་གར་ནས་འཚར་ལོངས་བྱུངས་པའི་སློབ་མ་ཚོས་རྩོམ་ཡིག་འབྲི་འགོ་བཙུགས་ཡོད་ལྟ་བུ་རེད། ཁོང་ལྟ་བུ་ནི་སྤྲུལ་སྐུ་ཡིན་ཡང་ལྷག་བསམ་ཤེས་ཡོན་མཐོང་རྒྱ་དྲང་ཚུགས་གང་གི་ཆ་ནས་གཞན་དང་བསྡུར་ཐབས་མེད། དེ་ནས་བློ་སེང་གིས་རྒྱ་གར་གཞིས་ཆགས་པའི་མི་ཡི་ཁམས་དང་མོས་པར་བསྟུན་ནས་རང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གཡོ་ཇུས་འཁྲབ་པ་རེད། སྤྱིར་རང་བཙན་ཡོད་པའི་རྒྱལ་ཁབ་ནང་དེ་ལྟར་འཁྲབ་སྟོན་བྱས་ན་འོས་རུང་བོད་གཞིས་བྱེས་གཉིས་ཀའི་ད་ལྟའི་གནས་སྟངས་ལ་བསམ་བློ་མ་བཏང་ནས་རང་གི་ཁེ་གྲགས་གཅིག་པོ་དོན་དུ་གཉེར་བ་འདི་ནི་མི་བསམ་ཤེས་དང་གཞུང་དང་མི་དམངས་ཀྱི་ཆེད་དུ་བསམ་པ་རྣམ་དག་གིས་ལས་ཀ་བྱེད་མཁན་ཞིག་གི་བྱེད་སྟངས་མིན། དེང་སང་ཉེན་ཁ་ཆེ་ཤོས་དེ་སྤྲུལ་སྐུ་གཅིག་པོ་མ་ཡིན་པར་གཞུང་གི་དབང་འཛིན་པའི་བསམ་བློ་དང་ཤེས་ཡོན་གནས་ཚད་ཀྱིས་རང་གི་འཇོན་ཐང་དང་ལས་འགན་ལ་གཞོགས་བྱེད་མ་ཐུབ་པས་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་གི་མེད་པ་དང་ཁྲིམས་ལ་འགྲེལ་བཤད་བརྒྱབ་ནས་རང་གི་དབང་ཆ་བེད་སྤྱོད་གཏོང་བ་སོགས་བཤད་ན་ཚར་རྒྱུ་མེད།
ཡང་གཅིག་བཤད་ན ཡང་སྲིད་གསེར་བུམ་ནང་ནས་རྙེད་མིན་དང་སྤྲུལ་སྐུ་སངས་རྒྱས་ཡིན་མིན་ད་ལྟའི་གནས་བབ་འདིར་གླེང་ཤུགས་དྲག་པོའི་ངལ་བ་བསྟེན་དགོས་པར་མ་མཐོང་། གཙོ་བོ་གཞུང་གི་དབང་འཛིན་མཐོ་རིམ་མི་སྣ་དང་གཞུང་ཞབས་ལས་བྱེད་ཀྱི་སྤུས་ཚད་ཡར་རྒྱས་གཏོང་དགོས་པ་དེ་རེད།
གཡུ་ཐོག་རྒྱལ་པོ་ལགས།
རེད་་་་ངས་སྤྲུལ་སྐུའི་བཟོ་གྲྭ་ཆེ་ཤོས་གཉིས་བཤད་ཡོད། སྤྱི་ཚོགས་ཡོངས་གྲགས་ལ་བརྟེན་ནས་བཤད་པ་མ་གཏོགས་སྐུ་སྒེར་གྱིས་ལོ་རེ་ནང་དུ་སྤྲུལ་སྐུ་ག་ཚོད་བཟོ་བཞིན་ཡོད་མེད་གྲངས་ཀ་ཤེས་ཀྱི་མེད། ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེན་སྤྲུལ་སྐུ་མང་པོ་མི་དགོས་གསུངས་མཁན་ཐོག་མ་ཡིན་པ་ལ་ངོས་འཛིན་གནང་གི་ཡོད་པ་ལྟར་ངས་ཀྱང་༧རྒྱལ་བ་རིན་པོ་ཆེན་གྲྭ་པ་མང་པོ་མི་དགོས་ཟེར་མཁན་ཐོག་མ་རེད་བསམས་ཀྱི་ཡོད།
༧རྒྱལ་བ་རིན་པོ་ཆེན་ཁོང་རང་རང་གིས་གསུངས་ཚ་པོ་ཐོས་མྱངས་བ་ནི་གྲྭ་མང་པོ་མི་དགོས། ཡོད་པ་དེ་སྤུས་དག་པོ་དགོས། གྲྭ་པ་སྤུས་དག་པོ་བཞི་བྱུང་ན་དེས་འགྲིག་ཅེས་གསུངས་པར་གོ་མྱངས་ཡོད། ཡིན་ཀྱང་་་འཇིག་རྟེན་གྱི་གཏམ་དཔེར། ཅི་བཤད་མ་བལྟ། ཅི་ལས་ལྟོས། བཤད་པ་མི་བདེན། སྤྱོད་པར་ལྟོས་ཟེར་བ་ལྟར་༧རྒྱལ་བ་རིན་པོ་ཆེན་གྱིས་གྲྭ་པ་མང་པོ་མི་དགོས་གསུངས་ཀྱིན་གསུངས་ཀྱིན་་་དགེ་ཚུལ་སློང་གི་སྡོམ་པ་མང་ཤོས་གནང་མཁན་ཁོ་རང་རེད། མི་མང་པོ་དགེ་ཚུལ་དང་དགེ་སློང་བཟོ་མཁན་ཁོང་རང་རེད། སྤྲུལ་སྐུའི་གནད་དོན་ཐོག་ཏུ་ཡང་སྤྲུལ་སྐུ་མང་པོ་མི་དགོས་གསུངས་ཀྱིན་གསུངས་ཀྱིན་མང་ཤོས་བཟོ་མཁན་ཁོང་རང་མི་འགྲོ་བསམས་ཀྱི་འདུག
ཁྱོད་ཀྱིས་དངོས་ཡོད་གཞིར་བཞག་ནས་རྩོད་ཆོག་གི་རེད་གསུངས་པར་དགའ་པོ་བྱུང་། ཁྱོད་ཀྱིས་ངོས་ནས་བྱས་ན་སྐུ་སྒེར་གྱིས་ད་ལྟའི་བར་དུ་སྤྲུལ་སྐུ་ག་ཚོད་བཟོས་ཡོད་མེད་དང་ལོ་རེ་ལ་ག་ཚོད་བཟོ་ཡི་ཡོད་མེད་གྲངས་ཀ་ཤེས་ན་གསུང་རོགས་བྱོས། དེ་མིན་རྒྱུ་མཚན་མེད་པར་ཁ་ཤུགས་ཆེན་པོས་བརྗོད་ཀྱང་ཆུའི་ནང་སྟུག་དྲི་བཏང་བ་དང་གཅིག་པ་མིན་འགྲོ་་་་ཧཧཧ
དོན་འགྲུབ་ལགས།
༼ཨ་ནུས། ༡ ཨུ་རི་སུ་དང་རྒྱ་ནག་གུང་ཁྲན་གྱིས་ཆོས་ལུགས་དུག་ཏུ་བརྩི་བ་ལས་དད་པ་དུག་ཏུ་བརྩིས་མེད། ཟེར། འོ་ན་དད་པ་ཆོས་མ་ཡིན་ནམ། རྟོགས་པའི་བསྟན་པའི་འགོ་གང་ནས་འཇོག་རྒྱུ་ཡིན་ནམ། བོད་ཀྱི་ཆོས་དངོས་དང་དད་པ་ངོ་ཤེས་པར་གྱིས།༽ དད་པ་ནི་ཆོས་མིན་ཞིང་དེ་ལྟར་མིན་པ་བོད་ཀྱི་བརྡ་དག་ཤེས་མཁན་ཞིག་ལ་རྩོད་དགོས་མེད་པ་ཚད་མས་གྲུབ་པས། བཏང་སྙོམས་སུ་འཇོག་རྒྱུ་ལས་ཅི་ཡང་མི་འདུག དེ་ནི་ཆེད་མངགས་ཀྱིས་རྙོག་དྲ་བཟོས་བ་མིན་ན་རྒྱུ་མཚན་གཞན་མ་མཐོོང་བས་ཡིན།
དྲོ་གྲོགས་ཅོ་རི་དང་བན་དེ་གཉིས་ཀྱིས་དགོངས་ཚུལ་གསུངས་བ་ཡག་བྱུང་།
དོན་འགྲུབ་ལགས།
ཁྱོད་ཀྱིས་་་་༤ ཡ་མཚར་བ་ཞིག་ལ། སྤྲུལ་སྐུ་ག་གེ་མོའི་སྤྱོད་པར་བསྙེད་དེ་ལམ་ལུགས་དེ་བསྒྱུར་དགོས་རབས་བཤད་པ་དེ་རེད། དེ་ལྟ་ན་མང་གཙོའི་ལུང་བའི་མི་ཁ་ཤས་ཀྱི་སྤྱོད་པའི་ཆ་ནས་མང་གཙོའི་ངོ་བོ་བསྒྱུར་དགོས་ཟེར་རྒྱུ་ཡིན་ནམ། བསྒྱུར་ཀྱང་འགྲིག་ལ་མ་བསྒྱུར་ནའང་ཆོག་གི གལ་ཏེ་མེད་པ་བཟོ་དགོས་པ་ལྟར་ན། དེ་མེད་པར་བཟོས། དེ་ནས་ལྷ་སོགས་དང་དེ་དག་ལ་དད་པ་མེད་པར་བཟོ། དེ་ནས་གསུང་རབ་ཡོད་ཚད་མེད་པར་བཟོ། དེ་དང་ཆབས་ཅིག་སྔོན་སྲོལ་གོམས་གཤིས་ཚང་མ་མེད་པར་བཟོ། མཐའ་མ་ཁ་སྟོང་བའི་སྒང་ལ་ལག་པའང་སྟོང་བར་འགྱུར་ངེས་ཡིན་པས་དེ་དགོས་པ་རེད་དམ།ཞེས་གསུངས་འདུག
འདི་ལན་ཞིག་རྒྱབ་དགོས་པར་འདོད། སྤྲུལ་སྐུ་ག་གེ་མོའི་སྤྱོད་པར་བསྙེད་དེ་ལམ་ལུགས་དེ་བསྒྱུར་དགོས་རབས་བཤད་པ་མིན། ལྷག་པ་ཏུ་ཉམ་ཆུང་སྤྲུལ་ཆུང་ཚོས་ལྟོ་གོས་ཀྱི་ཆེད་དུ་སྤྱོད་ངན་བྱས་པའི་རྒྱུ་མཚན་གྱིས་སྤྲུལ་སྐུའི་ལམ་ལུགས་མི་དགོས་བཤད་པ་མིན། སྤྲུལ་ཆུང་ཚོས་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་དེ་ཙམ་གནོད་པ་མི་འདུག
སྤྲུལ་སྐུ་ཆེན་པོ་དེ་དག་གི་བྱ་སྤྱོད་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་མི་དགོས་ལབ་ཀྱི་ཡོད། བོད་རྒྱལ་ཁབ་དང་བོད་མི་རིགས་མགོ་སྐོར་གཏོང་ཐུབ་མཁན་གྱི་སྤྲུལ་སྐུ་ཆེན་པོ་དེ་དག་གི་བྱས་འབྲས་ལ་བལྟས་ནས་མི་དགོས་ལབ་ཀྱི་ཡོད་་་་གསལ་བཤད་གཅིག
སྤྱིའི་ཆ་ནས་འགྲོ་བ་མི་ཞིག་ཡིན་ནས་བཟུང་ཡུལ་ཞིག་ལ་དད་པ་བྱ་ངེས་པས་ཇི་སྲིད་འགྲོ་བ་མིའི་རིགས་གནས་པ་དེ་སྲིད་དད་པ་གནས་ངེས་རེད། དད་པ་ཟེར་བ་འདིར་དགག་པ་རྒྱག་ནས་མེད་པར་གཏོང་ཐུབ་པའི་དངོས་པོ་ཞིག་རྩ་བ་ནས་མ་རེད་འདོད། ངས་ནི་རང་གི་རྒྱུད་ཀྱི་དད་པ་འདི་ཡང་མེད་པ་བཟོ་མི་ནུས་པས་གཞན་གྱི་དད་པ་མེད་པ་བཟོ་ག་ལ་ཐུབ། དད་མོས་ནི་རང་དབང་རེད། ཁྲིམས་ལུགས་ཀྱི་ཐོག་ནས་ཀྱང་དད་མོས་རང་དབང་རེད། ཡིན་ཀྱང་མི་དམངས་གོ་རྟོགས་སད་ན་རྨོངས་དད་ཀྱིས་མགོ་སྐོར་འོག་ཏུ་འགྲོ་མི་དགོས་པ་ཞིག་ཡོང་ཐུབ་ངེས་རེད་འདོད། ལྷག་པ་ཏུ་སྤྲུལ་སྐུ་ཚོས་མི་དམངས་མགོ་སྐོར་གཏོང་མི་ཐུབ་པ་ཞིག་བྱུང་ན་དེས་འགྲིག་་ཧཧཧ
མདོ་ལས་་་་་དད་པ་མེད་པའི་མི་རྣམས་ལ།།དཀར་པོསའི་ཆོས་རྣམས་མི་འབྱུང་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།སྨྱུ་གུ་སྔོན་མོ་ཇི་བཞིན་ནོ།། གསུངས་པ་ཙམ་ཡང་ཡིད་ལ་འཁོར་མ་མྱོང་། རྣ་བས་ཐོས་མ་མྱོང་བར་་་་ཏང་ཡན་པ་མའོ་དང་ཆོས་མེད་སྨྲ་བ་གྲྭ་ལོག་ཞོགས་དུང་ལ་རྗེས་ཟློས་ཙམ་རེད། དེས་གང་མཚོན་ན་བསོ་ཟད་ཨ་ནུས་ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། སྤྲུལ་སྐུ་མེད། ཆོས་མེད། ཕ་མ་མེད། དགོས་རྒྱུ་དེ་སྒོར་དང་ཆགས་སྡང་རྨོངས་པ་དགོས་ཟེར་བ་ཙམ་རེད་འདུག
དད་པའི་ནང་ན་ཆོས་ཡིན་པ་དང་མིན་པ་གཉིས་ཀ་ཡོད། དད་ཡུལ་ཡག་པོ་ཡིན་པ་དགེ་བ་ཡིན། དད་ཡུལ་ཡག་པོ་མིན་ན་སྡིག་པ་ཡིན།
སྤྲུལ་སྐུ་ཡིས་མི་དམངས་དབང་སྒྱུར་ལམ་ལུགས་འདིར་ཡིད་མ་རང་ཚེ་སྤྲུལ་སྐུ་རྩ་མེད་བཟོ་རྒྱུར་འབོད་མི་དགོས། དེ་ལས་སྟོབས་བདེ་བ་དང་ཚང་མའི་རྣ་ལ་འགྲོ་བའི་ཐབ་ལམ་ཡག་ཤོས་ནི་གྲྭ་པ་དང་ཇོ་མོ་ཡོད་ཚོད་སྤྲུལ་སྐུ་བཟོ་རྒྱུ་དེ་རེད། ཧཧཧཧཧཧཧཧ
གཡུ་ཐོག་རྒྱལ་པོ་ལགས།
ཁྱོད་ཀྱིས་་ང་ཚོ་བོད་མི་རིགས་འདི་ཨ་གསར་ལ་དགའ་ཞེན་ཆེ་བ་འམ་གཡམ་རྒྱུགས་བྱ་རྒྱུར་ཧ་ཅང་གི་དགའ་མཁན་ཞིག་ཡིན་པ་འདྲ། ལྷག་པར་དུ་གནད་དོན་གལ་ཆེན་ཞིག་གླེང་ཡོང་སྐབས་དོན་དངོས་རྒྱབ་བརྟེན་དུ་མ་བྱས་པར་འོལ་ཚོད་དང་། རྟོགས་འཆར་གྱི་ལམ་ནས་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་དེ་བས་དགའ། ཨ་ནུ་ཐང་གི་སྐད་ཆ་དེ་ཡང་སྔོན་མེད་ཀྱི་གསར་གཏོད་ལྟ་བུ་ཞིག་ཡིན་ལུགས་ལ་སྙོན་སྟེ་མི་ཉུང་བ་ཞིག་གིས་ངོ་བསྟོད་བྱེད་པ་ནི་ཅུང་མ་དཔྱད་པའི་རྟགས་རེད། དེ་གཅིག་ཡིན།་་་་ཞེས་བཤད་འདུག
བློ་མཐུན་ཨ་ནུ་ལགས་ཀྱིས་འདི་ལ་ལན་རྒྱག་ན་བསམས་ནས་བཞག་ཀྱང་ཁོང་གིས་ལན་རྒྱག་བརྩིས་མེད་པར་འདྲ། དེར་བརྟེན་ངས་ཁྱོད་ལ་ལན་རྒྱབ་ཀྱི་ཡིན། ཁྱོད་ཀྱིས་་་་རྟོགས་འཆར་གྱི་ལམ་ནས་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་དེ་བས་དགའ། ཞེས་བཤད་འདུག ངས་བལྟས་ན་རྟོགས་འཆར་ཡིན་གྱི་མ་རེད་་་རྟོག་འཆར་ཡིན་མདོག་མདོག་ཡིན་གྱི་རེད་འདོད། རྟོགས་འཆར་ཟེར་ན་གོ་དོན་མེད། སྒྲ་བསྡུ་སྐྱོན་ཡོད། རྟོགས་དང་འཆར་གཉིས་བློ་ལ་སྦྱར་ན་དོན་གཅིག་ཡིན། བློས་རྟོགས་པ་དང་བློ་ལ་འཆར་བ་གཉིས་དོན་གཅིག་རེད།
རྟོག་འཆར་ཟེར་བ་འདི་་་རྟོག་པའི་ངོས་སུ་འཆར་བ་ཞིག་ལ་གོ་ཆོག རྟོག་པ་ཟེར་འདི་སྒྲ་དོན་རུང་དུ་འཛིན་པའི་ཞེན་རིག་ཞིག་ལ་ཟེར་གྱི་རེད། རྟོག་འཆར་གྱི་ལམ་ནས་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་པ་ནི་རྣམ་མཁྱེན་མ་ཐོབ་པའི་གང་ཟག་ཡོངས་རྫོགས་གཅིག་པ་ཡིན།
རྣམ་མཁྱེན་མེད་པའི་གང་ཟག་ལ་སྤྱི་ཚོགས་ཀྱི་གནད་དོན་ཕྲ་བ་རྟོགས་པའི་བློ་ནི་རྗེས་དཔག་ཚད་མ་ཡིན། རྗེས་དཔག་ཚད་མ་ནི་རྟོག་པ་རེད། རྗེས་པ་ཚད་མའི་ངོས་སུ་འཆར་བ་ལ་རྟོག་འཆར་ཟེར་གྱི་རེད། ཨ་ནུ་ལགས་ཀྱིས་རྗེས་དཔག་ཚད་མའི་ངོས་སུ་སྤྱི་ཚོགས་ཀྱི་གནད་དོན་འཆར་ནས་བཤད་པ་ནི་སླུ་བ་མེད་པ་ཡིན། ཚད་མས་རྟོགས་ནས་བཤད་པ་ཡིན་པས་རྟོག་འཆར་བཤད་ན་ཁྱོད་ཀྱིས་མི་འགྲིག་མདོག་མདོག་བཤད་པ་ནི་ཁྱོད་རང་གི་ཤེས་ཚོད་ཀྱི་རང་མདོག་སྟོན་པ་རེད།་་་་ཧཧཧ
ཨ་ནུ་ལགས་སུ་དྲ་གྲོགས་སྟོད་སྔགས་བྱས་པ་ལ་ཁྱོད་མིག་ཚ་དགོས་དོན་འདུག་གམ། དགའ་བསུ་ཞུ་མ་ཐུབ་ནའང་མིག་ཚ་ནས་བསྡད་ན་ཡག་པོ་མ་རེད། ང་ཚོས་ངོས་ནས་ཨ་ནུ་ལགས་ཀྱིས་གསུངས་པའི་བཀའ་མོས་དེ་དག་རྒྱུ་མཚན་ཡོད་པ་དང་གནད་ལུགས་ཡོད་པ་མཐོང་གི་ཡོད། ཁྱོད་ཀྱིས་གནད་ལུགས་མེད་པ་དང་རྒྱུ་མཚན་མེད་པ་མཐོང་ན་དགག་སྒྲུབ་བྱོས་དང་། གཏན་ཚིགས་རིག་པས་བརྡར་ཤ་གཅོད་ཆོག་གི་རེད།་་་ཧཧ
གོང་གི་ལུང་ཚིག་དེ་ནི་ཚན་ཉིད་ཚང་བའི་སློབ་དཔོན་གཞི་བཞག་གིས་བརྗོད་པ་ལས། ཡོད་ཚད་ལ་དད་པ་བྱོས་ཟེར་བའི་དོན་མིན་ཏེ། བཤེས་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་དང་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་བ་འདིས་གསལ་བོ་བཟོས་ཡོད། ཡིན་ཡང་། ཆོས་ཚོང་མཁན་པོ་རྣམས་ཀྱིས་བླ་མ་ལ་བསྟེན་ཚེ་མཚན་ཉིད་ཅི་ལྟར་ཚང་དགོས་ཚུལ་ཅི་ཡང་མི་སྨྲ་བ་སྦ་གསང་བྱས་ཤིང་། དད་པའི་ཕན་ཡོན་དང་། བླ་མ་ལ་མ་བསྟེན་པའི་ཉེས་དམིགས་ཏེ། ཚིག་གཅད་གཅིག་ཀྱང་ཉན་པ་ལ།། གང་གིས་བླ་མར་མ་བཟུང་༼བཀུར༽ན།། ཁྱི་ཡི་སྐྱེས་བ་བརྒྱ་བླངས་ནས།། མེ་ཤ་ཅན་དུ་སྐྱེས་བ་འགྱུར།། སོགས་བགྲང་ནས་ཡིག་རྨོངས་མང་ཚོགས་དང་། ཆོས་ཀྱི་འགྲོ་ཕྱོགས་ཡག་པོ་མི་ཤེས་མཁན་ཚོ་ལ་མགོ་སྐོར་བཏང་བཞིན་ཡོད། གོང་གི་ཚིག་བཅད་དེ་དག་བློ་ནས་ཡོད་པ་ཁ་ཐུག་གིས་བྲིས་བས་ཚིག་ཅི་བཞིན་ཡིན་མིན་མི་ཤེས་མོད། དོན་ནི་དེ་བཞིན་ཡིན།
སྤྲུལ་སུ་ཞིག་ལ་ཡོན་ཏན་དེ་དག་འདུག དེ་ལས་ལྡོག་སྟེ་མི་ཆོས་བླ་མའི་ཆོས་རྫུན་སྨྲ་མཁན་ཡིན་པ་ཤེས་གསལ་རེད། མི་བདེན་སྙམ་ན། སྤྲུལ་སྐུ་ཚོ་ལ་ཁོང་ཚོའི་སྐྱེས་བ་སྔོན་མའི་སྐོར་ལ་སྐད་ཆ་དྲིས་དང་། གསལ་ཆ་ཡོང་ངེས་རེད། མི་ཆོས་བླ་མའི་ཆོས་རྫུན་སྨྲ་མཁན་ཞིག་ལ་དད་པ་བྱེད་རིན་ཡོད་དམ། ཡོད་ན་སྤྲུལ་དད་ཡིན་ཞིང་། དེ་ཡང་མཐའ་བཏུག་ན་སྤོབས་པས་གསུངས་བ་བཞིན་རྨོངས་དད་རེད།
དུས་གསུམ་རྗེན་པ་གཟིགས་པའི་མངོན་ཤེས་དང་།
རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ་སོགས།
གང་ཡང་མེད་པའི་བློ་མཐུན་ང་འདྲ་ཚོས།
ལྐོག་གྱུར་ཡུལ་ལ་དཔྱོད་བྱེད་རྗེས་དཔག་ཡིན།
རྗེས་དཔག་ཚད་མ་ཚུལ་གསུམ་རྟགས་ལ་བརྟེན།
ཚུལ་གསུམ་རིག་པ་མངོན་སུམ་བློ་ལ་བརྟེན།
མངོན་སུམ་འཁྲུལ་མེད་དབང་པོའི་རྩལ་ལ་བརྟེན།
དབང་རྩལ་ཉམས་པའི་བརྒྱད་བཅུའི་རྒད་པོ་མིན།་་་ཧཧཧ
ཐོག་མར་ངས་ཅོ་རི་ལགས་སུ་དག་ཆ་ནོར་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་དོན་དག་དངོས་ལ་བབ་ནས་ཚིག་འགའ་བཤད་འདོད་བྱུང་། དང་པོ། ཅོ་རི་ལགས་ཀྱིས་༧གོང་ས་མཆོག་གིས་སྤྲུལ་སྐུ་དང་གྲ་གཟུགས་མང་དྲག་ལུགས་ཀྱི་བཀའ་སློབ་འགའ་ལུང་འདྲེན་གནང་སོང་། དེ་རྗེས། རབ་བྱུང་སྒྲུབ་མཁན་མང་ཤོས་དེ་༧གོང་ས་མཆོག་ཡིན་ལུགས་གསུངས་ཏེ་ཁ་བཤད་ལག་སྟར་གནང་གི་མེད་ལུགས་འདྲ་བོ་ཞིག་གསུངས་སོང་། འོན་ཀྱང་། གནད་དོན་དེའི་ཐུག་ས་གཙོ་བོ་དེ་སུ་རེད་ཟེར་ན། ༧གོང་ས་མཆཽག་གི་སྐུ་མདུན་ནས་རབ་བྱུང་སྒྲུབ་པར་འགྲོ་མཁན་དེ་དག་རེད་མ་གཏོགས་༧གོང་ས་མཆཽག་མ་རེད། དེས་ན། ཁྱེད་རང་གིས་༧གོང་ས་མཆོག་གིས་རབ་བྱུང་མང་པོ་སྒྲུབ་པ་དེ་སྐྱོན་ལ་གཟིགས་ཀྱི་ཡོད་ན། སྐྱོན་དེའི་འབྱུང་རྩ་དེ་རབ་བྱུང་ཞུ་མཁན་དེ་དག་རེད་མ་གཏོགས་༧གོང་ས་མཆཽག་མ་རེད། གལ་སྲིད་གྲ་རིགས་སུ་ཞིག་གིས་ཀྱང་༧གོང་ས་མཆོག་གི་སྐུ་མདུན་ནས་རབ་བྱུང་ཞུ་བར་མ་ཕྱིན་ན། ཁོང་གིས་སུ་ཞིག་ལའང་ངའི་མདུན་ནས་རབ་བྱུང་ཞུ་དགོས་ལུགས་གསུང་གི་མ་རེད་ལ་བཙན་དབང་དེ་བས་གནང་གི་མ་རེད། དེ་འགག་གནད་གཅིག་རེད། གཉིས་པ། སྐུ་སྒེར་ཡིག་ཚང་སྤྲུལ་སྐུའི་བཟོ་གྲ་ཡིན་ལུགས་གསུངས་མཁན་ཁྱེད་རང་ཡིན་ཙང་ཁ་གྲངས་དང་བཅས་པ་མཁཽ་སྤྲོད་གནང་མཁན་དེ་ཁྱེད་རང་ཆགས་པ་རེད་མ་གཏོགས་ང་མ་རེད། ངས་དེ་རིང་མ་གཏོགས་སྐུ་སྒེར་ཡིག་ཚང་སྤྲུལ་སྐུའི་བཟོ་གྲ་ཡིན་པ་བཤེས་ཀྱི་མེད། དེས་ན། རང་ཉིད་ཀྱི་བཤད་པའི་སྐད་ཆར་འགན་ཁྱེར་དགོས་ལ་གནས་ལུགས་ཀྱང་དགོས་པ་རེད། ངས་ཨ་ནུ་ལགས་ཀྱིས་གསུངས་པའི་བཀའ་མོལ་དེ་དག་ཟུར་གཅིག་ལ་ཟིགས་ནས་གསུངས་་པ་ཙམ་ལས་ཁྱོན་ཡོངས་ལ་བསམ་ནས་གསུངས་པ་ཞིག་ལ་འདོད་ཀྱི་མེད། དེར་བརྟེན་འགག་ལན་གོང་དུ་ཞུས་ཟིན་པ་ཡིན། ཁྱེད་རང་གིས་ཀྱང་ངའི་འགག་ལན་དེར་ལན་འདེབས་མེད་པར་ཚིག་ནོར་ཤོར་བ་ཞིག་རག་རོ་ལྟར་དྲུད་ནས་དོན་དངོས་ལས་གཡོལ་ཐབས་བྱས་སོང་། གང་ལྟར། གནས་ལུགས་སྤུངས་ནས་ངས་དེ་སྔོན་ཞུས་པའི་སྐད་ཆ་དེ་རིགས་ལ་ལེན་འདེབས་གནང་རོགས་ཞུ་རྒྱུ་ཡིན།
དགེ་ཚུལ་སློང་གི་སྡོམ་པ་ལ་བསྒྱུར་གནང་རོགས་གནང་།
བློ་མཐུན་ཨ་ནུ་ཐང་ལགས། ཁྱོད་ཀྱིས་་་འདི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དང་གཏན་ནས་མི་མཐུན་ཞིང་། བོད་ཀྱི་བླ་མ་ཚོས་ཆོས་ཁྲིམས་དང་འགལ་ཏེ་རང་བཟོའི་མི་མང་ལ་དབང་སྒྱུར་བྱེད་ཀྱི་ལམ་ལུགས་ཤིག་ཡིན་ཞིང་། དེ་ལྟར་ཡིན་པས་རྗེ་གཙང་ཁ་བ་དང་ཨ་རིག་དགེ་བཤེས་སོགས་ཀྱིས་ལམ་ལུགས་དེ་ངོས་ལེན་གནང་མེད་ཁར། ཚེ་གཏན་ཞབས་དྲུང་གིས་ཀྱང་། སངས་རྒྱས་སྐུ་ལ་ཆོས་ལུང་སྤྲུལ་གསུམ་ཏེ།། སྤྲུལ་སྐུ་སངས་རྒྱས་ཁོ་ནས་སྤྱོད་ཡུལ་ཡིན། བདག་ཉིད་སྐུ་གསུམ་ཐུགས་ལ་རབ་རྨོངས་བས།། སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཐོལ་ལོ་བཤགས།། ཞེས་བ་ལྟར་ཐ་ན་སྤྲུལ་སྐུ་ཞེས་བརྗོད་པའི་ཚིག་འདིའང་་སངས་རྒྱས་ཆོས་ལུགས་ཀྱི་ཁྲིམས་དང་འགལ་ཡོད།ཅེས་གསུངས་འདུག
རྗེ་ཙོང་ཁ་པས་ལམ་ལུགས་དེ་ངོས་ལེན་གནང་མེད་པའི་ཁུགས་ལུང་གསལ་པོ་བཤད་ཀྱི་ཡོད་དམ། ལུང་འདྲ་སྟོན་ཆོག་ཆོག་ཡོད་ན་འདིར་བཀོད་རོགས་བྱོས་དང་་་་ཕན་ཐོགས་འདུག
གཡུ་ཐོག་ལགས། ངས་ལྷམ་གོག་བཟོ་གྲྭ་ཤེས་ཀྱི་ཡོད་ཀྱང་ལོ་རེ་ལ་ལྷམ་གོག་ག་ཚོད་བཟོ་ཡི་ཡོད་མེད་ཤེས་ཀྱི་མེད། དེ་བཞིན་སྤྲུལ་སྐུའི་བཟོ་གྲྭ་ཤེས་ཀྱི་ཡོད་ཀྱང་ལོ་རེ་ལ་སྤྲུལ་སྐུ་ག་ཚོད་བཟོ་ཡི་ཡོད་མེད་ཤེས་ཀྱི་མེད། བཟོ་གྲྭ་ཤེས་པ་ཙམ་གྱིས་དེའི་ནང་དུ་ཅ་དངོས་ཅི་ཙམ་བཟོ་ཡི་ཡོད་མེད་ཤེས་པའི་ཁྱབ་པ་མེད་པས་ངས་འགན་ལེན་བྱེད་དགོས་པའི་རྒྱུ་མཚན་མི་འདུག་་་ཧཧ
ཅོ་རི་ལགས་ཀྱིས་གསུངས་པ་ལྟར་དད་པ་ནི་སུས་ཀྱང་འགོག་ནུས་པ་ཞིག་མིན་པ་བདེན། ཨ་ནུ་ལགས་ལ་ཞུ་རྒྱུར། རྗེས་སུ་གཞན་གྱི་རིག་གཞུང་གི་ལག་གློག་ཚུར་བོད་ཀྱི་རིག་སྲོལ་སྟེང་སྐོར་ཏེ་འབྲེལ་བཤད་གནང་སྐབས་ངེས་དུ་ཁ་གསལ་ན་ལེགས་སྙམ། དད་པ་ཆོས་མིན་ཟེར་བ་ལ་ཅི་ཡང་མི་ཞུ། བོད་ཀྱི་ཆོས་ཤེས་མཁན་དང་བོད་ཀྱི་དད་པ་ཤེས་ལ་འབྲེལ་གཏུགས་གནང་གལ་ཆེ་སྙམ། རང་གི་བསམ་བློར་འཁོར་བའི་དད་པའི་མཚན་ཉིད་བོད་སྤྱིའི་དད་པ་མཚོན་བྱེད་དུ་མ་འཇོག་པར། མཁས་པ་གོང་མ་ཚོསཅི་ཟེར་ལ་གཟབ་ནན་གནོང་དང་དེ་ཙམ་དཀའ་མོ་ཞིག་རེད་མི་འདུག
ཅོ་རི་ལགས། ཚད་ལྡན་གྱི་བཟོ་གྲ་ཡིན་ན། མཐོན་སྐྱེད་ཀྱི་སྤུས་ཚད་དང་། ཁ་གྲངས། འགྲོ་ཁུངས་རྣམས་ཡོད་ཡོད་པ་རེད། ངས་བསམ་པར་སྐུ་ཉིད་ཀྱིས་སྐུ་སྒེར་ཡིག་ཚང་སྤྲུལ་སྐུའི་བཟོ་གྲ་ཡིན་ལུགས་གསུངས་ཙང་ཧ་རྒྱབ་ལོགས་ཀྱི་གནས་ཚུལ་དེ་རིགས་དག་མཁྱེན་ཤག་བྱས་པ་འདྲ།
འདིར་ངས་མདོ་ཙམ་ཞུ་གི་ཡིན། ང་ཚོས་སྤུལ་སྐུའི་ལམ་ལུགས་དང་མི་མང་གི་དད་དམ་ལ་བརྒོལ་རྡུང་གཏོང་བ་ལས། སྤྲུལ་སྐུའི་སྤུས་ཚད་ལ་ཤུགས་སྣོན་རྒྱག་དགོས་པར་མཐོང་། དེ་ནི་ང་ཚོས་བྱེད་ཐུབ་པ་ཞིག་དང་བྱེད་འོས་པ་ཞིག་ཀྱང་རེད། དེ་མིན་མི་མང་གི་ཤ་དང་རུས་ལ་འཐིམ་པའི་ལམ་ལུགས་ཤིག་དེ་མུར་བསྒྱུར་བཅོས་གཏོང་དགོས་ལུགས་གསུངས་་པ་ནི་ལྕགས་ཚ་མོར་ལག་པ་འཆང་པ་དང་གཅིག་པ་རེད། ང་ཚོས་སྤྲུལ་སྐུ་ཡིན་ཚད་ཡང་དག་པ་དང་སྐྱོན་མེད་པར་གཟིགས་ཚེ་དེ་ཡང་ནོར་བ་རེད། མ་མཐར་ཁོ་རང་མི་རེད། ནོར་བ་དང་འཁྲུལ་བ་ཡོང་ཆོག་གི་རེད། འོན་ཀྱང་། མི་དེ་རིགས་ཀྱི་བྱ་སྤྱོད་ངན་པ་རྣམས་ང་ཚོས་འཐཻར་འདོན་བྱེད་དགོས་པ་རེད། ད་ལྟའི་དུས་སུ་ཧ་ཅང་གི་ལས་སླ་མོ་རེད། དེ་ལྟར་བྱས་ན། རིམ་པས་གད་སྙིགས་རྣམས་གད་སྙིགས་བླུགས་སྣོད་ནང་ལྷུང་འགྲོ་གི་རེད་ལ་དེའི་དྲི་ངན་ཡང་ཡལ་འགྲོ་གི་རེད། གང་ལྟར། སྤྲུལ་སྐུའི་སྤུས་ཚད་ཡག་པོ་བཟོ་བར་ཐཽག་མའི་ཆ་རྐྱེན་ནི་གཞི་རིམ་མི་མང་གི་ཤེས་ཚད་ཡར་རྒྱས་དང་དོ་ཁུར་ཡར་རྒྱས་གཏོང་རྒྱུ་དེ་རེད། དེ་ནི་ཁྱེད་རྣམས་ཀྱི་གླེང་བཞིན་པའི་བཀའ་ངལ་གྱི་ལྡེ་མིག་རེད། དེ་མིན་ང་ཚོ་སུ་ཞིག་གིས་ལམ་ལུགས་དེ་སྒོ་མོ་རྒྱག་ཐུབ་ཀྱི་མ་རེད། ཐ་ན་༧གོང་ས་མཆཽག་གིས་ཀྱང་གནང་ཐུབ་པའི་ལས་ཀ་ཞིག་མ་རེད། ཆེ་ས་ནས་བཤད་ན། སྐད་ཆ་དེ་རིགས་རིམ་བཞིན་བོད་རིགས་ནང་མི་མཐུན་པའི་རྒྱུ་རུ་འགྲོ་གི་རེད། དེས་ན། ང་ཚོས་ལག་པས་སྙོབས་ས་དང་ནུས་པས་ལྕོགས་སར་གང་ཐུབ་ཅི་ཐུབ་ཀྱིས་འབད་དགོས་པ་ལས་ནམ་མཁའི་སྒྱུར་སྐར་ལག་ཏུ་བཟུང་བའི་འབད་ཐབས་བྱས་ན་འབྲས་བུ་ཅང་མཐོན་གྱི་མ་རེད།
གཡུ་ཐོག་ལགས་ཀྱིས་སེམས་གཏམ་ཞིག་བཤད་པར་ཡག་བྱུང་ཞུ་རྒྱུ་ཡིན། མཆན་བུ་49་པ་ལ་ཡིན།
རྣམ་དཔྱོད་ཅན་གྱི་ཅོ་རི་ལགས། རྗེ་རིན་པོ་ཆེ་ལ་ཡང་སྲིད་མྱུར་བྱོན་གྱི་རེ་བ་ཞུས་ཚེ་ངའི་ཡང་སྲིད་དགའ་ལྡན་ཁྲི་བ་ལས་གཞན་ཞིག་མི་དགོས་ཚུལ་དགེ་ལུགས་པ་མཚོན་ན་ཡོངས་གྲགས་རེད་ལ། ལྔ་བ་ཆེན་པོས་ལོ་རྒྱུས་སྤྲུལ་སྐུའི་སྐོར་ལ་སྐྱོན་བརྗོད་གནང་བའི་ཡིག་ཆའང་ང་ལ་ཡོད། འོན་ཀྱང་། དེ་དག་ནི་གནད་འགག་མེད། གནད་འགག་འདི་སྤྲུལ་སྐུ་ལམ་ལུགས་འདིས་བོད་མི་རིགས་རྩ་མེད་བཟོ་བཞིན་པ་དེ་རེད། གནས་ཚུལ་དེ་བོད་པ་ཡོངས་ཀྱིས་འཚོར་བ་ཡིན་ན་བཅོས་སྒྱུར་འགྲོ་བ་དཀའ་ངལ་མེད། ཆོས་དང་འཇིག་རྟེན་གང་ལ་མི་མཐུན་པའི་སྤྲུལ་སྐུའི་ལམ་ལུགས་འདི་བཟོ་སྐྲུན་བྱེད་ཐུབ་ན། བོད་པ་ཚོས་བདེན་དོན་རྟོགས་ནས་བཀྲ་མི་ཤིས་བའི་ལམ་ལུགས་དེ་མེད་པ་བཟོ་མི་ཐུབ་སྙམ་ན་དོན་དངོས་མེད་མ་རེད། རྒྱུ་མཚན་ནི། སྤྱི་ཚོགས་ལམ་ལུགས་ཡོད་ཚད་དགོས་མཁོ་དང་སྟུན་ནས་གྲུབ་ཅིང་། དགོས་མཁོ་དང་སྟུན་ནས་མེད་པ་ཆགས་པ་ཆོས་ཉིད་ཡིན་པས་རེད།
གོང་གི་གཡུ་ཐོག་གི་སྐད་ཆ་ལ་ངོས་ལེན་མེད། སྤྲུལ་ཆེན་རྣམས་འཇོག་རྒྱུ་དང་སྤྲུལ་ཆུང་རྣམས་རྫོགས་རྒྱུ་ནི་གནས་ལུགས་དང་མཐུན་པ་མ་རེད་ལ། ཡོང་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི་སྤྲུལ་ཆུང་དེ་དག་སྤྲུལ་ཆེན་རྣམས་ཀྱིས་བཟོས་བའི་ཐོན་རྫས་ཡིན་པས། སྤྲུལ་ཆེན་རྣམས་མ་བཀག་ན་ཁོ་ཚོས་གང་འདོད་བྱེད་ངེས་རེད། ལྷག་པར་དུ་དེ་ཚོ་ལ་མིག་དཔེ་ལྟས་ནས་སྤྲུལ་ཆུང་རྣམས་ཀྱང་འགོག་རྒྱུ་ཧ་ཅང་གི་དཀའ་ངལ་དང་རྙོག་འཛིང་ཞིག་རེད་ལ། དྲང་མོ་ཡང་མ་རེད། ལྷག་པར་དུ་སྤྲུལ་ཆེན་རྣམས་རྒྱུད་མང་ཚོགས་སུ་སྤྲུལ་དད་དར་སྤེལ་བཏང་བས། མང་ཚོགས་ལ་སྤྲུལ་དད་ཡོད་ན། རྒྱ་བོད་ཀྱི་སྤྲུལ་སྐ་བཟོ་གྲྭ་ཚོས་རང་གི་ཁེ་ཕན་དང་སྟུན་ཅི་འདོད་དུ་བཟོ་ངེས་རེད།
# 37 པདྨ་ལགས།
༼མདོ་ལས་་་་་དད་པ་མེད་པའི་མི་རྣམས་ལ།།དཀར་པོསའི་ཆོས་རྣམས་མི་འབྱུང་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།སྨྱུ་གུ་སྔོན་མོ་ཇི་བཞིན་ནོ།། གསུངས་པ་ཙམ་ཡང་ཡིད་ལ་འཁོར་མ་མྱོང་། རྣ་བས་ཐོས་མ་མྱོང་བར་་་་ཏང་ཡན་པ་མའོ་དང་ཆོས་མེད་སྨྲ་བ་གྲྭ་ལོག་ཞོགས་དུང་ལ་རྗེས་ཟློས་ཙམ་རེད། དེས་གང་མཚོན་ན་བསོ་ཟད་ཨ་ནུས་ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། སྤྲུལ་སྐུ་མེད། ཆོས་མེད། ཕ་མ་མེད། དགོས་རྒྱུ་དེ་སྒོར་དང་ཆགས་སྡང་རྨོངས་པ་དགོས་ཟེར་བ་ཙམ་རེད་འདུག༽ འདི་ནི་མདོ་ལུང་མ་རེད། རྫུན་མ་མ་བཤད། དད་པ་གཙོ་བཟུང་བྱེད་མཁན་རྣམས་ནི་རྒྱ་གར་གྱི་ཆོས་ཚོང་མཁན་པོ་རྣམས་ཀྱི་ཤན་ཞུགས་ཐེབས་པ་རེད།
བདག་ཉིད་བདག་གི་མགོན་ཡིན་ཞིང་།། དེ་ལས་མགོན་ཞིག་ཡོད་མ་ཡིན།། ༼བདག་ཉིད་བདག་གི་དགྲ་ཡིན་ཞིང་།། དེ་ལས་དགྲ་ཞིག་ཡོད་མ་ཡིན།། ཞེས་ཀྱང་སྨྲ་འདོད།༽ ཞེས་གསུངས་བ་བཞིན་རང་ལ་ཡིད་ཆེས་བྱོས། གཞན་ཡིག་ལ་ཡིད་ཆེས་བྱས་ཤིང་དད་པ་བྱེད་ཁུལ་བྱས་བ་ཡིན་ན། རང་ཉིད་བརླགས་པའི་སྔོན་འགྲོ་ཡིན། བོད་པ་ག་དུས་ཡིན་ཡང་གཞན་ལ་ཡིད་ཆེས་བྱེད་ཁུལ་བྱས་ཏེ། གཞན་གྱི་གཡོ་འོག་ཚུད་ཅིང་། ད་ལྟའི་གནས་སྟངས་འདི་བྱུང་བ་རེད། རིག་པ་ལྡན་ན་འདི་དག་ལས་བསླབ་བྱ་ལེན་གལ་ཆེ།
སྐབས་རེ་ཆོས་རྣམས་རྟེན་ཞིང་འབྲེལ་ཚུལ་དང་།།
མཚམས་རེ་ཆོས་རྣམས་སེམས་ལས་བྱུང་ཚུལ་གསུངས།།
སྟོན་མཆོག་གཅིག་ལ་དགོངས་བ་གཉིས་བྱུང་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
མཚམས་རེ་གང་ཟག་བདག་ནི་ཡོད་ཚུལ་དང་།།
ལན་རེ་ཆོས་ཀྱི་བདག་ནི་མེད་ཚུལ་གསུངས།།
སྟོན་མཆོག་གཅིག་ལ་དགོངས་བ་གཉིས་བྱུང་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
སྟོན་གསུང་སྦྱང་ནས་མི་ཚེ་ཟད་གྱུར་བའི།།
གྲུབ་མཐའ་མཁན་པོ་ཀླུ་སྒྲུབ་ཐོགས་མེད་གཉིས།།
ང་བདེན་ཁྱོད་ཉིད་རྫུན་གྱི་ཁས་ཆེ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
ཚེ་གང་སྟོན་རྗེས་དེད་པའི་ཉན་ཐོས་གཉིས།།
ཐུབ་པའི་དགོངས་བ་བརྩད་ནས་འགལ་ཟླ་བྱུང་།།
ང་བདེན་གཞན་ཉིད་རྫུན་གྱིས་དམ་བཅའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
