སྤོབས་པ་མཐའ་ཡས།
དེ་ཡང་བོད་དུ་བོད་ཀྱི་མར་ཁི་སིའི་རིང་ལུགས་གསར་བརྗེའི་ལས་འགུལ་ཚོགས་པ་ནི་༡༩༤༠ནང་དུ་འབའ་པ་ཕུན་ཚོགས་དབང་རྒྱལ་དང་ངག་དབང་སྐལ་བཟང་སོགས་སྐབས་དེར་རྒྱ་ནག་གི་གོ་མིན་ཏང་ངམ་རྒྱལ་དམངས་སྲིད་གཞུང་གི་ལྟེ་བ་ནན་ཅིང་དུ་སློབ་གྲྭ་འགྲིམས་མཁན་ཁག་གཅིག་གིས་བཙུགས། ཁོང་ཚོས་སྐབས་དེར་ནན་ཅིང་དུ་ཡོད་པའི་སུ་ཝེད་མཉམ་འབྲེལ་གྱི་གཞུང་ཚབ་ལ་འབྲེལ་བ་བྱས་ཏེ་བོད་ཀྱི་གསར་བརྗེ་ལ་རོགས་སྐྱོར་ཡོང་བའི་ཞུ་བ་བྱས་པ་སོགས་ལས་འགུལ་སྤེལ། ཡིན་ན་ཡང་མི་འགྱང་བར་སྲིད་གཞུང་གིས་ཤེས་རྟོགས་བྱུང་སྟེ་ཁོང་ཚོ་སློབ་གྲྭ་ནས་ཕུད་པ་སོགས་ཀྱི་དོན་རྐྱེན་བྱུང་། རྗེས་སུ་ཁོང་རྣམ་པས་ཚོགས་པ་དེའི་གསར་བརྗེའི་ལས་འགུལ་རྒྱུན་བསྐྱངས་ཡོད།
རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་རྗེས་སུ་བཙན་བྱོལ་ནང་དུ་༡༩༧༩ལོར་ཀེ་དོན་གྲུབ་དང་། རྣམ་རྒྱལ། སྐལ་བཟང་བསྟན་འཛིན་བཅས་ཀྱིས་བཙུགས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེ་ལ་ཡང་བཙན་བྱོལ་ནང་དུ་མར་ཁི་སིི་རིང་ལུགས་ཀྱི་ཆེད་མཁས་པ་དང་ལས་འགུལ་པ་ཐོན་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པར་གྲགས། བཙན་བྱོལ་ནང་གི་མར་ཁི་སིའི་རིང་ལུགས་པའི་ཚོགས་པ་དབུ་བརྙེས་པའི་དུས་སུ་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་སོགས་ཀྱིས་རྩོམ་ཡིག་བྲིས་ཏེ་དགག་པ་བརྒྱབ་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་དོག་འགྲོག་ཆེན་པོ་བྱུང་། དེ་དང་འབྲེལ་ཏེ་ཀེ་དོན་གྲུབ་མཆོག་ངོ་སྤྲོད་ཅུང་ཙམ་ཞུ་བར་འདོད། ཁོང་གི་༡༩༥༢་ལོར་གྲོ་མོ་རུ་ཡབ་སྐལ་བཟང་དོན་གྲུབ་དང་། སྐྱེད་ཡུམ་སྐལ་བཟང་སྒྲོལ་མའི་སྲས་སུ་འཁྲུངས། བཙན་བྱོལ་དུ་འབྱོར་རྗེས་སུ་རྡོ་རྗེ་གླིང་དུ་དབུས་བོད་མིའི་སློབ་གྲྭ་ཕྱིན་པ་དང་། དྲང་སྲོང་རྗོ་སེབ་ཀྱི་སློབ་གླིང་ནས་སློབ་ཆེན་ཐོན། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་བཅུ་གཅིག་ཡས་མས་ལ་ཕྱག་ལས་མཛད། རྗེས་སུ་ཁོང་རྡི་ལོར་བཞུགས་ནས་ཚོང་ལས་བྱས་པའང་ལམ་ལྷོངས་ཡག་ཙམ་བྱུང་། ཁོང་ནི་ནམ་ཡིན་ཡང་བོད་དོན་ཆབ་སྲིད་ལས་འགུལ་ལ་སེམས་ཤུགས་ཉམས་པ་མེད་མཁན་ཞིག་ཡིན་སྟབས་ཁོང་རྡི་ལིར་བཞུགས་པའི་གོ་སྐབས་བཟུང་ནས་རྒྱ་གར་གྱི་རྒྱལ་སར་བཞུགས་པའི་ཆབ་སྲིད་པ་དང་མཁས་པ་མང་པོར་འབྲེལ་བ་བཙུགས་པ་སོགས་ཀྱི་བོད་དོན་ལས་འགུལ་ལ་ཕྱག་ལས་མང་དུ་གནང་། ཁོང་གི་སྐུ་ཟླ་ཁང་དཀར་ཚེ་དབང་སྒྲོལ་དཀར་དང་ཁོང་གཉིས་ལ་སྔ་ཕྱིར་བུ་མོ་གསུམ་འཁྲུངས། དེ་ཡང་ཚེ་རིང་དབྱངས་ཅན། བསོད་ནམས་དཔལ་སྒྲོན། བདེ་ཆེན་སྒྲོལ་མ་བཅས་ཡིན། ༡༩༩༥ལོའི་ཟླ་༥པའི་ཚེས་༧་ཆུ་ཚོད་༦པའི་སྟེང་རྡི་ལིར་རང་གཞིས་སུ་སྐུ་གཤེགས། ཁོང་ནི་སྙན་ངག་པ་དང་། རྩོམ་པ་པོ། གསར་བརྗེ་བ། ཆབ་སྲིད་རང་དབང་ལས་འགུལ་བཅས་བཙན་བྱོལ་བོད་མིའི་ལོ་རྒྱུས་ལས་བརྗེད་དུ་ཕངས་པའི་མི་སྣ་ཞིག་ཡིན།
དེ་ལྟ་བུར་རྒྱ་དམར་གྱིས་མར་ཁི་སིའི་ལེ་ནིན་རིང་ལུགས་ཀྱི་གསར་བརྗེ་ལ་ཁ་གཡར་ནས་བོད་ཀྱི་ཆབ་སྲིད་རང་དབང་འཕྲོགས་ནས་བཙན་འཛུལ་བྱས་མིན་ལ་མ་ལྟོས་པར། བོད་ཀྱི་སྤྱི་ཚོགས་ནང་དུ་མར་ཁི་སིའི་རིང་ལུགས་ལ་དགའ་མོས་བྱེད་མཁན་མང་དུ་ཡོད་པ་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེས་ཀྱང་ཁོང་ནི་ཕྱེད་སངས་རྒྱས་པ་དང་ཕྱེད་མར་ཁི་སིའི་རིང་ལུགས་པར་ཞལ་གྱིས་བཞེས་ཚུལ་དེས་ཀྱང་ཁོང་གི་སྐད་གྲགས་ཆེན་པོར་འཕེལ་ཡོད།
༸རྒྱལ་དབང་ཚངས་རྒྱ་མཚོ་མཆོག་གི་མགུལ་གླུ་ཀེ་དོན་གྲུབ་ཀྱིས་ཨིན་སྐད་བསྒྱུར་བ་ཅིག་ཀྱང་ཡོད་སྙམ་ལགས།
སྤོབས་པ་མཐའ་ཡས་ལགས། ཀེ་དོན་གྲུབ་ནི་སྙན་ངག་པ་དང་། རྩོམ་པ་པོ་བཅས་ཀྱང་ཡིན་པ་གསུངས་ཚུལ་ལ་གཞིགས་ན། ཁོང་ལ་བརྩམས་ཆོས་ནི་ངེས་པར་དུ་ཡོད་ཚོད་འདུག་པས། ཁོང་གི་བརྩམས་ཆོས་རེ་ཟུང་ངོ་སྤྲོད་ཅིག་གནང་ཐུབ་བམ། ངས་ནི་ཁོ་གོ་མྱོང་ཙམ་ལས་ཁོང་གི་བརྩམས་ཆོས་གཅིག་ལ་ཡང་གཏན་ནས་མཇལ་མ་མྱོང་།
གནས་ཚུལ་ད་དུང་འདི་བས་ཀྱང་ཁ་གསལ་ཙམ་བྱུང་ན་ཅི་མ་རུང་། སྤོབས་པ་མཐའ་ཡས་ལགས།
སྤོབས་པ་མཐའ་ཡས། སྐུ་ཉིད་ལ་ཀེ་དོན་འགྲུབ་ངོ་སྤྲོད་ཀྱི་རྒྱུ་ཆ་རེ་ཡོད་ན་མཁོ་སྤྲོད་གནང་རོགས། དེ་མིན་ཁོའི་སྐོར་གྱི་རྒྱུ་ཆ་རེ་ཡོད་ཀྱང་ཁུངས་སྟོན་གནང་ཡོད་པར་མཁྱེན།
ང་ལ་འདི་ཚོའི་ནང་ནས་རྒྱུས་ཡོད་ནི་སྐལ་བཟང་བསྟན་འཛིན་ཁོ་ན་ཡིན། ངེད་གཉིས་མཉམ་དུ་འགྲོགས་ནས་ལོ་དྲུག་ཙམ་བསྡད་པ་ཡིན། སྔོན་ཆད་ཁོ་ཚོ་ལ་རོགས་པ་གནང་མཁན་རྒྱ་གར་གྱི་མངའ་སྡེ་བཞི་ཙམ་གྱི་ནང་ན་ཡོད། ཡིན་ཡང་སྐལ་བཟང་བསྟན་འཛིན་རང་ངོས་ནས་དམར་ཕྱོགས་པ་རྐྱང་བ་ཞིག་མིན། ཁོ་ཡེ་ཤེ་ཆོས་ཚོགས་ཞིག་དང་འབྲེལ་བ་ཆེན་པོ་ཡོད། ཡིན་ཡང་ཁོ་ཡེ་ཤེ་བ་རྣལ་མ་ཞིག་ཀྱང་མིན། ནང་བ་ཚོའི་གྲལ་ན་ཁོ་ལ་འབྲེལ་བ་ཅུང་ཡོད་པ་ནི་ས་སྐྱའི་དགོན་པ་འགའ་ཤས་ཡོད།
སྤོབས་མཐའ་ལགས། ཀེ་དོན་འགྲུབ་སྐོར་ཐུང་ཙམ་གསུངས་པར་དགའ་བྱུང་། དགེ་འདུན་རྒྱ་མཚོ་ལགས། སྐལ་བཟང་དོན་བསྟན་འཛིན་ལགས་ཀྱི་སྐོར་ངོ་སྤྲོད་གནང་རྒྱུར་རེ་བ་ཡོད། དེ་བཞིན་རྣམ་རྒྱལ་ལགས་ཀྱི་སྐོར་ཤེས་རྟོགས་ཡོད་མཁན་ཚོས་ངོ་སྤྲོད་གནང་རོགས།
སྐལ་བཟང་དོན་བསྟན་འཛིན༼དོན༽ལྷག་ནོ།
སྐུ་གཤེགས་ཀེ་དོན་གྲུབ་་ཀྱི་ངོ་སྤྲོད་བཟང་པོ་བྲིས་པར་ལེགས་གསོལ་དང་། དོག་འགྲོག་གི་དོན་དང་། གཟུགས་ནས་རྣམ་མཁྱེན་བར་གྱི་་ཆོས་འགའ་ཞིག་གི་ངོ་སྤྲོད་མདོར་བསྡུས་དང་། བོད་ཀྱི་སྐད་ཡིག་མི་ནུབ་པར་དམིགས་ཏེ། རྩོམ་ཡིག་འདིའི་ནང་དུ་ཟུར་ཆག་ཇི་ཙམ་ཡོད། ངོ་སྤྲོད་མཛད་ན། དངོས་གནས་སྤོབས་པ་མཐའ་ཡས་སུ་འགྱུར་རོ།།
