ལྡོང་སྲས་ཀྱིས་མཚམས་སྦྱོར་བྱས།
<<ཀླུ་མཁར་བྱམས་རྒྱལ་གྱུར་ཅིག>>
—-འདམ•ཉི་གཞོན། ཁམས་ཡུལ་ཤུལ་བ། གཞིས་སྡོད་བོད་མི།
ཨ་མའི་བུ་ཆུང་ཨ་ཚོགས་ཀླུ་མཁར་བྱམས།།
རྡ་རམ་ས་ནས་ཀི་རིང་ལན་གཅིག་བཏབས།།
ས་ཆེན་གོ་ལའི་སྣེ་མོ་སྒུལ་ཙམ་བྱས།།
ཀླུ་མཁར་བྱམས་ཁྱེད་ད་ནས་རྒྱལ་གྱུར་ཅིག །
མི་གཤིས་གསེར་གྱི་ལྷུན་པོ་འགྱིང་བའི་དཔལ།།
རང་ཚུགས་རྡོ་རྗེའི་ཕ་བོང་རབ་བརྟན་ཞིང་།།
བདེན་གཏམ་མེ་དཔུང་འབར་བའི་ཚ་རླབས་ཅན།།
ཀླུ་མཁར་བྱམས་ཁྱེད་ལོ་འདིར་རྒྱལ་གྱུར་ཅིག །
བྱང་ཁོག་སྟོད་དུ་ལ་རྒྱའི་ཁྲག་མཚོ་ཁོལ།།
ཤེས་བྱའི་ཡོན་ཏན་རྒྱ་མཚོའི་རྦ་རླབས་བཞིན།།
དཔའ་མཛངས་འཛད་མེད་རྡོ་རྗེའི་གོ་ཁྲབ་ཅན།།
ཀླུ་མཁར་བྱམས་ཁྱེད་སང་ལོར་རྒྱལ་གྱུར་ཅིག །
རླབས་པོ་ཆེའི་བསམ་བློའི་སྐྱ་རེངས་ཡིན།།
བཙན་པོ་བོད་ཀྱི་སྙིང་སྟོབས་དག་མ་ཡིན།།
དུས་རབས་འདི་ཡི་དཔའ་བོ་དངོས་མ་ཡིན།།
ཀླུ་མཁར་བྱམས་ཁྱེད་མི་རིང་རྒྱལ་གྱུར་ཅིག །
ལོག་སྤྱོད་དད་པའི་ལྟ་བ་མ་འཛིན་ཞིང་།།
སྒེར་གཅོད་ཨུ་ཚུགས་གཤིས་སུ་མ་གྲུབ་པ།།
སྒལ་ཚིག་གནམ་ལྕགས་ངར་མའི་རང་གཤིས་ཅན།།
ཀླུ་མཁར་བྱམས་ཁྱེད་ཡུན་དུ་རྒྱལ་གྱུར་ཅིག །
དྲང་བདེན་གནས་ལུགས་གཙུག་ཏུ་བཀུར་བ་བོ།།
རྒྱུ་འབྲས་བློ་མིག་གུས་ཕྱག་བགྱིས་པ་པོ།།
བླང་དོར་ཤེས་བྱའི་ལམ་ལུགས་འཚོལ་མཁས་པའི།།
ཀླུ་མཁར་བྱམས་ཁྱེད་ཚེ་འདིར་རྒྱལ་གྱུར་ཅིག །
དྲན་པའི་གཏམ་དེ་ངག་ནས་ཤོད་ཕོད་པའི།།
བཤད་པའི་གཏམ་དེ་ལག་ཏུ་ལེན་ཕོད་པའི།།
ཁ་མིན་གཏམ་གྱི་ལག་ལེན་འབྱེད་མཁས་པའི།།
ཀླུ་མཁར་བྱམས་ཁྱེད་གང་ནས་རྒྱལ་གྱུར་ཅིག །
དཔའ་སྙིང་རྒྱ་སྟག་དམར་པོའི་ངོ་ཡ་ཅན།།
སྟོབས་ཤུགས་བྲེ་སེར་འབྲོང་གི་འགྲན་ཡ་ཅན།།
སྤྱང་གྲུང་རི་སྤྱང་དར་མའི་ཁ་ཡ་ཅན།།
ཀླུ་མཁར་བྱམས་ཁྱེད་རྒྱུན་དུ་རྒྱལ་གྱུར་ཅིག །
མི་དེ་ཁ་བ་ཅན་གྱི་བླ་སྲོག་ཡིན།།
བུ་དེ་བོད་འབངས་ཡོངས་ཀྱི་སྐྱོར་ཡ་ཡིན།།
མི་དེ་མ་འོངས་བོད་མིའི་ལམ་སྟོན་ཡིན།།
ཀླུ་མཁར་བྱམས་ཁྱེད་ནམ་ཡང་རྒྱལ་གྱུར་ཅིག །
ཀླུ་མཁར་བྱམས་ལ་ཕུལ་བའི་སྐྱོར་ཡ་འདི།།
ངོ་དགའི་སྤྲེལ་ལད་འཁྲབས་པའི་བསྟོད་རྩོམ་མིན།།
བོད་པའི་སྲིད་འབྱོར་རིག་གསུམ་དར་ཆེད་དུ།།
མི་དེ་མ་རྒྱལ་ཐུ་མེད་རེད་འདོད་དོ།།
༣༠༡༥/༩/༢༩ཉིན་ཐོལ་བྱུང་དུ་བྲིས་སོ།། ཞོར་དུ་ཞུ་བྱ་ཞིག་ལ། ཨ་ཚོགས་ཀླུ་མཁར་བྱམས་ལགས་བོད་པའི་སྲིད་འབྱོར་རིག་གསུམ་གྱི་དོན་དུ་ལོ་མང་ཞིག་མུན་ནག་གི་བཙོན་རར་བཞུགས་ཤིང་། འདི་དག་ལས་ཀྱང་རླབས་ཆེ་བའི་བྱ་སྤྱོད་འགའ་རྩོམ་འདིའི་ནང་དུ་ཆ་ཚང་བ་ཞིག་འགོད་ཐུབ་མེད་དོ།།