ཨ་ནུ་ཐང་ལགས། སྤྲུལ་སྐུ་ཆེ་ཆུང་སུ་འདྲ་ཞིག་ཡིན་ཀྱང་མི་ཡུལ་དུ་བཞུགས་ཡོད་ཙང་མཛད་པ་སྐྱངས་ས་ཡང་མི་ཡུལ་རེད། མི་ཡུལ་གྱི་ནང་ནས་ཀྱང་རང་རེའི་སྤྱི་ཚོགས་སུ་ཡིན་པའི་དབང་དུ་བཏང་ན། སྤྲུལ་སྐུ་ཆེ་ཆུང་ཚང་མ་མི་ཡིན་ཙང་མི་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད། དེ་བས་ཀྱང་གསལ་ཙམ་བཤད་ན། གཞི་རིམ་མི་མང་དང་ཕྱུགས་བདག་སོགས་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད། སྤྲུལ་སྐུ་ཆེ་བས་སྤྲུལ་སྐུ་ཆུང་བ་ཞིག་གང་བྱུང་དུ་བཟོས་པའི་དབང་དུ་བཏང་ཀྱང་། བོད་མི་ཚོས་གང་ཟག་ལ་མི་ལྟོས་ཆོས་ལ་ལྟོས་ཞེས་པའི་མདམས་ངག་དེ་རྩ་བར་འཛིན་ནས་སྤྲུལ་སྐུར་བལྟ་སྟངས་འཛིན་ཚེ་སྤྲུལ་སྐུ་ཆོ་མེད་རྣམས་རང་བཞིན་གྱི་ཡལ་འགྲོ་གི་རེད། དེ་མིན། སྤྲུལ་སྐུ་འཇོན་པོ་དང་གཞན་ལ་ཕན་ཐོགས་པ་ཞིག་ཡིན་ན། སྤྱི་ཚོགས་ནང་གནས་ངེས་རེད་ལ་དར་རྒྱས་འགྲོ་གི་རེད། མི་དེ་རིགས་ནི་ང་ཚོར་དགོས་པ་ཞིག་ལས་མི་དགོས་པ་ཞིག་གཏན་ནས་མ་རེད། མ་གཞི་ནས། ཁྱེད་རང་གིས་སྤྲུལ་ཆེན་རྣམས་འགོག་ཐབས་ཇི་ལྟར་གནང་རྩིས་ཡོད་དམ། གཅིག་གསུངས་དང་།
གོང་དུ་གཡུ་ཐོག་གིས་སྤྲུལ་སྐུའི་སྒང་ལ་བསམ་བློ་ཡག་པོ་བཏང་འདུག དཀའ་ངལ་སེལ་ཐབས་ཤིག་གསུངས་འདུག ངས་གོང་དུ་ཞུས་བ་བཞིན་དེ་ནི་ཡོང་ཐབས་མེད། ངས་ལོ་བཅུ་གཉིས་ཙམ་གྱི་སྔོན་དུ་རྒྱལ་རབས་སྦྱངས་སྐབས་དེ་ལྟར་བསམ་བློ་འཁོར་མྱངས། ཡིན་ཡང་། རིམ་བཞིན་དེ་ལྟར་ཡོང་ཐབས་མེད་པ་ཞིག་མེད་པ་ཧ་གོ་སོང་། རྒྱུ་མཚན་ནི། གོང་དུ་ཞུས་བ་བཞིན་སྤྲུལ་ཆེན་རྣམས་མ་བཀག་ན་སྤྲུལ་ཆུང་རྣམས་རང་བཞིན་གྱིས་ཡོང་ལ། ཡོང་དགོས་དོན་ཡང་མང་ཚོགས་སུ་སྤྲུལ་དད་དར་སྤེལ་བཏང་བས་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། སྤྲུལ་ཆེན་རྣམས་གཞན་གྱི་གཡོ་འོག་དང་ཆབ་སྲིད་ཀྱི་ལག་ཅ་གྱུར་བའམ། ཡང་ན་ཁོང་ཉིད་ལམ་ལོགས་སུ་ཕྱིན་ན་དེ་མཚུངས་ཀྱི་ནུས་བ་ཤུགས་ཆེན་ཡོད་པས། བོད་རིགས་ཡོངས་ལ་ཆག་འཇིག་བཏང་་པའི་ནུས་བ་ཡོད་པས་ཡིན། དེ་བཞིན་ཁོ་ཚོ་ལེགས་པོ་བྱས་ན་བོད་རིགས་ཡོང་ལ་བདེ་སྐྱིད་སྐྲུན་པའི་ནུས་བ་ཡོད་ཀྱང་། དགེ་མཚན་ལས་ཉེན་ཁའི་ཕྱོགས་མང་བས་བོད་ལ་མཚོན་ན། ལམ་ལུགས་དེ་ནི་ཧ་ཅང་གི་ཉེན་ཁའི་གནས་ཤིག་ཏུ་མཐོང་། ལྷག་པར་དུ་ངོས་འཛིན་བྱ་སྐབས་དང་ཡང་སྲིད་དེ་མཚར་ལོངས་བྱུང་ཚད་བར། བྱུང་ཡང་གང་ཞིག་ཏུ་ཆགས་མིན་སོགས་ཉེན་ཁའི་གནས་རེད། ཁོར་ཡུག་གི་ཆ་ནས་སྤྲུལ་སྐུ་ལ་བླ་བྲང་དང་བླ་ཆོས་ཡར་རྒྱས་བཏང་ཐབས་གཙོ་བོ་ལས། རྒྱལ་ཁབ་འཛིན་སྐྱོང་དང་མི་རིགས་ཡར་རྒྱས་བཏང་ཐབས་ཀྱི་སློབ་སྦྱོང་སྤྲོད་ཀྱི་མེད་པས་ཡིན། གང་ལྟར་ཡུག་ཐོག་གིས་རྒྱུན་མཚན་དང་གནས་ལུགས་ཀྱིས་འདེད་བཞིན་ཡོད་པ་མཐོང་བས་དགའ་བོ་བྱུང་། ཐུགས་རྗེ་ཆེ།
ངས་ལྟས་ན་དཀའ་ངལ་སེལ་ཐབས་ཡག་ཤོས་དེ་བོད་མི་རྣམས་སྤྲུལ་དད་ལས་གྲོལ་རྒྱུ་དེ་རེད། སྤྲུལ་དད་ལས་གྲོལ་དགོས་ན་བོད་མི་རྣམས་ཀྱི་གོ་རྟོགས་སད་རྒྱུ་དགོས་བས། གོ་རྟོགས་སད་མཁན་གྱི་བོད་མི་ཡོངས་ཀུན་གྱིས་བོད་མི་རིགས་ཀྱི་གོ་རྟོགས་སད་ཐབས་འབད་དགོས་ཀྱི་འདུག དེ་ནི་མི་རེ་རེའི་རྣམ་དཔྱོད་ལ་དཔགས་པའི་ཐབས་ལམ་ལ་ཟད་མཐའ་མེད་ངེས་རེད། གང་ལྟར་བོད་མི་རྣམས་སྤྲུལ་སྐུའི་གཡོ་འོག་ནས་གྲོལ་བའི་སྨོན་འདུན་ཞུ་བཞིན་ཡོད།
དྲ་གྲོགས་ཅོ་རུ་ལགས། དྲིས་ལན་དུས་ལྟར་འབྱོར་སོང་བ་ནང་ལྟར་ཕྲན་གྱི་འགུ་ཁེངས་ནས་ཡོད། འོན་ཀྱང་། ཁོ་བོ་ལ་ཆ་མཚོན་ན་ལྟ་གྲུབ་ཡན་གར་བ་ཅི་ཡང་མེད་སྟབས། ཟམ་གདོང་བླ་མ་དང་འབྲེལ་བའིི་བསམ་ཚུལ་དེ་སྐབས་ཐོག་ཤིག་གི་གནས་སྟངས་ངོ་སྤྲོད་ཙམ་དང་། བཟོད་སྒོམ་གྱི་ཆ་དེ་ཐོལ་བྱུང་གི་སེམས་ཚོར་ཙམ་ལས་ལྟ་གྲུབ་ཟེར་བའི་ལྕི་ཁོག་ཅན་དེ་འདྲ་གང་ཡང་མ་ཡིན་མོད། སྐུ་ཉིད་ཀྱིས་རྒྱུས་ལོན་བྱས་བ་ཐུགས་རྗེ་ཆེ། སྤྱིའི་ཆ་ནས་ལྟ་གྲུབ་ཀྱི་ཆེད་དུ་དམ་བཅའ་འདུག་བ་ལས་གནས་སྟངས་ཀྱི་ཐད་ལ་མེད་མུག་འདོན་མཁས་བ་རེ་ཡོད་ན་བསམ་པ་དྲན་ཡོད།
༡༽ རང་ཉིད་ཀྱི་འདོད་བློ་ལྟར་སྐྱབས་གནས་གང་ཡང་རུང་བ་ཞིག་བཙལ་ཀྱང་ཆོག མ་འགྲིག་པ་དང་མི་འཐད་པའི་མདོག་སྟོན་མཁན་དག་ནི་དད་པའི་ཉེས་དམིགས་གླེང་མཁན་དག་མ་ཡིན་ནམ། ཕྲན་གྱི་བསམ་པ་ལྟར་ན། དད་པ་ནི་གང་ཟག་སྒེར་གྱི་ལས་དོན་ཞིག་གམ། དེ་ཡང་གང་ཟག་རེ་ཡི་བློའི་ཆ་ཤས་ཙམ་ཞིག་ཏུ་འདོད་པ་ཡིན་ཙང་། བོད་འདི་ནི་ཅི་འདྲའི་ཉམས་ཐག་ཞིག་རེད་དམ། སུས་ཀྱང་འདུལ་མི་དགོས་བར་བློའི་ཆ་ཤས་ཙམ་དེས་ཕུངས་སོང་བའམ་བཅོམས་ཆོག་ཆོག་གི་ཚེ་སྲོག་ཞིག་ལས་མེད་སོང་བས་ན། ད་
ཕྱིན་ཅི་ཡང་གླེང་དགོས་དོན་མི་འདུག་སྙམ། སྡུག་ངལ་དང་བྲལ་རེག་བར་དུ་དད་པའི་མཚམས་གཅོད་ཐུབ་པ་མ་ཡིན་ནོ།
༢༽ ཆིག་སྒྲིལ། ལོ་ངོ་དུ་མའི་བྱུང་རབས་ནང་བྱུང་མ་མྱོང་བ་ཞིག་ད་ལྟ་བྱུང་བཞིན་པ་མ་ཡིན་ནམ། རྨོངས་དད་ཞེས་བའི་ཞ་མོ་ཕུད་མ་མྱོང་བའི་བོད་འབངས་དག་ནི་ཅི་འདྲིའི་ཉེས་ཅན་ཏག་ཏག་རེད་དམ། ད་ཡང་ཁྱེད་ཅག་གི་སེམས་རྒྱུད་ན་རང་ཉིད་སྡུག་ངལ་ལས་གྲོལ་འདོད་ཀྱི་བློ་དེ་ཡོད་བ་ཡིན་ཙང་། ཁྱེད་ཅག་གི་སེམས་རྒྱུད་གཙང་བཟོ་བྱེད་པར་རྨོངས་ཉིད་ལས་སེལ་དགོས་ཚུལ་ལབ་གླེང་མང་ཙམ་ཡོང་གིན་འདུག སྔོན་ཆད་ལྟར་ཕ་རྒོལ་མ་རྡུང་གི་བྱ་བྱེད་དེ་ལག་བསྟར་བྱེད་རྒྱུ་ལས་ཐབས་གཞན་ཅི་ཞིག་ཡོད་དམ།
གཡུ་ཐོགས་ལགས། བདེན་པ་རེད། སྤྲུལ་སྐུ་འཇོན་པོ་དང་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཞིག་ཡིན་ན་སྤྱི་ཚོགས་སུ་གནས་ཤིང་དར་རྒྱས་འགྲོ་བ་བདེན་པས་སྤྲུལ་སྐུ་ངོས་འཛིན་བྱེད་དགོས་དོན་མེད་པས་སོ། མེད་དེ། མ་བྱས་ཀྱང་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཞིག་ཡིན་པས་གསེར་ས་འོག་ནས་ཡོད་ཀྱང་འོད་ནམ་མཁའ་ལ་འཕྲོ་ངེས་རེད། དེ་བརྟེན། སྤྲུལ་སྐུ་ལ་བྱིས་བ་ཞིག་ངོས་འཛིན་བྱས་བ་ནི་མུན་ནག་མདའ་འཕེན་ལས་མ་འདས་བས། སྤྲུལ་སྐུ་ལ་ངོས་འཛིན་མ་བྱས་བར་སྤྱི་རྟེན་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར་སོ་སོའི་ནུས་བ་དང་བྱས་རྗེས་ལ་བརྟེན་ནས་སྤྱི་ཚོགས་སུ་ཡོང་ཚེ་དགེ་མཚན་ཆེ་ཞིང་། ཉེན་ཁ་མེད་པ་མ་ཟད། འཇོན་ཐང་ཅན་གྱི་གྲྭ་བ་དང་མང་ཚོགས་ཀྱི་ལམ་ཁ་མི་བཀག་པར་ཕན་པས་སོ། དེ་ལྟར་མིན་པ་སྐྱེས་ཁུང་ལ་འམ། སྤྲུལ་སྐུ་ལ་བལྟས་ནས་གོ་གནས་སྤྲད་པ་ནི་རྒྱལ་འགུག་གི་ལས་དོན་ལས་ཅི་ཡང་མིན། གཅིག་བྱས་ན་ལམ་འགྲོ་རྒྱུག་གི་རེད། ཅིག་བྱས་ན་བརླགས་ཡ་རེད། ག་རེ་བྱས་ནས་གོ་གནས་སྤྲད་པ་ལ་རྒྱལ་འགུག་ལྟ་བུ་རྩེད་མོ་རྩེད་དགོས་བ་ཡིན་ནམ། ག་རེ་བྱས་ན་མི་རིགས་ཀྱི་གནད་ཁྲིད་པ་དང་གནད་འགག་ཆེ་བའི་གོ་གནས་འཛིན་མཁན་ལ་ཤེས་འཇོན་གྱི་འགྲན་བསྡུར་མེད་པ། རྒྱལ་འགུག་གི་རྩེད་མོ་རྩེས་དགོས་བ་ཡིན་ནམ། དེ་ལྟར་ཡིན་ན། ཤེས་ཡོན་སྦྱང་བ་ལའང་ཁེ་ཕན་མེད་དེ། རྒྱན་དཀྲུགས་ལས་རྒྱལ་ཁ་ཐོབ་མཁན་གྱི་སྤྲུལ་སྐུ་ཞིག་ངག་ལ་ཉན་དགོས་བས་ཡིན། མ་ཉན་ན་ཉེས་བ་ཕོགས་པས་ཡིན།
དྲ་གྲོགས་ཅོ་རུ་ལགས། དྲིས་ལན་དུས་ལྟར་འབྱོར་སོང་བ་ནང་ལྟར་ཕྲན་གྱི་འགུ་ཁེངས་ནས་ཡོད། འོན་ཀྱང་། ཁོ་བོ་ལ་ཆ་མཚོན་ན་ལྟ་གྲུབ་ཡན་གར་བ་ཅི་ཡང་མེད་སྟབས། ཟམ་གདོང་བླ་མ་དང་འབྲེལ་བའིི་བསམ་ཚུལ་དེ་སྐབས་ཐོག་ཤིག་གི་གནས་སྟངས་ངོ་སྤྲོད་ཙམ་དང་། བཟོད་སྒོམ་གྱི་ཆ་དེ་ཐོལ་བྱུང་གི་སེམས་ཚོར་ཙམ་ལས་ལྟ་གྲུབ་ཟེར་བའི་ལྕི་ཁོག་ཅན་དེ་འདྲ་གང་ཡང་མ་ཡིན་མོད། སྐུ་ཉིད་ཀྱིས་རྒྱུས་ལོན་བྱས་བ་ཐུགས་རྗེ་ཆེ། སྤྱིའི་ཆ་ནས་ལྟ་གྲུབ་ཀྱི་ཆེད་དུ་དམ་བཅའ་འདུག་བ་ལས་གནས་སྟངས་ཀྱི་ཐད་ལ་མེད་མུག་འདོན་མཁས་བ་རེ་ཡོད་ན་བསམ་པ་དྲན་ཡོད།
༡༽ རང་ཉིད་ཀྱི་འདོད་བློ་ལྟར་སྐྱབས་གནས་གང་ཡང་རུང་བ་ཞིག་བཙལ་ཀྱང་ཆོག མ་འགྲིག་པ་དང་མི་འཐད་པའི་མདོག་སྟོན་མཁན་དག་ནི་དད་པའི་ཉེས་དམིགས་གླེང་མཁན་དག་མ་ཡིན་ནམ། ཕྲན་གྱི་བསམ་པ་ལྟར་ན། དད་པ་ནི་གང་ཟག་སྒེར་གྱི་ལས་དོན་ཞིག་གམ། དེ་ཡང་གང་ཟག་རེ་ཡི་བློའི་ཆ་ཤས་ཙམ་ཞིག་ཏུ་འདོད་པ་ཡིན་ཙང་། བོད་འདི་ནི་ཅི་འདྲའི་ཉམས་ཐག་ཞིག་རེད་དམ། སུས་ཀྱང་འདུལ་མི་དགོས་བར་བློའི་ཆ་ཤས་ཙམ་དེས་ཕུངས་སོང་བའམ་བཅོམས་ཆོག་ཆོག་གི་ཚེ་སྲོག་ཞིག་ལས་མེད་སོང་བས་ན། ད་
ཕྱིན་ཅི་ཡང་གླེང་དགོས་དོན་མི་འདུག་སྙམ། སྡུག་ངལ་དང་བྲལ་རེག་བར་དུ་དད་པའི་མཚམས་གཅོད་ཐུབ་པ་མ་ཡིན་ནོ།
༢༽ ཆིག་སྒྲིལ། ལོ་ངོ་དུ་མའི་བྱུང་རབས་ནང་བྱུང་མ་མྱོང་བ་ཞིག་ད་ལྟ་བྱུང་བཞིན་པ་མ་ཡིན་ནམ། རྨོངས་དད་ཞེས་བའི་ཞ་མོ་ཕུད་མ་མྱོང་བའི་བོད་འབངས་དག་ནི་ཅི་འདྲིའི་ཉེས་ཅན་ཏག་ཏག་རེད་དམ། ད་ཡང་ཁྱེད་ཅག་གི་སེམས་རྒྱུད་ན་རང་ཉིད་སྡུག་ངལ་ལས་གྲོལ་འདོད་ཀྱི་བློ་དེ་ཡོད་བ་ཡིན་ཙང་། ཁྱེད་ཅག་གི་སེམས་རྒྱུད་གཙང་བཟོ་བྱེད་པར་རྨོངས་ཉིད་ལས་སེལ་དགོས་ཚུལ་ལབ་གླེང་མང་ཙམ་ཡོང་གིན་འདུག སྔོན་ཆད་ལྟར་ཕ་རྒོལ་མ་རྡུང་གི་བྱ་བྱེད་དེ་ལག་བསྟར་བྱེད་རྒྱུ་ལས་ཐབས་གཞན་ཅི་ཞིག་ཡོད་དམ། ལས་བྲེལ་གྱིས་དབང་གིས་ཚིག་དུམ་འདི་ལས་ཕུལ་ཐབས་མ་བྱུང་སྟབས། དགོངས་པ་ཆེར་ཙམ་ཡོང་བ་ཤོག
ཡར་བཤད་མར་བཤད་ག་ཚོད་བྱས་ན་འདྲ། བོད་དོན་ཡིན་མདོག་ག་ཚོད་བཤད་ན་འདྲ། མདོ་དོན་མི་ངན་ཁག་གཅིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་བཟུང་བའི་སྙིང་ནད་རྩོད་ཐབས་ཙམ་ལས་མེད་པ་ཤེས་དགོས། འདིའི་ནང་ན་མྱི་སྣ་འདི་ཚོ་འདུས་ཡོད། ཤུགས་ལྡན་པ། ཆོས་མེད་དམ་ཉམ་པ། དགྱ་ཁྱིའི་གསོན་འདྲེ། ཆོས་ཁུངས་དག་ཙམ་མི་གཅིག་པའི་མི་རྣ་རེ་འགའ་ཡིན།
རྒྱུ་མཚན་དེའི་ཆེད་དུ། ཁོང་ཚོའི་ནང་ན་ཡང་། བློ་མཐུན་མ་མཐུན་ག་རེ་ལབ་ན་ཡང་། ཁ་ཕྱོགས་དང་དམིགས་པ་རྒྱབ་འགལ་དུ་འགྲོ་བ་མང་པོ་ཡོད།
ངའི་རེ་བ་ཡིན་ན། བོད་མི་མི་རེ་ངོ་རེ་ཡིས་གོང་གི་མི་འདི་དག་གི་བྱེད་ལས་བྱས་ཉེས། འབྲེལ་ལམ་རྒྱབ་དཔུང་སོགས་ཁ་བརྡ་གཅིག་པོ་ནས་གང་རག་པའི་གནས་ཚུལ་ཙམ་མ་ཡིན་པར། གསལ་རྗེན་དུ་འདོན་ཐུབ་ན་ཡག་པོ་ཡོང་ས་རེད་བསམ།
ཁོང་ཚོས་ཁོ་ཚོ་རྟོག་སད་པ་། ཤེས་ཡོན་ཅན། བོད་ལ་ཤ་ཚ་མཁན་ཡིན་ཟེར་བཞིན། སྤྱི་ཚོགས་ལ་ཟིང་སློང་མཁན་རེད། སྤྱིར་འདི་ཚོ་ལ་དོན་སྣང་ཞིག་དང་ཁ་ཡ་ཞིག་བྱེད་དགོས་དོན་མེད་མོ། ཡིན་ན་ཡང་། བསམ་བློ་ཞིབ་དུ་བཏང་ན། འདི་ཚོ་ཡང་རྩམ་པ་ཟ་རོགས་བྱེད་བཞིན་རྩམ་ཟན་ལ་མནག་པའི་དགྲ་ཡིན་པ་ཚང་མས་ཤེས་དགོས་བ་ཞིག་རེད། འདི་འདྲ་ཤེས་བ་རྒྱུ་མཚན་དུ་བྱས་ན། ཟིང་སློང་མཁན་གྱི་རྟོག་སད་པ། ཤེས་ཡོན་ཅན། བོད་ལ་དུང་མཁན་ཡིན་ཟེར་མཁན་གྱི་རྫུན་ཚིག་སྨྲ་བ་པོ་ཚང་མ་ལ་ཡིད་ཆེ་བློ་བཀལ་བྱེད་མི་ཉན་པའི་གནད་སྙིང་ཞིག་ཡོད་པ་ཤེས་བར་ཕན་པ་དེ་ཡིན།
འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། དྲིན་ཆེན་ལ་དྲིན་ཆེན་དུ་མི་རྩི་བ་ནི་སྤྱི་ཚོགས་ཤེས་རྨོངས། ལྷ་ཆོས་གང་གིས་བཟུང་བ་ཞིག་ཡིན་ན་ཡང་སྐྱེ་བོ་ཕལ་བའི་ནང་གི་ཕལ་བ་ལ་ངེས་འཛིན་པ་རེད།
མཆན་ཁ་ཤས་བཀླགས་པ་ཡིན། ནང་སྒོས་གནམ་ཟེར་མཁན་འདིའི་མཆན་བཀླགས་རྗེས། ང་ལ་སྒྲུང་ཞིག་བཤད་འདུན་ཡོང་སོང་། སྔར་མན་ཇུའི་གོང་མ་མཐའ་མ་དང་དབྱིན་གཞུང་གི་ཕྱི་འབྲེལ་དཔོན་རིགས་མཇལ་མོལ་གནང་སྐབས། གོང་མའི་འགྲམ་དུ་ཉུག་རུམ་པ་གཉིས་ནས་ཞབས་ཞུ་བའི་ཚུལ་དུ་ཡར་ལངས་ནས་བསྡད་ཡོད་པས། དབྱིན་གཞུང་གི་དཔོན་རིགས་དེས་མན་ཇུ་གོང་མར་ཞུ་དོན། དེང་སྐབས་དུས་རབས་ཉི་ཤུ་བར་སླེབས་ཟིན་སྟབས། མི་ལུས་པོ་བདེ་ཐང་ཅན་ཞིག་ཉུག་རུམ་པར་བཟོ་བ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་ཐོབ་ཐང་གང་ལའང་མཐུན་གྱི་མེད། མཆོག་གི་སྲིད་གཞུང་ནས་ཀྱང་དེའི་དགོངས་པ་ཆེར་བཞེས་གནང་བའི་དུས་ལ་སླེབས་ཡོད་ཅེས་ཞུས་མ་ཐག མན་ཇུ་གོང་མས་བརྡ་ལན་མ་སྤྲད་གོང་དུ་ཉུག་རུམ་པ་དེ་གཉིས་ལ་ངར་ལངས་ནས་དབྱིན་གཞུང་དཔོན་རིགས་དེར་བཤད་དོན། ང་ཚོ་ཉུག་རུམ་པར་གྱུར་བ་ནི་བསོད་ནམས་ཆེན་པོ་དང་ནང་མིའི་གཟི་བརྗིད། མངའ་བདག་གོང་མས་གསོལ་རས་སོང་ཙང་། འདིའི་ཐད་ཕྱི་གླིང་བ་ཚོར་སྐད་ཆ་བཤད་ས་ལྷག་མེད་ཅེས་བཤད་པ་རེད།