ང་ཚོ་ཚང་མས་ཀེ་དོན་གྲུབ་མཆོག་གི་ཡོན་ཏན་གཅིག་སློབ་སྦྱོང་ཞུ་དགོས་པ་ནི། དམ་པ་དེ་མི་སུ་ཡིན་རུང་། རང་དང་ལྟ་བ་མཐུན་མིན་ལ་མ་བལྟོས་པར་ཚང་མར་སེམས་གཏིང་ནས་གུས་ཞབས་དང་གྲོགས་པོ་འགྲིགས་མཁན་ཞིག་རེད་འདུག ང་རང་༡༩༩༠ནང་ལ་ལྡི་ལིར་ཡོད་དུས་ཁོང་མཇལ་མྱོང་། ཁོང་དང་ལྟ་བ་མ་མཐུན་པ་དང་ཁོང་ལ་ཚགས་ཤོག་སོགས་ལ་དགག་པ་ཤུགས་ཆེན་རྒྱག་མཁན་གྱི་མི་སྣ་ཚོར་ཡང་ཁོང་གི་ལྡི་ལིར་སྣེ་ལེན་ཞུས་ནས་ཁོང་ཚོར་གནམ་ཐང་ལ་བསུ་སྐྱེལ་དང་མེ་འཁོར་བབ་ཚུགས་ལ་བསུ་སྐྱེལ་སོགས་ཞུ་བཞིན་འདུག
འཇམ་དབྱངས་ནོར་བུ་ཆབ་སྲིད་ཀྱི་ལྟ་བའི་ཆ་ནས་ཁོང་དང་རྩ་བ་ནས་མི་མཐུན་རུང་། ལྡི་ལིར་ནམ་ཕེབས་རུང་ཀེ་དོན་གྲུབ་ཀྱི་ཁྱིམ་ཚང་ལ་འགྲོ་རྒྱུར་ཆེས་དགའ་ཞིང་། ཁོང་དང་མཉམ་དུ་མཚན་གང་བཀའ་མོལ་གནང་ནས་ཞུགས་ཀྱི་ཡོད་པ་འཇམ་དབྱངས་ནོར་བུ་མཆོག་གི་རྩོམ་ཡིག་ཞིག་ལས་མཐོང་།
དོན་གྲུབ་དམ་པ་དེ་ནི་དགུང་ལོ་ཞེ་གཉིས་སྐབས་སྐུ་འདས་པ་འདྲ། ཁོང་དང་རྣམ་རྒྱལ་། སྐལ་བཟང་བསྟན་འཛིན་ལགས་གསུམ་གྱིས་བཙན་བྱོལ་ནང་གི་བོད་པའི་དམར་ཤོག་ཚོགས་པ་ཐོག་མ་དེ་སྤྱི་ལོ་ ༡༩༧༩ ཟླ་ ༥ ཚེས་ ༡ ཉིན་དངོས་སུ་དབུ་འབྱེད་བྱས་འདུག
ཁོང་གིས་བྲིས་གནང་པའི་དེབ་མིང་འགའ་འདིར་འདུག མཁས་པ་ཞིག་ཡིན་པ་འདྲ།
http://www.bookfinder.com/author/k-dhondup/
རྣམ་པ་ཚོས་དམར་ཤོག་ཚོགས་པ་དེའི་རྒྱབ་ལྗོངས་གསལ་པོ་ཞིག་རྩད་འཚོལ་གནང་རྒྱུ་དེ་གལ་ཆེར་མཐོང་། དེར་དགོས་པ་རྒྱུ་མཚན་ཞིག་ཡོད་ངེས་རེད། དེ་མིན་མང་ཚོའི་རྒྱལ་ཁབ་ནང་དམར་ཤོག་ཚོགས་པ་བཙུགས་པའི་དགོས་པ་ཅང་ཨ་ཡོད། ཞིབ་འཇུག་གནང་ནས་དགོངས་ཚུལ་གསུངས་རོགས།
ཐུགས་རྗེ་ཆེ།
དམར་པོའི་ལྟ་བ་ལ་ཆ་བཞག་ན་རྩ་བའི་དམིགས་ཡུལ་གྱི་ཀུན་སློང་ལ་ཉེས་སྐྱོན་མེད་པ་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ཡིན་ཡང་། ལག་ལེན་གི་ཐབས་ཤེས་ནང་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པ་ཡང་དངོས་བདེན་རེད།
དེ་ནི་དམར་པོའི་ལྟ་གྲུབ་ཀྱི་སྐྱོན་ཆ་མ་ཡིན་པར། ལྟ་གྲུབ་དེ་ལག་ལེན་བྱེད་མཁན་གྱི་གང་ཟག་གི་སྐྱོན་ཆ་ཡིན་པ་ཤེས་པར་བྱེད་དགོས།
ང་ཚོས་ལྟ་གྲུབ་དང་གང་ཟག་གཉིས་ཁག་ཁག་སོ་སོར་དབྱེས་མ་ཤེས་ན་ང་ཚོས་རང་ཉིད་ཁ་དོག་ཁྲ་ཁྲ་ཞིག་ཏུ་བཙན་བསྒྱུར་བྱེད་པ་རེད།
རྒན་ལ་དྭགས་ལགས།
དོག་འགྲོག་ཅེས་གང་ལ་གོ།
ཀེ་དོན་གྲུབ་དང་། རྣམ་རྒྱལ། སྐལ་བཟང་བསྟན་འཛིན་བཅས་ཀྱིས་བཙུགས་པའི་དམར་ཤོག་ཚོགས་པ་ཅུང་བྱིས་པའི་དུས་གྲོངས་པ་རེད། འཇམ་ནོར་དང་། ལྷག་བསམ་སོགས་ཀྱི་རང་བཙན་སྐད་འབོད་ནི་དར་མའི་དུས་སུ་རྒུད་བཞིན་པ་རེད། བོད་ནས་གསར་དུ་འབྱོར་བ་པདྨ་འབུམ་སོགས་ཀྱིས་་་་་་་་་་་་་
རྣམ་པ་ལྷན་རྒྱས་ཚོས་ཀེ་དོན་འགྲུབ་ཀྱི་ལོ་རྒྱུས་རགས་ཙམ་ཡོད་པའི་ཁུངས་སྣེ་རེ་མཁྱེན་གྱི་ཡོད་ན་བཤད་རོགས།
མྱི་སྟིག་ལགས། དོན་གྲུབ་ལགས་ཁོང་རང་གི་ནང་མི་ལ་འདྲི་རྩད་གྱིས་དང་གསལ་གསལ་ཐིང་ཐིང་གོ་གི་རེད། སེམས་ཁྲལ་ག་ལ་དགོས།
བསམ་ཤེས་མཆོག
དོག་འགྲོག་ ཅེས་པ་ངས་དངོས་གནས་མ་གོ་བར་དྲིས། སྤོབས་པ་མཐའ་ཡས་མནལ་སངས་ནས་ལན་འབྲི་བའི་རེ་བ་བཅས་སོ།
མཁས་དབང་ལ་དྭགས་པ་ལགས། དོག འགྲོག དོག་པ་དང་འགྲོག་པ་གཉིས་མིང་ཚིག་གཉིས་ལྷན་དུ་སྦྱར་བ་ཡིན།་དོག་པ་ནི་ཡིད་མི་ཆེས་པའི་དོན་རེད། འགྲོག་པ་ནི་འཇིགས་དངང་གིས་གློ་བུར་དུ་འཕག་ལྡིང་བྱས་པའི་དོན་རེད་ལགས།
སྤོབས་མཐའ་ལགས་དེ་ལྟར་ན་༼དོགས་འདྲོག་ཅེས་འབྲི་དགོས་པ་འདྲ། ༽
ཡིན་ནའང་སངས་རྒྱས་ལ་ཀ་ཁ་དང། སྤྱན་རས་གཟིགས་ལ་མ་ནིའི་ལུང། བཤད་པ་འདྲ་བོ་ཆགས་སོང་བས་དགོངས་དག་ཞུ།
སྤོབས་པའི་མཆོག་གྱུར་དེ། སྤོབས་པ་མེད་པར་ཆགས་འདུག མཆན་ཡིག་༡༩པ་ནས་བཤད་པ་ལྟར་ན། ཡི་གེའི་དག་ཆ་དེ་ལྟར་མ་ཡིན་པར་དོགས་འདྲོག་ཅེས་དགོས་པར་མཐོང་། རང་རེ་བོད་རིགས་རྣམས་ཕྱི་རྒྱལ་པ་བོད་ཀྱི་སྐད་ལེགས་པར་སྦྱངས་ཤིང་། བོད་ཨིན་ཚིག་མཛོད་བསྐྲུན་པ་པོ་རྣམས་ལས་ཆེས་རྒྱང་རིང་དུ་ཕྱི་ལུས་ཐེབས་འདུག་པས། རྣམ་དཔྱོད་ཡོད་ན། རང་རེ་རྣམས་ཀྱིས་རང་ཉིད་ཡར་འགྲོ་བ་ལ་འབད་དགོས་པར་མཐོང་། སྤོབས་པ་མཐའ་ཡས་རྣམ་དཔྱོད་དང་ལྡན་པ་ཡིན་པས། རང་ཉིད་ཙམ་དུ་མ་ཟད་ཁ་བརྡའི་ཀློག་པ་པོ་གཞན་ཀུན་ཀྱང་། བོད་ཀྱི་རིག་གཞུང་ཆེན་པོའི་ཁང་བཟང་དུ་འདྲེན་ཐུབ་པའི་སྤོབས་པ་མཐའ་ཡས་པ་ཞིག་ཏུ་འགྱུར་བར་འབད་དགོས་སོ།
རྗེས་ལུས་ཐེབས་སམ། ཕྱི་ལུས་ཐེབས། གང་དག་པ་རེད། ལགས།
བཀུར་འོས་ལ་དྭགས་པ་སྦྱོན་ལེགས། དངོས་གནས་ཡག་པོ་གསུང་འདུག་པས། བཀའ་དྲིན་ཆེ་ཞུ་འདོད་བྱུང་།
རྗེས་ལུས་དང་ཕྱི་ལུས་གཉིས་ཀྱི་བར་ན་དག་མི་དག་ཞིག་གི་རྩོད་པ་ཡོད་པ་མ་རེད། ད་དུང་དེ་འདྲ་མང་ནི་རེད། ཁྱོས་ཉོན་ཨ། གཞུག་ལུས། ཤུལ་ལུས། བརྫ་ལུས། རྒྱབ་ལུས། རྐུབ་ལུས། ལྟག་ལུས། གཉའ་ལུས། མཐའ་ལུས། ཀརྡོའི་ཐེས་རྒྱ་རྒྱས་བར་སྦྱིན་འབུལ་ཡིན། བཞེས་སུ་གསོལ། ཧ་ཧ་ཧ།
ཁྱོས་ཟེར་ན་གང་རེད། གནམ་ལགས།
ཀརྡོ་ལགས། ༼ཁྱོས་༽ འདི་ནི་ད་ལོ་ན་ནིང་བར་ལ་བྱུང་བའི་བསྡུས་ཡིག་གསར་པ་ཞིག་རེད། ཡིན་རྒྱུ་ ༼ཁྱོད་ཀྱིས་༽ ཞེས་པ་བསྡུས་ནས་བྲིས་པའི་སྐད་ཆ་རེད། ད་ནི་སམ་བྷོ་ཊ་མང་དྲག་ནས་དཀའ་ལས་རེད། ཤེས་ཀྱི་ཡོད་ཟེར་མཁན་རེ་རེས་དག་ཆ་མི་འདྲ་བ་མང་པོ་བཟོས་ན། དངོས་གནས་སློབ་མ་གསར་བུ་བ་ཚོ་ལྟ་འཐོམ་རྒྱུ་རང་རེད།
མཁྱེན་ལྡན་༢༦༽དབྱངས་ཅན་འབངས་དང་། བོད་སྐད་སྙན་དངགས་པ་ཀླུ་སྨྱོན་ལགས་གཉིས་ཀྱིས་འདི་ལ་གཟིགས་ནས་ལན་ཅིག་སོམས་དང་།
