བོད་བཙན་པོའི་རྒྱལ་རབས་ལ་བགྲོ་གླེང་། Posted on 2014-03-022014-03-02 By ཁ་བརྡ་ 81 Comments on བོད་བཙན་པོའི་རྒྱལ་རབས་ལ་བགྲོ་གླེང་། གློག་བརྙན་།, ལོ་རྒྱུས།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཁས་དབང་དམ་པ་ངོ་མ་ཞིག་རེད་འདུག་བསམས་བསམས་འདྲ་ཞིག་བྱུང་།སྐད་ཆ་བཤད་སྟངས་དེ་དག་ཡིད་དབང་འཕྲོག་ཡ་འདྲ་ཞིག་འདུག བོད་བཙན་པོའི་རྒྱལ་རབས་ཆ་ཚང་བ་བྲིས་པར་ཐུགས་རྗེ་ཆེ། མི་འདི་འདྲ་ལ་མཁས་དབང་ཞེས་ཞུས་ན་འགྲིག་ས་རེད་དོ།།
འདྲི་བ་དྲི་མཁན་དེའི་རྒྱལ་རབ་ཀྱི་དོན་སྙིང་གང་ཡིན་པ་དེ་འདྲི་ཤེས་མི་འདུག། ཧ་གོ་དགོས་ཡ་གཙོ་བོ་རྒྱལ་རབ་དེ་རྩོམ་དགོས་པའི་རྒྱུ་མཚན་དང་དེས་དོན་སྙིང་དེ་རེད།
འབྲི་གུང་ཆེ་ཚང་ལ་སྤྲུལ་སྐུ་གཉིས་ཡོད་པ་ཚང་མས་ཤེས་རྒྱུ་གལ་ཆེན་པོ་རེད། གཅིག་ལ་དྭགས་ན་ཡོད། གཅིག་རྡེ་ར་རྡུན་ན་ཡོད་པ་རེད། འདི་གཉིས་པ་དེ་རེད།
སྐྱབས་མགོན་ཆེ་ཚང་ཞབས་ཀྱི་ཞལ་མཇལ་ལན་གཉིས་ཙམ་ཐོབ་པར་སྐལ་བ་བཟང་། དང་པོ་དེ། ༡༩༧༠པའི་དཀྱིལ་ཙམ་ལ་ཨ་རི་ནེཝ་ཇར་ཟི་རུ། སོག་པོ་དགེ་བཤེས་དབང་རྒྱལ་དགོན་པར་བོད་ནས་ཕེབས་མ་ཐག་པས་སྐྱ་ཆས་བཞེས་འདུག བདག་གི་སེམས་ལ་གཞན་ལྟར་ཨ་རིར་བཞུགས་ནས་ཕྱག་ལས་ཕལ་པ་འདྲ་མཛད་པར་བསམས་ཀྱང་། དེ་འདྲ་མ་ཡིན་པར་རྒྱ་གར་དུ་བྱོན་ཏེ། བོད་ཀྱི་རིག་གཞུང་དང་། འབྲི་གུང་གི་བསྟན་པ་རིན་པོ་ཆེའི་ཁུངས་འཛིན་པར་མཛད་དེ། འབྲི་གུང་པ་ལྟ་ཅི། བོད་པ་རྣམ་དཔྱོད་ཅན་ཡོངས་ཀྱི་མིག་དཔེར་བཞུགས་པ་ནི་ངོ་མཚར་མཆོག་ཏུ་བརྩི་དགོས་པ་ལགས། བོད་དུ་ང་དགུའི་ཟིང་འཁྲུགས་དང་། རྗེས་སུ་ཡང་དམར་པོའི་རིང་ལུགས་པའི་འོག་སྐུ་ངལ་ཆེ་ཙམ་བཞེས་དགོས་པ་བྱུང་ཡོད་ངེས། འབྲི་གུང་སྐྱབས་མགོན་ཡིན་ནམ། ལ་དྭགས་བླ་མ་སྟག་ཚང་རིན་པོ་ཆེ་འབྲི་གུང་ཕྱོགས་སུ་འཁྲུངས་པ་དེ་ཡིན་ཏན་ཏན་རང་མི་དྲན། བོད་བྱང་ཐང་དུ་རླངས་འཁོར་ཁ་ལོ་པ་བྱེད་དགོས་བྱུང་བ་ཐོས། སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ལན་གཉིས་པ། ༢༠༠༧ ལོར་ལ་དྭགས་ཕྱི་དབང་དུ་མཇལ། གང་གིས་བརྩམས་པའི། བོད་བཙན་པོའི་རྒྱལ་རབས། ཞེས་པ་དེ་དེབ་གསུམ་དུ་ཡོད་པའམ། དེབ་གཅིག་ཡིན་པ་གསུམ་དུ་བསྒྲིགས་པ་ཡིན་ནན་ཏན་མ་ཤེས། ཁ་བྱང་ཤེས་པ་ན། འདི་ཀའི་དཔེ་མཛོད་དུ་བྱིན་རླབས་ཀྱི་ཚུལ་དུ་བཞུགས་ཤིང་མ་འོངས་པ་ན་བོད་སྐད་ཡིག་ཤེས་མཁན་དག་གིས་ཀློག་པ་ལ་དེབ་དེ་ལེན་པར་མངགས་ངེས་ལགས་སོ།
གསར་འགོད་པ་ཁམས་སྐད་སྡེ་ཚན་གྱི་བློ་བཟང་ཆོས་འཕེལ་ལགས། ཟེར་བ་འདིའི་བོད་སྐད་ཤོད་སྟངས་འདི་ཧ་ལས་པ་ཡག་པོ་ཅིག་འདུག་སྙམ་ལགས།
རིག་འཛིན་དཔལ་དགྱེས་བ་རྡོ་རྗེ་ཟེར་བའི་མི་འདི། ངོ་དེབ་སོགས་ལ་སྤྲུལ་སྐུ་དབང་ཆེན། ཁ་བརྡའི་ནང་ཨ་ཕྱིའི་མིང་ཅན་དང་། ཕྲིན་ལས་ལྷུན་གྲུབ་སོགས་མིང་མི་འདྲ་བ་དུ་མ་འདུག་པས། ཆོལ་ཁ་དང་ཆོས་རྒྱུད་བར་དང་བླ་མ་སློབ་མའི་བར་བོད་འབངས་སྤྱི་ལ་མི་བདེ་སྐྲུག་ཤིང་རྒྱུན་མ་ཆད་བའི་ལས་སྟངས་ལ་ཚང་མས་དོ་སྣང་ཡོད་བར་ཞུ།
དབུས་གཙང་བ་དངོས་གནས་ཅིག་གིས་རང་གི་འདས་པའི་ལོ་རྒྱུས་ལ་བསམ་གཞིགས་ཡག་པོ་གནང་ནས། ཕྱག་ལས་ཡག་པོ་གནང་ཡོད་ས་རེད། དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། བོན་རྒྱལ་ལོ། དེབ་འདིའི་མདུན་ཤོག་རྒྱབ་ཤ་དེའི་འདྲ་པར་དེ་རྒྱ་གར་བའི་གྲུབ་ཆེན་འདྲ་པོ་ཞིག་བྲིས་གནང་འདུག་དེ་ལྟར་ཅིའི་ཕྱིར་བྲིས་པ་ཡིན་ནམ། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བོད་ཀྱི་རྒྱལ་རབས་རྣམས་ལ་ཆས་གོས་ཁྱད་པར་ཅན་དེ་འདྲ་ཡོད་པར་སེམས་ལོ་རྒྱུས་འགར་་་་དར་ལ་སེང་དཀར་མོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་་་་དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་་་ཟེར་བ་སོགས་འདུག འདི་ཚོའི་སྐོར་ལ་དགོངས་ཚུལ་གང་ཡོད་དམ། །