ད་ཚང་མས་བསམ་བློ་ཞིག་ཐོངས་དང་། སྒྲུང་འདི་དུས་རབས་ཉེར་གཅིག་པའི་བོད་ལ་ད་དུང་ཡང་འཚམས་པོ་ཡོད་པ་རེད་དམ། ཡང་ན། མི་ཁག་ཅིག་གིས་འཐབ་རྩོད་ཀྱི་སླད་དུ་བསམ་བློ་དེ་རིགས་བེད་སྤྱོད་གཏོང་འདུན་ཡོད་པ་རེད་དམ།
ལྷ་སྡེ་གནམ་ལོ་ཡག་གིས་སྒྲུང་ཡག་པོ་ཞིག་བཤད་འདུག བོད་མི་མང་ཆེ་བ་ཞིག་དྭང་བླངས་ཉུག་རུམ་པ་རེད་འདུག ཧ་ཧ་ཧ
དྲ་གྲོགས་ཁ་ཤས་ནས་དྲང་ལྡན་མིན་པའི་སྐད་ཆ་ཁ་ཤས་འདུག་དེ་གསལ་བཤད་སྟབས་བདེ་ཞིག་ཞུ་འདོད་བྱུང་། སྐུ་སྒེར་ཡིག་ཚང་སྤྲུལ་སྐུའི་བཟོ་གྲ་ཟེར་བ་དེ་ཐལ་དྲག་ཐག་ཆོད་པ་རེད། རེད་སྐུ་སྒེར་ཡིག་ཚང་ནས་གོང་ས་མཆོག་གིས་མཁྱེན་ལ་མ་མཁྱེན་པར་སྤྲུལ་སྐུའི་མཚན་རྟག་མང་གནང་ཡོད་པ་དེ་དག་ནི་མང་ཆེ་བ་དགེ་ལུགས་པ་ཡིན། སྤྱིར་སྤྲུལ་སྐུ་ཟེར་བ་དེ་ངོས་འཛིན་མཁན་ཆོས་ལུགས་སོ་སོའི་བླ་ཆེན་ཁག་རེད། ཡིན་ལ་མིན་ལ་ལོ་རྒན་དེ་དག་ལ་ཡང་གཏེར་སྟོན་དང་ཡང་སྟོན་ཟེན་ནས་མིང་འདོག་མཁན་མང་ཤོས་རྙིག་མ་པའི་མང་ལ་སྤྲུལ་སྐུའི་མཛད་པ་ངན་པོ་དེ་ཚོ་ཡང་ཆོས་ལུགས་དེའི་ནང་མང། དྲ་གྲོགས་རང་གིས་འདོད་པ་ལྟར་ན་པད་ནོར་གོང་ཚང་ལ་Adidas བཟོ་གྲ་ཞིག་ཡོད་པ་མིན་ནམ།
ལྷ་སྡེ་བས་འདི་འདྲ་ཞིག་གོ་ཡོད་ན། དེ་ལས་བསླབ་བྱ་ཞིག་མི་ལེན་དོན་ཅི་ཡིན།
མའི་དགོས་མདུན་ལ་ཁྱེད་ཚོས་ལྟ་མ་ཤེས་ན་དེ་འདྲ་རེད། ཉུག་རུམ་པས་ཁྱེད་ཚོའི་ཁ་ལ་སྐྱག་པ་སྤྲད་འདུག་གི་ཨ། ༼ང་ཚོ་ཉུག་རུམ་པར་གྱུར་བ་ནི་བསོད་ནམས་ཆེན་པོ་དང་ནང་མིའི་གཟི་བརྗིད་ཡིན་ཟེར་བ་ལྟར༽ ངས་ཡང་རྟགས་པར། མི་མང་གི་འདོད་མོས་ཤེས་དགོས་བ་རེད་ཟེར་དོན་ཡང་འདི་ཡིན།
མི་སུ་ཞིག་ཡིན་ན་ཡང་། བྱ་བ་ག་རེ་ལས་ན་ཡང་། སོ་སོས་གཟི་བརྗིད་དང་བསོད་ནམས་ཉར་འདོད་ལས་ཡོད། ཡོད་ཆོག་པ་ཞིག་རེད། རྒྱལ་པོས་ཁ་མ་གྲགས་སྔོན་ལ་ཉུག་རུམ་པས་ཁ་གྲགས་པ་དེ་ཡང་ངར་བ་རེད།
ཉུག་རུམ་ལ་མ་བཏང་ན་བོད་པ་འགའ་ནི་དེ་ལས་ཀྱང་སྡོད་མི་ཚུགས་རབས་གོ་ཡ་མང་པོ་འདུག་ཐལ། དེ་ཡང་ཡུལ་སྲོལ་གྱིས་དབང་གིས་ཡོད་དགོས་བ་ཞིག་ཡིན་འགྲོ།
ཁྱོས་ང་ལ་དགྱའི་སྒྲུང་ཞིག་བཤད་པ་རེད། ངས་ཁྱོད་ལ་བོད་ཀྱི་ཁ་དཔེ་ཤིག་འཐེན་དགོས། ཁྱོད་བྱི་ལོང་སྔོན་མོར་མྱིག་ཡས་མེད། མྱིག་ཡས་མེད་པར་རི་བྲག་བརྐོས། མ་རྒྱལ་ཁམས་མྱིག་གིས་མ་རིག་གོང་། རི་རྐོ་མཚམས་བཞག་ན་ཅི་མོ་རེད།
ད་ཁྱོད་ཚོས་རྨོངས་དད་རེད། སྤྲུལ་སྐུས་འགྲིགས་གི་མི་འདུག་ཟེར་ནས་གནད་དོན་ངོ་མ་ལ་ཁ་ལག་པས་འཛིན་མི་ཕོད་པར་མ་འདུག་དང་། ཅུང་ཟད་གནག་ས་ནས་བཤད་ན་ག་འདྲ་འདུག སྤྲུལ་སྐུའི་བཟོ་གྲྭ་མཐོ་ཤོས་དེ་སྐུ་སྒེར་ཡིག་ཚང་དང་ཀྲུང་དབྱང་གཞུང་གཉིས་ཀ་རེད་ལབ་པ་མ་གཏོགས་སྤྲུལ་སྐུ་མང་ཉུང་བསྡུར་དགོས་ན་སུས་མང་པོ་བཟོས་ཡོད་མི་ཤེས། སྤྲུལ་སྐུ་ཡང་སྐུ་མང་དགོས་ན་རྙིང་མ་ཚང་ལྟས་ངན་ཞིག་རེད། རྙིང་མའི་སྤྲུལ་སྐུ་ངོས་འཛིན་ཚབ་ཆེ་ཤོས་དེ་ཕ་ཤུལ་བུ་འཛིནཁྱིམ་རྒྱུད་ཅན་དུ་འགྱུར་བཞིན་ཡོད། དཔེར་ན། སྤྲུལ་སྐུ་ཨོ་རྒྱན་གྱི་བུ་སྤྲུལ་སྐུའི་མི་ཅན་གྱི་བུ་ཞིག་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་དུ་ཐག་བཅད་པ་དང་། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་གྱི་སྲས་ཀྱི་སྲས་ཤིག་ལ་བདུད་འཇོམས་ཡང་སྲིད་ཀྱི་མིང་བཏགས་པ་ལྟ་བུ་རེད། སྟབས་མ་ལེགས་པ་ཞིག་སྤྲུལ་སྐུའི་དབང་བསྒྱུར་འདི་དགེ་ལུགས་པའི་ནང་ལ་དར་ཁྱབ་ངན་པ་ཡོད། དགའ་ལྡན་ཁྲི་པ་དང་དགེ་བཤེས་ལྷ་རམས་པའི་འགྲོ་སྟངས་ལྟ་བུ་ཅུང་ཡག་པོ་ཡོད་ན་ཡང་ཕ་ཡུལ་གྱི་དགོན་ཆེན་ཁག་ཚང་མའི་མགོ་ལུས་སྲོག་གི་བདག་པོ་དེ་ཚོ་སྤྲུལ་སྐུ་དེ་ཚོའི་ལག་ཏུ་ཤོར་ཡོད། དེང་དུས་སུ་རྒྱ་ནག་གཞུང་གི་སརྫོང་ནས་དབུས་ཀྲུང་དབྱང་སྲིད་གཞུང་བར་དུ་ཆབ་སྲིད་ཀྱི་ལས་གནས་སྟེང་དུ་ཡོད་པའི་བླ་སྤྲུལ་གྲས་སུ་དགེ་ལུགས་པས་བརྒྱ་ཆ་མང་ཆེ་བ་བཟུང་ཡོད། རྒྱ་གར་དུ་དགེ་བཤེས་མིང་གྲགས་ཅུང་ཟད་རེ་ཡོད་རིགས་ལ་ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད། དཔེར་ན། རྒྱ་གར་གྱི་མི་སེར་ཞིག་གི་བུ་དེ་མཚན་ཉིད་དགེ་བཤེས་བློ་བཟང་རྒྱ་མཚོའི་ཡང་སྲིད་ལ་ངོས་འཛིན་བྱས་པ་ལྟ་བུ་རེད། ས་སྐྱ་ཁྲི་འཛིན་ཚང་ཡང་ཡང་སྲིད་ཀྱི་བཟོ་གྲྭ་ཆེ་ཤོས་དང་མཐོ་ཤོས་ཤིག་རེད། དཔེ་མཚོན་མང་དུ་ཡོད་མོད་ཡིག་ཉོག་ཆེ་བས་ད་ཐེང་དེ་ཙམ་གྱིས་མཚམས་འཇོག
གོང་དུ་མཆན་༢༠ པ་པད་ནོར་རིན་པོ་ཆེའི་ཡང་སྲིད་པེ་ཅིང་ལ་ངོས་འཛིན་བྱེད་དུ་བཅུག་འདུག་ཟེར། ཞེས་པའི་སྐད་ཆ་དེ་ལ་བདེན་
ཆ་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད། པད་ནོར་རིན་པོ་ཆེ་ངོས་འཛིན་གནང་མཁན་བྱ་བྲལ་རིན་པོ་ཆེ་ཡིན་པ་ཡོངས་གྲགས་རེད་དོ།
རྒྱལ་བ་རིན་པོ་ཆེས་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ཞིང་ད་ནས་་བཟུང་ནས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་སྤྲུལ་སྐུ་གཅིག་ལ་ཡང་རྒྱབ་གཉེར་སྤྲད་རྒྱུ་མིན་ཞེས་ཐག་གཅོད་ཐུབ་ན་ཀྲུང་དབྱང་སྲིད་གཞང་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་མ་གཞན་ཚོས་ངོས་འཛིན་བྱ་བ་ཉུང་དུ་འགྲོ་བ་དང་། ངོས་འཛིན་བྱས་ན་ཡང་སྤྱི་ཚོགས་ཀྱི་ཐོག་ཏུ་འགྲོ་རྒྱུགས་ཆུང་དུ་འགྲོ་བ། སྔོན་ནས་ད་བར་དུ་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཁ་གཏད་དུ་ལངས་མཁན་གྱི་བླ་མ་མཁས་པ་སྐོར་ཞིག་ཡོད་པ་དེ་ཚོའི་སྟོན་པའི་དགོངས་དོན་གྱི་འབོད་སྒྲ་གསལ་དུ་འགྲོ་བ་བཅས་ཕན་ཐོགས་བླ་ན་མེད་པ་ཞིག་ཡོད་པར་ཐག་ཆོད་པ་རེད།
ང་དངོས་གནས་ཡ་མཚན་སྐྱེས་བཞིན་འདུག རྒྱལ་བ་རིན་པོ་ཆེ་ཚན་རིག་ལ་ཐུགས་མཉེས་པ་དང་། གསར་བྱུང་འཕྲུལ་ཆས་ལ་དགའ་བ། ཆོས་ལུགས་ཀྱི་ལྟ་གྲུབ་ལ་རྨོངས་དད་ཡོད་པ་སུན་འབྱིན་ལ་མཉེས་པས་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་དུ་གསུངས་པའི་འཇིག་རྟེན་ལེའུ་སོགས་ལ་རིན་ཐང་མེད་ལུགས་གསུངས་ཐུབ་ས་ནས། དཔལ་ན་ལནྡྲ་སོགས་སུ་དར་མ་མྱོང་ཞིང་རྒྱལ་བ་ལྔ་པ་ཆེན་པོ་ཚུད་པའི་བོད་རང་གི་བླ་མ་མཁས་གྲུབ་མང་པོས་དགག་པ་རྒྱག་མྱོང་བའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཁྱབ་སྤེལ་དང་། གདོད་མའི་ཤ་མན་རིང་ལུགས་ཀྱི་ཆ་ཤས་ལྷ་འབེབས་སྲོལ་སོགས་ད་དུང་རྒྱུན་འཛིན་དར་སྤེལ་བྱེད་པ་འདི་རིགས་ངོ་མ་ཡིད་མི་ཆེས་པ་ཞིག་རེད།
ངས་ནམ་ཡིན་ཡང་། ཕྱི་རྒྱལ་བ་ཚོར་བོད་བརྒྱུད་ནང་བསྟན་འདི་རུལ་སུང་ཅན་གྱི་སྲོལ་རྒྱུན་ཞིག་གི་འོག་ཏུ་ལྷུང་ཡོད་ཅེས་བརྗོད་བཞིན་ཡོད། རྒྱུ་མཚན་འདྲི་མཁན་བྱུང་སྐབས་སྤྲུལ་སྐུའི་ལམ་ལུགས་ལས་འཕྲོས་ཏེ་ངོ་སྤྲོད་བྱེད་བཞིན་ཡོད།
སྤྲུལ་སྐུ་ལམ་ལུགས་དང་། ལྷ་བརྟེན་ལྷ་འབེབས་ལུང་ཞུའི་ལམ་ལུགས་ཀྱང་ཕན་ཐོགས་ཅན་ཡིན་པས། ངེས་པར་དུ་སྲུང་སྐྱོབ་བྱ་འོས་པ་ཅིག་རེད་དོ།།
སྤྲུལ་སྐུའི་ལམ་ལུགས་འོག་ལ་པཎ་ཆེན་རྫུན་མ་དང་། ཀརྨ་པ་རྫུན་མ་དང་། གཞན་བླ་སྤྲུལ་རྫུན་མ་འགའ་ཞིག་འོངས་བ་དང་། ལྷ་བསྟེན་ལམ་ལུགས་འོག་ལ་དོལ་རྒྱལ་སོགས་རང་གཞན་དཀྲུགས་ཤིང་འོངས་བ་ཡང་། ལྷ་གཟབ་སར་བདུད་གཟབ་ཅེས་པའི་དངོས་པོའི་གཤིས་ལུགས་ཅིག་ལས། ཧང་སོང་དགོས་གང་ཡང་མེད།
ཡར་བཤད་མར་བཤད་ན། འབེན་ཤར་ལ་བཞག་ནས་མདའ་ནུབ་ཏུ་འཕེན་གི་ཡོད་པ་འདྲ། རྒྱལ་བ་རིན་པོར་སྐུ་མཁྱེན་ཞུས་ནས་སྤྲུལ་སྐུ་མང་བོ་བཟོ་མཁན་ཁྱོད་དང་ང་ལྟ་བུ་སྟེ། ཡོད་ཚད་གཅིག་པའི་མི་བུ་དེ་ཚོ་རེད། རྒྱ་ནག་དང་མགོ་སེར་མི་ནག་ཡིན་དོན་མེད། རང་རེ་ཚོ་དང་ཡོད་ཚད་གཅིག་ཏུ་གྱུར་བའི་མི་བུ་དག་ནི་རྨོངས་དད་ཀྱི་དབང་དུ་གྱུར་བས་ཡིན་པར་ལྟ་བ་འཛིན་པ་ནི། འདིར་ཕེབས་པའི་དྲ་གྲོགས་འགའ་ཤས་ཀྱི་སྔོན་བསྐྱོད་དར་ཆེན་རེད། གསར་གཏོད་གསར་བརྗེའམ་ཡང་ན་རྨོངས་གཉིད་རྟོགས་སད་དགོས་རབས་བརྒྱ་བཤད་སྟོང་བཤད་ཀྱང་གྲོགས་འགའ་ཤས་ཀྱི་འབུགས་ལ་འདྲེས་པའི་ཚེ་ཡི་ཐེག་པ་རེད། རེད་དེ། མི་ལོ་ཅི་ཙམ་ཕྱིན་པ་དེ་ཙམ་གྱིས་བཤད་རྒྱུ་གླེང་རྒྱུ་གཅིག་རང་གི་སྟེང་ནས་གོམ་གང་མདུན་སྤོ་མེད་པ་དེ་ཡང་རིགས་ཅན་དེ་དག་རེད། དད་པས་འཚོ་བའམ་རྨོངས་དད་ཀྱིས་འཚོ་བས་རྗེས་སུ་ལུས་པ་བདེན་ན། གསར་རྗེས་པ་དག་གིས་རྙིང་པ་གང་ཞིག་གཏོར་ཏེ་གསར་བ་བསྐྲུན་ཡོད་དམ། དེང་གི་དུས་སྐབས་འདིར་ཁ་ལས་ལག་པ་གལ་ཆེ་ལ། གཞན་ལ་ཁ་བསྐོར་བ་ལས་རང་ལ་འཛུབ་མོ་ནང་བསྐོར་དོན་དུ་སོང་འདུག རང་ལ་ཤེས་བྱའི་རྨང་གཞི་སྲབ་པ་དེ་བོད་སྤྱིའི་བསམ་བློར་ཁ་སྤོ་ཐབས་བྱེད་པ་འདི་རྗེས་ལུས་ལས་སྔོན་དུ་བསྐྱོད་པའི་དད་པ་ཡིན་སྲིད་ན་ཐང་སྟེ། ཇི་སྲིད་དུསྔོན་བསྐྱོད་ལམ་བུའི་གཞི་མ་གདིངས་བར་དུ་འདི་ལ་ཡིད་ཆེ་བྱེད་དཀའ་བར་གྱུར། ཁ་དཔེར་གསེར་མོད་ས་ན་གསེར་དཀོན་ཟེར་སྲོལ་ཡོད་པ་བཞིན་སྔོན་ཐོན་རྒྱལ་ཁབ་དག་ནའང་རང་རེ་ལས་རྗེས་ལུས་ཤིན་ཏུ་མང་། དཔེ་མཚོན་ཆེས་གསལ་བོ་ཞིག་སྟེ། སྔོན་ཐོན་རྒྱལ་ཁབ་མང་བོའི་མི་མང་བརྒྱ་ཆ་དྲུག་ཅུ་ཙམ་གྱིས་ཡོད་ཚད་དཀོན་མཆོག་གིས་བསྐྲུན་པའི་དད་པ་འགྱུར་མེད་ངང་ཡོད་པ་དེ་ཡིས་དེ་གའི་སྔོན་ཐོན་བསམ་བློ་འགོག་མ་ནུས་པར་བོད་ཀྱི་དད་པས་འགོག་གིན་འདུག་པར་འདོད་པ་འདི་ཡ་མཚར་དགོས་པ་ཞིག་རེད་ལ། སྙིང་རྗེ་འོས་པ་ཞིག་ཀྱང་རེད། ཡང་གཅིག་བཤད་ན། དྲ་གྲོགས་ཚོས་གླེང་གིན་པ་ནི། བསམ་བློ་རྗེས་ལུས་ཐད་ཡིན་པ་དང་སྔོན་མའི་བསམ་བློ་གང་ཞིག་མ་བཀག་ན་བསམ་བློ་གསར་བ་སྐྱེས་མི་ནུས་པར་འདོད་པ་དེ་རེད། བདེན་པ་རེད། ང་ཚོས་བསམ་བློ་གསར་བ་དགོས་རབས་བཤད་པ་དེ་ཡང་ཡིད་ལ་ཅི་ཡང་འཆར་རྒྱུ་མེད་པར་བླ་མ་ག་གེ་མོ་མཁྱེན་ནོ་ཟེར་བ་དང་ཀུན་ནས་མཚུངས་པར་གྱུར་འདུག གལ་ཏེ་མ་ཡིན་ན་ནི། གསར་བ་དགོས་རབས་རྙིང་བས་གོ་མི་ཆོད་ཚུལ་བཤད་པའི་ཁ་སྟོང་གི་མཚམས་ནས་རིག་ཚོར་གྱིས་བཏང་ཟིན་པའི་བེམ་པོ་བཞིན་དུ་གྱུར་བསྡད་ཡོད་པ་མ་ཡིན་ནམ། ཡང་དཔེ་ཡིས་མཚོན་ནུས་པ་གཞན་ཞིག་ལ། མོའོ་ཡིས་གསར་བརྗེ་བྱས་ཡོད་ལ་བྱས་པ་ནུས་པའང་ཅི་ལ་མིན་ཏེ། ཁོང་གིས་དམར་ལུགས་པའི་ལྟ་བ་དང་གཞུང་ལུགས་ཤེས་བའི་སྟེང་ནས་དེ་ལྟར་བསྒྱུར་བས་སོ།། དེས་ན་དོན་དངོས་སུ་ངེས་པར་དུ་བོད་ཀྱི་དད་པ་བསྒྱུར་བའམ་མེད་པར་བཟོ་དགོས་ན་སྲིད་སྐྱོང་ལྟ་བུ་ལྟ་བ་དང་གཞུང་ལུགས་ཀྱི་དམིགས་བྱ་གཞན་ཞིག་གི་སྟེང་ནས་བསྒྱུར་ཐུབ་དགོས་པ་ལས། དད་པ་ཅན་ལ་དམོད་པ་དང་སྡུག་པའི་ལས་དགྱིས་པ་ཙམ་གྱི་ཅི་ཡང་མི་ཡོང་བར་མ་ཟད། མཐའ་མ་དེར་གསར་བ་བཤད་བཤད་ནས་རྙིང་བ་ལ་ཤི་འཐེམ་རོ་འཐེམ་གྱི་ཚད་ལ་མི་ལྷུང་ངེས་པ་ཅི་ཡང་མེད་དོ།།
༼# 64 བཀྲ་ཤིས།་ལགས་ཀྱིས་མཆན་བཏབ་པ།:
April 24th, 2014 at 12:16 AM
གོང་དུ་མཆན་༢༠ པ་པད་ནོར་རིན་པོ་ཆེའི་ཡང་སྲིད་པེ་ཅིང་ལ་ངོས་འཛིན་བྱེད་དུ་བཅུག་འདུག་ཟེར། ཞེས་པའི་སྐད་ཆ་དེ་ལ་བདེན་
ཆ་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད། པད་ནོར་རིན་པོ་ཆེ་ངོས་འཛིན་གནང་མཁན་བྱ་བྲལ་རིན་པོ་ཆེ་ཡིན་པ་ཡོངས་གྲགས་རེད་དོ།༽ བྱ་བྲལ་རིན་པོ་ཆེ་ལ་རྒྱ་གཞུང་གིས་རྒྱབ་གཉེར་མེད་དམ། པད་ནོར་རིན་པོ་ཆེའི་ཡང་སྲིད་དྭགས་པོ་ནས་འཁྲུངས་བའི་བྱིས་བ་དེ་ལ་རྒྱ་ནག་གཞུང་ཆོག་མཆན་མ་ཞུས་སམ། རྒྱ་ནག་གིས་དེ་ལྟར་ཆོག་པའི་ཆོག་མཆན་མ་སྤྲད་དམ། དེ་ལ་སྐུ་མདུན་གྱི་གམ་ནས་རྒྱབ་གཉེར་ཞུས་ཡོད་དམ།
རྒྱུ་གཞུང་གིས་ངོས་འཛིན་ཞུས་ཟེར་བའང་གཞུང་གིས་ཆོག་མཆན་ཐོབ་པའི་དོན་རེད། གཞུང་གིས་ཆོག་མཆན་ཐོག་པའང་ངོས་ལེན་བྱས་བའི་དོན་རེད། གཞུང་གིས་ངེས་ལེན་བྱས་བའི་དོན་ཡང་སྲིད་དོན་གྱི་སྟེགས་བུ་ཐོག་ཏུ་ངོས་འཛིན་བྱས་བའི་དོན་རེད། རྒྱུ་མཚན་ནི། ཁོ་ཚོས་འདོད་པ་མེད་ཡ་ཞིག་ནམ་ཡང་ངོས་ལེན་མི་སྲིད་པས་རེད།