མདོ་མཛངས་བླུན་ལས། དབུལ་མོས་རས་ཕུལ་བའི་ལེའུ། ་་་་་་་ད་ཡང་སྦྱིན་པ་མ་བྱས་ན། ཚེ་ཕྱི་མ་ལ་གར་ཡང་འགྲོ་སྟེ། བདག་ནི་སྦྱིན་པ་ཞིག་བྱེད་ཀྱི་༼ཁྱོད་ཀྱིས་༽གནོང་ཞིག ཆུང་མས་བདག་གིས་རས་འདི་སྦྱིན་པར་དགའོ། །ཞེས་སྨྲས་སོ། །༼ཁྱོས་༽སྨྲས་པ། བདག་ཁྱོ་ཤུག་གཉིས་ལ་རས་འདི་ལས་མེད་དེ། ་་་་་་་
བོད་ཡིག་དག་མར་དེ་ག་རང་རེད། ༼ཁྱོ་༽ ཞེས་པ་ནི་ ༼ཁྱོ་ག་༽ ཡི་བསྡུས་ཚིག་དང་དེ་ལ་བྱེད་སྒྲ་སྦྱར་བས་ ༼ཁྱོས་༽ ཞེས་པ་གྲུབ་པ་ཡིན། ད་ག་རེ་བྱེད་ཡ་ཡོད་རེད། འདི་ཙུག་འདི་ཙུག་བྱས་ནས་འགྲོ་རྒྱུ་རེད།
ཨ་མདོའི་སྐད་ནང་ལ། ཁྱོས་ འདི་ཙུག་ འདི་ཙུག་ བྱས་ནས་ ཧྲག་གི་ འགྲོ་ནི་ རེད།
ངས། ཁྱོས། ཁོས། མོས། དེས། འདིས་དག་ནི་ངག་ཐོག་གི་སྒྱུ་རྩལ་རེད།
ང་ཡིས། ཁྱོད་ཀྱིས། ཁོང་གིས། མོ་ཡིས། དེ་ཡིས། འདི་ཡིས་ནི་ཡིག་ཐོག་གི་དཀའ་ལས་རེད།
ངའི། ཁྱོའི། ཁོའི། མོའི། དེའི། འདིའི་དག་ནི་ངག་ཐོག་གི་བརྗོད་བདེ་རེད།
ང་ཡི། ཁྱོད་ཀྱི། ཁོང་གི། དེ་ཡི། འདི་ཡི་ནི་ཡིག་ཐོག་གི་ཚེགས་སྡུག་རེད།
ང་། ཁྱོད། ཁོང་། མོ། དེ། འདི།
ང་། ཁྱོ། ཁོ། མོ དི། འདི།
བོད་སྐད་གཙང་མ་སྒྲ་དག་པོ་ཞིག་བཤད་འདོད་ཡོད་ན། འདི་དག་ལ་བྱང་བ་ཡིན་གཅིག་དགོས། ཡི་གེ་ལ་གཟབ་ཙམ་ལས་བོད་སྐད་ལ་སྣང་ཆུང་བྱེད་མི་ཉན། འདི་ནི་ན་ནང་ད་ལོ་ལ་ཡོང་བ་ཞིག་རྩ་བ་ཉིད་ནས་མིན། འདི་ནི་ཨ་མྱེས་ཡང་མྱེས་ཀྱི་རང་གི་བོད་སྐད་ཀྱི་སྡེབ་སྦྱོར་རང་ཡིན། ཁོ་རེ་ཁོ་ཡིན་ཚོ།
ན་ནིང་ལ་བཅོས།
རྗེས་ལུས་དང་ཕྱི་ལུས་གཉིས་ལས་རྗེས་ལུས་ཞེས་པ་གོ་བདེ་བར་མངོན། ངའི་གྲོང་གི་ཁ་སྐད་དུ། རྟིང་ན་ལུས། ཞེས་པ། རྟིང་ལུས། ཞེས་འབྲི་ན། ཡོངས་གྲགས་མ་ཡིན་པས། ཡི་གེའི་འགྲོ་སྟངས་མ་ཤེས་པ་དག་གིས་གོ་དཀའོ་སྙམ་མོ།
མར་ཁེ་སིའི་རང་ལུགས་བཤད་ཡོད་ས་རེད་དྲན་ནས་རྩོམ་དང་མཆན་ཆ་ཚང་ཀློག་པ་ཡིན། མི་གཅིག་གི་ལོ་རྒྱུས་བཤད་འདོད་པ་འདྲ་མོད། དེ་ཡང་མགོ་མཇུག་ཚང་བ་ཞིག་མི་འདུག ད་ཁ་བརྡ་དྲ་རྒྱ་ནང་གི་ཡི་གེ་བ་རྣམས་པ་ཧོན་ལོག་སོང་བ་འདྲ་འདུག
དྲ་མཆན་པ་གཅིག་གིས་དམར་ཕྱོགས་ཀྱི་བལྟ་གྲུབ་དང་ཀུན་སློང་བཟང་རབས་ཡང་བཤད་ཀྱི་འདུག འདི་མོ་དགོད་བྲོ་བ་ཞིག་གང་ན་ཡོད། དམར་ཕྱོགས་འདི་ཐོག་མཐའ་བར་གསུམ་དུ་གཡོ་ཇུས་ཀྱིས་དུག་བླུག་པའི་ཁ་ཟས་ཞིག་དང་འདྲ། མར་ཁེ་སིའི་རང་ལུགས་འདི་ཆབ་སྲིད་པ་དག་གིས་བཤད་ཡོང་དུས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ནས་མ་ཐོན་པའི་སྐད་ཆ་ཞིམ་པོ་མང་ནི་རེད། གསར་བརྗེ། མདུན་ལམ་ལ་འོད་སྟོང་འཕྲོ་བ། འཛམ་གླིང་གི་འབྱོར་མེད་པ་རྣམ་མཉམ་འབྲེལ། རྒྱལ་ཁབ་ཀྱི་བདག་པོ་ཁྱོད་ཚོ་ཡིན། དཔལ་འབྱོར་ཆ་སྙོམས། ཅི་འདྲའི་མིང་ཚིག་ཡག་པོ་རྐྱང་མ་རེད་དམ།
འོན་ཀྱང་ལག་ལེན་ལ་འཁེལ་ཡོང་དུས་གསོད་པ། རྡུང་བ། འཐབ་རྩོད། ཕམ་པར་རྒྱག་དགོས་པ། གྲལ་རིམ་གྱི་དགྲ་བོ། རྒྱལ་ཁབ་ཀྱི་དགྲ་བོ། མི་དམངས་ཀྱི་དགྲ་བོ། ཕམ་པར་རྒྱག་དགོས། རྩ་རྫོགས་བྱེད་དགོས་པ་སོགས་མདོར་ན་མེ་སྒྱོགས་གི་ཁ་ནས་རྒྱལ་ཁ་ལེན་དགོས་པ་ཤ་སྟག་ལོས་ཡིན།
རྒྱ་ནག་རྒྱལ་ཡོངས་ནས་གུང་ཁྲན་གྱི་ལྟ་བ་ལག་ལེན་དུ་བསྟེར་བ་ནས་བཟུང་མི་ས་ཡ་སུམ་ཅུ་ལྷག་ཙམ་བསད་པ་རེད་ཟེར་ནས་སྡོམ་ཚིག་དག་ན་ཡོད། དམར་པོ་རྒྱ་ནག་ལ་ལག་ལེན་མ་བྱས་སྔོན་ལ་ཨུ་རུ་སི་ལ་ལག་ལེན་སྟེར་པ་རེད། མི་ག་ཚོད་བསད་ཡོད་པ་རེད། གྲངས་ཀ་མེད་པ་རེད། དེ་བཞིན་དུ་ཅེ་ཀུ་སི་ལོ་བ་སོགས་ཨུ་རི་སིའི་དབང་འོག་ཏུ་བསྡུས་མྱོང་བ་དག་ནས་མི་ག་ཚོད་བསད་པ་རེད་ཨང་། དེ་བཞིན་དུ་ཀོ་རི་ཡ། ཝེ་ཏི་ནམ་སོགས་དམར་པོ་དར་སའི་རྒྱལ་ཁབ་ཞིག་ནས་ཁྲག་གི་འཁོར་ལོ་བསྐོར་མ་མྱོང་བ་ཞིག་ཡོད་དམ། མཚན་གཞི་ཉུངས་ཀར་ཙམ་ཡང་ཡོད་པ་མ་རེད།
དམར་པོའི་ལྟ་བ་འདི་ཐོག་མ་ནས་འབྱོར་མེད་དང་འབྱོར་ལྡན་ཆ་སྙོམས་བྱེད་དགོས་པ་ནས། ཆ་སྙོམས་བྱེད་པའི་ཐབས་ལམ་དེ་འབྱོར་ལྡན་པ་རྣམ་གྲལ་རིམ་གྱི་དགྲ་བོར་རྩིས་ནས། དོན་ལ་འཕྲོག་བཅོམ་གྱི་ལམ་ཁ་དེ་རྒྱལ་ཁབ་ཀྱི་ལམ་ལུགས་བཟོས་པ་ཤ་སྟག་རེད། དེ་བས་ནས་ཐོག་མཐའ་བར་གསུམ་དུ་ཡག་པོ་ཞིག་ག་ལ་ཡིན། དེ་བཞིན་དུ་རྒྱུ་དང་ངོ་བོ། འབྲས་བུ་གང་ཐད་ནས་བསམ་བློ་བཏང་ན་ཡང་བཟང་ཆ་དུལ་འབྲུ་ཙམ་ཞིག་ག་ལ་ཡོད། འདིའི་ཐད་ལ་མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་དང་ཐད་ཀ་ཐད་ཀར་བཤད་རྒྱུ་མང་པོ་ཅིག་ཡོད་མོད། ཁ་བརྡ་དྲ་རྒྱ་ནང་ལ་དམར་ཕྱོགས་ཀྱི་བལྟ་གྲུབ་ཤེས་མཁན་རྐང་གཅིག་ཀྱང་མེད་ལ། མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་ཀློག་མྱོང་མཁན་ང་ཙམ་ལས་མི་འདུག་པས། སྤྱང་ཀིའི་རྣ་བར་ཆོས་བཤད་རེད།།
གཞོན་ནུ་ཟླ་མེད་ལ་བདེན། བསད་ཡོད་པ་ལ་ཤེས་མ་གཏོགས། གཞན་ཆི་གང་མི་ཤེས། གོ་ཚོད་ཙམ་བཤད་ན་(ཇེའུ་ཞེ་)ཞིག་གི་ཀླད་པ་རེད་ཟེར། མི་ཤེས་ས་ནས་ཉན་ནས། ཀློག་ནས་འདུག་པ་ལས་ཐབས་མ་ཡོད།
དེ་མིན་རྒན་ལ་དྭགས་པར།
རྟིང་ལུས། ཡོངས་གྲགས་མིན་པ་ག་རེ་རེད། སྟོད་ལ་དྭགས་ནས་སྨད་ཨམ་མདོ་བར་དུ་བཀོལ་བཞིན་ཡོད་པ་ཞིག་ཡོངས་གྲགས་མིན་ཟེར་ན་དགོད་སྤྱད་རེད། མཆོག་གི་གསུང་ཚུལ་ལ་ལྟོས་ན། ཉམ་པ་གོང་སྤེལ་དུ་གཏོང་འདོད་མེད་པ་འདྲ། མི་ཉམ་བདག་དུ་འཛིན་འདོད་ཡང་མེད་པ་འདྲ། རྒྱུ་མཚན་ཆོས་དཔེ་ལ་མ་གསལ་བས་ཕྱིར། དགོད་སྤྱད་རེད།
གཞོན་ནུ་ཟླ་མེད་ལགས། འགྲིག་བྱ། བཟང་གི ཁྱོ་ཧྲ་ཀི་མོ། སྤྱི་ཚོགས་རང་ལུགས་པར་སྐད་གྲགས་ཡོདཔའི་ཕུན་དབང་སོགས་ཀྱི་ཡག་སྡུག་དང་བཟང་ངན་ཟེར་བ་དེ་ཚོ་ལས་གཡོལ་འདུག་ག། འདི་ང་ཚོ་ཐུན་མོང་གི་བཤད་མ་ཤེས་པའི་དཀའ་གནས་དེ་རེད་དམ། ཡང་ན་ཁྱོས་ཧོན་ལོག་པ་རེད་ཨ།