བོན་བདེན་པ་འདུག གཉའ་ཁྲིའི་རི་མོ་དེ་ལ་བལྟས་ན། བོད་གངས་རིའི་རྒྱལ་པོ་མིན་པར། རྒྱ་གར་ཚ་བའི་རོང་གི་རྒྱལ་པོ་བྱས་པ་འདྲ་པོ་འདུག འོནད་ཀྱང་འབྲི་གུང་ཆེ་ཚང་རིན་པོ་ཆེའི་བཙན་པོའི་རྒྱལ་རབས་དང་། དྲི་ལན་སོགས་ལ་བཀའ་དྲིན་ཆེའོ་ཞེས་ཞུ་རྒྱུ་ལས་མ་འདས།
ཨ་ཕྱིའི་ཆོས་སྒྲོན་ཟེར་མཁན་དེ། ངས་དང་པོ་འབྲི་གུང་ཡིན་ན་བསམ། ད་ལྟ་ཡོང་དུས་མིང་དོན་གཉིས་མ་མཚུངས་པ་འདྲ་ཡོང་འདུག་། མ་ཟད་འབྲི་གུང་ཁྲི་སྤྲུལ་བརྫུན་མ་ཞིག་ཡོད་སྐད་ཐོས། ལ་དྭགས་ཅོག་ལམ་སར་གྲོང་པའི་ཨ་འོ་ཡིན་པར་ཐོས་དེ་ཡིན་འདོག་བྱས་འདུག་བ། འབྲི་གུང་སྐྱབས་མགོན་གཉིས་ནི་གཅིག་བོད་ལ་ཡོད་པ་རེད་ཅེས་ཐོས། གཅིག་ཁོང་ལ་ཞུས་པ་རེང།
དེ་ག་རང་རེད། འབྲི་གུང་ཆེ་ཚང་ཚང་ལ་གཉིས་ལས་སུ་ཞིག་བདེན་དང་སུ་ཞིག་རྫུན་གང་ཤེས་གཉིས་ཀར་སྐུ་སྒེར་གྱིས་ཐག་བཅད་པ་ཞིག་རེད་འདུག་ག དེ་བས་འདི་བ་ཚང་ལ་སྲོག་འཚོ་བའི་ཆ་རྐྱེན་དང་བོ་ཡིན་པས་ཆོས་ལུགས་དད་མོས་ནི་མི་རྣམས་ཀྱི་ཉེར་མཁོ་རིམ་པ་བརྩིས་ན་གསུམ་ཙམ་ཡོད་འདུག མི་རྣམས་སྲོག་འཚོ་བའི་གཞི་རྩའི་སྟེང་ནས་ཆོས་ལུགས་ལ་དད་པ་བྱེད་དགོས་པས་བཟའ་བཏུང་ནི་མི་རྣམས་ཀྱི་ཉེར་མཁོ་དང་བོད་ནས་རྐང་རྩེད་པོ་ལོ་ཨང་དང་པོ་ཡིན་བཞག ། དེ་ཡང་བཟའ་བཏུང་ནི་མི་རྣམས་ཀྱི་ཐོན་བསྐྱེད་དང་འཚོ་བའི་ཆ་རྐྱེན་གནས་པའི་འཁོར་ཡུག་གི་ཆ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཡིན་པས་ཨ་རི་ནས་ཉ་ཁང་དང་ཟས་ཁང་ནས་ཏཻ་ལོ་པ་ནང་བཞིན་གནང་པ་ཨང་གཉིས་པ་རེད་ཟེར། བཙན་པོ་དང་ཉམ་ཆུང་གི་དད་པས་ལོ་རྒྱུས་རྩོམ་སྒྲིག་པའི་འོས་འགན་ལེགས་བཞེས་ཐོག་ཏུན་ཧང་གི་དཔེ་བཤུས་དེབ་གཟུགས་སུ་བསྒྲིགས་པ་ཕྱག་ལས་ཡག་ཤོས་དེ་ཨང་གསུམ་པ་རེད། ། ད་དུང་བཙན་པོ་དང་ཉམ་ཆུང་གི་སྲོལ་རྒྱུན་ཆད་མེད་པར་མངོན་འདུག་ག།