<<ཨ་ཚོགས་-ཀླུ་མཁར་བྱམས་རྒྱལ་གྱུར་ཅིག>>
—-བདུད་ཕྲུག ཕྱི་སྡོད་བོད་མི། འཇར་པན།
བཙན་པོ་སྲོང་བཙན་གྱི་སྙིང་ཁམས་དེ་ཁྱོད་ལ་ཞུག་ནས་འདུག།
གངས་ཆགས་རྫ་རྡོ་དེ་སྙིང་སྟོབས་ཀྱིས་བཅག་པའི་མི་རྒྱུད་ཅིག །
རལ་བ་སྨུག་པོ་དེས་ས་ཆེན་གྱི་སྒལ་གཞུང་བཤག་གྲུབ་ཅན།།
ཨ་ཚོགས་གླུ་བྱམས་ཀྱི་ལངས་ཕྱོགས་དེ་ནམ་ཡང་རྒྱལ་གྱུར་ཅིག།
དམང་གཙོ་འདྲ་མཉམ་གྱི་དར་ཆ་དེ་མཁའ་རུ་སྒྲེང་ཕོད་ཅན།།
རང་བཙན་གཙང་མ་ཡི་ལང་ཕྱོགས་དེ་བརྟན་པོར་འཛིན་ལུགས་ལ།།
སྙིང་རྩ་དམར་པོ་ལ་བདེན་པ་ཡིས་བཅུད་ཅིག་འཐིམ་ནས་འདུག།
གདོང་དམར་བོད་པ་ཡི་རླབས་ཆེན་གྱི་མཚོན་རྟགས་ཁྱེད་ཉིད་ཙམ།།
རྨོངས་དད་རུལ་སོང་ལ་སུན་འབྱིན་གྱི་ལྟ་བར་མཛད་པ་པོ།།
མི་ཆོས་ཀུན་སྤྱོན་གྱི་སྒལ་ཚིགས་དེ་སྲོག་ལྟར་སྲོང་བ་པོ།།
དཀར་གཙང་མི་གཤིས་ལ་རྣོ་ལྕགས་ཀྱི་སྒྲོམ་གཞི་སྲ་བརྟན་ཅན།།
གདོང་དམར་བོད་པ་ཡི་སྲིད་སྐྱོང་དེ་ཁྱེད་ཉིད་འདེམས་ན་འགྲིག།
<<ཀླུ་མཁར་བྱམས་རྒྱལ་གྱུར་ཅིག>>
—–ཐོ་རེངས་སྐར་ཆེན། རྒྱ་གར། ཕྱི་སྡོད་བོད་མི།
རྨོངས་མུན་གྱི་ཀློང་རིམ་ལས།
བདེན་ལུགས་ཀྱི་ཀི་རིང་གཏབ།
བཙན་པོའི་རུས་རྐང་སྙིང་ལ་ཟུག་པས།
ངར་རྒྱལ་གྱི་མགོ་བོ་གྱེན་དུ་བསྒྲེངས།
ཕ་ས་ཤོར་བའི་སྡུག་ནད་ཀྱིས།
དགྲ་བོ་ལ་འཁོན་དུ་འཛིན་་་
དྲང་བརྗོད་ཀྱི་སྙིང་སྟོབས་དེས།
རང་བཙན་གྱི་བསྒྲགས་གཏམ་གླིང་བཞི་ལ་སྤེལ།
སྒེར་གཅོད་པའི་བཙན་ཤེད་ལ།
དམངས་གཙོའི་སད་རྟོགས་ཀྱི་བཙན་རྒོལ་བྱས།
རང་དབང་རང་བཙན་ལ་དུང་ཞེན་ཟབ་པས།
ཚེ་སྲོག་གི་གཏའ་མ་མི་ཡུལ་དུ་བཞག
རྨོངས་དད་ཀྱི་བག་ཆགས་ཤིན་ཏུ་མཐུག་ཀྱང་།
མི་ཁའི་འཇིགས་རུང་གི་གཡུར་ས་ལ་ཆས།
དགག་སྒྲུབ་ཀྱི་དོག་སློང་རེ་རེས།
མི་རིགས་ཤིག་རྨོངས་རྙིང་དང་འཆིང་རྒྱ་ལས་དཀྲོགས།
~~~~~ ཕྱི་ལོ་ ༢༠༡༥ ལོ་ཟླ་བ་༩ པའི་ཚེས་༢༩ /ལའོ།
ཀླུ་མཁར་བྱམས་རྒྱལ་གྱུར་ཅིག
བོད་དུ་ཚ་བ་མདའ་སྨྱུག་དང་། བཙོན་བྱོལ་དུ་ཀླུ་མཁར་བྱམས།
བླུན་རྒན་ཚོ། བཙན་པོའི་རུས་རྐང་གླེང་ན། རྨོངས་གཉིད་ཀྱི་ཁྲོད་ལ་ལུས་བསྡད་པ་ཞིག་བཤད་ཚུལ་མེད། བཙན་པོའི་རུས་ནས་དུས་ད་ལྟའི་བར། བོད་བཙན་པོ་བ་ཚོས། ཅི་སྩལ་བ་རྣམས་བཙན་བདག་པའི་མ་རབས་ང་ཚོས། ཡོད་ཡོད་པ་ལ་རྗེ་ཡིད་དང་མེད་མེད་པ་ལ་ཁ་གསབ་བྱས་ནས་མདུན་འཆོང་བྱེད་བཞིན་པ་ཡིན་བསམ་ན་ཆོག།