མའོ་ནི། རླབས་ཆེན་མིན་པར། རྫབ་ཆེན་རེད། འབའ་ཕུན་ནི། རང་གི་བཟའ་ཟླ་ཤོར་བའི་དཔའ་ཆུང་ཅིག་ཡིན་སྲིད་པ་རེད། འོནད་ཀྱང་། ངས་ནི། རྒྱ་ནག་དང་བོད་ཀྱི་གུང་བྲན་ལ་འགྲམ་ཆུ་ནམ་ཡང་མི་ལྡང་ངོ་།། །།ཧཧཧ།། །།
བོད་ཕོངས་བྱེད་ཀྱི་རྩ་བ་ནི། དད་པ་དང་སྤྲུལ་སྐུའི་ལམ་ལུགས་མིན་པར་ངེས་སོ།། ཞེས་ཨ་ནུ་ཐང་བསོད་ནམས་ལགས་ལ། གསལ་འདེབས་པ་ལགས་སོ།། །།
སྤོབས་མཆོག་མཐའ་ཡས་ཀྱིས་བསམ་བློ་བཏང་ས་ཡོད་པ་ཞིག་གསུངས་འདུག ཡིན་ཡང་། སྐུ་མདུན་གྱིས་ངོས་ལེན་མ་བྱས་ན་ཡང་སྲིད་དོན་གཉེར་བ་ཚོས་རྒྱ་ནག་ལ་སྐྱབས་བཅོལ་བྱེད་པའམ། ཡང་ན་རང་ཐག་རང་གཅོད་ཀྱིས་ངོས་འཛིན་བྱེད་ཅིང་། དེ་ལྟར་བྱས་ན་ད་ལྟའི་དོལ་རྒྱལ་གྱི་གནད་དོན་ལྟ་བུ་མི་འགྱུར་རམ། དེ་ནི་ཉེན་ཁའི་ཕྱོགས་རེད། ལྷག་པར་དུ་སྐུ་མདུན་གྱིས་ཁོང་གི་ཡང་སྲིད་མེད་ཅིང་ཏཱ་ལའི་བླ་མ་བཅོ་ལྔ་བ་མེད་གསུངས་དགོས་ཡོད། དེ་ལྟར་གསུངས་ཀྱང་རྒྱ་ནག་གིས་ཏཱ་ལའི་བླ་མ་བཅོ་ལྔ་བ་ངོས་འཛིན་བྱེད་ངེས་རེད། དེ་ལྟར་གྱུར་ཚེ་བོད་མིའི་སྒྲིག་འཛུགས་ལ་ཏཱ་ལའི་བླ་མ་མེད་ཅིང་། རྒྱ་ནག་ལ་ཡོད་པ་འགྱུར་བས་ཕན་གནོད་ག་འདྲ་ཞིག་ཏུ་ཆགས་མིན་ནི་དཔྱད་གཞིའི་གནས་ཤིག་རེད། དེའི་སྐོར་ལ་བསམ་བློ་མང་ཙམ་ཞིག་བཏང་དགོས་འདུག
ཡིན་ཡང་། ཕན་ཐོགས་གཅིག་ཡོད་པ་ནི་ཉིད་ཀྱིས་གསུངས་བ་བཞིན་ངོས་འཛིན་བྱེད་རྒྱུ་ཉུང་དུ་འགྲོ་ཞིང་། དེའི་རྐྱེན་གྱིས་སྤྲུལ་སྐུ་ལམ་ལུགས་འདི་མགྱོགས་པོར་རྩ་མེད་འགྲོ་བ་ཕན་ཐོགས་ཡོད་པ་སྨོས་མེད་རེད། དེ་ལྟར་སྐུ་མདུན་གྱིས་གནང་སྲིད་དམ། ཧ་ཅང་གི་ཁག་པོ་རེད་འདོད།
དེ་ལྟར་་གནང་བ་ཡིན་ན་ཡག་པོ་རེད། ད་ལྟ་ཡོད་པའི་སྤྲུལ་སྐུ་ཚོ་ནི་རང་འཇགས་ཡིན་ཞིང་ཁོ་ཚོའི་མཚན་གནས་འགྱུར་མེད་དུ་གནས་རྒྱུ་ཡིན་་ཡང་། རྗེས་ཕྱོགས་ཡང་སྲིད་ངོས་འཛིན་་མི་གནང་བའི་རེ་བ་ཞུས་ཤིང་། ལྷག་པར་དུ་སྤོབས་་མཆོག་གིས་གསུངས་བ་བཞིན་སྐུ་མདུན་གྱིས་ཡང་སྲིད་ངོས་འཛིན་བྱེད་ཀྱིན་མིན་གསུངས་ཚེ་ཕན་ཐོགས་ཡོད་པ་སྨྲོོས་མེད་རེད། སྤྲུལ་སྐུ་ཚོའི་ནང་ནས་ཀྱང་བོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་དོན་དམ་གྱི་སངས་ཆོས་རྒྱུན་གནས་ཆེད། ཐུགས་བསམ་བཞེས་ནས་ཡང་སྲིད་མི་དགོས་གསུངས་མཁན་དང་དེ་ལ་དགག་པ་རྒྱག་མཁན་མང་དུ་བྱུང་ངེས་རེད།
གང་ལྟར་སྤོབས་མཆོག་ནི་རྣམ་དཔྱོད་ཅན་རེད། ཡིན་ཡང་། སྐུ་མདུན་གྱིས་དེ་ལྟར་གནང་ཞེ་ན་བསམ་ཡུལ་ལས་འདས་བ་ཞིག་རེད། འོན་ཀྱང་། མཚམས་རེ་བསམ་ཡུལ་ལས་འདས་བའི་དོན་དངོས་འབྱུང་སྲིད་པ་རེད། གང་ལྟར་རེ་བ་གང་སར་རྒྱག་དགོས་ཀྱིན་འདུག
གནམ་ལོ་ཡག་གིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཞིང་རྟོགས་སད་ཀྱི་ཅོང་བརྡ་གྱུར་བའི་སྒྲུང་ཧ་ཅང་གི་སྙན་པོ་ཞིག་གསུངས་འདུག སྒྲུང་དེ་གོ་བ་ཙམ་གྱིས་མི་མང་པོ་ཞིག་གི་གོ་རྟོགས་རང་བཞིན་གྱིས་སད་པའི་ནུས་བ་ཡོད་པས་ཡིན། ཐུགས་རྗེ་ཡོད།
ཁ་ཆེའི་ལྟ་གྲུབ་མཐུག་སའི་བུ་མོ་ཚོ་ཡང་ཡོ་རོབ་ཏུ་སླེབས་སྐབས་ཡོ་མོ་རྣམས་ཀྱིས་རྐང་ཐུང་གོན་ཏེ་རླ་ཤ་བསྟན་པར་ཁོང་ཁྲོ་བྱེད་ཀྱིན་འདུག དེ་ལས་ལྡོག་སྟེ་ཁོང་ཚོ་མགོ་རས་ཀྱིས་བཏུམས་ཤིང་སྐྱེས་བའི་བཀོད་མངགས་བཞིན་འཚོ་དགོས་ཤིང་། མ་འཚོ་བར་རླ་ཤ་བསྟན་པའམ་སྐྱེས་བ་གཞན་དང་ལུས་འབྲེལ་བྱས་ཚེ་རྡོ་རྡུང་ཕོགས་པ་དགེ་མཚན་དུ་ལྟ་བཞིན་འདུག
ཨ་ནུས་གནམ་ལོའི་སྒྲུང་ལས་རང་གི་བཤད་འདོད་པ་མངོན་པར་བརྗོད་པ་དོན་ལ་གནས། འོན་ཀྱང་སྒྲུང་ལས་ལག་ལེན་གལ་ཆེ། ཉུག་རུམ་པ་དེ་གཉིས་སྟེ། བོད་མིའི་བསམ་བློ་བསྒྱུར་དགོས་པ་བདེན་ན་ཁྱོད་ལ་བསྒྲུར་ཐབས་ཤེས་ཅི་མཆིས་གསུངས་གནང་ཡོང་བ་ཞུ།
བཀླགས་ཟིན།
བགྲོ་གླེང་ཡག་པོ་གནང་འདུག་བསམ་སོང་།
ཚང་མ་ལ་ཐུགས་རྗེ་ཆེ།
ང་རང་ལ་ཡང་ཕན་ཐོག་ཆེན་པོ་བྱུང་སོང་།
སྤྲུལ་སྐུ་ལམ་ལུགས་མེད་པ་བྱེད་དགོས་ཟེར་བ་དེ་ཡང་སྟོང་བསམ་ཞིག་རེད་སྙམ། ཁལ་ཁ་རྗེ་བཙུན་དམ་པ་སྐུ་མ་གཤེགས་གོང་ནས་མ་འོང་པའི་ཡང་སྲིད་འཁྲུངས་ཡུལ་སོགས་སྐུ་མདུན་རང་གིས་ལུང་བསྟན་གནངས་སོང་བ་ཁྱོད་ཚོས་མ་ཐོས་སམ། ད་སྔ་ནས་ཁོང་གི་ཡང་སྲིད་འཚལ་རྒྱུ་སྟ་གོན་བྱས་ཟིན་པ་རེེད། ཁོ་བོས་ལོ་བཅོ་ལྔའི་གོང་དུ་མཇལ་ཁ་ཞིག་གི་སྐབས་༧གོང་ས་མཆོག་ལ་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་ལུགས་སྲོལ་འདི་མེད་ན་ལེགས་པོ་ཡོད་ས་རེད་ཅེས་ཞུས་པ་ཡིན། དེ་དུས་བཀའ་ལན་ལ་བླ་ཆེན་ཚོ་ངོས་འཛིན་བྱེད་ན་ལེགས་པར་འདུག དེ་མིན་བླ་མ་ཆུང་ཆུང་ཚོའི་སྤྲུལ་སྐུ་དགོས་པ་མི་འདུག་ཅེས་གསུངས་བྱུང་། ༧་གོང་ས་མཆོག་གི་ཐུགས་དགོངས་ལ་བླ་ཆེན་ཚོ་ཡོད་ན་བསྟན་པ་ལ་ཕན་ཐོགས་པར་འདུག་དགོངས་བཞིན་ཡོད་ས་རེད། འདི་ནི་ངེད་ཀྱིས་༧གོང་ས་མཆོག་གི་ཞལ་ནས་དངོས་སུ་ཐོས་པ་ཡིན།།
བགྲོ་གླེང་ལྷུག་པོ་ཞེ་དྲག་གནང་ཤག ད་གནང་ཡ་གཙོ་བོ་དེ་མང་ཚོགས་ཀྱི་གོ་རྟོགས་གོང་མཐོར་གཏོང་རྒྱུ་དང་། ད་ཡོད་ཀྱི་སྤྲུལ་སྐུ་ཚོའང་ཡོན་ཏན་ཡོད་མེད་ཀྱིས་དབྱེ་ཐག་ཆོད་པོ་གནང་ཡ་གལ་ཆེན་རེད། དེ་མིན་དགེ་བཤེས་ཚོར་སྤྲུལ་སྐུ་མི་བཙལ་བར་སྐྱབས་འཇུག་ཞུ་ཡ་ཙམ་ལས་ཆེར་ལས་ཡ་མེད་པ་འདྲ། བོད་ཕྱོགས་ནས་འགོག་ཐུབ་པའི་དབང་དུ་བཏང་ཡང་རྒྱ་དམར་གཞུང་ཕྱོགས་ནས་ཤུགས་བསྣོན་གྱིས་མང་པོ་ཞིག་བཙལ་ཡོང་གི་རེད།
རྒྱ་ནག་གཞུང་གི་བྱ་བྲལ་རིན་པོ་ཆེ་ལ་རྒྱབ་གཉེར་མེད་དམ་ཞེས་པའི་དོན་དེ་གསལ་བཤད་ཞིག་གནང་རོགས།
༧གོང་ས་མཆོག་ཡང་རང་ས་བོད་དུ་ཕེབས་པ་ལ་རྒྱ་གཞུང་གི་ཆོག་ཆེན་དགོས་པ་རེད། དེ་ལ་རྒྱ་གཞུང་གི་ངོས་
འཛིན་བྱས་པ་རེད་བརྗོད་ན་སྙན་པོ་འདུག་གམ། ༧གོང་ས་བཅུ་བཞི་པ་ངོས་འཛིན་གནང་མཁན་རྒྱ་ནག་གཞུང་
རེད་བརྗོད་དགོས་ན་གནས་ལུགས་ལྡན་པའི་གཏམ་རེད་དམ། བྱ་བྲལ་རིན་པོ་ཆེ་དང་པད་ནོར་རིན་པོ་ཆེ་རྣམ་
གཉིས་སྲིད་དོན་ནང་དུ་དྲུད་མ་ཡོང་ན་མི་མཛེས་སམ། བསམ་ཚུལ་ཙམ་ཡིན།
ཉུག་རུམ་ལས་ངན་དེ་ཚོས་རང་ཉིད་ལས་ངན་ཡིན་པར་མ་ཤེས་པའི་ཐོག་ཏུ་རང་ཉིད་ལས་དག་དང་བསོད་ནམས་ཆེན་པོ་ཡིན་བསམས་པ་འདི་ནི་རང་ངོ་རང་གིས་མ་ཤེས་ཟེར་བ་དེ་རེད། དཔེར་དོན་སྦྱར་སྟངས་འདི་ལ་ནུས་པ་ཡག་པོ་བྱུང་། ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མི་དམངས་་གོ་རྟོགས་སད་ཐུབ་པའི་གཏམ་ཞིག་བཤད་འདུག
བདེན་པ་རེད་བཀྲ་ཤིས་ལེགས། དེ་ཉིད་སྲིད་དོན་དུ་མ་འཁུར་ན་ཡག་པ་བདེན་པ་རེད། འོན་ཀྱང་། གོང་ས་མཆོག་དང་བོད་དུ་ཕེབས་ཆོག་པ་ལ་ཆོག་མཆན་ཞུས་བ་དང་ཡང་སྲིད་ངོས་འཛིན་གྱི་ཆོག་མཆན་ཞུས་བ་གཉིས་མི་འདྲ་བ་ཀ་ཁ་རེད། གོང་གི་པད་ནོར་རིན་པོ་ཆེ་ནི་དཔེར་མཚོན་ཙམ་དུ་བགྲང་བ་ལས་རྒྱ་གཞུང་གི་ངོས་འཛིན་བྱས་བ་ཁོང་གཅིག་བུ་མིན། བོད་ནང་གི་ཡང་སྲིད་༩༠%ཙམ་རྒྱ་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད། དེ་བྱེད་པ་ལ་ད་ལྟ་བོད་མི་མང་པོས་མཐུན་འགྱུར་བྱེད་ཀྱིན་ཡོད།
གལ་ཆེན་གྱི་སྤྲུལ་སྐུ་ཚོའི་ཡང་སྲིད་རྩད་གཅོད་བྱེད་སྐབས་སུ་ཚོགས་ཆུང་བཙུགས་ཏེ་རྒྱ་གཞུང་གིས་མི་རྒྱུ་གཉིས་ཀའི་མཐུན་རྐྱེན་སྐྲུན་བཞིན་ཡོད། ཡིན་ཡང་། དེ་དོན་ཕྱི་གླིང་བས་གླེང་ཆོག་པ་ལས་བོད་པ་ཚོས་གླེང་ཆོག་གི་མ་རེད། གླེང་བ་ཡིན་ན་རྙོག་དྲ་ཡོང་། བདེན་དོན་བརྗོད་མི་ཆོག་པའི་འདི་དག་སྤྲུལ་སྐུའི་ལམ་ལུགས་ཀྱིས་བཟོས་བ་མ་ཡིན་ནམ།
་་་་་་ བོད་ནང་གི་ཡང་སྲིད་༩༠%ཙམ་རྒྱ་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད། དེ་བྱེད་པ་ལ་ད་ལྟ་བོད་མི་མང་པོས་མཐུན་འགྱུར་བྱེད་ཀྱིན་ཡོད། ་་་་་་
ངས་རྒྱ་གཞུང་གིས་སྤྲུལ་སྐུ་ངོས་འཛིན་བྱས་པ་པཎ་ཆེན་རྫུན་མ་རྒྱལ་ནོར་མ་གཏོགས་ཧ་གོ་མ་བྱུང་བས་་་་་
ཁྱེད་ཀྱིས་གསུངས་སྟངས་ལྟར་ན་རྒྱལ་མཚན་ནོར་བུའང་བཀྲ་ཤིས་ལྷུན་པོའི་གནད་ཡོད་ཁག་ཅིག་གཙོ་བོ་གྱུར་བའི་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་ངོས་འཛིན་བྱས་ཡོད།
ལོ་ཤས་ཀྱི་གོང་དུ་རྒྱ་གཞུང་གིས་ངོས་འཛིན་མེད་པའི་ཡང་སྲིད་གཅིག་ཀྱང་བྱུང་མི་ཆོག་པའི་ཁྲིམས་ལུགས་བཟོས་བས། དེ་དག་ལ་ཁ་གཏད་སླད་བཙན་བྱོལ་གྱི་བླ་ཆེན་ཁག་འཛོམས་ཡོད། འོན་ཀྱང་། བོད་ནས་ངོས་འཛིན་བྱས་བའི་ཡང་སྲིད་ཁག་ལ་པེ་ཅིང་གཞུང་ནས་ངོས་འཛིན་གྱི་ཆོག་མཆན་ཞུ་བཞིན་ཡོད། ཞེ་ས་ཞུས་ན། གནང་རོགས་གནང་ཞེས་ནས་གསོལ་བ་འདེབས་བཞིན་ཡོད་བ་རེད་དོ།
ངས་བཤད་པའི༩༠%ལྷག་ཅེས་བ་ནི་ད་ལྟ་ཡོང་བཞིན་པའི་ཡང་སྲིད་ཚོ་བཤད་ཀྱིན་ཡོད། བོད་ཀྱི་ཡང་སྲིད་༩༠%ལྷག་བོད་ནས་ངོས་འཛིན་བྱེད་བཞིན་ཡོད་དུས་དེ་ལ་རྒྱ་ནག་གིས་ཆོག་མཆན་མེད་པ་ཡོང་མི་ཆོག་པ་གསལ་བོ་རེད།
ནང་པའི་ཆོས་དང་བླ་སྤྲུལ། དད་པ་ལ་བརྟེན་ནས་བོད་ཕོངས་པ་ལས་ཀྱང་འཚེངས་པའམ་ཕན་པའིརྩ་བ་ཡང་བྱས་ཡོད།
འོན་ཀྱང་བླ་མ་ཟོག་པོའི་ཆོས་ཟོག་པོ་བཤད་ནས་དད་པ་ཟོག་པོ་རྨོངས་དད་སྐྲུན་ནས་ཕུངས་ཚབ་དེ་ལས་ཆེ་བ་མེད་པ་
བྱུང་ཡོད་པའང་ལོ་རྒྱུས་ལས་གསལ་བཞིན་རེད། དེས་ན་ཟོག་པོ་དགག་འོས་ཀྱང། ཡང་དག་པའི་ཆོས་དང་དད་པ། སྤྲུལ་
སྐུ་དེ་རྣམས་དགག་མི་རིགས་སོ། སྤྱིར་དད་པ་ཟེར་བ་དེ་མའོ་ལ་ཡང་ཆེན་པོ་ཡོད་ཏེ། བོད་དེ་རྒྱ་ནག་གི་མངའ་འོག་ཏུ་ལེན་
པའི་དམར་ཤོག་གི་ལྟ་བ་ལ་ཡིད་ཆེད་པའི་དད་པ་བརྟན་པོ་ཞིག་ཡོད་པ་ནི་སྨོས་མ་དགོས། དེས་ན་གནས་སྐབས་ཀྱི་ཞི་བདེ་
དང་མཐུན་རྐྱེན། མཐར་ཐུག་གི་ཞི་བདེ་རྣམ་གྲོལ་གཏན་གྱི་གོ་འཕང་ཐོབ་བྱེད་ཀྱི་ལམ་མམ་ཆོས་ཡང་དག་ལ་བརྟེན་ནས
དད་པ་ཡང་དག་དང། ལམ་སྟོན་བླ་མ་ཡང་དག་གསུམ་ནི་ཡོད་ན་དེས་ཆོག་པ་དང། མེད་ན་ཐབས་ཆགས་པ་རེད་སྙམ་མོ།
དྲ་གྲོགས་ཚོས་གླེང་མོལ་ལྷུག་པོ་གནང་སོང་བསམ་འཆར་འདྲ་མིན་ཡང་བཏང་ཚར་སོང་། ད་ལྟའི་ཆར་མཆན་བུ་ཡང་༨༤་ཙམ་བྲིས་ཟིན་པ་རེད། འོན་ཀྱང་། ང་ཚོས་སྐྱོན་ལ་མཛུབ་མོ་བཙུགས་པ་ཙམ་ལས་སྐྱོན་དེ་སེལ་བའི་ཐབས་ལམ་ལ་བསམ་གཞིགས་གནང་མཁན་ཧ་ཅང་ཉུང་ཉུང་རེད། དེས་ན་ངའི་བགྲོ་གླེང་འདིའི་ཕྱོགས་བསྡོམས་ནི། སྐད་ཆ་རྙིང་པ་སྐྱར་བཤད་ཙམ་ལས་བསམ་བློ་གསར་པ་ཅང་མེད་པ་དེ་ཡིན། སྤྲུལ་སྐུ་འགའི་བྱ་སྤྱོད་དེའི་སྐོར་དོན་རྒྱལ་གྱིས་ཀྱང་བརྩམས་སྒྲུང་ལམ་ནས་བྲིས་ཟིན་པ་རེད། འོན་ཀྱང་། ང་ཚོས་གོམས་པ་མདུན་སྐྱོད་གང་ཡང་བྱས་མེད། དེའི་རྐྱེན་གཙོ་བོ་དེ་ཐབས་བྱུས་མེད་པའི་རྐྱེན།
སྤྲུལ་སྐུ་ཚང་མ་དེ་འདྲ་ཡིན་མི་སྲིད། རྒྱ་གུང་ཁྲན་ཇག་ཚོགས་ཀྱིས་བཤད་སྟངས་འདྲ་བོ་འདུག
ང་ཚོ་ཕ་ཡུལ་ལུང་ཁུག་དེར་མོ་ཌ་རྫིག་པོ་ཡོད་མཁན། ཚོང་ལས་རྒྱ་ཆེན་པོ་ཡོད་མཁན་གྱི་བླ་མ་སྤྲུལ་སྐུ་ཁ་ཤས་འདུག ཁོང་ཚོས་གྲོང་པར་མོ་ཊའི་ལམ་གཤགས་པ་དང་། ཉི་ལོག་གནང་སྦྱིན། དུད་ཚང་སྐྱོ་བོའི་ཕྲུ་གུར་སློབ་ཡོན་རོགས་རམ། སྐད་དང་རིག་གཞུང་སྲུང་སྐྱོབ་ཐེབས་རྩ་འཛུགས་པ། རྒན་གསོ་ཁང་དང་དབང་བོ་གོ་འཕེར་མེད་རིགས་ལ་ལྟ་སྐྱོང་ཁང་གསར་འཛུགས་སོགས་ཁ་ཚ་དགོས་ཐུག་གི་ལས་ཀ་ཡག་པོ་བྱེད་ཀྱི་འདུག
ཁོང་ཚོར་མིག་ཚ་མཁན་འདུག་ལ། དད་པ་དང་དགའ་སྣང་བྱེད་མཁན་ཡང་འདུག།
གང་ལྟར་སྔོན་ཆོས་རྒྱལ་ཚོའི་སྐབས་རྒྱ་གར་ལ་སྐྱེལ་ཟིན་གསེར་རྡོག་དོལ་བོ་དེ་ཚོའི་རིན་པ་ཕྱིན་ལེན་གི་འདུག
ད་དུང་ཉམས་ལེན་དང་འཆད་རྩོམ་རྩོད་གསུམ་ཁོ་ནར་གཞོལ་པའི་བླ་མ་སྤྲུལ་སྐུ་ཁ་ཤས་ཀྱང་ཡོད་པ་དེ་ཚོ། ཁ་སང་དེ་རིང་གི་ཆོས་དྲེད་པ་ཚོ་དང་འདྲ་ས་ཞིག་མི་འདུག
སྔོན་མ་བཞིགས་ནས་༧གོང་ས་མཆོགས་ནས་ སྤྲུལ་སྐུ་ལ་མུ་གསུམ་མུ་བཞི་ཞག་ན་ སྤྲུལ་སྐུ་ཡིན་ལ་བླ་མ་མ་ཡིན་པ་ སྤྲུལ་སྐུ་ཡིན་ལ་བླ་མ་ཡིན་པ་ སྤྲུལ་སྐུ་མིན་ནའི་བླ་མ་ཡིན་པ་ བཅས་ཡོད་གསུང་སོང་ ལར་ནས་སྤུལ་སྐུ་བླ་མ་ཡག་པོ་ཆག་མ་ཆག་ཕྱགས་མཛོད་ཚོའི་ལགས་པར་ཡང་འདུགས་ ཕྱགས་འཛོད་ཁ་གཤས་ནས་སྤུལ་སྐུ་བེད་སྤྱོད་བྱེས་མཉོང་ཡོད་ལ་བྱེད་བཞིན་པ་ཡང་ཡོད་
ཁག་ཅིག་གིས་སྤྲུལ་སྐུའི་ལམ་ལུགས་ཇི་ལྟར་བྱེད་པའི་ཐབས་ལམ་སྟོན་དགོས་ཀྱི་འདུག་གསུང་གི་འདུག
ལར་ནས་ད་ལྟ་ལམ་ལུགས་འདིའི་དགེ་སྐྱོན་ཐད་བགྲོ་གླེང་བྱེད་ཀྱིན་པས། ལེགས་བཅོས་དང་འགྱུར་བ་གཏོང་རྒྱུ་ནི་སྤྲུལ་སྐུའི་དབུ་ཁྲིད་དམ། བླ་ཆེན་ཚོར་ཐུག་ཡོད་པ་རེད་འདོད། གང་ལྟར་བགྲོ་གླེང་འདིའི་གཙོ་སྐྱོང་བ་ཨ་ནུ་ཐང་བསོད་ནམས་མཆོག་གིས་ལམ་ལུགས་འདི་བཞིན་བཅོས་བསྒྱུར་ཐབས་ཐད་ཀྱང་རྩོམ་ཡིག་ཅིག་སྤེལ་བར་རེ་བ་ཡོད།
བཅོས་བསྒྱུར་བྱེད་ཐབས་ལ་བཅོས་རོགས།
ཡཡ། གནམ་ལོ་ཡག་་གིས་དགོངས་ཚུལ་གསུངས་བ་ཡག་བྱུང་། རྩོམ་ཡིག་དེ་འབྲི་ཡ་སྒང་ལ་བསམ་བློ་བཏང་ཆོག
ཁག་ཅིག་སངས་རྒྱས་ཆོས་ལུགས་ཡིན་ན་ངེས་བར་དུ་དད་པ་དགོས་ཚུལ་འདོད་མཁན་ཡོད་ཀྱང་དེ་ནི་མ་ངེས་ཏེ། བདག་ཉིད་བདག་གི་མགོན་ཡིན་ཅི།། དེ་ལས་མགོན་ཞིག་ཡོད་མ་ཡིན།། ཞེས་དང་། དགེ་སློང་དག་གམ་མཁས་རྣམས་ཅི།། ལེགས་པར་བརྟགས་ལ་ང་ཡི་བཀའ༼ཆིག༽།། སྲེགས་གཅད་བརྡར་བའི་གསེར་བཞིན་དུ།། བླངས་བ་བྱ་བའི་གུས་ཕྱིར་མིན།། གསུངས་བའི་དོན་ལ་དཔགས་ན་དད་པ་ཟེར་བའ་འདི་ངེས་བར་དུ་དགོས་བའི་ངེས་བ་མེད། ལྷག་པར་དུ་སངས་ཆོས་ནི་ཚན་རིག་དང་མཐུན་ཚུལ་སྒྲུབ་བཞིན་ཡོད་པས། དེ་ལྟར་ཡིན་ན། སྤྲུལ་དད་དང་དད་པའི་བཀག་རྒྱ་ནི་འདོར་བྱ་ཁོ་ན་ཉིད་དུ་ཟད།
ཤཱཀྱ་ཐུབ་པའི་ཐུགས་ལ་དད་པ་ཡོད་དམ་་་་་་་་་་ཡོད་ན་སུ་ཞིག་ལ་ཡོད་དམ་་་
ཨ་ནུ་བསོད་ནམས་ལགས། ཁྱོད་ཀྱི་མཆན་ཨང་གྲངས་༩༠ལ་མོས་མཐུན་གཏན་ནས་བྱེད་ཐུབ་མ་སོང་། དད་པས་ཆོས་ཀྱི་སྒོ་རྣམས་མ་ལུས་འབྱེད་ཟེར་བ་བཞིན། སངས་རྒྱས་ཆོས་ཉམས་སུ་ལེན་མཁན་ཞིག་ཡིན་ན་དད་པ་ནི་མེད་དུ་མི་རུང་བ་ཞིག་རེད། མདོ་སྔགས་གང་ཞིག་ཉམས་སུ་བླངས་ཀྱང་དད་པ་ནི་མེད་དུ་མི་རུང་བ་ཡིན་པ་ལུང་རིགས་གཉིས་ཀྱིས་སྒྲུབ་ཐུབ། །
དད་པ་ལ་རིགས་མང་པོ་ཡོད་པ་འདྲ། དད་པ་རིགས་གཅིག་གིས་ལེགས་ལམ་དུ་འཁྲིད་པ་དང་། དད་པ་རིགས་མང་པོ་ཞིག་གིས་ལོག་ལམ་དུ་ཁྲིད་ཀྱིན་ཡོད་པ་འདྲ། མཚན་མི་དྲན་པའི་རྒྱ་གར་གྱི་ཉེ་རབས་མཁས་པ་ཞིག་གིས་དད་པ་ཞེས་པ་དེ་ནི། ནམ་ལངས་ལ་ཉེ་བའི་དུས་སུ་བྱིའུས་སྐད་སྒྲོགས་པ་ལྟ་བུ་ཞིག་ཡིན། དེ་ཡང་བྱིའུས་ཉི་མ་དངོས་སུ་མ་མཐོང་ཡང་འོད་སྣང་མཐོང་བ་བ་བརྟེན་ནས་ཉི་མ་ཤར་ལ་ཉེ་བར་རྟོགས་པ་ལྟ་བུ་ཞིག་ཡིན་ཚུལ་གསུངས་འདུག རང་རེའི་ཆོས་གཞུང་ན། ཤེས་ནས་ཐོབ་པའི་དད་པ་དང་།་རྒྱུ་མཚན་ཤེས་པའི་དད་པ་སོགས་གསུངས་ཡོད་པ་དེ་འདི་ལྟ་བུ་ཞིག་ལ་ཟེར་བཞིན་ཡོད་པར་ངེས།
ཨ་ནུ་ཐང་ལགས་ཀྱིས། ཐབས་ལམ་ལམ་སྟོན་གྱི་ཐོག་ཏུ་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་འབྲི་རོགས་བྱོས་ཅེས་རེ་བ་ཡིན། ངས་བལྟས་ན་་་དད་པ་དང་རྨོངས་དད་གཉིས་ཁ་ཁར་ཕྱེས་ནས་བྲིས་ན་ལེགས་སྙམ། དད་པ་དང་རྨོངས་དད་གཉིས་འདྲེས་ཆེ་བས་ཁྱད་པ་ཕྱེས་དཀའ་ནའང་ངེས་པ་ཏུ་བཟུང་མཚམས་ཤིག་དགོས་ངེས་ཡིན། བཟུང་མཚམས་ཡག་པོ་ཞིག་མ་བྱུང་ན་རིག་པ་དང་འགལ་བའི་གྲུབ་མཐའ་ཆགས་འགྲོ་གི་རེད་ལ་དགག་སྒྲུབ་བྱེད་ཁག་པོ་ཆགས་འོང་གི་རེད་འདོད། བསམ་ཚུལ་ཙམ་ཡིན།
རྨོངས་དད་མ་ཡིན་པའི་དད་པ་ཞིག། གླིང་བཞི་གླིང་ཕྲན་བརྒྱད་དང་། སྟེང་འོག་རིམ་པ་ཅོ་བརྒྱད་ན། ད་སྔ་བར་དུ་སྐྱེ་བུ་ལྷ་བུ་སུ་ཞིག་གིས་ཀྱང་གཏན་ཚིག་ཞིག་འགོད་མྱངས་མི་འདུག་པས། བོད་པ་ཚང་གི་ཆུ་བོ་ཆུང་ཆུང་ལ་འུར་སྒྲ་ཆེ་བ་ཙམ་མིན་ན། དོན་ཤོག་དང་ཉན་བསྡད་ཡོད།
ཉུག་རུམ་པ་ཁྱོད་རང་གིས་ཉོན་སྡོད་ཨ། ག་ལེ་གོ་འོང་་གི་རེད། གསེར་སེར་པོ་ས་འོག་མནན་ནའང་འོད་བཀྲ་མདངས་ཉམས་པའི་ངོ་བོ་ཡོད་ལེ་མ་རེད།
ཆུ་ཆུང་ཆུང་གངས་ནས་འབབ་སྐབས་སུ།
གཙང་ལང་ཚོའི་འུར་སྒྲ་ལུས་ཀྱང་ཆེ།
ཆུ་འདི་ལས་གཙང་བའི་འཐུང་ཆུ་ཞིག
ལྷོ་འཛམ་གླིང་འདི་ན་དཀོན་ཚོད་ཡིན།
གངས་ཁ་བའི་ཉིང་ཁུ་དྭངས་མ་འདིས།
ནད་རྨོངས་དད་ཐོག་ཏུ་ལུས་ཀྱང་ངར།
ཆུ་འདི་ལས་ལྷག་པའི་སྨན་མཆོག་ཞིག
བོད་གངས་ཅན་ཡུལ་ན་དཀོན་ཚོད་རེད།་་་་་ཧཧ
ཏང་བུ་ཁ་ལས་རླུང་རྟ་ཅན་རང་གྲོལ་དང་། ཏང་གི་དགོངས་པ་བླ་མེད་བོད་རྩོམ་ཐོག་སི་ཁྲོན་རྒྱ་ཐུག་གཡོས་མཁན་ཞོགས་དུང་ལགས། ཉེ་ལམ་དྲ་ལམ་དུ་རྨོངས་པའི་གཡམ་རྒྱུགས་བྱེད་མཁས་ཏང་ཕྲུག་ཅོ་རི་དང་ཨ་ནུ་སོགས་ནི་མའོ་རྒན་རིག་ལྡིབ་ཀྱིས་རྙིང་བཞི་རྩ་གཏོར་བཟོ་གྲ་ནས་ཐོན་པའི་ཚོང་རྫས་བྲིན་ཤོས་ཀྱི་དཔེ་མཚོན་ལེགས་ཤོས་དང་།
ད་ནས་བརྩིས་པའི་མི་ལོ་༢༠་དང་ ༣༠་ཅུའི་རྗེས། གངས་ཆུ་འཐུང་ཞིང་གངས་རྩམ་ཟོས་པའི་མཐོ་སྒང་གི་བོད་པ་རྣལ་མའི་ཤུལ་རྒྱུན་ཆད་དེ། ཏང་ཆུ་འཐུང་ཞིང་། ཏང་ཟས་ཀྱིས་གསོས་པའི་རྒྱ་ཁྱི་སྣ་ལེབ་གངས་སེང་དུ་རྫུས་པ་རྣམས་ཀྱི་ཁ་ལས་ རླུང་རྟ་རབ་ཏུ་རྒྱས་ཏེ། བོད་ཀྱི་གཟུངས་ཐག་ཆེན་པོ་བཞི་སྟེ་ཆོས་དང་དད་པ། བླ་སྤྲུལ་དགེ་འདུན་པའི་ཚོགས་ཀྱི་ཆོན་ཐག་ཆད་དེནས། འཛམ་གླིང་གི་གཙུག་ཏོར་ན་དཔའ་ངར་གྱིས་འགྱིང་པའི་ TIBET ས་ལ་འགྱེལ་འགྲོ།
དེ་ནི། གནའ་སྔ་མོ་ཞིག་ལ། རྒྱ་གར་གྱི་མཁས་པ་རྣམ་དཔྱོད་ཅན་ཞིག་གིས།
ང་ཡི་བསྟན་པ་ཟབ་མོ་ཉིད།།
གཞན་གྱིས་བཤིག་པར་མི་ནུས་ཏེ།།
ང་མིན་འདྲ་ཞིག་གིས་བཤིག། ཅེས་པ་དང་མཚུངས་པ་སྦྱར་ན་ཅི་འདྲ་རེད།
ད་ཚང་མས་སེམས་ཁྲལ་གནང་དགོས་མི་འདུག
ཁྱེད་རང་ཚོ་ལ་མི་དགོས་མི་མཁོ་ཟེར་པ་དེ་ཚོ་ཚང་མ་རྒྱ་རྒན་མོ་དང་ཁོའི་དགེ་ཕྲུག་ཚོ་དང་། རིག་གསར་སྐབས་དང་ཁ་སང་དེ་རིང་རྒྱ་གུང་ཁྲན་གྱི་སློབ་གྲ་ནས་ཐོན་པའི་ཕྲུ་གུ་ཡན་ཆད་། ཏང་གི་དྲིག་སྒྲོག་ཁ་ཟས་བྱེད་མཁན་གྱི་བོད་པ་སྤྱི་ཡོངས་ཀྱི་ཁ་ན་མི་ནི་དང་ལག་ན་ཕྲེང་པ་འདྲེནའདྲེན་བྱེད་བཞིན་པ་མིག་ཡོད་མཁན་གྱིས་མཐོང་མཐོང་ དང་རྣ་ཡོད་མཁན་གྱིས་གོ་གོ་བ་ཡིན་པས་ཏང་དགའ་རྒད་པོ་ཚོས་འུར་མ་རྒྱག་རོགས།
གུང་ཁྲན་གྱིས་འདས་པའི་དུས་རབས་ཕྱེད་ལྷག་རིང་ཤུགས་བརྒྱབ་ནས་ལེགས་འགྲུབ་བྱུང་ལ་ཉེ་བའི་བོད་གསོད་བྱེད་ཀྱི་སྲིད་བྱས་ད་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་ཏེ། ད་རིང་པོ་ཞིག་འགོར་འགྱངས་མི་དགོས་པར། རིང་ན་ལོ་ངོ་༥༠ དང་ཐུང་ནལོ་ངོ་༢༠་ཚང་མས་བསམ་དོན་ལྷུན་འགྲུབ་འབྱུང་ངེས་ཡིན།
ད་ཁྱེད་རང་ཚོ་ལ་བོད་ཟེར་བ་ཞིག་དགོས་ན། རྒྱ་ལག་ནས་བོད་ལེན་པའི་དཔའ་དང་ཐབས་ཇུས་ལག་ལེན་དགོས། དེ་མིན་ཀློག་ཀླད་སྒང་ནས་ཁ་སྟོང་ནང་ནས་ལབ་སྟོང་རྒྱག་རྒྱུར་གོམས་སོང་ན་ཐ་མག་ནག་པོར་གོམས་པ་བཞིན་མཚམས་འཇོག་མི་ཐུབ་ཡ།
བོད་དགྲ་ལག་ནས་ལེན་པའི་དཔའ་དང་ཐབས་ཇུས་མེད་ན། ད་ལབ་ཆེན་རྒྱག་རྒྱ་མཚམས་འཇོག་བྱས་ཏེ།
ཧན་མི་བྱེད་རྒྱུའི་སྟ་གོན་གནང་རོགས་གོ་སོང་ངམ ཝང་བསོད་ནམས་དང་ལིག་ཉི་མ་ ཝུའུ་མཐའ་ཡས་
མིང་མེད་པའི་མ་ཚད་ཀླད་པ་ཡང་མེད་པར་འདྲ། ཏང་ཕྲུག་ཟེར་བ་དེ་ཏང་གིས་བཟོས་པའི་བླ་གོག་སྤྲུལ་གོག་དེ་ཚོ་རེད། དཔེར་ན། སྤྲུལ་གོག་རྒྱལ་མཚན་ནོར་བུ་ལྟ་བུ་འདི་དག་ལ་ཏང་ཕྲུག་ཟེར་ལེ་རེད། གོ་ཨེ་བྱུང་། ང་ཚོ་ལ་ཏང་གི་དྲི་མ་ཙམ་ཡོད་མ་རེད། ཁྱོད་ཀྱི་བཀོར་ཕོར་ལ་ཕོག་ཐུག་འདྲ་བཟོས་ཡོད་ན་དགོངས་འགལ་མེད་པ་བྱོས། བོད་མི་རིགས་ཀྱི་སྤྱི་དོན་བཤད་དུས་བླ་གོག་སྤྲུལ་གོག་ཚོའི་བཀོར་ཕོར་ལ་རྡོག་ཐོ་རེ་ཕོག་འགྲོ་བ་ནི་ལས་དབང་རེད་ད།
འཛམ་གླིང་གི་གཙུག་ཏོར་ན་འགྱིང་ཉམས་ཀྱིས་བསྡད་མྱངས་བའི་TIBET ས་ལ་འགྱེལ་བཅུག་མཁན་དང་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་གཡུགས་མཁན་བླ་གོག་སྤྲུལ་གོག་ཚོ་ཡིན་པར་ཤེས་པ་བྱོས། གཟུངས་ཐག་ཆེན་པོ་བཞི་པོ་དེ་དག་གིས་་བོད་མི་རིགས་དམ་དུ་བཅངས་ནས་འཛམ་གླིང་མིག་གི་མཐོང་མ་བཅུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་ཞུགས་བྱས་མ་ཐུབ་པའི་རྒྱུ་མཚན་ཡང་གཟུངས་ཐག་བཞི་པོ་དམ་དྲགས་ནས་རེད་དོ།
བོད་གསོད་བྱེད་སྤྲུལ་སྐུའི་ལམ་ལུགས་འདི་ཏང་དང་ཏང་ཕྲུག་ཚོས་ལག་ལེན་བསྟར་གྱི་ཡོད། གཏམ་ཨ་ཕའི་བཤད་ཀྱི་དེ་མནའ་མས་མ་ཤོད། གཡག་བདག་པོའི་བཤའ་དེར་རྐུ་མས་བཤའ་ཟེར་བའི་དཔེར་ལྟར་སྤྲུལ་སྐུའི་ལམ་ལུགས་འདི་བོད་གསོད་རྐྱེན་གྱི་སྟ་གྲི་ཞིག་ཡིན་པར་ཤེས་པ་བྱོས།
ནེའི་ ཧོ་ཧོ་ ཐིན་འ ལིག་ཉི་མ་ལགས།
ནམ་ཡིན་ཡང་། ཁ་སྟོང་ནང་ཏང་དྲི་ཐུལ་ལི་ལི་བྱེད་པ་ཏང་ཟས་ཟོས་པའི་སྒྲེགས་པ་མ་ཡིན་ན་གང་ཡིན།
གོ་ལོག་ལ་མ་འགྲོ་རོགས། ངས་ཁྱེད་རང་ཏང་གི་ཚོགས་མི་རེད་། ཏང་གི་སློབ་གྲ་ནས་ཐོན་པ་རེད། ཏང་གི་དངུལ་དང་ཁ་ཟས་ལེན་མི་རེད་ཟེར་གྱིན་མེད།
ངས་ཟེར་རྒྱུ་ནི། ཁྱེད་ཀྱིས་དམར་ཕྱོགས་ལྟ་གྲུབ་དགའ་མཁན་དགེ་ཆོས། ཏང་དྲིལ་ཁ་འཁྱེར་ཞོགས་དུང་གི་བག་ཆགས་དུང་སྤྲུག་ཁ་འདོན་བྱེད་རྒྱུ་མང་དྲག་ནས་ཁ་ཞེ་གཉིས་མེད་ཏང་ཕྲུག་ཞིག་ཆགས་འདུག་ཟེར་གི་ཡོད།
ཁྱེད་ཆོས་ཆོས་སུ་མ་སོང་པར། ཆོས་བདུད་དུ་སོང་པའི་ཆོས་དྲེད་ཞིག་རེད་བསམས་ནས་བསྡད་ཡོད།
ནེའི་ ཧོ་ཧོ་ ཐིན་འ ལིག་ཉི་མ་ལགས།
ནམ་ཡིན་ཡང་། ཁ་སྟོང་ནང་ཏང་དྲི་ཐུལ་ལི་ལི་བྱེད་པ་ཏང་ཟས་ཟོས་པའི་སྒྲེགས་པ་མ་ཡིན་ན་གང་ཡིན།
གོ་ལོག་ལ་མ་འགྲོ་རོགས། ངས་ཁྱེད་རང་ཏང་གི་ཚོགས་མི་རེད་། ཏང་གི་སློབ་གྲ་ནས་ཐོན་པ་རེད། ཏང་གི་དངུལ་དང་ཁ་ཟས་ལེན་མི་རེད་ཟེར་གྱིན་མེད།
ངས་ཟེར་རྒྱུ་ནི། ཁྱེད་ཀྱིས་དམར་ཕྱོགས་ལྟ་གྲུབ་དགའ་མཁན་དགེ་ཆོས། ཏང་དྲིལ་ཁ་འཁྱེར་ཞོགས་དུང་གི་བག་ཆགས་དུང་སྤྲུག་ཁ་འདོན་བྱེད་རྒྱུ་མང་དྲག་ནས་ཁ་ཞེ་གཉིས་མེད་ཏང་ཕྲུག་ཞིག་ཆགས་འདུག་ཟེར་གི་ཡོད།
ཁྱེད་ཆོས་ཆོས་སུ་མ་སོང་པར། ཆོས་བདུད་དུ་སོང་པའི་ཆོས་དྲེད་ཞིག་རེད་བསམས་ནས་བསྡད་ཡོད།
ད་ཁ་སང་དེ་རིང་རྒྱ་གྲོང་ནས་རྒྱ་དྲི་མཉམ་འཚར་ལོངས་བྱུང་པའི་བོད་པ་དེ་ཚོ་བོད་ཡིན་ཟེར་རྒྱུར་ངོ་ཚ་ཁ་སྐྱེངས་བྱེད།
བོད་སྐད་མི་ཤེས བོད་ཡིག་མི་གོ བླ་སྤྲུལ་དགེ་འདུན་གྱི་འཇོན་ཐང་ལ་མ་དོ་ནས་འཚིག་པ་ཟ སྡིགས་ར་བྱེད།
ད་རང་གིས་གང་ཡང་མི་འཇོན བོད་པ་མིའི་རྐང་འོག་ལ་ཟག་འཇུག་མཁན་ཆོས་དང་དགེ་འདུན བླ་སྤྲུལ་དང་ བོད་པ་ཉམ་ཆུང་ཞིང་འབྲོག་ཤེས་ཡོན་མེད་མཁན་དེ་ཚོ་རེད་ཟེར།
ད་ཁོ་རང་ཚོ་དེང་རབས་ཡོན་ཏན་ཡོད་ཟེར་ནས་ལག་འཁྱེར་ཁ་པར་ནང་འཕྲིན་གཏོང་ཤེས་ཙམ ་དང་ཀློག་ཀླད་ཁ་རྒྱག་ཁ་ཟུམ་ཐུབ་ཙམ་ རྩེད་ཆས་བཀོལ་ཤེས་ཙམ་ མོ་ཊ་ཡར་དཀྱོག་མར་དཀྱོག་ཤེས་ཙམ་གྱི་ཡོན་ཏན་ལས་གང་མེད་པ་ད་དུང་ང་རྒྱལ་བྱེད། གནས་ཚུལ་འདི་རྒྱ་གར་ལྡ་ལི་དྲི་མ་ཁ་མཁན་གྲ་རྒོད་ཚོའི་ནང་ནའང་མང་པོ་འདུག
མིང་མེད་ཀིས་བཤད་ནོ་འདི་བདེན་པ་བདེན་རྐྱང་རེད། མྱི་དེ་ཚོར་རང་ལ་ལྟ་བའི་མྱིག་ཞིག་མི་འདུག། སོ་སོ་ཟ་ཁང་ཞིག་གི་གཡོག་ལུ་ཞིག་ཡིན་པ་ཡིན་ན་ཡང་། སྐད་ཆ་སྦོམ་པོ་གླང་ཆེན་སྣ་སྒྱོག་འདྲ་བཤད་ནས་འགྲོ་འི་འདུག། མྱི་འདི་ཚོར་དེང་རབས་ཀྱི་ཡོན་ཏན་ཞིག་ག་བ་ག་བ། ཐ་ན། རང་གཅིན་རང་གི་སྒང་ལ་གཏོང་མི་ཉན་པ་དེ་ཡང་མི་ཤེས་འི། ལྟོ་ཡག་པོ་ཞིག་བཟས་བ་ན། ཁ་རྒྱགས་པ་ཙམ་བཤད་འདོད་སྐྱེས་བ་ཙམ་རེད། ང་ཚོ་ཤེས་ཡོན་ཅན་ཡིན་ན་ཅིག་ཟེར་གི། སྐྱག་པའི་ཤེས་ཡོན་ཅན། བོད་ཡིག་གི་བརྡ་ཚིག་འབྱོར་མོ་ཞིག་ལ་ཡང་འབྲི་མི་ཤེས་འི།
ཉམ་ཆུང་མི་དམངས་ཀྱི་གཉའ་གནོན།་དྲང་བདེན་གྱི་དགྲ་བོ། མི་ཚེ་བཀོར་ཁྲིའི་ཐོག་ཏུ་བསྡད། བཀོར་ཟས་ཀྱིས་ཚེ་བཏངས། ད་དུང་ཆེན་པོ་ཞིག་དང་འཇོན་པོ་ཞིག་ཡིན་བསམས་མཁན་ཁྱོད་ཚོ་འདྲ་བའི་སྐྱེ་བ་ལེན་པ་ལས་་ཟས་ཁང་ལག་གཡོག་བྱེད་ནས་ཚེ་སྐྱེལ་ན་འདི་ཕྱི་ལྡན་གཉིས་ལྡན་ཡིན་བསམས་ཀྱི་ཡོད། དོན་ངོ་མའི་ཐོག་ནས་བསམས་ཀྱི་ཡོད།