ད་རེས་ངོ་ནས་དྲང་ནས་སློབ་སྦྱོང་ཡག་པོ་ཞིག་རེག་སོང་། སྒོས་སུ་འུ་དུམ་བཙན་པོ་བཀྲོངས་རྗེས་བོད་ཀྱི་རྒྱལ་ཁབ་ཉམས་རྒུད་ཕྱིན་པའི་རྒྱུ་རྐྱེན་དེ་ག་རང་ཡིན་པར་ཐེ་ཚོམ་མི་འདུག དེང་སྐབས་ཀྱང་ཨ་མདོ་དང་ཁམས་ཀྱི་མཐའ་མཚམས་ཡུལ་ལུང་མཐའ་དག་བོན་ཆོས་ལ་དད་པ་བྱེད་མཁན་རང་རེད། ད་དུང་སྔར་མཎ་ཇུས་རྒྱལ་རོང་ལ་དམག་བརྒྱབ་ནས་གཡང་དྲུང་ལྷ་རྟེན་དགོན་བཅོམ་རྗེས། དགེ་ལུགས་པར་བསྒྱུར་བའང་བོད་པ་ནང་ཁུལ་གཅིག་གྱུར་ཡོང་གི་མི་འཇོག་པའི་ཐབས་ལམ་ཞིག་རེད།
བོད་ཀྱི་བཙན་པོ་དང་བློན་ཆེན་གཙོ་བོ་ཚོའི་ཆས་གོས་རྒྱན་ཆས་སོགས་ནི་འདྲ་རིས་གཟུགས་བརྙན་རྙིང་པའམ། ལོ་རྒྱུས་ཡིད་བརྟན་ཕེར་བར་ཞིབ་ཚགས་ཀྱིས་བྲིས་པ་དཀོན་པས་ཤེས་དཀའ་ཙམ་འདུག ཡིན་ན་ཡང་། ཐང་ཡིག་ཏུ། གདོང་ལ་ཚོན་དམར་པོ་བྱུགས་ཚུལ་སོགས་འབྱུང་བའི་སྟེང་དུ་རང་རེའི་ངག་རྒྱུན་ལ་ཡང་བོད་གདོང་དམར་ཅན་གྱི་ཡུལ་ཞེས་གྲགས་པ་ལས་གཞིག་ན་གདོང་ལ་ཚོན་དམར་པོ་བྱུགས་ཚུལ་འདི་ནི་བདེན་པར་ངེས། ཞྭ་མོ་ནི་ལ་ཐོད་ཅེས་པ་དེ་དེང་དུས་ཀྱི་ཨ་རབ་ཀྱི་སྐྱེས་པ་ཚོའི་མགོ་རས་དང་འདྲ་བ་ཞིག་ཡིན་ནམ་སྙམ། དེ་བཞིན་དུ་ལུས་ལ་ཡང་ནང་གྱོན་གྱི་སྟེང་དུ་རྐེད་རགས་མ་བཅིངས་པར་རས་གོས་རིང་པོ་ཕུ་དུང་ཁ་ཆེན་པོ་ཅན་བེར་ཞེས་པ་གྱོན་སྟངས་དེ་ཡང་ཨ་རབ་ཀྱི་སྐྱེས་པའི་གྱོན་ཆས་དང་ཆ་འདྲ་བ་འདུག
འུ་དུམ་བཙན་པོ་བཀྲོངས་པ་དང་བོད་དུ་འབངས་གྱེན་ལོག་གིས་དབུས་ཀྱི་སྲིད་གཞུང་ཉམས་པ་གཉིས་ནི་དུས་གཅིག་ལ་བྱུང་བ་ཞིག་མིན། འདིའི་ཐད་ལ་མང་པོས་གོ་བ་ཚུལ་བཞིན་མ་ལོན་པའམ། མཁར་རྨེའུ་བསམ་གཏན་གྱིས་བན་བོན་ཞེས་པའི་དགོས་མེད་དོན་ཆུང་ཕྱོགས་རིས་ཀྱིས་སངས་རྒྱས་ཆོས་ལུགས་ལ་འཁོན་ལན་རྩོད་པའི་ཆེད་དུ་ཆེད་དུ་བོད་ཀྱི་གྲྭ་བས་བོད་ཀྱི་སྲིད་གཞུང་གཏོར་ཚུལ་གྱི་གཏམ་འཆལ་བཀྲམས་པ་སོགས་ཀྱིས་འདིའི་ཐད་ལ་གོ་ནོར་ཐེབས་ཀྱིན་འདུག་པ་དེ་ལོ་རྒྱུས་དངོས་ཡོད་དང་མི་མཐུན། དར་མ་བཀྲོངས་པའི་ལོ་དེར་ཁོང་གི་སྲས་གཉིས་འཁྲུངས། ཁོང་གི་སྲས་གཉིས་དགུང་ལོ་ཉེར་གསུམ་དུ་སོན་པའི་དུས་སུ་འབངས་གྱེན་ལོག་བྱུང་། དར་མ་བཀྲོངས་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་ཡང་སོང་མེད། སྲས་གཉིས་པོ་ལོ་ན་མཉམ་པས་སུ་ཞིག་སྔོན་དུ་རྒྱལ་སར་བསྐོ་མི་བསྐོའི་ཐད་ལ་རྩོད་གླེང་བྱུང་བས་བཙན་པོའི་སྲིད་གཞུང་གི་སྟོབས་ཤུགས་ཉམས། འབངས་གྱེན་ལོག་གི་སྣེ་ཁྲིད་མཁན་དེ་ཚོ་ནི་ཡུམ་བརྟེན་གྱི་ཕྱོགས་གཏོགས་ཚོ་ཡིན་པ་འདྲ། ཐོག་མར་འོད་སྲུང་གི་ཕྱོགས་གཏོགས་ཚོས་དབུས་ཁུལ་དུ་དབང་བསྒྱུར་བྱེད་ཐུབ་འདུག་མོད་རིམ་གྱིས་ས་མ་ཟིན་པར་འབྲོས་དགོས་ཐུག་འདུག ཡུམ་བརྟེན་གྱི་ཕྱོགས་གཏོགས་ཚོར་ནུས་པ་དེ་ཙམ་མེད་ན་ཡང་རྗེས་སུ་ཡང་ལྷོ་ཁ་ཡས་མས་སུ་གནས་ཆགས་ཐུབ་པ་བྱུང་འདུག དེ་བཞིན་དུ་བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱིས་རྩོད་གཞི་དེ་ཡང་རྒྱལ་སྲིད་ལ་སུ་དབང་མིན་གྱི་རྩོད་གཞི་ལས་གཞན་གང་ཡང་མིན། ཉེ་ཆར་བྱུང་བའི་བལ་ཡུལ་གྱི་རྒྱལ་པོ་སྐུ་མཆེད་བར་གྱི་དོན་རྐྱེན་བསྡུར་ན་འདྲ་མཚུངས་ཀྱི་ཆ་བརྒྱ་ཆའི་བརྒྱད་ཅུ་ཏན་ཏན་ཡོད་པ་ཞིག་རེད། ལྷ་སྲས་དར་མ་དགུང་ན་བགྲེས་པ་དེ་ཡིན་ན་ཡང་། སྤྱོད་པ་ངན་པའི་ཆ་ནས་རྒྱལ་སྲིད་ལ་མ་བསྐོས་པར་གཞོན་པ་རལ་པ་ཅན་རྒྱལ་སྲིད་ལ་བསྐོས་པ་དེ་དར་མས་ནད་མ་ཁྱོགས་པར་རལ་པ་ཅན་རྐྱེན་ལམ་དུ་བཏང་བ་རེད།
འུ་དུམ་བཙན་པོ་བཀྲོངས་པ་ནི་རྗེས་སུ་བཙན་པོའི་སྲིད་གཞུང་འཇིག་པའི་རྐྱེན་དུ་གྱུར་བ་རེད། དེའང་རྣམ་པའི་ཆ་ནས་ཡུམ་བརྟན་དང་འོད་སྲུང་གཉིས་ཀྱི་ནང་ནས་སུ་ཞིག་རྒྱལ་སར་འགོད་མིན་རེད་དེ། དོན་ལ་བཙན་པོའི་ཕོ་བྲང་ནང་རྐང་ཚུགས་པའི་བན་བོན་སྟོབས་ཤུགས་ཀྱི་འགྲན་རྩོད་ཅིག་ཡིན། དཔེར་ན། འབངས་གྱེན་ལངས་ཀྱི་ཐོག་མ་མདོ་སྨད་ནས་དབས་ཁོར་གཞེར་གྱིས་བསླངས་པ་རེད། དབུས་ནས་བཙན་པོ་ཁག་ཅིག་གི་བང་སོ་བསྔོག་པ་རེད། བཙན་པོ་དེ་དག་ནང་ཆོས་དད་མཁན་རེད་དམ། ཡང་ན་བོན་ཆོས་དད་མཁན་རེད། དེ་ནས་ང་ཚོས་ལོ་རྒྱུས་ཀྱི་གདོང་རིས་ངོ་མ་དེ་མཐོང་ཐུབ་ནི་རེད།