བླུན་པོ་ཀླུ་བྱམས་ཀྱི་ཀི་ཅོ་ལ་ངོས་དོན་གྱི་དབྱེ་ཞིབ་མི་འཕེལ་ན། བཙན་པོའི་ལོས་རྒྱུས་ལ་མངའ་ཡོད་བསྟན་པ་ནི་དགོད་ཤོར་བའི་སྐད་ཆ་ཞིག་ཅི་ལ་མིན། ཧ་ཧ་ཧ།
བླུན་པོ་ཆུ་སྣ་གར་ཁྲིད་འདི་ཚོ་ལ། སྙིང་ཡང་རྗེ་སོང་། ཀླུ་བྱམས་ནི་བོད་མི་དཀྱིས་མ་ཞིག་ལས། བཙན་པོའི་བཙན་ས་འཛིན་ཐུབ་ནིའི་ཨ་མི་བུ་ཞིག་མ་རེད་ཡ།
འུར་མ་ཤོད། བཙན་པོ་བཤད་ན། མ་མཐའ་ཡང་བཙན་པོའི་གོ་གནས་ལ་མཐོང་ཆེན་བྱེད་དགོས། ཀི་ཅོ་ཞིག་ལ་བཙན་པོའི་བྱ་བྱས་ཀྱི་གོ་ཐོབ་སྟེར་ན། ཁྱེད་ཅག་གི་བཙན་པོ་ནི། ངོ་མ། རྨི་ལམ་ནང་གི་སྐད་ཆ་མ་ཡིན་ནམ། བུད་རྒོད་ཚོ། དམྱིག་ལ་མ་སྟོན།
བཙན་བྱོལ་ནང་བོད་སྤྱི་ལ་ངོས་ལེན་ཡོད་པའི་ཨ་མདོ་པ་ཞིག་བྱུང་པ་ནི་ཨ་ཚོགས་ཀླུ་མཁར་བྱམས་ལགས་རེད། ངོ་མ་གནམ་ས་གཉིས་ཀ་སྒུལ་སོང་། ཡབ་གཞིས་པདྨ་ཕྱི་ལ་ཐོན་ནས་སྐད་རྒྱག་དགོས་ཐུག་པ་རེད།
ད་སྙན་ངག་གི་བསྟོད་གླུ་རེ་ལེན་ནས་སྡོད་པ་ལས་གཞན་བྱེད་རྒྱུ་ཟད་པ་རེད། འོས་ནི་མ་ཐོབ། མི་མང་གིས་
རྡོག་རྒྱག་ཞུས། སེམས་གསོའི་སྙན་ངག་ཐེབས་ཆག་རེ་བྲིས་ནས་སྡོད།
དཔའ་བོ་ཀླུ་བྱམས། ཕོ་རྒོད་ཀླུ་མཁར། དུས་ཀྱི་ཕོ་ཉ་ཀླུ་བྱམས། རྨོངས་གཉིད་འཇོམ་པའི་ཀླུ་བྱམས། འཁྱོག་པོ་འདྲོང་བའི་ཀླུ་མཁར། ཁྱོད་ཉིད་རྒྱལ་གྱུར་ཅིག དེ་རིང་གི་ཁྱོད་ཀྱིས། ནམ་ལངས་ཀྱི་ཀི་སྒྲ་གཅིག་བསྒྲགས་སོང། སང་ཉིན་གྱི་ཉི་མ་ཁྱོད། གནང་ཉིན་གྱི་ཟླ་བ་ཁྱོད། འཆར་ལ་རེ་སྒུགས་བྱས་ཡོད། གཏན་གཏན་འཆར་ངེས་རེད། བདེན་པའི་བུ་ཆུང་རྣམ་པར་རྒྱལ་གྱུར་ཅིག
གནམ་ལགས་ཁྱོད་ཀྱིས་ས་ཡ་དྲུག་གི་ཆེད་དུ་ཅི་ཞིག་བྱས་ཡོད་དམ། ཀླུ་མཁར་བཙོན་ནང་ལོ་ལྔའི་དཀའ་སྡུག་ལ་རིན་ཐང་ག་ཚོད་ཙམ་ཡོད་མེད་མྱོང་ཨེ་འམ། ཕོ་ཡིན་ན་ཁྱོད་རང་བོད་ལ་ཕེབས་ནས་ལས་འགུལ་ཅིག་སྤེལ་ནས་ཀླུ་མཁར་ལ་འགྲེལ་བཤད་ཅིག་རྒྱོབ་དང་ལུགས་དང་མཐུན་པ་རེད་གདའ། གཞན་སྐྱིད་ཉལ་རྒྱག་ཉལ་གྱི་གཏམ་ལས་མེད་དོ།།
མཁས་པ་རང་གིས་དཔྱོད་ཤེས་ཀྱི།།བླུན་པོ་གྲགས་པས་རྗེས་རྒྱུགས།། ཞེས་པ་ཅི་མ་བདེན། མཁས་དབང་ཞིག་གིས་འདི་ལྟར་བཤད་འདུག
ཇི་སྐད་དུ།
རང་ཚུགས་རི་ལས་བརྟན་པའི་བུ༎
རུས་པ་ལྕགས་ལས་མཁྲེག་པའི་བུ༎
ཤེས་རབ་མཚོན་ལས་རྣོ་བའི་བུ༎
ལོ་རྒྱུས་རྒྱབ་ལྗོངས་གཙང་བའི་བུ༎
བཙན་པོའི་དུར་ས་སྲུང་བའི་བུ༎
མེས་པོའི་བླ་ཤིང་སློང་བའི་བུ༎
དགྲ་ལ་ཞེ་རྩ་གནག་པའི་བུ༎