་་་་་ ཁ་བརྡ་དྲ་རྒྱ་ནང་ལ་དམར་ཕྱོགས་ཀྱི་བལྟ་གྲུབ་ཤེས་མཁན་རྐང་གཅིག་ཀྱང་མེད་ལ། མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་ཀློག་མྱོང་མཁན་ང་ཙམ་ལས་མི་འདུག་པས། སྤྱང་ཀིའི་རྣ་བར་ཆོས་བཤད་རེད།། ་་་་་ཟེར།
ཟླ་མེད་ལགས།
མར་ཁེ་སེ་ལྟ་བ་ཆ་ཚང་བོད་སྐད་བསྒྱུར་བ་ཅིག་ཡོད་དམ། མེད་ན་ཡོད་པ་ཁྱེད་ཀྱིས་ཡོད་པར་གནང་ཐུབ་བམ། ལགས།
ངས། ༼ཁྱོས།༽ ཁོས། མོས། དེས། འདིས་དག་ནི་ངག་ཐོག་གི་སྒྱུ་རྩལ་རེད།
ང་ཡིས། ཁྱོད་ཀྱིས། ཁོང་གིས། མོ་ཡིས། དེ་ཡིས། འདི་ཡིས་ནི་ཡིག་ཐོག་གི་དཀའ་ལས་རེད།
ངའི། ༼ཁྱོའི།༽ ཁོའི། མོའི། དེའི། འདིའི་དག་ནི་ངག་ཐོག་གི་བརྗོད་བདེ་རེད།
ང་ཡི། ཁྱོད་ཀྱི། ཁོང་གི། དེ་ཡི། འདི་ཡི་ནི་ཡིག་ཐོག་གི་ཚེགས་སྡུག་རེད། ་་་ཚིག་འདི་གཉིས་ངོས་ལེན་བྱས་ནས་ང་དམྱལ་བར་འགྲོ་འདོད་མེད། དེང་རབས་བོད་རིགས་སྤྱི་སྐད་ནང་ལ་འཁྱེར་མ་ཡོང་རོགས་གནོངས། ཐུགས་རྗེས་གཟིགས།
ཕྱི་ལུས་ནི། ཕྱི་ལོགས་ལ་ལུས་པ་དང་ཉེ།
རྟིང་ལུས་ནི། ཕ་མ་གཉིས་ཀ་ཤི་ནས་ཕྲུ་གུ་རྟིང་ལ་ལུས་པ་དང་ཉེ།
རྗེས་ལུས་ནི། ཨིན་སྐད་དུ་སྦེག་ཝྰརཌ་backwardདང་སྐད་དོད་དུ་འཇོག་ཐུབ།
གནའ་རབས་བོད་རིགས་སྤྱིད་སྐད་ཞིག་མ་གཏོགས། དེང་རབས་བོད་རིགས་སྤྱིད་སྐད་ཞིག་ཡོད་པ་ངས་མི་ཤེས། སྤྱི་མཐུན་གྱི་ཆོས་ཡིག་ཞིག་ཡོད་པ་རེད་དེ། དེ་ནི་བླ་མ། གྲྭ་བ། གྲྭ་ལོག། ཨ་ནི། ཇོ་ལོག། སྔགས་པ། སློབ་གྲྭ་བ་སོགས་བོད་མི་མང་གི་གྲངས་འབོར་ཉུང་ཉུང་ནང་གི་ཉུང་ཉུང་ཞིག་གིས་མ་གཏོགས་མི་གོ། ད་ཁྱེད་ཀྱིས་ཟེར་བའི་སྤྱི་སྐད་དེ་གང་རེད། གང་ན་ཡོད། ཀརྡོ་འདྲེ་རྒན། ཧ་ཧ།
གནའ་རབས་བོད་རིགས་སྤྱི་སྐད་ཞིག་མ་གཏོགས། དེང་རབས་བོད་རིགས་སྤྱི་སྐད་ཞིག་ཡོད་པ་ངས་མི་ཤེས། སྤྱི་མཐུན་གྱི་ཆོས་ཡིག་ཞིག་ཡོད་པ་རེད་དེ། དེ་ནི་བླ་མ། བླ་ལོག། གྲྭ་བ། གྲྭ་ལོག། ཨ་ནི། ཇོ་ལོག། སྔགས་པ། སློབ་གྲྭ་བ་སོགས་བོད་མི་མང་གི་གྲངས་འབོར་ཉུང་ཉུང་ནང་གི་ཉུང་ཉུང་ཞིག་གིས་མ་གཏོགས་མི་གོ། ད་ཁྱེད་ཀྱིས་ཟེར་བའི་སྤྱི་སྐད་དེ་གང་རེད། གང་ན་ཡོད། ཀརྡོ་འདྲེ་རྒན། ཧ་ཧ།
གཞོན་ནུ་ཟླ་མེད་ལགས། དེ་འདྲ་རང་ད་ཟེར་རྒྱུ་ཨེ་ཡོད། ང་ཚོ་འདི་ན་མེ་ཁི་སི་དང་ལེ་ནིན་རིང་ལུགས་ལ་ཆེད་སྦྱོང་སོགས་བྱས་པའི་མཁས་པ་མེད་དུ་ཆུག་ཀྱང་གོ་ལོ་ཐོས་ལོ་རེ་ཡོད་མཁན་མང་ནི་རེད། མར་ཁི་སི་ལེ་ནིན་རིང་ལུགས་འདི་བཟང་ན་ངན་ན་ད་ང་ཚོའི་རིག་གཞུང་གི་ཆ་ཤས་ཤིག་ཏུ་གྱུར་ཟིན་པ་རེད། རིག་གཞུང་འདིའི་མཚན་ཉིད་རིག་པ་འདི་ང་རང་ཚོའི་སྟོབས་ཤུགས་ཤིག་ལ་བསྒྱུར་ཐབས་བྱེད་དགོས་པ་རེད། ཁྱེད་ཀྱིས་མར་ཁི་སིའི་རིང་ལུགས་ལ་སྐྱོན་རྗོད་བྱས་པ་དེ་ཡང་རིག་གཞུང་གི་སྐད་ཆ་རེད་མི་འདུག དཔེར་ན། མར་ཁི་སི་རིང་ལུགས་པས་མི་མང་པོ་བསད་ཚུལ་སོགས་ཡོད་པ་དེ་ནི་རྒྱུ་མཚན་ལ་འགྲོ་གི་མི་འདུག ནང་པ་སངས་རྒྱས་པའི་རིང་ལུགས་ལྟར་དུ་རྒྱལ་སྲིད་སྐྱོང་དགོས་ལབ་མཁན་ཚོ་ཡང་ཐ་མ་ཕམ་ཉེས་ཐེབས་པ་རེད། དེ་རིག་གཞུང་གི་སྐྱོན་མ་རེད། མར་ཁི་སི་རིང་ལུགས་འདི་མཚན་ཉིད་རིག་པ་ཞིག་རེད། མཚན་ཉིད་རིག་པའི་རིང་ལུགས་གང་ཡིན་རུང་སྤྱི་ཚོགས་སྟེང་དུ་ལག་ལེན་ལ་བསྟར་ནས་མི་ཚང་མ་དེའི་ལམ་དུ་འགྲོ་དགོས་ཟེར་དུས་ལས་ཀ་བྱེད་ཀྱི་མ་རེད། ཡིན་ན་ཡང་སྤྱི་ཚོགས་ཤིག་ལ་མཚོན་ན་ད་དུང་ཡང་འཛམ་གླིང་གི་ཡུལ་སྡེ་མང་པོར་མར་ཁི་སིའི་རིང་ལུགས་འཛིན་སྤེལ་བྱེ་དམཁན་གྱི་ཚོགས་པ་མང་པོ་རེད། སྣ་འཛོམ་གཙུག་ལག་སློང་གླིང་ཕལ་མོ་ཆེར་ཡང་མར་ཁི་སིའི་རིང་ལུགས་ཀྱི་སློབ་ཚན་བཞག་ནས་སློབ་གཉེར་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྤྱིར་སྤྱི་ཚོགས་ཤག་ལ་མཚོན་ན་ལྟ་བ་དང་གྲུབ་མཐའ་རླབས་ཆེན་དེ་ཚོའི་རིང་ལུགས་འཛིན་སྤེལ་བྱེད་མཁ་ཡོད་ན་ཡག་པ་ལས་སྡུག་པ་མ་རེད། མར་ཁི་སིའི་རིང་ལུགས་ཁར་འཁྱེར་མཁན་གྱི་རྒྱ་སྐྱེད་རིང་ལུགས་པ་ཨུ་རུ་སུ་དང་མི་སེར་སྤེལ་མཁན་རྒྱ་གུང་ཁྲན་ཁྲན་ནི་མར་ཁི་སི་རིང་ལུགས་ངོ་མ་དང་ཕྱོགས་ཙམ་ཡང་མི་ཉེ་བ་རེད།
བོད་ཚུད་པའི་ཡུལ་སྡེ་མང་པོས་ནང་པ་སངས་རྒྱས་པའི་ལུགས་བཞིན་དུ་སྲིད་སྐྱོང་བའི་འབད་བརྩོན་བྱས་པ་རེད་མོད་ལམ་འགྲོ་བྱུང་མི་འདུག་ག
གཞོན་ནུ་ཟླ་མེད་བདེན། མར་ཁེ་སིའི་རིང་ལུགས་ཐོག་མ་དར་ས་དང་རྩ་བ་ཚུགས་ས་སུ་ལེན་རེད། འོན་ཀྱང་སུ་ལེན་ནང་དམར་ཤོགས་ཀྱི་ལྟ་བ་འདི་དར་བ་ནས་བཟུང་སྐྱིད་པོ་བྱུང་བའི་ལོ་རྒྱུས་གཅིག་ཀྱང་མེད། དེའི་རྐྱེན་གྱིས་ཐ་མ་ར་ཤི་ཡ་དམངས་གཙོའི་རྒྱལ་ཁབ་ལ་འགྱུར་བ་སོང་ཡོད་པ་འདི་རེད། དེབཞིན་རྒྱ་ནག་ནང་ལ་ཡང་མའོས་དམར་ཤོགས་ཀྱི་ལྟ་གྲུབ་ཁྱེར་ཡོང་བ་ནས་རྒྱ་ནག་གི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆགས་སྒོ་ཆེན་པོ་དེ་བྱུང་བ་རེད། བོད་ལ་ཡང་ངན་པའི་ཞོར་ལ་དབྱུག་རྡུང་ཕོག་སྟེ་དཀའ་སྡུག་ཅི་འདྲ་ཞིག་མྱང་དང་མྱོང་བཞིན་པ་མཐོང་ཆོས་རེད། དེ་བཞིན་དམར་ཤོགས་རྒྱལ་ཁབ་སུ་དང་སུ་ཡིན་ཡང་གོད་ཆགས་ཀྱི་ལོ་རྒྱུས་ལས་བདེ་སྐྱིད་བྱུང་བའི་ལོ་རྒྱུས་ཤིག་ཕལ་ཆེར་མཐོང་དཀོན་པོ་གྱུར་ཡོད། འདིས་སྟེང་ནས་མཐོང་ཐུབ་པ་ནི་དམར་ཤོགས་ཀྱི་ལྟ་གྲུབ་འདི་ལྟ་གྲུབ་བཟང་པོ་ཞིག་མ་ཡིན་པ་དེ་རེད།
རྣམ་པ་ཚོས་དེ་འདྲ་ཚོད་ཚོད་དུ་གསུངས་ན་ག་ལ་འགྲིགས། དེ་འདྲ་བལྟས་ན་སངས་རྒྱས་ཀྱི་གནས་ཆེན་བཞི་དེ་ཚོ་ཡང་འཛམ་བུ་གླིང་འདིའི་ལུང་པ་སྐྱོ་ཤོས་དེ་འདྲར་གྱུར་་འདུག དེ་ལྟར་ན་སངས་རྒྱས་ཀྱི་ཆོས་དེ་ཡང་ཡག་པོ་ཞིག་ཡིན་ས་མ་རེད། ཧ་ཧ་ཧ་ཧ་ཧ་་་་་་་་་་