ལྷ་སྡེ་གནམ་ལོ་ཡག་མཆོག་གིས་གསུངས་པ་དེ་དོན་དངོས་དང་མི་མཐུན་པའི་ཆ་འདུག ལྷ་སྲས་དར་མ་བཀྲོངས་པ་དང་བཙན་པོའི་སྲིད་དབང་ཉམས་པ་ལ་འབྲེལ་བ་གང་ཡང་མེད། བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱི་རྐྱེན་ངན་དེ་ནི་ཆོས་ལུགས་བར་གྱི་འཐབ་རྩོད་ལ་འབྲེལ་བ་གང་ཡང་མེད་པར་བཙན་པོའི་ཁྱིམ་ཚང་ནང་གི་རྩོད་རྙོགས་ཁོ་ན་ཡིན། གལ་སྲིད་ལྷ་སྲས་དར་མ་བོན་ལ་དགའ་མཁན་ཞིག་ཡིན་ན་ཁོས་བོན་གྱི་ལུགས་དར་རྒྱས་གཏོང་འོས་ན་ཡང་དེ་ལྟའི་ལོ་རྒྱུས་དང་དཔང་རྟགས་སྣ་གཅིག་ཀྱང་མཐོང་དུ་མེད། ལྷ་སྲས་དར་མ་བཀྲོང་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་མ་སོང་ཚུལ་ངས་གོང་དུ་བཤད་པ་དེ་རེད། བཙན་པོའི་སྲིད་གཞུང་ལ་ཉམས་རྒུད་ཐེབས་དོན་ནི་ཡུམ་བརྟེན་དང་འོད་སྲུང་བར་ལ་རྒྱལ་སྲིད་ལ་སུ་དབང་གི་རྩོད་རྙོགས་བྱུང་བ་དེར་ཐུག་ཡོད། དེ་ནི་དར་མ་བཀྲོངས་ནས་ལོ་ཉི་ཤུ་རྩ་གཉིས་ཀྱི་རྗེས་ལ་ཡིན། ཡུལ་ལུང་པ་གང་དང་གང་ཡིན་ན་ཡང་རྒྱལ་པོའི་ཁྱིམ་ཚང་དུ་དེ་ལྟ་བུའི་རྐྱེན་ངན་འབྱུང་བ་དེ་ལྟ་བུ་ཧ་ཅང་མང་།
སྤོབས་པ་ཕེབས་དག་སེལ་གནང་བར་དགའ་བསུ་ཡོད། དོན་ལ་འུ་དུམ་བཙན་པོ་བཀྲོངས་རྗེས། བཙན་པོའི་ཕོ་བྲང་ཕྱོགས་ཁག་གཉིས་སུ་གྱེས་ནས་ཡུམ་བརྟན་གྱིས་ལྷ་ས་ནས་སྲིད་བཟུང་བ་དང་། འོད་སྲུང་གིས་ཡར་ཀློང་ནས་སྲིད་བཟུང་བ་ནི་རྩོད་མེད་རེད། འོ་ན། འདི་ནི་བཙན་པོའི་སྲིད་དབང་འཇིག་བྱེད་ཀྱི་རྐྱེན་དུ་གྱུར་མེད་དམ།
བཙན་པོ་བཀྲོངས་པ་དང་བཙན་པོའི་སྲིད་གཞུང་ཉམས་རྒུད་གཉིས་ལ་འབྲེལ་བ་མེད་པའི་སྒྲུབ་བྱེད་ནི། བཙན་པོའི་སྲིད་གཞུང་ཞིག་རལ་དུ་སོང་དོན་དེ་བཙན་པོའི་ཁྱིམ་ཚང་ནང་ཁུལ་གྱི་རྐྱེན་ན་ཞིག་ལས་ཆོས་ལུགས་རྩོད་རྙོགས་ལ་འབྲེལ་བ་མི་འདུག ལྷ་སྲས་དར་མ་བཀྲོངས་པའི་ལོ་དེ་རང་ལ་སྲས་གཉིས་ཀ་འཁྲུངས་འདུག སྲས་གཉིས་ཀ་ལོ་ཉེར་གསུམ་མ་ཟིན་བར་དུ་འབངས་གྱེན་ལོག་བྱུང་མི་འདུག