ཉུག་རུམ་པ་ཁྱོད་རང་ཚོས་ཁྱོད་ཚོ་འཇོན་སྟངས་ཅན་དང་བསོད་ནམས་ཅན་ཞིག་ཡིན་བསམས་ནའང་མིའི་མཚན་ཉིད་ཚང་མའི་མི་ཞིག་གིས་ངོས་ནས་ཁྱོད་ཚེའི་མི་ཚེ་ལ་ཡིད་སྨོན་དུས་ནམ་ཤོར་གི་མ་རེད།་་ཧཧཧ་སྙིང་རྗེ་་་ཉུག་རུམ་འདི་ཚོ།
རྟ་བདུན་དབང་པོ་ལགས།
༼དད་པས་ཆོས་ཀྱི་སྒོ་རྣམས་མ་ལུས་འབྱེད་ཟེར་བ་བཞིན། སངས་རྒྱས་ཆོས་ཉམས་སུ་ལེན་མཁན་ཞིག་ཡིན་ན་དད་པ་ནི་མེད་དུ་མི་རུང་བ་ཞིག་རེད། ༽ དད་པ་ངེས་བར་དུ་དགོས་ཚུལ་སྟོན་པ་ཤཱཀྱ་ཐུབ་པས་གང་ན་གསུངས་འདུག ཁ་གསལ་ཞིག་གསུངས་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
ཅོ་རིའི་དགོངས་ཚུལ་གསུངས་བ་ཡག་བྱུང་།
དེང་སང་གི་མི་ འདྲེ་ལས་ཀྱང་གདུག་རྩུབ་དང་རྣམ་རྟོག་ཆེ་བའི་སྤྱི་ཚོགས་ནང་དཀོར་ཞིག་ཟ་དགོས་ན་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་མེད་པ་གསལ་པོ་རེད།
ཅོ་རྒན་ལགས་ཀྱང་ལོ་མང་གྲ་ས་ཉུལ་ནས་སྤྱོད་འཇུག་འདྲ ལམ་རིམ་འདྲ་བློར་འཛིན་མང་པོ་བྱས་ཡོད་པ་འདྲ་བས ། ཟ་ཁང་ ནས་བོང་བུའི་ལས་བྱེད་པ་མཚམས་བཞག་ནས ་ མགོ་སེར་ཚོར་ཆོས་འདྲ་གསུངས་ནས་དཔལ་འབྱོར་འདྲ་བཙལ་ན་ག་འདྲ་འདུག
ངས་ད་གོང་དུ་རྒྱ་གྲོང་ནས་འཚར་ལོངས་བྱུང་བའི་ཏང་ཕྲུག་ཚོ་ཟེར་བ་དེང་སང་རྒྱ་ནག་གི་གྲོང་ཁྱེར་ཁག་ནས་འཚར་ལོངས་བྱུང་བ་ཟེར་བ་ལས། ཕྱི་རྒྱལ་རྒྱ་གྲོང་ནང་ཟ་ཁང་ལས་ཀ་བྱེད་མཁན་ལ་ཟེར་ལེ་མིན། ད་བྱས་ན། ཅོ་རྒན་དང་ངེད་གཉིས་ལས་རིགས་གཅིག་པ་རེད་འདུག་གོ།
ཅོ་རྒན་ལགས ཉུག་རུམ་པ་ཟེར་ན་ཅི་རེད རླིག་བྱུང་མ་རེད་དམ།
རླིག་པ་བྱུང་ཚར་ན་གྲ་རྟ་ག་འདྲ་སེ དྲང་པོ་གསུངས་དང་།
འདིར་མང་བོ་ཞིག་གིས་རང་གི་འདོད་ཚུལ་བཤད་ཡོད་གི དེ་དག་ལས་དད་པས་བོད་ཉམས་ཉེས་སུ་བཏང་བར་བཤད་ཀྱིན་པ་དག་ལ། སྤྱིའི་ངོ་བོ་ཟེར་ན་འགྲིག་ལ། དཀྱིས་ས་བསྟན་པའི་དཔེ་བཞིན་བསྡུ་བཤད་ཅིག་བྱེད་ན་བསམ། དད་པས་བོད་ཕུང་ལ་སྦྱོར་བ་མ་ཡིན་པར་ཁྱོད་རང་ཚོ་ལྟ་བུའི་མི་བུ་དག་སྐྱེས་པས་བོད་ཁམས་འདི་ཙམ་ལ་ལྷགས་པ་རེད། དད་པ་དང་སྤྲུལ་སྐུས་མ་འགྲིག་མ་འཐུས་ཚུལ་ལུང་ནག་གང་བཤད་ཐལ། བཤད་སྟངས་ཡག་སྡུག་གཉིས་ཀ་འདུག འུ་ཅག་གིས་བདེན་ཁ་ཁྱོད་ཚོ་ལ་སྤྲོད་ཆོག ཡིན་ནའང་ཁྱོད་ཚོར་དད་པ་དང་སྤྲུལ་སྐུའི་ཤེས་བྱ་གང་འཚམས་མངའ་རྒྱུ་ཕར་ཞོག འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་ཡང་གོ་ཆོད་ཅིག་མི་འདུག གང་ཡིན་ཟེར་ན། ད་དུང་ཁྱོད་ཚོས་རང་རང་གི་བསམ་བློའི་འཛིན་སྟངས་སམ། ཡང་ན་དུས་རབས་དང་མཐུན་པའི་མི་ཚེ་ལྟ་ཚུལ་རྨང་གཏན་པོ་འཚུགས་མེད་པར་བཤད་ཡམས་དག་གིས་ངོ་འཕྲོད་གི དེ་འདྲ་སྲིད་དོན་མེད། ཐོག་མར་དོན་འགྲུབ་རྒྱལ་དང་ཞོགས་དུང་ནང་བཞིན་རང་གི་ལྟ་ཚུལ་མངོན་པར་བྱས་པ་དང་ཆབས་ཅིག ལྟ་སྟངས་དེ་གའི་རྨང་གཞི་སྟེང་ནས་དད་པ་ཟེར་ན་འདྲ། སྤྲུལ་སྐུ་ཟེར་ན་ཆོག གང་ལྟར་རང་གིས་བཟུང་བའི་ལྟ་བ་དང་མཐུན་མིན་ཐད་རྒྱུ་མཚན་དང་ལྡན་པའི་སྒོ་ནས་དཔྱད་ཞིབ་གནོང་དང་། མི་སུ་ཞིག་ཡིན་ཡང་བོད་ཀྱི་དད་པ་དང་སྤྲུལ་སྐའུ་ལམ་ལུགས་ལ་སྐྱོན་མེད་པའི་ཨ་འཐས་ཨུ་ཚུགས་བྱེད་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན། དད་པ་ནི་མིའི་བསམ་བློའི་སྣེ་གཅིག་རེད། མི་ལ་ནོར་འཁྲུལ་རྟག་པར་འབྱུང་གི་ཡོད་པས། མི་དེའི་དད་པ་ལའང་ནོར་བ་ཡོང་ཆོག་གི་རེད། དེ་མཚུངས་སུ་སྤྲུལ་སྐུ་ཚོ་ཡང་མི་རེད། ནོར་རྒྱུ་འཆུག་རྒྱུ་ལོས་ཡོད། བོད་ཀྱི་སྤྲུལ་ཚོ་སངས་རྒྱས་ཡིན་པའི་བཟོར་ལྟ་བའི་རྨང་གཞི་སྟེང་ནས་དེ་ཚོ་སངས་རྒྱས་མིན་རབས་དང་། སངས་རྒྱས་ཡིན་པར་དད་པ་རྨོངས་དད་ཡིན་ཚུལ་ཟེར་ནས་མིད་པ་སྐམ་སྐམ་ལ་བཤད་ཐལ། ཆོས་དང་རིག་གཞུང་གང་གི་ཡང་ལྟ་བ་མེད་པའི་ཁྱོད་ཚོ་མ་གཏོགས་སུས་བོད་ཀྱི་སྤྲུལ་སྐུ་ཚོ་སངས་རྒྱས་སུ་རྨོངས་ནས་དད་པ་བྱེད་གི་འདུག དད་པ་ནི་ངེས་པར་ཡུལ་ལ་ལྟོས་དགོས་པའི་བློ་ཞིག་རེད། ངོ་བོ་དགའ་བའི་རང་བཞིན་ཅན་ཞིག་རེད། ཡུལ་གྱི་ངོས་ནས་ཆགས་པ་བསྐྱེད་པ་དང་འབྲེལ་བ་མེད་པ་ཞིག་དགོས་པ་དགོས་པ་རེད། དཔེར་ན། བུ་མོ་མཛེས་མ་ཞིག་ལ་ཆགས་པས་དགའ་བ་དང་བླ་མ་ཞིག་ལ་དེའི་ཡོན་ཏན་ཤེས་ནས་དགའ་པ་གཉིས་དགའ་པའི་རང་བཞིན་གཅིག་མཚུངས་རེད། འོན་ཀྱང་མི་འདྲ་བའི་གནད་ནི། དགའ་བ་ལ་བརྟེན་ནས་བུ་མོར་འཁྲུགས་པ་སྤྱོད་ཅིང་བདག་གིར་འཛིན་པ་ནས་ཕྲག་དོག་དང་། ཞེ་སྡང་བསླངས་པར་འགྱུར་གི་རེད། བླ་མར་དགའ་པས་དེའི་ཤེས་ཡོན་གང་སྤྲོད་པ་དང་བ་དང་དུང་བའི་སྒོ་ནས་ཉན་བསམ་བྱེད་གི་རེད། དེས་ན་བྱེད་ནུས་ཀྱི་ཆ་ནས་སོ་སོར་བགར་ན་ཤེས་སླ་གི་རེད། སྔོན་རྒྱ་གར་གྱི་ཕྱི་རོ་བ་མཁས་པ་དེ་ཚོས་སྙིང་རྔེ་འབྲལ་མི་ཕོད་པའི་ངོ་བོ་ཅན་ཡིན་ཙང་། འདོད་ཆགས་རེད་འདུག་ཅེས་ནང་བར་བགྲོ་གླེང་གནང་བ་ལ། ནང་བས་གོང་ལྟར་བྱེད་ནུས་མི་འདྲ་བའི་ཆ་ནས་དབྱེ་བ་ཕྱེས་ཏེ་ལན་གནང་རབས་རང་རེ་ཚོའི་གཞུང་ལུགས་ན་གསལ་གི་རེད། མཇུག་མཐར་ཕྲན་གྱིས་ཁྱོད་ཚོར་མགོ་མཚུངས་ཞིག་བཤད་ལ། བོད་ཕུང་སྦྱོར་དད་པ་དང་སྤྲུལ་སྐུ་མ་རེད་ཁྱོད་རང་ཚོ་ལྟ་བུའི་མི་སྐྱ་བོ་ཚོ་རེད། སྐྱ་བོ་ཚོས་རང་ཚུགས་མ་ཟིན་པར་སེར་མོའམ་སྤྲུལ་སྐུ་ཚོའི་རྗེས་སུ་ཉུག་རུམ་པ་ནང་བཞིན་རྒྱུགས་བསྡད་པས་ལེན་པ་རེད། དམག་རྒྱགས་དགོས་སར་དཔའ་ཞུམ་ནས་བླ་མ་དང་སྤྲུལ་སྐུ་ལ་སྐྱབས་བཅོལ་ཏེ་མངའ་ཁོངས་བསྐུམས། འཇིག་རྟེན་སྐྱོངས་སར་སྤྲུལ་སྐུ་ཚོའི་ངོ་ཚབ་བཟོ་འདྲ་བྱས་ནས་ཆོས་ཚིག་དམ་དུམ་རེ་བགྲེང་ནས་འཇིག་རྟེན་བསྐུམས། དཔེར་ན། སྡེ་འཚོ་ཡར་ནང་མར་ནང་མདའ་རྩེད་རྩེ་བའི་སྐབས་ལྟ་བུ་རེད། འཐེབ་སྦྱོང་ཡག་པོ་མི་བྱེད་པར་གཞིས་བདག་གམ་ཡུལ་ལྷ་ཟེར་བ་དེ་ཚོར་ཉིན་མཚན་མེད་པར་རྩམ་དུས་གསོ་སྟངས་ལ་ལྟོས་དང་། ལྷ་མ་འདྲེ་དེ་ཚོས་མདའ་འཕང་བ་ཐམས་ཅད་འཕོགས་སུ་འཇུག་པ་ཡིན་ན། ཉལ་ནས་སྡོད་དང་ཁོང་ཚོས་མདའ་འཕོག་ཏུ་འཇུག་པས་སོ།། གལ་ཏེ་མི་ནུས་ན་རྨོངས་ནས་རེ་བ་ཡུལ་ལྷ་ཟེར་བར་བཅོལ། དད་པའང་ཁོང་ཚོར་བྱེད། སྤྲུལ་སྐུ་ཡང་ཁོང་ཚོ་ཡིན་པར་རློམ། རྡོག་དོན་དད་པའི་ཚབ་ལ་སྐྱ་བོ་ཚོའི་བག་འཁུམས་དང་ཉུག་རུམ་པའི་གཡོགས་དད་དེ་ཞོག་ལ། སྤྲུལ་སྐུའི་ཚབ་ཏུ་མི་སྐྱའི་འཇིག་རྟེན་དོར་ནས་ཆོས་མ་འཇིག་བསྐྱངས་པའི་མཛད་པ་འདི་ཞོག་དང་སྒོ་ཀུན་ནས་དང་ཕྱོགས་ཀུན་ནས་མཚུངས་པ་རང་ལས་མ་འདས་པ་ཞིག་ཏུ་འདུག་གོ།
དོན་གྲུབ་ལགས།
ང་ཚོའི་ཞོགས་དུང་དང་རང་གྲོལ་གྱི་རྗེས་སུ་འབྲང་བ་གང་ཡང་མིན། དགའ་མིན་གྱི་སྐད་ཆ་མང་པོ་མ་་གསུངས།
དང་པོ། སངས་རྒྱས་ཆོས་ལུགས་ལྟར་ན་སྤྲུལ་སྐུ་ཟེར་བ་གང་གི་དོན་རེད། དེ་ལ་ཁྱེད་ཀྱི་ཞེན་འདོད་ཀྱི་འགྲེལ་བཤད་མིན་པ་ཆོས་ཀྱི་ལུང་ཚིག་གསུངས་ཤོག
གཉིས་པ། དད་པ་ནི་དགའ་བ་དང་འདོད་ཆགས་ཡིན་ཚུལ་སོགས་ཀྱི་གཏམ་རྙོག་དག་མ་གསུངས། སངས་ཆོས་ལྟར་ན་དད་པ་ནི་ཅི་ཞིག་དོན་ཡིན་པ་དང་། སྤྱི་སྟངས་དད་པ་ཟེར་ན་ག་འདྲ་ཡིན་པ། ལྷག་པར་དུ་ཤཱཀྱ་ཐུབ་པས་གང་ཞིག་ནས་དད་པ་དགོས་ཟེར་ནས་གསུངས་འདུག དེ་དག་གི་ཁུངས་ལུང་ཅི་ཡང་བགྲང་རྒྱུ་མེད་པའི་སྐད་ཆ་དག་གི་ཞེན་འདོད་ཀྱི་བརྗོད་པ་ལས་ཅི་ཡང་མི་འདུག
ཡང་ཁྱེད་ཀྱས༼དེ་མཚུངས་སུ་སྤྲུལ་སྐུ་ཚོ་ཡང་མི་རེད། ནོར་རྒྱུ་འཆུག་རྒྱུ་ལོས་ཡོད།༽ སངས་རྒྱས་ཆོས་ལུགས་ལྟར་ན་སྤྲུལ་སྐུ་མི་རེད་དམ། གལ་སྲིད་མི་ཡིན་ན་དེ་ལ་སྐྱབས་སུ་འགྲོ་ཆོག་གམ། ལྷ་མི་མཐུ་བོ་ཆེ་སོགས་ལ་སྐྱབས་སུ་མི་འགྲོ་རྒྱུ་སངས་ཆོས་ཀྱི་རྩ་བའི་དགོངས་དོན་མ་ཡིན་ནམ།
བསམ་བློ་ཡག་པོ་གཏོང་ནས་བྲིས་འདུག་་་
ནང་པའི་ཆོས་ལ་བདེན་པ་གཉིས་དང། མཁྱེན་པ་གཉིས། འཁོར་འདས་གཉིས། སྤང་བླང་གཉིས་ཀྱི་ཁོངས་སུ་མ་འདུས་པའི་ཆོས་
ཞིག་མེད་གསུངས་ཡོད་རེད། སྤང་བླང་གཉིས་ལས་འཕྲོས་པའི་སྟོན་པའི་གསུངས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།
ལེགས་པར་བརྟགས་ལ་་ཡི་བཀའ། ཞེས་པའི་ཚིགས་དེས་རྨོངས་དད་སྤང་བྱ་དང། དད་པ་མེད་པའི་མི་རྣམས་ལ། དཀར་པོའི་ཆོས་
ནི་མི་འབྱུང་ཏེ། ས་བོན་མེ་ཡིས་ཚིགས་པ་ལ། མྱུ་གུ་མེད་པ་ཇི་བཞིན་ནོ། ཞེས་པའི་ཤོ་ལོ་ཀ་དེས་དད་པ་བླང་བྱ་དང་མེད་དུ་མི་རུང་
བ་ཞིག་ཡིན་པར་བསྟན་པ་མངོན་གསལ་རེད་མིན་འདུག་གམ།
དགོངས་ཚུལ་གསུངས་བ་ཡག་བྱུང་། ལེགས་པ་བརྟགས་ལ་ང་ཡི་བཀའ་ཞེས་བ་དང་། དད་པ་མེད་པའི་མི་རྣམས་ལ། ཞེས་བའི་ཚིག་གཅད་གཉིས་ཀྱི་འགལ་འདུ་ནི་ལས་སློ་བོ་ཞིག་མ་རེད། བཀྲ་ཤིས་ཀྱིས་གསུངས་བ་བཞིན་ལེགས་པ་བརྟགས་ཞེས་བས་རྨོངས་དད་བཀག་ཙེས་བ་ལ། ཚད་ལྡན་གྱི་བདེན་དཔང་མེད་ཁར། བདག་ཉིད་བདག་གི་མགོན་ཡིན་ཅི།། དེ་ལས་མགོན་ཞིག་ཡོད་མ་ཡིན། གསུངས་བའི་ཚིག་བཅད་འདི་ལ་འགྲེལ་བ་དེ་བས་དཀའ་བས་ཡིན། བདག་ཉིད་བདག་གི་མགོན་ཡིན་ན་སུ་ཞིག་ལ་དད་པ་བྱེད་དགོས་སམ།
དྲ་དྲོགས་ཨ་ནུ་ལགས། བདག་ཅག་གི་སྟོན་པས་བདག་ཉིད་བདག་གི་མགོན་ཡིན་ཅེས་དང། ངས་ནི་ཁྱོད་ལ་ཐར་པའི་ལམ་སྟོན་
པས། ཐར་པ་རང་ལ་ཡོད་པ་ཤེས་པར་བགྱིས། ཞེས་པའི་གསུང་གཉིས་བརྗོད་བྱའི་དོན་གཅིག་ཡིན་པ་གོ་དགོས་སྙམ། དེ་བཞིན་
བདག་ཉིད་བདག་གི་མགོན་ཡིན་ན་ཡུལ་དཀོན་མཆོག་གསུམ་ལ་ཡུལ་ཅན་ཤེས་པའི་དད་པ་བྱེད་མི་རུང་བའི་རྒྱུ་མཚན་མིན་འདུག་
སྙམ། མ་ཟད་དད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་ལུང་རིགས་གི་གྲུབ་འདུག་སྙམ་མོ།
རེད་རེད། ངས་ཁྱེད་ལ་སྡུག་ངལ་ལས་ཐར་བའི་ལམ་ཞིག་བསྟན་པ་ལས། སྡུག་ངལ་ལས་ཐར་དང་མི་ཐར་ནི་རང་གིས་འབད་བརྩོན་དང་རྣམ་དཔྱོད་ལ་རག་ལས་བ་ལས། གཞན་སུ་ལའང་རག་ལས་་མེད་པ་གསུངས་བའི་དོན་ཡིན་པ་མོས་མཐུན་ཡོད། དེ་ན་དད་པ་དེ་གང་ལ་བྱེད་དགོས་སམ། སངས་རྒྱས་སམ་སྟོན་པའི་གསུངས་ལ་བྱེད་དགོས་བ་དོན་རེད། དེ་ནི་གང་ཟག་ལ་མི་རྟོན་པ་ཆོས་ལ་རྟོན་གསུངས་བའི་དོན་དང་གཅིག་མཐུན་དུ་གྱུར་འདུག དེ་ན། ཆོས་ལ་ཡིད་རྟོན་པ་དང་ཆོས་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱེད་པ། ཆོས་ལ་དད་པ་བྱེད་པ་སོགས་ནི་གཅིག་མཚུངས་རེད་འདུག་སྙམ། འོན་ཀྱང་། ལེགས་པ་བརྟགས་ལ་ང་ཡི་བཀའ་ཟེར་བའི་དོན་ལ་དཔགས་ན་ཆོས་སམ་སྟོན་པའི་གསུངས་ལ་ཡིད་ཆེས་བྱེད་འོས་དང་། མི་འོས་སོ་སོས་བརྟགས་ནས་ཐག་གཅོད་བྱོས་གསུངས་འདུག སོ་སོའི་བརྟགས་ནས་ཐག་གཅོད་བྱེད་ཡ་ཞིག་ལ་དད་པ་འདི་ངེས་བར་དུ་དགོས་དོན་མི་འདུག་སྙམ། ལྷག་པར་དུ་དག་གི་དད་པ་དང་རྨོངས་དད། གོམས་གཤིས་ཀྱི་དད་པ་སོགས་ནི་དེ་བས་བཀག་བྱ་ཡིན་པ་སྨོས་མེད་རེད།
བཀྲ་ཤིས་ལགས། ཉིད་ཀྱིས་གསུངས་བའི་སངས་རྒྱས་ཆོས་ལུགས་ཀྱི་མེད་དུ་མི་རུང་བའི་དད་པ་ནི་དད་པ་རིགས་གང་ཞིག་ལ་ངོས་འཛིན་བྱེེད་དམ། དེ་ནི་ཤེས་རབ་ཀྱི་དད་པ་ལ་ཟེར་རམ། དེ་འདྲའི་དད་པ་ཞིག་གང་ཟག་སུ་ཞིག་གི་རྒྱུད་ལ་ཞུགས་ཚར་ཕྱིན་འགྱུར་བ་བཏང་ཆོག་གམ། དད་ལོག་གི་ཉེས་དམིགས་ལ་ལྟོས་ན་ཆོག་ཚོད་མི་འདུག མ་ཆོག་པ་ཡིན་ན། བླ་མའམ་སྤྲུལ་སྐུ་ཞིག་ལ་དད་པ་བྱས་ཚར་ཕྱིན་དེའི་འཛུབ་མོ་གར་བསྟན་ཤར་ཡིན་པས། རང་ཉིད་འཚོ་བའང་རང་གི་སླད་དུ་འཚོ་བ་མིན་པ་གཞན་ཞིག་གི་བསམ་བློའི་ཐག་གཅོོད་འོག་ཏུ་འཚོ་བ་ཡིན་ཕྱིན། རང་གི་བསམ་བློའི་འཕེལ་རྒྱས་དང་གསར་བཏོད་ཀྱི་ནུས་བ་ལ་འགོག་རྐྱེན་ཐེབས་པས་ཡིན། དེ་བརྟེན། ངས་སངས་རྒྱས་ཆོས་ལུགས་པ་ཞིག་བྱེད་པ་ལ་ངེས་བར་དུ་དད་པ་ཨེ་དགོས་སྙམ་པའི་དོགས་གཞི་ཡོད།
ནོར་བཅོས།
སོ་སོའི་བརྟགས་ནས་ཐག་གཅོད་བྱེད་ཡ་ཞིག་ལ་དད་པ་འདི་ངེས་བར་དུ་དགོས་དོན་ག་རེ་ཡིན་ནམ། ལྷག་པར་དུ་དག་སྣང་གི་དད་པ་དང་རྨོངས་དད། གོམས་གཤིས་ཀྱི་དད་པ་སོགས་ནི་དེ་བས་བཀག་བྱ་ཡིན་པ་སྨོས་མེད་རེད།