་་་་ ད་ཁྱེད་ཀྱིས་ཟེར་བའི་སྤྱི་སྐད་དེ་གང་རེད། གང་ན་ཡོད། ཀརྡོ་འདྲེ་རྒན། ཧ་ཧ། ་་་་ཟེར།
གནམ་ལགས།
དེང་སང་གི་དྷ་སའི་བོད་སྐད་དེ་བོད་རིགས་སྤྱི་སྐད་རེད་དོ།། །།
༤༡༽ གནམ་ལགས།
གྲྭ་བ། མ་རེད། གྲྭ་པ་རེད། བླུན་རྒན་ལགས།
སྔར་གྱི་བོད་སྐད་ལ་གཞེན་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཁ་སྐད་མ་བཀོལ་བར་བོད་ཀྱི་སྐད་རིགས་གཅིག་ཏུ་སྐྲུན་པར་འདོད་ནས། མིང་མཐའ་འདྲེན་ཚུལ་སོགས་ལ་གཟབ་གཟབ་བྱས་པ་ལྟར། ཀརྡོ་གཉེར་ཕྱག་པ་ཡང་བོད་ཀྱི་སྐད་ཡིག་གཅིག་མཚུངས་འབྱུང་བའི་བརྩོན་འགྲུས་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཡོད་མཁན་གྱིས་དགའ་བསུ་བྱེད་འོས་པ་ཞིག་ཏུ་མི་འདུག་གམ། རང་རེས་འདི་རིགས་ལ་མངོན་པར་སྟོད་དགོས་སོ།
ཟླ་མེད་ལགས། མར་ཁེ་སེ་ལྟ་བ་ཆ་ཚང་བོད་སྐད་བསྒྱུར་བ་ཅིག་ཡོད་དམ། མེད་ན་ཡོད་པ་ཁྱེད་ཀྱིས་ཡོད་པར་གནང་ཐུབ་བམ། ལགས།
ལན། ཀརྡོ་ལགས། མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་ཆ་ཚང་བོད་བསྒྱུར་བྱས་ཡོད་པ་རེད། དེ་དང་འབྲེལ་བའི་དམར་ཕྱོགས་ཀྱི་ལྟ་གྲུབ་མང་པོ་བོད་བསྒྱུར་བྱས་ཡོད་པ་རེད། ལམ་རིམ་ཆེན་མོ་ལས་རྔམས་ཁ་མཐུག་པའི་དཔེ་དེབ་མང་པོ་བོད་བསྒྱུར་བྱས་ཡོད་པ་རེད། དེ་བཞིན་དུ་རྒྱ་ནག་ལ་མཚོན་ན་ཡང་མོའོ་ཙེ་ཏུང་གི་གསུང་རྩོམ་པོད་ལྔ་ཙམ་ཡོད་པ་རེད། ཆ་ཚང་མར་ཁེ་སིའི་རིག་པའི་གཞུང་ལུགས་ཀྱི་དོན་འགྲེལ་དང་དགོངས་འགྲེལ་རྐྱང་ཡིན་ནི་རེད། འདི་དག་བོད་ཡིག་ཏུ་བསྒྱུར་བ་ཤིན་ཏུ་སྔ། འོན་ཀྱང་མར་ཁེ་སིའི་རིག་པའི་གཞུང་ལུགས་བོད་ཡིག་ཏུ་བསྒྱུར་བ་ཤིན་ཏུ་འཕྱི། སྐུ་ཉིད་ལ་དགོས་ཚེ་ངས་མཁོ་སྤྲོད་བྱས་ཆོག འོན་ཀྱང་དེ་དག་ལ་སྐུར་གླ་སོགས་དངུལ་མང་པོ་འགྲོ་གི་རེད།
སྔོན་མ་ངའི་གྲོགས་པོ་ཅིག་ཡོད། ཁོང་དང་ངེད་གཉིས་ཆུང་ཆུང་སྐབས་སུ་སློབ་གྲྭ་གཅིག་རེད། ཆེན་པོ་ཆགས་ནས་དགོན་པ་གཅིག་དང་གྲྭ་ཤག་གཅིག་རེད། ཁོང་གིས་ག་དུས་ཡིན་ན་ཡང་ལག་ཏུ་མ་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གསུང་རྩོམ་ཁས་ཁས་པ་རེད། གྲྭ་ཤག་ཏུ་སྡོད་སྐབས་ཡང་དེ་དག་ཀློག་ནས་སྡོད་ཀྱི་རེད། དེབ་དེ་ཚོ་ཀློག་ཡོང་དུས་ངོ་ནས་མཚམས་འཇོག་མི་ཐུབ་པ་ཡིན་རེད།
མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་དེབ་དེ་དག་ནི་ངོ་ནས་དུག་དུག་ནག ཉལ་ཐ་ལས་ཐུ་གི་རེད། ཀློག་གི་ཀློག་གི་ཀློག་སྙིང་འདོད་པ། ཁ་ལ་ཟ་མི་དགོས་པ། ལས་ཀ་ལས་མི་དགོས་པ། རང་སྤྲང་པོ་ཆགས་སྐབས་གཞན་དག་གི་དངོས་པ་འཕྲོག་ནས། རྐུ་མ་རྒྱབ་ནས། ཇག་པ་བརྒྱབ་ནས། ད་དུང་ཧམ་པ་བཤད་ནས་འབྱོར་ལྡན་པ་རྣམ་གྲལ་རིམ་གྱི་དགྲ་བོ་རེད་ཟེར་ནས་བཤད་ན། ཁྲིམས་མཐུན་ཆགས་འགྲོ་བ་དེ་འདྲ་རེད།
གཞོན་ནུ་ཟླ་མེད་ལ་བདེན། བསད་ཡོད་པ་ལ་ཤེས་མ་གཏོགས། གཞན་ཆི་གང་མི་ཤེས། གོ་ཚོད་ཙམ་བཤད་ན་(ཇེའུ་ཞེ་)ཞིག་གི་ཀླད་པ་རེད་ཟེར།
ལན། གནམ་ལགས་ཀྱི་བཤད་པ་ལ་རྒྱུ་མཚན་འདུག ངས་དམག་ཆེན་གཉིས་པའི་སྐབས་ཀྱི་ལྟད་མོ་མང་པོར་བལྟ་བཞིན་པའི་སྒང་ཡིན། ཧི་ཏི་ལེར་ཟེར་མཁན་ལག་དམར་པ་དེས་ཇེའུ་ཤུ་རྩ་མེད་དུ་གཏོང་དགོས་པ་དང་ཡང་རྒྱུ་མཚན་དེ་འདྲ་ཞིག་མིན་ནམ་སྙམ་པ་འདུག འདི་དན་དན་ཅིག་མེད་མོད༏ ཧི་ཏི་ལེར་ནས་ཇེའུ་མི་རིགས་འདི་རྩ་མེད་གཏོང་པའི་སྐབས་སུ་ཡང་གཏམ་བཤད་བཤད་དུས་དམར་ཕྱོགས་ལ་དགྲ་དགྲ་ནག་ཏུ་བལྟས་ཡོང་གི་འདུག གཏམ་བཤད་དང་ཇེའུ་མི་རིགས་རྩ་མེད་དུ་གཏོང་སྟངས་ལས་དེ་འདྲ་ཞིག་མིན་ནམ་ཡང་བསམ། འདིའི་འབྲེལ་བའི་སྐོར་ད་དུང་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན།
དེ་རིང་སྤོབས་པ་མཐའ་ཡས་ཀྱིས་སྐད་ཆ་གོ་རྒྱུ་མེད་པ་ཞིག་བཤད་སོང་། གོང་དུ་བཤད་པའི་དམར་ཤོགས་རྒྱལ་ཁབ་ཁག་གི་ཆགས་སྒོ་དེ་དག་ནི་མིས་བཟོས་པའི་ཆགས་སྒོ་རེད་ལ། མིས་བཟོས་པའི་ཆགས་སྒོ་ནི་མི་དེ་དག་གི་ལྟ་བ་དང་འབྲེལ་བ་ཡོད་པ་རེད། སངས་རྒྱས་ཀྱི་གནས་ཆེན་ཡོད་ས་ལུང་པ་སྐྱོ་པོ་ཡིན་ན་ཡང་དེ་མིས་བཟོས་པའི་ཆགས་སྒོ་མ་རེད་བ། དགོངས་པ་ཡག་པོ་བཞེས་དང་།
ཇི་སྲིད་དངོས་པོའི་གཤིས་དང་ཉེ་གྱུར་པ།
དེ་བཞིན་མཁས་པའི་ངག་ནི་ལྐུགས་འགྱུར་བདེན།
འོན་གྱང་ཏང་གི་ཆོས་གྱི་རྨོངས་དད་ལ།
ཤེས་ལྡན་ལྐུགས་པར་གྱུར་བ་ཅིའི་མི་མཚར།
གཞོན་ནུ་ཟླ་མེད་ལགས་དང་ཀ་རྡོ་ལགས།
མ་ཁེ་སིའི་ལྟ་གྲུབ་སྐོར་ལ་བོད་ཡིག་ལ་བསྒྱུར་བའི་དེབ་ཁ་ཤས་བཀླགས་པ་ཡིན། ཚིག་སྦྱོར་ཤིན་དུ་བཟང་ལ་ལྕི་ཡང་སྙོམས་པ། ཚིག་བགྲོད་བདེ་བ། ངག་ནས་འཐོན་བདེ་བ། ཤིན་དུ་ལྷོག་པ་ཞིག་འདུག་རུང་། ནང་དོན་ཐད་ལ་ཤིན་དུ་ལྐོག་འགྱུར་དང་སྔ་ཕྱི་འགལ་འདུ་ཆེ་བ། ལྟ་བའི་ཚན་ཉིད་དང་བརྡ་འཆད་འཁྲུགས་པ། ལྷག་པར་དུ་ལུང་དང་བརྗོད་ཆ་ཁ་མ་མཐུན་པ་སོགས་ཀྱི་སྐྱོན་ཇེ་ཆེར་སྣང་། ཞིབ་པར་དཔྱད་སྐབས། ཐོག་མར་པོད་དེ་དག་ཇར་མན་གྱི་ཡི་གེ་ལས་དབྱིན་ཡིག་ལ་བསྒྱུར་པ་དང་། དེ་ནས་རྒྱ་ཡིག་ལ་བསྒྱུར་པ་ མཐའ་མ་རྒྱ་ཡིག་ལས་བོད་ཡིག་ལ་བསྒྱུར་སྐབས་ནང་དོན་ལ་འགྱུར་བ་ཇེ་ཆེར་ཐེབས་ཚོད། དབྱིན་ཡིག་ནང་གི་དཔེ་ཆ་གཅིག་བཀླགས་སྐབས། ད་གཟོད་བོད་སྒྱུར་གྱི་དཀའ་ངལ་དེ་རྒྱ་ཡིག་ནས་ཡོང་བ་གསལ་པོ་ཤེས། དཔེར་ན། དམར་ཤོག་གི་རྩ་ཚིག་ཏེ། Manifesto of the Communist Party (German: Manifest der Kommunistischen Partei), 1848 publication by Karl Marx and Friedrich Engels.