གཉེན་ལ་དུང་ཞེན་ཟབ་པའི་བུ༎
ཨ་ཚོགས་ཀླུ་མཁར་བྱམས་ལགས།
སང་ཉིན་གྱི་འོས་བསྡུའི་ཁྲོད།
བོད་ཀྱི་བཙན་པོ་རིམ་བྱོན་དང་།
རྒྱལ་དོན་དུ་གཅེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་ཤེས་ཀྱིས་ཁྱེད་ལ་རེ་བ་བཅོལ་བར་ཤོག མི་ལོ་སྟོང་ལྷག་གི་རིང་མཆོད་མཆོད་བསྟོད་བསྟོད་ཀྱི་བོད་སྐྱོང་སྲུང་མ་རྣམས་ཀྱིས་ཁྱེད་ལ་ཁ་འཛིན་བྱེད་པར་ཤོག
ཨ་ཚོགས་ཀླུ་མཁར་བྱམས་རྒྱལ་ལོ༎
ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ༎
ཀླད་སྟོང་ཚོ། བཀའ་དྲིན་བསམ་ཤེས་མེད་པའི་མི་ཆོ་ལོ་སྦོ་ལོ་ཀླུ་བྱམས་ལ་ཕུད་མ་རྒྱབ་རོགས། བོད་པའི་ཁ་དཔེ་ལ་རྩམ་པ་མ་བཏབ་རོགས།
ཀླུ་བྱམས་ལ་སྟོད་དྲག་ནས་འོས་ཤོར་བ་རེད་ཤེས་སོང་ངམ་།
ད་སྟོང་གཏམ་གྱི་བསྟོད་བསྔགས་འདྲ་གཏོང་ནས་སྡོད་འོས་ནི་
ཤོར་ཚར་ལེ་རེད་ཕྱི་བྱེད་ངོ་མའི་ཤ་ཚ་།
རང་བཙན་ལས་དབུ་མ་མང། བོད་མི་ལས་རྒྱ་མི་མང། དམངས་གཙོ་ལས་མང་གཙོ་གལ་ཆེ། མང་ཉུང་གཉིས་ཀྱི་དབར་ནས་དྲང་བདེན་བརླག་པའི་ཉེན་ཁ་ལ་ཐུག་དུས། དཔའ་མཛངས་ལྡན་པ་ཀླུ་མཁར་བྱམས་ནི་དྲང་བདེན་གྱི་ཉི་མ་གསལ་བར་མཛད་པའི་དེང་དུས་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་ཁྱོད་ཉིད་ལས་གཞན་མེད་དོ།
ཀླུ་བྱམས་དང་ཚ་བ་མདའ་སྨྱུག་གཉིས་མི་གཤིས་ཀྱི་ཆ་ནས་འདྲ་ས་མང་། འོན་ཀྱང་མདའ་སྨྱུག་གྲྭ་གཟུགས་རེད། ཀླུ་བྱམས་སྐྱ་གཟུགས་རེད། ཁོང་གཉིས་ཀྱི་ཁ་གཏད་འཇལ་ཡུལ་ཡང་འདྲ་ཆེ་བས་སྤྱི་ཚོགས་ཀྱིས་འབུར་བཅོམས་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་། ནམ་ཞིག་རྒྱལ་ཁའི་དར་ཆ་བསྒྲེང་ངེས་པ་རེད།
ད་ལོ་ཡིན་ན་ཀླུ་བྱམས་གིས་བོད་མི་མང་པོའི་སེམས་ནང་གི་སྐད་ཆ་མང་པོ་བཤད་སོང་། སྐད་ཆ་དེ་ཚོ་གཞུང་དང་ཕོ་བྲང་ནས་བདག་པོ་རྒྱབ་ནས་དགོང་བཞེས་ཡག་པོ་ཞིག་གནང་ན་ཕན་ཐོག་ཡོད་པ་ཞིག་རེད་། གལ་སྲིད་དོལ་ཚོགས་ལ་བཟུང་བའི་སྲིད་འཇུས་དེ་ཀླུ་བྱམས་ལ་བཟུང་ན་ནོར་འཁྲུལ་ཆེན་པོ་རེད།
གལ་ཏེ་ད་ཐེངས་ཀླུ་བྱམས་ལ་སྲིད་སྐྱོང་མ་འདེམས་པ་དེ་རྒྱ་ནག་ཏང་སྲིད་ལ་དགའ་ཞེན་དང་རྒྱ་ཞབས་སུ་འགྲོ་བ་གདམས་ཁ་བྱས་པ་ཡིན་ལས་གཞན་དུ་མ་ཚོར། ང་ཚོ་བོད་མི་རིགས་ཞིག་ཡིན་པའི་ཆ་ནས་ཀླུ་བྱམས་མི་སྒེར་བ་ཞིག་མིན་པར་བོད་རྒྱལ་ཁབ་ཆེན་པོ་དང་མི་རིགས་ཀྱི་ལ་རྒྱ་ཟེར་བ་སྒེར་སྤྱོད་དང་རྒྱལ་ཚོང་དུ་བྲེལ་བ་རང་རེད། མང་པོ་མི་བཤད་དོ།།