དེའི་བར་དུ་བཙན་པོའི་སྲིད་གཞུང་བརྟན་པོ་རེད། དེ་ནས་སྲས་གཉིས་ཀའི་མའི་ཕྱོགས་གཏོགས་ཀྱི་ཁྱིམ་རྒྱུད་དེ་ཚོས་འཁྲུགས་རྐྱེན་བསླངས་ཡོང་བ་ཞིག་རེད། དེ་ཡང་བཙན་པོའི་མིང་གནས་འཛིན་མཁན་གྱི་སྲས་ཀྱི་མ་ཡུམ་གྱི་ཕྱོགས་གཏོགས་གཉེན་ཉེ་དེ་འདྲར་ཞང་བློན་གྱི་གོ་གནས་ཐོབ་གི་ཡོད་པས་ཁོ་ཚོར་མཚོན་ན་སྲས་སུས་བཙན་པོའི་གོ་གནས་འཛིན་མི་འཛིན་དེ་གལ་གནད་ཆེན་པོ་རེད། ལྷ་སྲས་དར་མ་བཀྲོངས་རུང་མ་བཀྲོངས་རུང་གནད་དོན་དེ་སྔ་ཕྱི་མེད་པར་འབྱུང་རྒྱུ་ཞིག་རེད། དཔེར་ན། བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱི་རྐྱེན་ངན་ལྟ་བུ་རེད། མདོར་ན་ལྷ་སྲས་དར་མ་དང་ཁྲི་རལ་བའི་བར་གྱི་རྐྱེན་ངན་དང་། དར་མའི་སྲས་གཉིས་ཀྱི་བར་གྱི་རྩོད་རྙོགས་གང་ཡིན་རུང་འདི་ཁྱིམ་ཚང་ནང་ཁུལ་གྱི་གོ་གནས་ཐོབ་ཐང་གི་རྩོད་རྙོགས་ཤིག་མ་གཏོགས་ཆོས་ལུགས་ཕྱོགས་ཁག་གི་རྩོད་རྙོགས་ཤིག་མ་རེད།
གནམ་ལོ་ཡག་ལགས། བཙན་པོའི་བང་སོ་བསྔོགས་པ་ནི་ཆོས་ལུགས་ཀྱི་འཁྲུགས་རྩོད་ཅིག་མ་རེད། བང་སོའི་ནང་དུ་རྒྱུ་ནོར་ཕོན་ཆེན་སྦས་སྲོལ་ཡོད་པས་རྒྱུ་ནོར་ཐོབ་ཆེད་དུ་བསྔོགས་པ་རེད། ངོ་ལོག་པས་གཞུང་གི་དངོས་རྫས་བཅོམ་པ་ཙམ་རེད།
ད་མང་པོ་བཤད་མ་བཤད་མི་འདུག། བོད་བཙན་པོའི་བང་སོ་གཅིག་ཡར་བསྔོགས་ནས་གདུང་རུས་རགས་སོང་ན་་DNA་བརྟག་དཔྱད་བྱ་དགོས་ཀྱི་འདུག བོད་བཙན་པོའི་་་DNA་་་་དངོས་གནས་དེ་རྙེད་སོང་ན་ཞི་ནས་ང་ཚོས་གདུང་བརྒྱུད་ཡིན་ཟེར་མཁན་འདི་ཚོར་བརྟག་དཔྱད་བྱ་ཆོག་གི་རེད། དེ་དུས་ཚང་མར་ཡིད་ཆེས་འཕེར་བ་ཡོང་ངེས། །
བོན་པོའི་མངའ་ཁམས་སུ་་་་ཡ་ངལ་་་གྱི་བརྒྱུད་པ་དེ་དེང་སང་དོལ་པོའི་ཡུལ་དུ་བཞུགས་ཡོད་རེད། ལོ་རྒྱུས་ཁ་ཤས་ནང་་་ཡ་ངལ་་་གྱི་གདུང་བརྒྱུད་འདི་བོད་རྒྱལ་གཉའ་ཁྲི་བཙན་པོ་དང་སྤུན་མཆེད་ཀྱི་འབྲེལ་བ་ཡོད་རབས་བྲིས་འདུག། ཡ་ངལ་་་གྱི་བརྒྱུད་པ་འདི་གཉའ་ཁྲི་བཙན་པོ་ཐོག་