འདི་བོད་སྒྱུར་དང་དབྱིན་སྒྱུར་གཉིས་ཀྱི་དབར་ལ་ཁྱད་པར་ཤིན་དུ་ཆེ།
གཙོ་བོ་རྒྱ་ཡིག་ནང་ལ་གཞུང་འབྲེལ་གྱི་པར་སྐྲུན་བགྱིས་པའི་པོད་རྣམས་ལ་རྒྱ་གཞུང་གིས་ཁས་ལེན་བྱས་པའི་ལྟ་བ་ལས། དམར་ཤོག་གི་ལྟ་བ་རྒྱ་མིའི་སྲིད་གཞུང་གིས་ཁས་ལེན་མེད་པ་རྣམས་ཆེད་དུ་གོ་དཀའ་བ་དང་བློ་ལ་མི་ཐད་པའི་རྣམ་པའི་ཐོག་ནས་བསྒྱུར་འདུག འདིས་མཚོན་པ་ཞིག་ནི། རྒྱ་གཞུང་གི་དམར་ཤོག་གི་ལྟ་བ་དེ་རྒྱ་གཞུང་གི་ཁེ་ཕན་གཙོ་བོར་གཏོད་ནས་གུང་བསྒྲིགས་པ་གསལ་པོ་རེད།
༥༣༽ བསམ་ཤེས་ལགས་ཀྱིས་མར་ཁེ་སེའི་ལྟ་གྲུབ་བོད་འགྱུར་སྐོར་ལ་གསལ་བཤད་གནང་བར་སྐུ་དྲིན་ཤིན་ཏུ་ཆེ། བསམ་ཤེས་ལགས།
དེ་རེད། མར་ཁི་སི་དང་ལེ་ནིན་རིང་ལུགས་འདིའི་ནང་ན་ཡག་པོ་ཞིག་བཤད་ཡོད་པ་དེ་གཞོན་ནུ་ཟླ་མེད་ལགས་ཀྱིས་ཀྱང་གསུངས་འདུག དེ་རེད། མར་ཁི་སི་དང་ལེ་ནིན་གྱི་རིང་ལུགས་འདིའི་ནང་ན་བཤད་པ་ལྟ་བུ་ཞིག་ལག་ལེན་དུ་མ་བསྟར་ན་གནས་ཚུལ་གཞན་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་པར་ཁས་འཆེ་མཁན་གྱི་བླ་མ་རྫུན་མ་ལྟ་བུ་རེད། དེ་ལྟ་གྲུབ་དེའི་སྐྱོན་རེད་ལབ་ག་ལ་རུང་། འདི་ཙམ་གྱི་བསམ་བློ་ཡང་གཏན་མི་ཤེས་པ་ཡ་མཚན་པོ་རེད། མར་ཁི་སི་དང་ལེ་ནིན་རིང་ལུགས་འདིས་འཛམ་གླིང་ལ་བློ་སྒོ་ཆེན་པོ་ཕྱེས་ཡོད་པ་དང་། མིའི་ཐོབ་ཐང་འདྲ་མཉམ་དང་། ཡུལ་གྱི་ཐོན་ཁུངས་མཉམ་སྤྱོད་སོགས་ལ་བསམ་བློ་གཏོང་བཅུག་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་ཁོང་ཕྱེད་ཀ་མར་ཁི་སི་རིང་ལུགས་པ་དང་ཕྱེད་ནང་པ་སངས་རྒྱས་པ་ཡིན་པར་གསུངས་པ་རེད།
སྤོབས་མཐའ་ལགས་ནས་༼མར་ཁི་སི་དང་ལེ་ནིན་རིང་ལུགས་འདིས་འཛམ་གླིང་ལ་བློ་སྒོ་ཆེན་པོ་ཕྱེས་ཡོད་པ་དང་། མིའི་ཐོབ་ཐང་འདྲ་མཉམ་དང་། ཡུལ་གྱི་ཐོན་ཁུངས་མཉམ་སྤྱོད་སོགས་ལ་བསམ་བློ་གཏོང་བཅུག་ཡོད་པ་རེད།༽
ལན། ངས་བསམ་ཚུལ་བྱས་ན་མིའི་ཐོབ་ཐང་འདྲ་མཉམ་ཟེར་བ་འདི་བདེན་པ་མ་རེད། ཚིག་དངོས་སུ་ཐོབ་ཐང་འདྲ་མི་མཉམ་པ་བཤད་མེད་ན་ཡང་། འགལ་འབྲེལ་གྱི་རྣམ་བཞག་བཤད་སྐབས། མི་དང་མི་བར་གྱི་འགལ་བ། སྤྱི་ཚོགས་དང་ཚོགས་སྡེ་བར་གྱི་འགལ་བ་ལ་བེད་སྤྱོད་གཏོང་སྟངས་ཀྱི་རྣམ་བཞག་མང་པོ་ཞིག་བཤད་ཡོང་གི་འདུག འགལ་བ་ལ་བེད་སྤྱད་ཡོང་པའི་ལམ་ཁ་ཅིག་བསྟན་དུས། ཆ་མི་སྙོམས་པ་རང་བཞིན་གྱི་ཆགས་འགྲོ་གི་ཡོད་པ་རེད། དཔེར་ན་ངས་དྲ་ལམ་འདི་ནང་གི་དྲ་གྲོགས་སྤོབས་མཐའ་དང་ཀརྡོ་གཉིས་བར་དུ་འགལ་བ་བཟོས། དེ་བཞིན་དུ་ཁོང་གཉིས་ཀའི་འགལ་བ་ལ་བེད་སྤྱོད་བཏང་ཡོངས་ན། ཕམ་པ་དང་ཉམས་འགྲོ་མཁན་དེ་ཁོ་རང་གཉིས་རེད། མཐའ་མར་རྒྱལ་ཁབ་ཐོབ་འགྲོ་མཁན་དེ་ང་རེད། འབུར་དུ་ཐོན་ཡོང་མཁན་དེ་ང་རེད། འདི་ནི་ཐོབ་ཐང་དང་གྲལ་རིམ་ཅན་དུ་རིག་པའི་གཞུང་ལུགས་ནས་གཏན་ལ་འབེབས་པ་རེད་ལ། དངོས་པོའི་གནས་ཚུལ་ཡང་རེད། དེས་ཐོབ་ཐང་འདྲ་མཉམ་ཟེར་བ་ཞིག་མར་ཁེ་སི་རིགས་པའི་གཞུང་ལུགས་ལ་རྟེན་ན་ཡོངས་ཐབས་མེད་པ་ཞིག་རེད།
འགལ་འབྲེལ་སྐོར་ལ་མར་ཁེ་སིའི་རིག་པའི་གཞུང་ལུགས་ཀྱི་འགལ་འབྲེལ་རྣམ་བཞག་དང་། ནང་ཆོས་ནས་བཞེད་པའི་འགལ་འབྲེལ་རྣམ་བཞག་གཉིས་བསྡུར་བ་ཡིན་ན། ནང་ཆོས་ནས་བཞེད་པའི་འགལ་འབྲེལ་དེས་འཛམ་གླིང་ཞི་བདེ་དང་ཐོབ་ཐང་འདྲ་མཉམ་ཕྱོགས་ལ་སྐུལ་འདེབས་གཏོང་ཐུབ་རྒྱུ་རེད། དེ་ཡང་མར་ཁེ་སིའི་འགལ་འབྲེལ་གང་ཟག་དང་པོ་དེས། གང་ཟག་གཉིས་པ་དང་གསུམ་པ་ཕམ་པར་རྒྱབ་ནས། གང་ཟག་དང་པོ་དེ་རྒྱལ་ཁ་ལེན་པའི་ཕྱོགས་སུ་ལམ་སྟོན་བྱས་པའི་རྐྱེན་གྱིས་རེད། འདྲ་མཉམ་མི་ཡོངས་པ་དང་གསོད་གཏུབ་མང་པོ་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུགས་བསྡད་ཡོད་པ་རེད་བསམ། ནང་ཆོས་འགལ་འབྲེལ་ནི་དེ་ལྟ་མ་ཡིན་པར། གང་ཟག་དང་པོ་རང་ཉིད་ཀྱི་གཞན་རྒྱུད་ལ་བཟོ་བཅོས་བྱེད་སྟངས་ཞིག་མ་ཡིན་པར། གང་ཟག་དང་པོ་རང་ཉིད་རང་ཉིད་བཟོ་བཅོས་བྱེད་སྟངས་ཀྱི་རིམ་པ་ནས་བཤད་པ་དེ་རེད། རང་ཉིད་ཀྱི་ཧམ་སེམས་དང་ཞེ་སྡང་སོགས་ལ་ཁ་གཏད་གཅོག་པའམ། འགལ་བའི་བློ་ཞིག་བཙལ་ནས་བཟོ་བཅོས་བྱེད་ལུགས་ཞིག་རེད། དེ་བས་ན་རང་རྒྱལ་གཞན་ཕམ་གྱི་ལམ་ལུགས་ལས་ལྡོག་ནས་བཤད་པས། འཛམ་གླིང་ཞི་བདེ་དང་ཐོབ་ཐང་འདྲ་མཉམ་ཕྱོགས་ལ་གཞོལ་བའི་རང་ལུགས་ངོ་མ་དེ་ནང་པའི་བསྟན་པ་འདི་རེད་ཟེར་ནས་བཤད་ཐུབ།
དེ་ནས་ཡུལ་གྱི་ཐོན་ཁུངས་མཉམ་སྤྱོད་ལ་བསམ་བློ་གཏོང་བཅུག་པ་རེད་ཟེར་བ་དེ་རེད། འདི་ལ་རིགས་པའི་གཞུང་ལུགས་མི་འདྲ་བ་རེད། འབྲི་རྒྱུ་མང་པོ་འདུག འོན་ཀྱང་དགོང་མོ་ཁ་ལག་ཟ་རན་སོང་། ཁ་ལག་ཟོས་རྗེས་གཉིད་ལ་ཤོར་མ་སོང་ན་མུ་མཐུད་འབྲི་རྒྱུ་ཡིན། སྐབས་དེ་དུས་ཉན་གི་ཤོག
འོ་བསམ་ཤེས་ལགས་ནས་ཡིག་བསྒྱུར་སྐོར་གྱི་གསལ་བཤད་དང་ལམ་སྟོན་གནང་པ་ཐུགས་རྗེ་ཆེ།
ཀརྡོ་ལགས། རྡ་སའི་སྐད་འདི་ཡག་པོ་དང་སྤྱིད་སྐད་དུ་སྣང་བ་དེར། ང་སེབས་སྡུག་ནས་ཤུ་སོང་། ཁྱེད་ཀྱིས་རྡ་ས་ན་སྐད་ཡིག་ག་གེ་མོར་མཐོང་ཆུང་དང་ཁྱད་གསོད་ཅི་ཙམ་ཡོད་པ་ཤེས་སམ།
རྡ་སའི་སྤྱི་སྐད་ཀྱིས་ཨམ་སྐད་ཀྱི་ཚེ་སྲོག་བཅད་ཚར་བ་ཨེ་ཤེས། ཨམ་ཕྲུག་ཚོས་རང་ནུས་གང་ཡོད་ཀྱིས་ཁྱེད་ཀྱི་བཤད་བཞིན་པའི་སྤྱི་སྐད་ལ་མཐུན་ཐབས་ཀྱི་ངག་མ་དག་པས། ཁྱོད་ཀྱིས་འདོད་བཞིན་པའི་སྤྱི་སྐད་དེ་ལ་སྒྲ་གཅུས་ག་ཚད་རྒྱབ་པའི་ནག་ཆེན་པ་ཞིག་དུ་ཆགས་ཡོད་པ་ཨེ་ཤེས། ཨམ་མདོ་བ་ཚོས་མཐའ་མར་རང་གི་ཕ་ཡུལ་ཕ་མ་ལ་ངག་བརྡ་མི་འཕྲོད་པའི་ངོ་ཚ་དང་དཀའ་ངན་ཅན་ཞིག་ལ་བཙན་གྱིས་བསྒྱུར་ཡོད་པར་གཏུག་པ་ཨེ་ཤེ།
རྡ་ས་ནི་སྐད་ཡིག་ལ་གོ་ཆག་གཏོང་ས། མི་རིགས་ལ་མཐོང་ཆུང་བྱེད་ས། མཐའ་ན་ཡིག་གཟིགས་ཚུན་ཆད་ལ་དཀའ་ངལ་སྤྲད་ཡོད་པ་ཨེ་ཤེས།