ད་གནམ་གཡག་འདིས་བྱ་རྒྱུ་བྱེད་རྒྱུས་ཕོངས་ནས་ཚོར་བའི་རྗེས་རྒྱུག་པ་ཚོས་བྲིས་པའི་སྙན་བསྟོད་ཆ་ལ་ཆོལ་ལེ་རེ་འཁུར་ཡོང་ནས་བཤམས་ཀོ་ཀི ཧ་ཧ་ཧ་་་་་་
རྩ་སྣ་མི་ཚང་བའི་གསར་ཁོ་ཚོ། ངས་གཅིག་བཤད།
ཀླུ་བྱམས། རྒྱ་གར་ལ་ཐོན་ནས་ལོ་དེ་འདྲ་མང་པོ་ཞིག་ཡིན། དུས་དེའི་ནང་ལ།
ཁོས་ཁོ་མཁས་བ་ཡིན་མདོག་གིས་རྩོམ་ཡིན་ཟེར་བའི་ཁོང་གི་མཐོང་སྡུག་མྱོང་གསུམ་འབྲི་ཁུལ་བྱས་ཡོད། ཡིན་ན་ཡང་། ཁོས་ཁོ་ལ་གཡག་རྐུན་ཡིན་པའི་མ་ཉེས་ཁ་གཡོག་གི་དགྱ་ཁྲིམས་ཞིག་ཁུར་རབས་ཀྱི་བྲིས་བ་ན་གཅིག་སྟོན་རྒྱུ་ཡོད་དམ།
ཁོས་མཁས་བ་ཡིན་མདོག་གིས་དགྱ་ནག་གི་ཆབ་སྲིད་ཤེས་རབས་ཀྱི་སྟོང་གཏམ་གང་ས་ལ་ཤོད་དུ་ཕྱིན་ཡོད། ཡིན་ན་ཡང་། ཁོས་ཁོ་ལ་གཡག་རྐུན་ཡིན་པའི་མ་ཉེས་ཁ་གཡོག་གི་དགྱ་ཁྲིམས་ཞིག་ཁུར་རབས་ཀྱི་བཤད་པ་ཚིག་གཅིག་སྟོན་རྒྱུ་ཡོད་དམ།
ཁོས་ཁོའི་ནང་མི་དང་སྡེ་མི། བཙོན་རོགས་ཚང་མ་ལ་ཁོ་གཡོག་རྐུན་ཡིན་པའི་གསལ་བཤད་བྱས་ཡོད། རྒྱུ་མཚན་དགྱ་ནག་གི་བཙོན་བདག་ཚོ་དང་ཁྲིམས་བདག་ཚོས་ཁོ་ལ་ཉེས་བ་ཆེན་པོ་སྟེར་ན་མི་འདོད་པས་ཡིན། ཅིའི་ཕྱིར། ཁོ་དང་རྒྱ་ནག་གི་ལས་སྣེ་ཚོའི་འབྲེལ་བ་ཅི་ཡིན།
ཁོས་བཙན་བྱོལ་བདེ་སྲུང་ལས་ཁུང་ལ་ཡིག་ཆ་ཁུག་མ་གང་ཁུར་ནས་བྲོས་བྱོལ་ལ་ཡོང་ཡོད། དེ་ནི་བོད་ནང་གི་འཆི་ཕོད་ཚོགས་པའི་འདི་བྱེད་འདི་སྒྲུབ་གྱི་རྩ་འཛུགས་ཡིག་ཆ་ཡིན། དེའི་ནང་ན། དགྱའི་གསང་ཡིག་ནི་གཅིག་ལ་མེད། ཅིའི་ཕྱིར།
ཁོ་དང་འཆི་ཕོད་ཚོགས་མི་གཅིག་ལ་ཡང་ཁ་གྲག་རེ་མེད། ཅིའི་ཕྱིར། ཅི་ཞིག་ལ།
ཁྱེད་ཚོས་ཀླུ་མཁར་ཤེས་མི་འདུག། ཁྱེད་ཚོ་སྡོད་དང་། དལ་མོ་དལ་བྱས་ནས་སྒུགས། ཁོའི་གཉང་བ་ཡོད་ཚད་ཁྱེད་ཚོ་ལ་འཐུང་རྒྱུ་རོགས་ཡོང་གི་རེད། དེའི་དུས་ཆང་འཐུང་། བསྟོད་གླུ་ལོང་དང་ངས་མུ་མཐུད་དུ་ཉན་ཡོད། དགའ་དགའ་ཚོ།
༡་་་་དང་བླང་བྲན་གཡོག་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་བྲན་གཤིས་ལ་ངོ་རྒོལ་བྱེད་མཁན་གྱི་དེང་རབས་འདིའི་གསར་བརྗེ་བ་ཞིག་ཡིན།
༢་་་་རྨོངས་དད་མགོ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་དད་པ་ལོག་སྤྱོད་ལ་ངོ་རྒོལ་གནས་མཁན་གྱི་གྱེན་ལངས་དཔའ་བོ་ཞིག་ཡིན།
༣་་་་རྒྱལ་བཙོང་བ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་རྒྱལ་གཅེས་བོད་མི་ཞིག་ཡིན།