ཁྱེད་ཚོ་ཚང་མ་དེར་རབས་ཀྱི་ཤེས་ཡོན་དང་ལྟ་བ་ཡོད་དོག་བྱེད་པ་ཞེ་དྲག་ཡག་པོ་རེད། དོན་དངོས་ལ་བསྡད་ས་ཐོད་པར་བསྡད་ནས་མིག་ལ་ཐལ་བ་ཤོད་ན་ཕན་པ་གང་ཡང་མེད། རེ་ཞིག་གི་ཉེས་པ་ལ་བལྟས་ནས་ཚང་མ་ནག་པོ་རེད་ཟེར་ན་དམར་ཤོག་གྱི་ལྟ་བ་འདྲ་བར་འདུག གཞན་ལ་སྐྱོན་འཛུགས་བྱེད་བ་ཧ་ཅང་གི་ལས་སླ་པོ་རེད་ཡིན་ཡང་རང་ཉིད་ཇི་ལྟར་ཡིན་རྒྱུན་ཏུ་དཔྱད་དགོས། སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་ཤེས་པ་དགོས། ཨ་ཕོ་ཧོ་ཞིག་གིས་དམངས་གཙོ་གོ་བ་ལོག་པའི་གཏམ་བརྒྱུད་ཁྱེད་རྣམས་ཀྱིས་ཤེས་ཤེས་རེད།
བསྲེགས་བཅད་བརྡར་ཟིན་པའི་གསེར་ལ་གསེར་གཙང་མའི་ཡིད་ཆེད་ཀྱི་དད་པ་རང་བཞིན་ཤུགས་ཀྱི་
ཡོང་བ་བཞིན། དམ་པའི་ཆོས་དང་སྟོན་པ་ལ་ཡང་ཡིད་ཆེད་པའི་དད་པ་ཞིག་མ་ཐོབ་ན་ནང་པའི་ཆོས་
ལ་ཐོས་བསམ་ཉམས་ལེན་གང་བྱེད་ཁུལ་བྱས་ཀྱང་ས་བོན་མེ་ཡིས་ཚིགས་པ་ལ་མྱུ་གུ་མེད་པ་བཞིན་དུ
འགྱུར་རོ། མ་ཟད་དད་པ་མེད་ན་ཆོས་ལ་འཇུག་པའི་བློ་ཡང་མི་སྐྱེ་བའི་ཕྱིར་རོ།
དྲང་པོར་ཞུས་ན། དད་པ་ཟེར་བ་དེ་རྒྱུ་མཚན་ཧ་གོ་ནས་དགའ་མོས་བྱེད་པ་ཞིག་གི་དོན་རེད་ལ། ནང་བསྟན་ནི་གནས་ལུགས་ལ་སྐྱབས་སུ་འགྲོ་མཁན་ལས་མི་ལ་སྐྱབས་སུ་འགྲོ་གི་མ་རེད། བོད་པ་ཚོ་མི་ལ་སྐྱབས་སུ་འགྲོ་བཞིན་པ་ལས་གནས་ལུགས་ལ་དོ་སྣང་སྤྲད་ཀྱི་ཡོད་པ་མ་རེད། དེ་ནི་ནོར་བ་རེད་ལ། རྨོངས་དད་དུ་གྱུར་ཡོད་པར་མ་ཟད། བོད་བརླག་བྱེད་དུའང་གྱུར་ཡོད།
དད་པ་ལ། ཡིད་ཆེས་ཀྱི་དད་པ། དྭངས་བའི་དད་པ། མངོན་འདོད་ཀྱི་དད་པ་དང་གསུམ། གསུངས་ཡོད་རེད།
ཡིད་ཆེས་ལ། རྨོངས་དད་དང་། ཤེས་ནས་ཡོད་ཆེས་གཉིས་སུའང་འཇོག་ཐུབ་པ་རེད། གཞན་གཉིས་ནི། གོ་སླ།
ཡིད་ཆེས་ཀྱི་དད་པ་ཟེར་ནི་རྒྱ་ཆེན་པོ་རེད། དེ་ལ་རྨོངས་དད་དང་དགའ་དད། དག་སྣང་གི་དད་པ་སོགས་མདོར་ན་དད་པ་ཡོད་ཚད་ཀྱི་རྩ་བ་ནི་ཡིད་ཆེས་རེད། འོན་ཀྱང་། ཡིད་ཆེས་ཡོང་བ་དེ་ག་འདྲ་བྱས་ནས་ཡོང་དགོས་སམ། ཞིབ་འཇུག་མེད་པ་ཡིད་ཆེས་བྱེད་དགོས་སམ། ཞིབ་འཇུག་བྱས་ནས་རྩེ་གཅིག་ཏུ་ཡིད་ཆེས་བྱེད་དགོས་སམ། ཞིབ་འཇུག་བྱས་ནས་ངེས་བར་རྙེད་ཅིང་རྩེ་གཅིག་ཏུ་ཡིད་ཆེས་བྱས་ཟིན་ཡང་། རྗེས་སུ་དེ་ལྟར་མིན་པ་གནས་ལུགས་ཀྱིས་རྟོགས་ཚེ་སངས་ཆོས་ལྟར་ན་དད་ལོག་སྐྱེས་ཆོག་གམ། ངའི་དྲི་བ་དེ་ཡིན།
ཀརྨ་བློ་གསལ་གྱིས་གསུངས་བ་བཞིན་སངས་ཆོས་ལྟར་ན་ཆོས་སམ་གསུངས་ལ་ཡིད་ཆེས་སམ། དད་པ་བྱེད་དགོས་བ་ལས་གང་ཟག་བྱེད་དགོས་མིན་པ་གསལ་བོ་རེད། འོན་ཀྱང་། བོད་པ་རྣམས་ཀྱིས་སྤྲུལ་སྐུ་དང་གང་ཟག་ལ་བྱས་ནས་ཕོངས་བ་གསལ་བོ་རེད། ཆོས་ལ་དད་པ་ངེས་བར་དུ་དད་པ་བྱེད་དགོས་རྒྱུ་སྟོན་པའི་དགོོངས་བ་ཨེ་ཡིན་ནམ།
མའོ་ཡིས་་་ནང་ཆོས་དུག་དང་འདྲ། དུག་ལས་བྱུང་བའི་བླ་མ་དང་སྤྲུལ་སྐུའི་ལམ་ལུགས་མི་དགོས་བཤད་པ་རེད། དེས་ན་དད་མི་ཆོག གྲལ་རིམ་ལ་ཞྭ་ནག་ཀོན་པ་པན་ཆེན་སྤྲུལ་སྐུ་སོགས་བླ་སྤྲུལ་ཚོ་ལ་ང་བརྒྱད་དེ་གསར་དུ་དྲན་བརྡ་གྱིས་དང་ཡག་གི་ཀོ། བོད་འདི་ཕོངས་བྱེད་གཙོ་བོ་སྤྲུལ་སྐུ་ཏྰ་ལས་ལ་དད་པས་ལན་པ་རེད་ཅེས་དམར་ཕྱོགས་པས་བཤད་ཀི་ཡོད་ནི་རེད། དེས་ན་ཅི་འདྲ་ཡ། ཨ་ནུ་བསོད་ནམས་ཚང་།
སྤྱིར་དད་པ་ཟེར་བ་འདི་དགའ་བའི་དོན་དུ་བཤད། དེ་ན་ཡིད་ཆེས་ནས་དགའ་བ་ནི་ཕ་རོལ་བོ་བརློམ་པའི་དོན་རེད་ལ། གྲོགས་པོའི་བར་གྱི་མཛའ་བརྩེ་ལྟ་བུ། མི་བསླུ་བར་བསམ་ནས་དགའ་བ་ནི་དྭངས་པ་ཡིན་སྲིད་པས། ཕ་མ་དང་བུ་ཕྲུག་གི་བརྩེ་དུང་ལྟ་བུ། མངོན་འདོད་ཀྱི་དགའ་བ་ནི་དགའ་མའམ་དགའ་བོ་རེག་འདུན་གྱི་དུང་སེམས་ལྟ་བུ་རེད། དེ་བས། དད་པ་ཟེར་བ་འདི་ཆོས་ལུགས་ལས་ལོགས་སུ་དབྱེ་ནས་བཤད་ཆོག་པ་ཞིག་ཀྱང་ཡིན་པ་འདྲ།
ཧུཧུཧུ་་་་ལྷ་སྡེ་བ། མདོར་དེད་ན་འདི་འདྲ་རེད། ཕུངས་བྱེད་ཀྱི་རྩ་བ་དེའི་ངོ་བོ་ལ་འགྲེལ་བརྗོད་ཏན་ཏན་ཞིག་བྱེད་མི་ཐུབ་པའི་ས་ནས་བསྡད་ན་མི་ཡག་གམ།
དད་པ་དེ་སངས་རྒྱས་ཆོས་ལུགས་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་མིན་དང་། སངས་ཆོས་ལྟར་ན་དད་ལོག་ཟ་ན་ཆོག་དང་མི་ཆོག་སྐོར་ལ་བགྲོ་གླེང་བྱ་དགོས་བསམ་ཡང་། ད་ནི་ཕལ་འཇུག་སྒྲིལ་བ་ཡིན་ས་རེད། དེ་བརྟེན། དད་པའི་སྐོར་ལ་ཅུང་ཙུམ་ཞུ་དགོས་བསམ་བྱུང་།
སྤྱིར་དད་པ་ཞེས་བ་ནི་དབྱིན་ཇིས་དང་བོད་ཡིག་གཉིས་ཀ་ལ་འགྲེལ་བཤད་རྒྱག་སྟངས་ཕལ་ཆེར་གཅིག་མཚུངས་ལས་ཁྱད་ཕར་དེ་ཙམ་མི་འདུག
ཆོས་དང་འབྲེལ་བའི་དད་པ།
༡༽དད་པ་ནི་ལྟ་གྲུབ་གང་ཞིག་དང་གང་ཟག་སུ་ཞིག་ལ་རྩེ་གཅིག་ཏུ་ཡིད་ཆེས་ཡོད་པའི་དོན་རེད། དེ་ནི་ཆོས་དང་མ་འབྲེལ་བའི་དད་པ་རེད། དད་པ་དེ་འགྱུར་བ་བཏང་ཆོག་ཀྱང་། དེ་སྔོན་དམར་དད་ལྟ་བུ་ཡིན་ན། ཁོང་ཚོ་ལ་དད་པ་མི་བྱེད་མཁན་བྱུང་་ཚེ་ཉེས་ཆད་ཡོད། འོན་ཀྱང་། ད་ལྟ་དམར་ཕྱོགས་ཀྱི་ལུང་པ་མང་པོའི་ནང་འགྱུར་བ་ཕྱིན་ཟིན་འདུག གང་ཟག་སྒེར་བ་ཞིག་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱས་ཀྱང་། རྗེས་སུ་གནས་ལུགས་ཀྱིས་གང་ཟག་དེ་ཡང་དག་པ་ཞིག་མ་ཡིན་པ་རྟོགས་ཚེ་འགྱུར་བ་བཏང་ཆོག་ལ། འགྱུར་བ་བཏང་བ་ལ་དཀའ་ངལ་ཡོད་སྲིད་ཀྱང་། ལམ་ལོག་ཏུ་རྒྱུན་མཐུན་ནས་འགྲོ་མི་དགོས་བས་དགེ་མཚན་ལས་ཉེས་བ་མེད།
ཆོས་དང་འབྲེལ་ཞིང་མ་འབྲེལ་བའི་དད་པ།
༢༽ཆོས་དང་འབྲེལ་ལ་མ་འབྲེལ་བའི་དད་པ་ཡིན། དཔེར་ན་རྒྱལ་པོ་ལ་དད་པ་བྱས་བ་ལྟ་བུ་རེད། མང་པོ་ཞིག་གིས་རྒྱལ་པོ་དེ་ལྷ་འམ་སངས་རྒྱས་ཡིན་པ་རློམས་ནས་དད་པ་བྱེད་ཀྱིན་ཡོད་ལ། དད་པ་དེ་དང་འགལ་ནས་དད་ལོག་ཟ་བ་ཡིན་ན་ཚེ་གཉིས་ཐར་བ་མི་བཏང་། ཚེ་འདི་ལ་རྒྱལ་པོའི་བཀའ་དང་འགལ་བས་རྒྱལ་ཁྲིམས་ཀྱི་ཉེས་བ་ཕོགས་པ་མ་ཟད། ཕྱི་མ་ལ་ཆོས་ལུགས་གང་ཡིན་པ་དེའི་དད་ལོག་གི་ཉེས་བ་ཕོགས་ཀྱིན་ཡོད།
ཁག་ཅིག་ཆོས་དང་འབྲེལ་བ་མེད་ཅིང་། རྒྱལ་པོ་ལ་ལྷ་དང་དཀོན་མཆོག་ལྟ་བུ་འདུ་ཤེས་ཀྱིས་དད་པ་བྱེད་ཀྱིན་མེད། ཡིན་ཡང་། དམར་པོའི་དད་པ་ལྟར་ཚེ་འདིའི་མི་ཚེ་སྐྱེལ་སྟངས་དང་ལྟ་བ་འཛིན་ཕྱོགས་ཀྱིས་དད་པ་བྱེད་ཀྱིན་ཡོད། དད་པ་དེ་དང་འགལ་བ་ཡིན་ན་རྒྱལ་པོའི་བཀའ་ལ་འགལ་བས་ཚེ་འདིར་རྒྱལ་ཁྲིམས་ལ་ཐོོགས་ཀྱི་ཡོད། འོོན་ཀྱང་ཚེ་ཕྱི་མ་ལ་ཅི་ཡང་མི་བྱེད།
ཆོས་ལུགས་ཀྱི་དད་པ།- དེ་ནི་བོད་པ་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་པའི་དད་པ་དེ་རེད།
༣༽ ཆོས་ལུགས་ཀྱི་དད་པ་རེད། ཆོས་ལུགས་ཀྱི་དད་པ་ནི་དད་པ་རིགས་གང་ཞིག་ཡིན་ཡང་། བྱས་ཚར་ཕྱིན་འགྱུར་བ་བཏང་མི་ཆོག འགྱུར་བ་བཏང་བ་ཡིན་ན་ཆོས་གཞུང་དེ་གསུངས་པའི་ཉེས་བ་ཆ་ཚང་ཕོགས་པས་ཚེ་འདི་ཕྱི་གཉིས་དང་། ལྷག་པར་དུ་ཚེ་ཕྱི་མ་ལ་རྣམ་སྨིན་སྡུག་ངལ་གྲངས་མེད་མྱོང་ངེས་ཤིང་སུ་ཡང་ཐར་མི་ཐུབ་པ་བརྗོད་ཀྱིན་ཡོད། དེ་བརྟེན། བོད་ཀྱི་སྤྲུལ་རྣམས་ཀྱིས་ནམ་རྒྱུན་དད་ལོག་གི་རྣམ་སྨིན་གསུངས་ནས་བོད་མི་རྣམས་ཀྱིས་ཁོང་ཚོ་ལ་དོགས་པ་ཙམ་ཡང་ཟ་མི་ཕོད་པ་བཟོས་ཡོད། བླ་མར་འགལ་ན་གཏན་འགལ་དང་ཕ་མར་འགལ་ན་ཚེ་འགལ་ཞེས་ནས་འཇིགས་སྐུལ་བཏང་བ་མ་ཟད་དད་ལོག་ཟ་ན། ཟ་མཁན་དེ་ཁྱི་ཡི་སྐྱེས་བ་བརྒྱ་བླངས་ནས་སྨྲེ་ཤ་ཅན་དུ་སྐྱེས་ཚུལ་སོགས་ཀྱི་ཞིབ་ཅིང་ཕྲ་བའི་གནས་ཚུལ་ཀུན་བརྗོད་ཅིང་། ཆོས་གཞུང་བེད་སྤྱོད་བཏང་ནས་མི་མང་ལ་དབང་སྒྱུར་བྱེད་བཞིན་ཡོད། འོན་ཀྱང་། ཧ་ལས་དགོས་བ་ཞིག་ལ། གཞུང་ལུགས་དེ་དག་ལས་ཚེ་འདིའི་འཛམ་གླིང་གི་ཆགས་སྟངས་དང་ནུབ་གླིང་སོགས་ཀྱི་ས་དབྱིབས་སོགས་ཡག་པོ་ཞིག་གསུངས་ཐུབ་ཀྱི་མེད་ཁར། ས་སྒང་གི་དབྱིབས་ཀྱང་ཡག་པོ་ཞིག་རྟོགས་ཐུབ་མེད། ཡིན་ཡང་། ཚེ་ཕྱི་མ་ལ་འདི་དང་གན་བྱ་ཚུལ་སོགས་ཀྱི་གནས་ཚུལ་ཞིབ་ཅིང་ཕྲ་བ་རྣམས་གསུངས་བ་ནི་དོགས་པའི་གནས་ཤིག་རེད་ལ་བདེན་པ་མ་རེད།
འོན་ཀྱང་། སྤྲུལ་ལོ་ཚོས་དད་པ་དང་དམ་ཚིག་གལ་ཆེ་ཚུལ་དང་དེ་དང་འགལ་བ་ཡིན་ན་དམྱལ་ཁམས་འགྲིམ་དགོས་ཚུལ་དང་། དུད་འགྲོ་དང་ཡི་དགས་སོགས་ལ་སྐྱེས་ཚུལ་སོགས་ཨུ་ཚུགས་མཐའ་སྐྱེལ་ཏེ། ཡིག་རྨོངས་མང་ཚོགས་དང་ཤེས་ཡོན་གྱི་གནས་ཚད་མེད་མཁན། ཆོས་ལུགས་ཀྱི་གོ་རྟོགས་ཞན་པའི་མི་མང་རྣམས་མགོ་སྐོར་བཞིན་ཡོད། བོད་པ་རྣམས་མགོ་སྐོར་དེའི་འོག་ཏུ་ཚུད་ནས་ཕམ་ཁ་མྱོང་བ་རེད།
དོན་དངོས་སངས་རྒྱས་ཆོས་ལུགས་ལྟར་ན་དད་ལོག་ཟ་ཆོག་གམ། གལ་སྲིད་མ་ཆོག་པ་ཡིན་ན་སངས་རྒྱས་ཆོས་ལུགས་ཚན་རིག་དང་མཐུན་ཞེས་བར་རྩ་བའི་ཆ་ནས་འགོག་རྐྱེན་འཕྲད་བཞིན་ཡོད། རྒྱུ་མཚན་ནི། ཚན་རིག་ལ་གནས་ལུགས་དང་བདེན་པ་གང་ནས་ཡོད་ན་དེ་ལ་སྐྱབས་སུ་འགྲོ་བ་ལས་གཞན་གྱིས་གསུངས་བའི་ལུང་ཚིག་དང་། ལྷག་པར་དུ་སྐྱེས་བ་ཕྱི་མ་ལ་འདི་དང་གན་འགྱུར་ཚུལ་སོགས་ཀྱི་རིག་པའི་བདེན་དཔང་ཅི་ཡང་མེད་པ། ལུང་ཚིག་སྐམ་པོ་ཞིག་ལ་ཡིད་ཆེས་བྱེེད་རྒྱུ་ནི་དགག་བྱ་གཙོ་བོ་རེད། མ་ཟད་དེ་དང་འགལ་ན། ཉེས་ཆད་འདི་དང་གན་ཕོགས་ཚུལ་གསུངས་བ་ནི་དེ་བས་འདོར་བྱ་ཡིན་པས། དད་ལོག་ཟ་མི་ཆོག་པའི་ལྟ་གྲུབ་ཤིག་ཡོད་ཚེ། ཚན་རིག་པའི་དགྲ་བོ་རེད། རྒྱུ་མཚན་ནི། དད་ལོག་ཟ་མ་ཆོག་པ་ཡིན་ན་ནོར་འཁྲུལ་གཡོ་བསྲང་བྱེད་པའི་གོོ་སྐབས་མེད་པ་མ་ཟད། དོགས་པ་ཟ་མི་ཆོག་ཅིང་། ཟས་ནས་ཉམས་ཞིབ་དེ་བས་བྱ་མི་ཆོགས་པས། ཚེ་གང་རང་ལ་བསམ་བློ་ཅི་ཡང་བཏང་དབང་མེད་པ། གཞན་ཞིག་གི་བསམ་བློའི་ཁྱབ་ཁོངས་འོག་ཏུ་འཚོ་བ་སྐྱེལ་རྒྱུ་དེ་ཡིན་པས། འཛུབ་མོ་གར་བསྟན་ཤར་ལ་ཆགས་པས་རེེད། ཡིན་ཡང་། ད་དུང་། བོད་པ་མང་པོས་དད་པ་དང་དམ་ཚིག་ཅེས་ནས་གཟི་བརྗིད་དུ་སྒོམས་ཀྱིན་ཡོད་བ་རེད། སྤྲུལ་སྐུ་མང་པོ་ཞིག་གིས་ཀྱང་རང་གི་བླ་མའི་བཀའ་ནི་བོད་དོན་ལས་ཀྱང་གལ་ཆེ་བ་ཡིན་ཚུལ་གསུངས་བ་དེས་དད་པའི་རིན་ཐང་ག་འདྲ་ཞིག་ཡིན་པ་གསལ་སྟོན་བྱས་མི་འདུག་གམ། ཡིན་ཏེ། ཆོས་ལུགས་ཀྱི་དད་པ་ནི་ཆོས་སྤྲུལ་གནས་བྱེད་ཀྱི་རྩ་བའི་ས་བོན་དེ་ཡིན་པས་རེད།
ཨ་ནུ་ཐང་ལགས། མཆན་འདི་མདུན་ངོས་འཇོག་ཐུབ་ན་ཡག་པོ་ཞེ་དྲག་བྱུང་ས་རེད།
ཀརྦློས། ཨ་ནུ་དང་། ཁ་བརྡའི་སྐོར་ཡང་མི་ཤེས་པ་འདྲ།
སྒྲུང་ཐུང་ཐུང་ཞིག་གིས་དཔེ་མཛོན་ན་ཨ་ནུ་བཤད་པར་འདོད། དཔེར་ན་སྤྲུལ་སྐུ་ཨ་ཀོང་གིས་བྱམས་བརྩེའི་ཐེབས་རྩ་དང་བོད་དུ་དགོན་པར་བཤད་སྒྲུབ་སོགས་བགྲང་ཡུལ་ལས་འདས་པའི་ཕན་བདེ་བསྐྲུན་པར་མཛད་མོད། མའོ་དང་ཞོགས་དུང་སོགས་ཀྱི་འདོད་པར་དད་པའི་རྨོངས་པ་འགའ་ཞིག་གིས་སྤྲུལ་སྐུའི་ལམ་ལུགས་འདི་རྫུན་པ་དང་བོད་ཕོངས་བྱེད་ངོ་མ་རེད་ཟེར་ན་ཨ་ཀོང་ལ་གྲི་རྒྱབས་ནས་གསད་པ་རེད། དེ་ནས་ཁོ་ཚོ་ཚང་མ་གཉིད་ལས་སད་པ་རེད། དེ་བཞིན་དུ་དོལ་ཚོགས་ཀྱིས་སྐད་སང་ཐོན་པོས་ཏྰ་ལའི་བླ་མའི་སྐྱག་རྫུན་མཚམས་ཞོགས་ཟེར་ནས་འཇིགས་བསྐུལ་དང་ཡང་མཐར་ཅི་འབྱུང་ཚོད་དཔག་དཀའ་པའི་དུས་སྐབས་སུ་ཨ་ནུའི་བསོད་ནམས་གསར་བ་ཞིག་བསག་མི་འདུག་གམ། དད་པའི་འཁོར་ལོ་རིན་པོ་ཆེ། །རྒྱུད་ལས་་་་་ཉིན་མཚན་དགེ་བའི་ལམ་དུ་སྦྱོར།།གསུངས་པ་ཕྱིན་ཅི་ལོག་པར་མི་འགྲེལ་ཁ་མེད་རེད་མི་འདུག། དེ་འདྲའི་དད་པ་གནས་ལུགས་དང་མཐུན་པ་ཞིག་ཡིན་ནམ།།
ཀརྨ་བློ་གསལ་ལགས་ཀྱིས་དགོངས་ཚུལ་སྟོན་པ་ཡག་བྱུང་།
པདྨ་ཟེར་བ་འདིའི་སྐད་ཆ་བཤད་སྟངས་ནོར་འདུག ཨ་ཀོང་བླ་མར་མི་དགའ་མཁན་ཚོ་ཕྱི་ལོགས་སུ་ཡོད་པ་ཚོ་དང་གུང་ཁྲན་ཏང་རེད་མ་གཏོགས་ཞོགས་དུང་ལ་འབྲེལ་བ་མི་འདུག ད་དུང་ཤུགས་ལྡན་ཡང་རྒྱལ་དབང་ལྔ་བའི་སྤྲུལ་སྐུར་འབྲེལ་ནས་བྱུང་བའི་གནད་དོན་ཞིག་ཡིན་པས། སྤྲུལ་སྐུའི་ལམ་ལུགས་ཀྱིས་བོད་ལ་ཡག་པོ་ཞིག་གནང་འདུག་གམ།
ཀར་བློ་ལེགས། ངས་྇ཨ་ནུ་ཐང་བསོད་ནམས་ཟེར་བ་འདི་༧གོང་ས་མཆོག་སོགས་སྤྲུལ་སྐུས་གསོ་སྐྱོང་གི་འོག་ལས་འཚར་ལོངས་བྱུང་ཡིན་པས་་་འདོད་པ་རྟགས་སུ་བཀོད་ནས་མི་འདོད་པས་ཐལ་བ་ཕན་པ་ཡིན་ནོ།
དེ་འདྲ་ཨེ་ཡིན་ན།