ངག་དམ་པོ་འདུག། སྒྲ་ཁྱད་མཚར་འདུག། རང་པོད་སྐད་ཤེས་འི་ཡོད་པེ། གོ་འི་ཁོ་རང་མི་འདུག་ཟེར་ནས། ལྟོ་གོས་དང་མདུན་ལམ་མ་སྤྲད་པ་ག་ཚོད་ཡོད་པ་ཨ་ཤེས།
སྤྱི་སྐད་དང་སྤྱི་ཡིག་ལ་བསམ་བློ་འཁོར་ན། ཕྱོགས་ཚང་མ་ཚང་དགོས་བ་ཞིག་ནས་ཡོང་དགོས་བ་རེད། ཁོ་རེ། ཁམས་སྐད་ཀྱི་རིགས་འགའ་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་པ་དེ་འདྲ་ནང་བཞིན་རེད། སྤྱིད་སྐད་དར་སྤེལ་བྱེད་སྟངས་འདི་འདྲ་མ་རེད། མ་གཞི། ཁྱེད་ཀྱིས་འདོད་བཞིན་པའི་སྤྱི་སྐད་དེ་ལ་བརྡ་སྤྲོད་ཞིག་མེད་པ་ཨ། མི་འདུག་གི་ཨ།
སྤྱི་སྐད་གོ་དགོས་བ་ལས། སྤྱི་སྐད་ཞིག་ཡོད་དགོས་བ་དེ་གལ་ཆེན་པོ་མ་རེད་ལོ། དེ་ཤེས་པར་བྱོས།
ད་ལྟ་བར་དུ། ལྟོ་གོས་གནས་མལ་མ་བདེ་བར་རང་གི་ཕ་སྐད་ལ་གྱོང་ཁ་སྤྲད་པ་མུ་མཐུད་དུ་གནས་མི་ཡོང་བ་རེད་ལོ། མྱི་སུ་ཞིག་ཡིན་ན་ཡང་རང་གི་ངག་ཡིག་གཉིས་ཀ་གཞན་ལ་ཤེས་སུ་འཇུག་པ་དེ་སྤྱི་ལ་དགོས་བའི་དགོས་གལ་ཆེན་པོ་ཞིག་ཡིན་པ་རེད། དེ་ལ་ཤུགས་འདོན་དགོས་རེད། དེ་མིན་བཙན་བཀའ་དང་ལྟོ་གོས་ལ་གཏུག་པ་དེ་ཡག་པོ་མ་རེད་ལ། གནས་ཡང་ཐུབ་གི་མ་རེད། ཁོ་རེ་གཉིད་མ་འདུག། ནམ་ལངས་སོང་།
༢༽ཡུལ་གྱི་ཐོན་ཁུངས་མཉམ་སྤྱོད་སོགས་ལ་བསམ་བློ་གཏོང་བཅུག་ཡོད་པ་རེད།༽ འོ་ཡ་ད་ཡིན་ན་འདིའི་སྐོར་ལ་ཡིན། ཡུལ་གྱི་ཐོན་ཁུངས་མཉམ་སྤྱོད་ཀྱི་བསམ་བློ་ནི་ལོ་སུམ་སྟོང་ལ་ཉེ་བའི་སྔ་རོལ་ནས་ཤཱཀྱ་ཐུབ་པས་བསམ་བློ་གཏོང་བཅུགས་པ་རེད། དེ་ཡང་སྦྱིན་པའི་ཕར་ཕྱིན་གྱི་ལམ་ཁ་དང་བསླབ་བྱ་གནང་བ་འདི་ནི་ཡུལ་གྱི་ཐོན་ཁུངས་ལ་མཉམ་སྤྱོད་ཀྱི་ལམ་སྟོན་རེད། མི་འདྲ་ས་ནི་ནང་བསྟན་གཞུང་ལུགས་ནས་འབྱོར་ལྡན་དག་གིས་རང་འདོད་དུ་འབྱོར་མེད་ལ་ཡུལ་གྱི་ཐོན་ཁུངས་ལོངས་སྤྱོད་རྒྱུ་ཡོད་པ་བྱེད་རྒྱུ་དང་། དམར་ཕྱོགས་ཀྱི་ལྟ་བ་ནས་གོང་དུ་ཞུས་པ་ལྟར་འགལ་བ་ལ་བེད་སྤྱད་ནས་འབྱོར་མེད་དག་གིས་འབྱོར་ལྡན་ལག་ནས་འཕྲོག་ནས་ཟ་རྒྱུ་དེ་རེད།
ལམ་ལུགས་འདི་གཉིས་ལས་གང་ཞིག་སྤྱི་ཚོགས་ཐོག་ཏུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་པ་དང་སྐྱོན་ཡོད་པའི་ཐད་ལ་ཞུ་ན། ཁྲིམས་ལུགས་ཐོག་ནས་བཤད་ན་དམར་པོའི་བྱེད་ཕྱོགས་དེ་ནི་འཕྲོག་བཅོམ་གྱི་ལམ་ཁ་ཡིན་པ་སུས་བལྟས་ཀྱང་ཤེས་པས་གསལ་བཤད་བྱེད་མ་དགོས། དེ་ལས་ངོ་བོའི་ཆ་ནས་བསམ་བློ་བཏང་ནས་བཤད། ངོ་བོའི་ཐོག་ནས་བསམ་བློ་བཏང་ནས་བཤད་ན་འཇིག་རྟེན་འདིའི་སྟེང་གི་དབུལ་ཕྱུག་ཟེར་བ་དེ་ལས་དབང་གིས་བྱུང་པར་ཁས་ལེན་མ་ཐུབ་ན་ཡང་། འཇོན་ཐང་དབང་གིས་བྱུང་བ་སུས་ཀྱང་ཁས་ལེན་པ་རེད། འབྱོར་མེད་གྱི་ལག་ཏུ་དབང་ཤུགས་སླེབས་ན་ཁ་དང་གྲོད་ཁོག་གཉིས་ཀ་སྐམ་པོ་བྱས་ནས་སྡོད་དགོས་པ་ཤེས་གསལ་རེད། དེ་ཡང་ལོ་རྒྱུས་ལ་བསམ་བློ་ཐོངས། རྒྱ་ནག་གི་དབང་ཤུགས་འབྱོར་མེད་གྲལ་རིམ་གྱི་ལག་ཏུ་སླེབས་རྗེས། འབྱོར་ལྡན་ཚང་མ་བཅོམ་ནས་བགོ་བཤའ་དང་ཡོད་ཚད་ཟོས་རྗེས། དེ་ནས་༡༩༦༢་ལོ་ནས་ལོ་ཤས་རིང་རྒྱལ་ཡོངས་ཀྱི་མི་ཚང་མས་ཁ་ལ་ཟ་རྒྱུ་མ་རེག་པས་མུ་གེ་ཆེན་པོས་ཤི་བ་གྲངས་ལས་འདས། དེ་བཞིན་དུ་རྩྭ་ལྡུམ་ཟོས་པ། སྤྲིན་པས་ཟོས་པ། བོང་བའི་ཤ་ཟོས་པ། གཞན་གྱི་བུ་ཕྲུག་ཆུང་ཆུང་བཙོས་ནས་ཟོས་པ་སོགས་གྲངས་ལས་འདས་པའི་གནས་ཚུལ་ཐོན་པ་རེད། ༡༩༧༢ ལོར་ཏུན་ཞོ་ཕིན་ནས་མོའོ་ཙེ་ཏུང་ལ་སྙན་ཞུ་ཞིག་ཕུལ་བ། མར་ཁེ་སིའི་རང་ལུགས་དེ་ནི་མགོ་སྟིང་སློག་པར་ལག་ཆ་ཡག་པོ་རེད། འོན་ཀྱང་རྒྱལ་ཁབ་ཡར་རྒྱས་གཏོང་ཕྱོགས་ཐད་ན་ལེན་རྒྱུ་གང་ཡང་མེད། དེ་བས་དབང་ཚད་ངའི་ལག་ཏུ་ཞོག་དང་། ང་ཁྱོད་ཀྱི་ལོ་ཚད་ལ་སླེབས་པར་ལོ་བཅུ་འདུག ལོ་བཅུའི་ནང་དུ་ངས་རྒྱ་ནག་རྒྱལ་ཁབ་འབྱོར་ཕྱུགས་ཅན་ཞིག་ཏུ་བསྐྱལ་མ་ཐུབ་ན་ཡང་། ཀྲུང་གོ་མི་དམངས་ལ་ཟ་རྒྱུ་འཐུང་རྒྱུའི་ཕྱོགས་ནས་གྲོད་པ་འགྲེང་བ་ཞིག་ངེས་པར་དུ་བྱེད་ཐུབ་ཀྱི་རེད་ཟེར་ནས་ཞུས། སྲིད་འཛིན་མོའི་ཀྲུའུ་ཞིས་དེ་མ་ཐག་ཏུ་ཏང་ནང་གི་གཡོན་ཐལ་ཆེ་བར་མིང་བཏགས་ནས་བཙོན་ཁང་ཏུ་བཅུགས་པ་རེད། མདོར་བསྡུས་ནས་བཤད་ན་ཁོབ་མི་སྙོམས་པའི་འཇིག་རྟེན་འདི་ནས་ཁོབ་སྙོམས་པར་བཟོ་བྱེད་ནི་ནང་ཆོས་ཀྱི་ལྟ་གྲུབ་ལས་བྱུང་བའི་སྦྱིན་པའི་ཕར་ཕྱིན་འདི་མཐའ་ལ་མ་ལྷུང་བ་ཞིག་ཡིན་པ་ལས། དམར་བོའི་ལྟ་བའི་ཐོག་གི་འཕྲོག་བཅོམ་དེ་ཐལ་ཆ་ཆེ་བ་ཞིག་རེད།
སྐད་ཆ་བཤད་དུས་དྲང་མོར་ཞུས་ན་ཡག་པོ་རེད། ཞེ་སའི་ཚིག་ལ་ཉམས་ཆགས་ཚབས་ཆེན་ཕྱིན་ཡོད་དེ་ཡང་རྡ་སར་ཕྱིན་པ་མང་རབས་ཡིན་། འགའ་ཤས་ཀྱིས་ཞེ་ཚིག་མི་དགོས་ཟེར་གྱི་རེད་དེ་ནི་འགན་མ་བླངས་པའམ་སྐད་ལ་རྨོངས་པའི་གཏམ་རེད། འདི་ནི་རྩོད་གཞི་ཅན་ཞིག་ཡང་ཡིན་སྲིད། དགོངས་དག་ཟེར་མ་མྱོང་བའི་སྐད་ཅིག་ཡོད་པ་འདྲ་མོ་རེད་དེའི་དགོངས་དག་སྦྱོང་ནས་རང་གི་ཕ་མར་ཞུས་ཡོད་འདི་ནི་ཞེ་ཚིག་མིན་ལ་ཕ་མར་ངག་བརྡ་མ་འཕྲོད་གྱང་སྒྲ་གཅུས་ཏེ་བརྫོ་ན་ཡང་བརྗོད་རིན་ཡོད་པ་ཡོད་པ་ཞིག་རེད།
རྡ་ས་ནི་སྐད་ཡིག་ལ་འགྱུར་བ་འགྲོ་ས་རེད། འདི་མི་ཞིག་གིས་བསམ་བཞིན་དུ་བྱས་པ་མིན་པ་ནི་ག་ལེར་བསམ་བློ་བཏང་ན་ཤེས་ཐུབ། ཁ་སྐད་མི་འདྲ་བའི་མི་འགའ་ལམ་ཐག་རིང་པོར་རྐང་ལམ་དུ་ཞུགས་པ་ཡིན་ན་ཁ་བརྡ་མ་བྱས་པར་འགྲོ་ཡང་སྲིད་མོད། ཁ་བརྡ་བྱས་ཏེ་སོང་བ་ཡིན་ན་མང་བས་བྱེད་བགྱིད་རེད་ལ་ཉུང་བས་ཉན་བགྱི་ཡང་རེད། ལམ་འགྲོ་བ་སྤྱིའི་འགྲོ་སྲོལ་ཙམ་ཡིན་པར་གནམ་ལགས་ཀྱི་ཐུགས་སུ་ཆུད་ཐུབ་པའི་རེ་བ་ཡོད།