༤་་་་བོད་མི་ནང་རྡུང་བ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་སྲིད་གཞུང་བར་གནས་ཀྱི་བསམ་བློ་ཡོད་པའི་བདེན་པའི་རྒྱབ་ལངས་བ་ཞིག་ཡིན།
ང་ཁྱོད་ལ་དགའ། ཁྱོད་ཀྱི་ལྟ་གྲུབ་ལ་དགའ། ཁྱོད་ཀྱི་སྙིང་སྟོབས་ལ་གུས། ཁྱོད་བཀའ་དྲིན་ཆེ། ཉམ་ཆུང་བོད་མི་མང་པོའི་བཤད་མ་ཕོད་པའི་སེམས་ཁུང་གི་་སྐད་ཆ་དེར་ཁྱོད་ཀྱིས་བཤད། ཐུགས་རྗེ་ཆེ། ཁྱོད་ལ་རྒྱལ་ཁ་འཐོབ་པའི་དུས་ཤིང་ཡོང་ངེས་ཡིན།
བློ་མཐུན་ཅོ་རི་ཉི་མས་དུས་རབས་ལས་བརྒལ་བའི་བསྡོམས་ཚིག་ཅིག་བཞག་འདུག ངས་བཤད་མ་ཤེས་པ་མ་གཏོགས་བསམ་ཚུལ་དེ་ག་རང་ཡིན།
དང་པོ་རྫིག་པོ་བྱེད་ནས་སླེབས། །
གཉིས་པ་བྱེད་རྒྱུ་ཡོད་མདོག་བྱས། །
གསུམ་པ་དམངས་ཀྱིས་རྡོག་རྒྱག་ཞུས། །
བཞི་པ་དྷ་སའི་གྲོང་དུ་སིམ། །
#17 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
October 26th, 2015 at 5:27 am
༡་་་་དང་བླང་བྲན་གཡོག་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་བྲན་གཤིས་ལ་ངོ་རྒོལ་བྱེད་མཁན་གྱི་དེང་རབས་འདིའི་གསར་བརྗེ་བ་ཞིག་ཡིན།
༢་་་་རྨོངས་དད་མགོ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་དད་པ་ལོག་སྤྱོད་ལ་ངོ་རྒོལ་གནས་མཁན་གྱི་གྱེན་ལངས་དཔའ་བོ་ཞིག་ཡིན།
༣་་་་རྒྱལ་བཙོང་བ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་རྒྱལ་གཅེས་བོད་མི་ཞིག་ཡིན།
༤་་་་བོད་མི་ནང་རྡུང་བ་ཚོས་ཀླུ་བྱམས་ལ་འོས་མ་བླུགས་ན་མ་བླུག ཀླུ་བྱམས་ཁྱོད་ནི་སྲིད་གཞུང་བར་གནས་ཀྱི་བསམ་བློ་ཡོད་པའི་བདེན་པའི་རྒྱབ་ལངས་བ་ཞིག་ཡིན།
ང་ཁྱོད་ལ་དགའ། ཁྱོད་ཀྱི་ལྟ་གྲུབ་ལ་དགའ། ཁྱོད་ཀྱི་སྙིང་སྟོབས་ལ་གུས། ཁྱོད་བཀའ་དྲིན་ཆེ། ཉམ་ཆུང་བོད་མི་མང་པོའི་བཤད་མ་ཕོད་པའི་སེམས་ཁུང་གི་་སྐད་ཆ་དེར་ཁྱོད་ཀྱིས་བཤད། ཐུགས་རྗེ་ཆེ། ཁྱོད་ལ་རྒྱལ་ཁ་འཐོབ་པའི་དུས་ཤིང་ཡོང་ངེས་ཡིན། ཡག་པོ་བྲིས་ཤག་སྐད་དྲོང་པ་ཞུས་ན་ཀླུ་བྱམས་འོས་བླུགས་ཕལ་ཆེར་ཆབ་ཐོག་རྒྱུད་མངའ་ཆེན་པོ་ཡོད་བསྡད་མཁན་དང་རྐྱང་རྐྱང་ཡིན བོད་པ་ལ་ཆབ་སྲིད་ཐོག་གོ་རྟོགས་ཅན་ག་ཚོད་ཡོད་མིན ཀླུ་མཁར་བྱམས་ཀྱི་འོས་ཤོག་གྲངས་ཀ་ལ་དཔག་ན་འགྲིགས་པ་ཞིག་ཡིན
ཀླུ་མཁར་བྱམས་ཕམ་འགྱུར་ཅིག
ཀླུ་མཁར་བྱམས་རྒྱལ་གྱུར་ཅིག། བདེན་པ་ཉིད་རྒྱལ་གྱུར་ཅིག། རང་བཙན་རྒྱལ་གྱུར་ཅིག། དམངས་གཙོ་རྒྱལ་གྱུར་ཅིག། དམར་ཤོག་ཕམ་གྱུར་ཅིག།