ཡང་སྤོབས་པས། ༼རྒྱལ་བ་རིན་པོ་ཆེས་ཀྱང་ཁོང་ཕྱེད་ཀ་མར་ཁི་སི་རིང་ལུགས་པ་དང་ཕྱེད་ནང་པ་སངས་རྒྱས་པ་ཡིན་པར་གསུངས་པ་རེད།༽ ཟེར་བ་འདི་རེད། འདིའི་སྐོར་ལ་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་འདྲ། ང་ཡོད་ས་འདི་ནས་ཀྱང་ཨ་རིའི་མི་ཁ་ཤས་ཀྱིས་དྲི་བ་བཏང་མྱོང་། འདིའི་སྐོར་ལ་བསམ་ཚུལ་ཞིག་ཡོད་མོད། ༧གོང་ས་མཆོག་གི་དགོངས་པ་ཡིན་མིན་ཆ་མ་འཚལ་བས་འདིར་བྲིས་མེད། འོན་ཀྱང་མི་དངོས་བྱུང་ནས་དྲི་བ་འདོན་མཁན་ལ་དྲི་ལན་ང་རང་གི་བསམ་ཚུལ་ལྟར་འདེབས་ཀྱི་ཡོད། དེ་ནི་ཕལ་ཆེར་༧གོང་ས་མཆོག་གི་དགོངས་དོན་ཡང་ཡིན་རྒྱུ་རེད། མ་ཟད་འདིའི་སྐོར་ལ་སྔ་ཕྱི་མ་གཏོགས་༧གོང་ས་མཆོག་གིས་གསལ་བོར་གསུངས་རྒྱུ་རེད་བསམ།
གཞོན་ནུ་ཟླ་མེད། མཆན་ང་དགུ་བའི་ཁུངས་ཁྱེར་ཤོག
༥༩༽གཞོན་ནུ་ཟླ་མེད་ལགས་ཀྱིས།
་་་་་་ འཇོན་ཐང་དབང་གིས་བྱུང་བ་སུས་ཀྱང་ཁས་ལེན་པ་རེད། འབྱོར་མེད་གྱི་ལག་ཏུ་དབང་ཤུགས་སླེབས་ན་ཁ་དང་གྲོད་ཁོག་གཉིས་ཀ་སྐམ་པོ་བྱས་ནས་སྡོད་དགོས་པ་ཤེས་གསལ་རེད། དེ་ཡང་ལོ་རྒྱུས་ལ་བསམ་བློ་ཐོངས། རྒྱ་ནག་གི་དབང་ཤུགས་འབྱོར་མེད་གྲལ་རིམ་གྱི་ལག་ཏུ་སླེབས་རྗེས། འབྱོར་ལྡན་ཚང་མ་བཅོམ་ནས་བགོ་བཤའ་དང་ཡོད་ཚད་ཟོས་རྗེས། དེ་ནས་༡༩༦༢་ལོ་ནས་ལོ་ཤས་རིང་རྒྱལ་ཡོངས་ཀྱི་མི་ཚང་མས་ཁ་ལ་ཟ་རྒྱུ་མ་རེག་པས་མུ་གེ་ཆེན་པོས་ཤི་བ་གྲངས་ལས་འདས། དེ་བཞིན་དུ་རྩྭ་ལྡུམ་ཟོས་པ། སྤྲིན་པས་ཟོས་པ། བོང་བའི་ཤ་ཟོས་པ། གཞན་གྱི་བུ་ཕྲུག་ཆུང་ཆུང་བཙོས་ནས་ཟོས་པ་སོགས་གྲངས་ལས་འདས་པའི་གནས་ཚུལ་ཐོན་པ་རེད། ་་་་་་
ཞེས་དང་།
་་་་་་ མདོར་བསྡུས་ནས་བཤད་ན་ཁོབ་མི་སྙོམས་པའི་འཇིག་རྟེན་འདི་ནས་ཁོབ་སྙོམས་པར་བཟོ་བྱེད་ནི་ནང་ཆོས་ཀྱི་ལྟ་གྲུབ་ལས་བྱུང་བའི་སྦྱིན་པའི་ཕར་ཕྱིན་འདི་མཐའ་ལ་མ་ལྷུང་བ་ཞིག་ཡིན་པ་ལས། དམར་བོའི་ལྟ་བའི་ཐོག་གི་འཕྲོག་བཅོམ་དེ་ཐལ་ཆ་ཆེ་བ་ཞིག་རེད། ་་་་་་ཟེར།
༥༨༽ གནམ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༣ གི་ཆུ་ཚོད་ ༡༩ སྐར་མ་ ༤༣
ཀརྡོ་ལགས། རྡ་སའི་སྐད་འདི་ཡག་པོ་དང་སྤྱིད་སྐད་དུ་སྣང་བ་དེར། ང་སེབས་སྡུག་ནས་ཤུ་སོང་། ཁྱེད་ཀྱིས་རྡ་ས་ན་སྐད་ཡིག་ག་གེ་མོར་མཐོང་ཆུང་དང་ཁྱད་གསོད་ཅི་ཙམ་ཡོད་པ་ཤེས་སམ།
རྡ་སའི་སྤྱི་སྐད་ཀྱིས་ཨམ་སྐད་ཀྱི་ཚེ་སྲོག་བཅད་ཚར་བ་ཨེ་ཤེས། ་་་་་་
ཞེས་དང་།
་་་་་ སྤྱི་སྐད་དང་སྤྱི་ཡིག་ལ་བསམ་བློ་འཁོར་ན། ཕྱོགས་ཚང་མ་ཚང་དགོས་བ་ཞིག་ནས་ཡོང་དགོས་བ་རེད། ཁོ་རེ། ཁམས་སྐད་ཀྱི་རིགས་འགའ་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་པ་དེ་འདྲ་ནང་བཞིན་རེད། སྤྱིད་སྐད་དར་སྤེལ་བྱེད་སྟངས་འདི་འདྲ་མ་རེད། མ་གཞི། ཁྱེད་ཀྱིས་འདོད་བཞིན་པའི་སྤྱི་སྐད་དེ་ལ་བརྡ་སྤྲོད་ཞིག་མེད་པ་ཨ། མི་འདུག་གི་ཨ།
སྤྱི་སྐད་གོ་དགོས་བ་ལས། སྤྱི་སྐད་ཞིག་ཡོད་དགོས་བ་དེ་གལ་ཆེན་པོ་མ་རེད་ལོ། དེ་ཤེས་པར་བྱོས། ་་་་་་ཟེར།
ངའི་དྷ་སའི་སྐད་དེ་ཡག་ཤོས་སུ་བརྩིས་དགོས་སྟངས་དགསོ་སྟངས་ནི། ༡༩༦༠།༧༠ནས་དྷ་སར་མདོ་དབུས་ཁམས་གསུམ་ཙམ་མ་ཟད། ཀོང་པོའི་སྐད་ཙམ་ཤེས་མཁན་དང་། སྟོད་པའི་སྐད་ཙམ་ཤེས་མཁན་གྱི་མཁས་པ་མང་པོ་དུས་གཅིག་ཏུ་བློ་བུར་དུ་མཉམ་འཛོམས་བྱུང་ནས། སྤྱི་སྐད་དེ་ཡང་། ལྷ་སའི་ཁ་གཞིར་བཞག་ཐོག དེའི་ནང་གི་སྙིགས་མ་རྣམས་དོར་གང་ཐུབ་དང་། ཞེ་ས་སོགས་བཅུད་རྣམས་གང་བླངས་ཐུབ་ཐུབ་བྱས་ནས། དེང་སང་དྷ་སའི་སྤྱི་འཐུས་གྲོས་ཚོགས་ནང་ལ། ལྷ་ས་བ་ཙམ་མ་ཟད། ཨ་མདོ་བ་དང་། ཁམས་པ་ཚོས་ཀྱང་ངར་ཉམས་དོད་པོས་ངར་སྐད་རྒྱག་བཞིན་འདི་དག་བྱུང་བ་ཡིན་པ་རེད།
མཁས་དབང་རབ་གསལ་ལགས་དང་། མཁྱེན་ལྡན་གནམ་གཉིས་ནས་ང་ལ་ཐད་ཀར། བོད་ནས་རབ་གསལ་ལགས་ཁོང་རང་གི་སྐད་མདངས་ལ་སྒྱུར་བ་ཐེབས་འདུག་ཅེས་ཁྲེལ་བགད་བྱས་པ་དང་། དེ་ཡང་རང་གིས་ཀྱང་མར་རྒྱས་གཅིག་ཏུ་བརྩིས་ནས་བསྡད་ན་ནོར་བ་ཆེན་པོ་རེད་དོ། དེ་བཞིན་དུ་ཁམས་སྐད་ལ་ངའི་མི་ཚེའི་ནང་ལ་མཁས་པ་རྩོམ་པ་པོ་གྲགས་ཅན་ཅིག་གིས་ཀྱང་། བཙན་བྱོལ་དུ་མཉམ་གཤིབ་བྱས་ནས་ལོ་ག་ཚོད་བཞུགས་པ་ཡིན་ནཡང་། ཁོང་གི་མི་ཚེ་གང་པོར། ལྐུགས་ལ་ལྐུགས་པ་ཞེས་འབྲི་མཁྱེན་ན་ཡང་། ཁོང་གི་ཞལ་ནས་གསུངས་དུས་ལྐུགས་པ་ལ། ལྐོགས་པ་མ་གཏོགས་གསུངས་མི་ཤེས་པ་ང་ལ་ཉམས་མྱོང་ཚད་མ་ཡོད་པས་་་་་་་ དེ་དག་སོམས་ཤིག
ལགས་རེད། ལགས་རེད། རྒྱལ་བ་རིན་པོ་ཆེས་ཀྱང་། ཕྱེད་སྐུ་རྩེད་དང་བཅས། ༸གོང་ས་མཆོག་གིས། ཁོང་ཕྱེད་ཀ་མར་ཁི་སི་རིང་ལུགས་པ་དང་། ཕྱེད་ཀ་ནང་པ་སངས་རྒྱས་པ་ཡིན་པ་ཚར་གཅིག་ཙམ་མ་ཡིན་པར་ཡང་ཡང་གསུངས་ཡོད་རེད། ངས་ཀྱང་དངོས་སུ་ཐོས་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ཐེངས་མང་གོ་ཐོས་བྱུང་། ད་དུང་༸གོང་ས་མཆོག་གིས། ཛམ་གླིང་དཔལ་འབྱོར་ལམ་ལུགས་འདི། མ་རྩ་རིང་ལུགས་ལྟར་༼འགྲན་ནས་གསོག་༽དགོས་པ་དང་། མར་ཁེ་སེའི་སྤྱི་ཚོགས་རིང་ལུགས་ལྟར་༼ཆ་སྙོམས་བགོས་༽ནས་བེད་སྤྱད་དགོས་སྟངས་ཡང་ལན་མང་གསུངས་མྱོང་ཡོད་པ་རེད།
སྤོབས་མཐའ་ལགས་ཀྱིས་དམར་ཤོགས་རྒྱལ་ཁབ་ཁག་ནང་ལ་ཆགས་སྒོ་བྱུང་བ་དེ་ལྟ་གྲུབ་ཀྱི་སྐྱོན་མ་ཡིན་པར། ལྟ་གྲུབ་ལག་བསྟར་བྱེད་མཁན་གྱི་མིའི་ནོར་འཁྲུལ་ཡིན་པ་བཤད་ཀྱི་འདུག འོན་ཀྱང་དམར་པོའི་ལྟ་གྲུབ་འདི་བྱུང་བ་ནས་ད་ལྟའི་བར་ཚུལ་བཞིན་ལག་བསྟར་བྱེད་མཁན་འགོ་ཁྲིད་ཅིག་ཀྱང་བྱུང་ཡོད་མ་རེད་ཟེར་དགོས་ན་ཁག་པོ་མིན་ནམ། གལ་ཏེ་བྱུང་ཡོད་ན་དེའི་སྐབས་སུ་མི་མང་ལ་བདེ་སྐྱིད་ཐོབ་པའི་ལོ་རྒྱུས་ཤིག་ཅིའི་ཕྱིར་མེད་པ་རེད།
མའོ་ཙེ་ཏུང་གིས་བོད་རིགས་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་དཀར་ལགས་ལ་བཙན་གཡེམ་མ་བྱས་གོང་ནས། སྔར་བོད་ཀྱི་རྒྱ་རིགས་ཨ་བེན་དེ་ཚོས། བོད་ནང་ལ་བདག་པོ་ཡོད་པའི་བུད་མེད་ཚོ་ལ་བཙན་གཡེམ་བྱེད་ཡ་འགོ་བཙུགས་ཟིན་པ་ཡིན་པ་གོ་ཐོས་བྱུང་བས། དེ་ཚོ་བདེན་པ་རེད་པེ། དྲ་གྲོགས་བློ་ཟུ་བོར་གནས་པ་ཚོ།། །།