ཀླུ་བྱམས་ཕམ་ཟེར་བ་ཙམ་གྱི་ཕྱོགས་ཞེན་གྱིས་ལྟ་བ་ཆུ་བོའི་རྦ་རླབས་བཞིན་ཡ་ཁོག་བསྟོད་ན་འཁོལ་ཡོད་པ་ཤེས་ཐུབ། ཀླུ་བྱམས་ཕམ་པ་ཡིན་ན། ཁྱེད་ཅག་ལ་ཁེ་བཟང་ཅི་ཞིག་ཡོད་དམ། ངས་འདི་ལྟར་བལྟས་ན། དཔོན་ངན་ཕྲམ་པ་དེ་དག་གི་རྒྱུགས་ཁྱི་ཤ་སྟག་ལས་གཞན་མི་གཞིའི་རྩ་བ་བརྟན་པོར་ཡོད་མཁན་གྱི་མདོག་ཆ་སྤུ་ཙམ་ཡང་མཐོང་གི་མི་འདུག རབ་ཡིན་ན། རང་ཁ་བདག་པོ་རྒྱོབས། ཁ་རྒོད་པོ་ཐོག་མདའ་འདྲ་བ་ཞིག་ཡོད་ན། རྒྱ་ནག་པོ་ལ་བསྐོར་རོགས། ད་དུང་གསལ་འདེབས་བྱ་རྒྱུ་ཞིག་ལ། ཆོལ་ཁ་གསུམ་ཞེས་པའི་མིང་ཚིག་དེའི་འོག་ནས། ཆོལ་རེ་རེ་བཞིན་རང་རང་སོ་སོར་གྱེས་ན་ལེགས་སྙམ། གང་ཡིན་ཟེར་ན། ཤ་འཁོན་རྩོད་རྒྱུ་ཡོད་པ་ལྟ་བུའི་ང་རྒྱལ་དང་ཚིག་ངན་ཐ་ཤལ་རྐྱང་རྐྱང་བེད་སྤྱོད་བྱེད་བཞིན་འདུག དེ་ལས་ཆོལ་ཁ་གསུམ་ཁ་འཐོར་དུ་བཏང་བ་ཡིན་ན། ཆོལ་ཁ་རེ་རེར་འཇོན་ཐང་ཅན་གྱི་མི་རེ་ཡོད་ན། རྒྱ་ནག་པོའི་ལག་ནས་སོ་སོའི་ཆོལ་ཁའི་རང་དབང་རྩོད་པ་ལས། ཆོལ་ཁ་གཞན་གྱི་མི་ལ་ངན་ཁག་དཀྲི་དགོས་ཡ་མི་འདུག ད་ནས་ཁ་རྩོད་མ་རྒྱག ཆོལ་ཁ་གསུམ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་སྤུ་ཙམ་ཡང་མེད། ཁྱོད་ཨ་མདོ་དང་། ཁྱོད་ཁམས་པ། ཁྱོད་དབུས་གཙང་ཞེས་པའི་རྩོད་རྙོག་མགོ་བོ་ན་བའི་ནད་རྙིང་ཡང་བསྐྱར་འཕར་མི་དགོས་པ་རེད། བསམ་བློ་ཞིབ་མོར་བཏང་ན། བོད་ཀྱི་མགོ་ན་དབུ་འཁྲིད་འཛམ་གླིང་སྐྱེས་བུ་ཀུན་ཀྱིས་ཡིད་སྨོན་བྱེད་དགོས་ས་ཞིག་ཡོད་རུང་། མཇུག་ན་བོད་མི་མ་རབས་ཤ་སྟག་སྐྱེས་འདུག འཛམ་གླིང་འདིའི་སྒང་ན། ཡབ་གཞིས་ཚང་ཕུད་བོད་མི་ཡོད་དོ་ཅོག་འཛམ་གླིང་མི་ཡི་གྲལ་མཐའ་ན་འདུག བསམ་བློ་གཏོང་མི་ཤེས། སྒེར་དོན་གྱི་ཆེད་དུ། མི་རིགས་སྤྱིའི་ལས་དོན་ཁ་ལ་འཁྱེར་ནས། ནང་ཁུལ་ལ་དཀྲུས་ཤིང་རྐྱང་རྐྱང་གིས་ལོ་ངོ་ལྔ་བཅུ་ལྷག་འདས་ཟིན་པ་རེད། ད་དུང་འདི་ལྟར་ནང་ཁུལ་ལ་རྩོད་པ་དང་། མཐུན་སྒྲིལ་གཏོར་བའི་ལས་ངན་ཤ་སྟག་སྒྲུབ་པ་ལས། ལས་བཟང་སྤུ་ཙམ་ཡང་སྒྲུབ་འདོད་མེད་མཁན་རྐྱང་རྐྱང་འཛོམས་འདུག བཀྲ་ཤིས་བདེ་ལེགས། གང་བོད་མི་དཀྱུས་མ་དག་ལ་༧གོང་ས་མཆོག་ཧ་ཅང་གི་གལ་ཆེན་ཡིན། ༧གོང་ས་མཆོག་ལས་ལྷག་མི་དམངས་དཀྱུས་མ་ལ་ཕན་འདོགས་ཐུབ་མཁན་མི་རྐང་གཅིག་ཀྱང་མེད། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་སྨོན། གཞན་འགོ་ལས་བྱེད་ནས་མཇུག་མི་དམངས་པར་སུ་མ་འཚམས་ན་མ་འཚམས། ཇུས་ཏོག་མེད།
ཀླུ་བྱམས་ཕམ་ཟེར་བ་ཙམ་གྱི་ཕྱོགས་ཞེན་གྱིས་ལྟ་བ་ཆུ་བོའི་རྦ་རླབས་བཞིན་ཡ་ཁོག་བསྟོད་ན་འཁོལ་ཡོད་པ་ཤེས་ཐུབ། ཀླུ་བྱམས་ཕམ་པ་ཡིན་ན། ཁྱེད་ཅག་ལ་ཁེ་བཟང་ཅི་ཞིག་ཡོད་དམ། ངས་འདི་ལྟར་བལྟས་ན། དཔོན་ངན་ཕྲམ་པ་དེ་དག་གི་རྒྱུགས་ཁྱི་ཤ་སྟག་ལས་གཞན་མི་གཞིའི་རྩ་བ་བརྟན་པོར་ཡོད་མཁན་གྱི་མདོག་ཆ་སྤུ་ཙམ་ཡང་མཐོང་གི་མི་འདུག རབ་ཡིན་ན། རང་ཁ་བདག་པོ་རྒྱོབས། ཁ་རྒོད་པོ་ཐོག་མདའ་འདྲ་བ་ཞིག་ཡོད་ན། རྒྱ་ནག་པོ་ལ་བསྐོར་རོགས། ད་དུང་གསལ་འདེབས་བྱ་རྒྱུ་ཞིག་ལ། ཆོལ་ཁ་གསུམ་ཞེས་པའི་མིང་ཚིག་དེའི་འོག་ནས། ཆོལ་ཁ་རེ་རེ་བཞིན་རང་རང་སོ་སོར་གྱེས་ན་ལེགས་སྙམ། གང་ཡིན་ཟེར་ན། ཤ་འཁོན་རྩོད་རྒྱུ་ཡོད་པ་ལྟ་བུའི་ང་རྒྱལ་དང་ཚིག་ངན་ཐ་ཤལ་རྐྱང་རྐྱང་བེད་སྤྱོད་བྱེད་བཞིན་འདུག དེ་ལས་ཆོལ་ཁ་གསུམ་ཁ་འཐོར་དུ་བཏང་བ་ཡིན་ན། ཆོལ་ཁ་རེ་རེར་འཇོན་ཐང་ཅན་གྱི་མི་རེ་ཡོད་ན། རྒྱ་ནག་པོའི་ལག་ནས་སོ་སོའི་ཆོལ་ཁའི་རང་དབང་རྩོད་པ་ལས། ཆོལ་ཁ་གཞན་གྱི་མི་ལ་ངན་ཁག་དཀྲི་དགོས་ཡ་མི་འདུག ད་ནས་ཁ་རྩོད་མ་རྒྱག ཆོལ་ཁ་གསུམ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་སྤུ་ཙམ་ཡང་མེད། ཁྱོད་ཨ་མདོ་དང་། ཁྱོད་ཁམས་པ། ཁྱོད་དབུས་གཙང་ཞེས་པའི་རྩོད་རྙོག་མགོ་བོ་ན་བའི་ནད་རྙིང་ཡང་བསྐྱར་འཕར་མི་དགོས་པ་རེད། བསམ་བློ་ཞིབ་མོར་བཏང་ན། བོད་ཀྱི་མགོ་ན་དབུ་འཁྲིད་འཛམ་གླིང་སྐྱེས་བུ་ཀུན་ཀྱིས་ཡིད་སྨོན་བྱེད་དགོས་ས་ཞིག་ཡོད་རུང་། མཇུག་ན་བོད་མི་མ་རབས་ཤ་སྟག་སྐྱེས་འདུག འཛམ་གླིང་འདིའི་སྒང་ན། ཡབ་གཞིས་ཚང་ཕུད་དེ་བོད་མི་ཡོད་དོ་ཅོག་འཛམ་གླིང་མི་ཡི་གྲལ་མཐའ་ན་འདུག བསམ་བློ་གཏོང་མི་ཤེས། སྒེར་དོན་གྱི་ཆེད་དུ། མི་རིགས་ནང་ཁུལ་དཀྲུག མི་རིགས་སྤྱིའི་ལས་དོན་ཁ་ལ་འཁྱེར་ནས། ནང་ཁུལ་ལ་དཀྲུགས་ཤིང་རྐྱང་རྐྱང་གིས་ལོ་ངོ་ལྔ་བཅུ་ལྷག་འདས་ཟིན་པ་རེད། ད་དུང་འདི་ལྟར་ནང་ཁུལ་ལ་རྩོད་པ་དང་། མཐུན་སྒྲིལ་གཏོར་བའི་ལས་ངན་ཤ་སྟག་སྒྲུབ་བསྡད་པ་ཡིན་ན། ལས་བཟང་སྤུ་ཙམ་ཡང་སྒྲུབ་འདོད་མེད་མཁན་རྐྱང་རྐྱང་འཛོམས་འདུག བཀྲ་ཤིས་བདེ་ལེགས། གང་ལྟར་བོད་མི་དཀྱུས་མ་དག་ལ་༧གོང་ས་མཆོག་ཧ་ཅང་གི་གལ་ཆེན་ཡིན། ༧གོང་ས་མཆོག་ལས་ལྷག་མི་དམངས་དཀྱུས་མ་ལ་ཕན་འདོགས་ཐུབ་མཁན་མི་རྐང་གཅིག་ཀྱང་མེད། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་སྨོན། གཞན་འགོ་ལས་བྱེད་ནས་མཇུག་མི་དམངས་པར་སུ་མ་འཚམས་ན་མ་འཚམས། ཇུས་ཏོག་མེད།