མར་གནམ་ནས་དོག་ལ་ཕེབས་དུས་ཡབ་ཀྱིས་གསུངས་པ་ཇི་བཞིན་བསང་དང་སེལ་བྱས་ནས་སྣ་འདྲེན་དེ་ཡིན་ཟེར་ནས་བྲིས་འདུག། ཡ་ངལ་གྱི་བརྒྱུད་པ་འདི་ལ་དུས་ཕྱིས་བོན་གྱི་རྫོགས་ཆེན་ཉམས་ལེན་ཀྱི་གདམས་བརྒྱུད་ཀྱང་ཐུག་ཡོད་པ་རེད། དེ་ལ་་་ཡང་སྟོན་་་ཞེས་སུ་མཚན་ནས་བཀུར་བར་བྱེད།
་་་་་ དར་མ་བཀྲོངས་པའི་ལོ་དེར་ཁོང་གི་སྲས་གཉིས་འཁྲུངས། ཁོང་གི་སྲས་གཉིས་དགུང་ལོ་ཉེར་གསུམ་དུ་སོན་པའི་དུས་སུ་འབངས་གྱེན་ལོག་བྱུང་། དར་མ་བཀྲོངས་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་ཡང་སོང་མེད། ་་་་་ ་་་་་་ ལྷ་སྲས་དར་མ་དགུང་ན་བགྲེས་པ་དེ་ཡིན་ན་ཡང་། སྤྱོད་པ་ངན་པའི་ཆ་ནས་རྒྱལ་སྲིད་ལ་མ་བསྐོས་པར་གཞོན་པ་རལ་པ་ཅན་རྒྱལ་སྲིད་ལ་བསྐོས་པ་དེ་དར་མས་ནད་མ་ཁྱོགས་པར་རལ་པ་ཅན་རྐྱེན་ལམ་དུ་བཏང་བ་རེད། ་་་་་་
སྤོབས་པ་ལགས་ལ་བཀའ་འདྲི་གཉིས་ཞུ་གི་ཡིན། གལ་སྲིད་ལྷ་ལུང་དཔལ་རྡོར་གྱིས་སངས་རྒྱས་ཆོས་ལུགས་སྲུང་སྐྱོབ་ལ་ཁ་གཡར་ནས་འུ་དུམ་བཙན་པོ་བཀྲོངས་མེད་ན་བཙན་པོའི་ཕོ་བྲང་ནང་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་བྱུང་ཐུབ་ཀྱི་རེད་དམ། དེ་མིན་བཙན་པོ་བང་སོ་བསྔོག་དོན་རྒྱུ་ནོར་ཆེད་ཡིན་ན། ཅིའི་ཕྱིར་སྲོང་བཙན་སྒམ་པོའི་བང་སོ་མ་བསྔོག་པ་རེད་དམ།
Bonpo ཚང་གི་གསུངས་པ་ལྟར་བདེན་པ་རེད། ང་ཚོས་བོད་ཀྱི་ནང་བསྟན་རྒྱུད་འཛིན་ལ་ལས་ཐ་གཅིག་ཏུ་བོན་ལ་ལས་སྐྱོན་ཁ་ན་བཏགས་ཀྱིས་འདུག་ག་། དེ་ངས་ཀྱང་ངོས་ལེན། བོད་ཀྱི་རིགས་གཞུང་ཐམས་ཅད་དང། མ་ཟད་མོ་རྒྱབ་རྒྱུ་གཡང་འགུག་རྒྱུ། ལ་སོགས་པའི་ལེགས་ཆ་ཡང་ཡོད་རང་སྣ་རང་མ་བཏུབ་ཡག། སྐབས་རེ་ང་ཆོས་ཀྱི་ལུགས་ཀྱི་བྱེད་སྒོ་སོགས་རྒྱ་གར་ཧིནྡུའི་རིག་གཞུང་ལ་འདྲ་ཆོག་ན་། ང་རང་ཚོས་གདོད་མིའི་རུག་གཞུང་བོན་ལུགས་ལ་འདྲ་མི་ཆོག་པ་གང་རེད། གལ་ཏེ་འདྲ་ན་དེ་སྡུག་དགོས་རྒྱུ་དང་། ཡང་རྒྱ་གར་ལ་འདྲ་ན་ཡག་དགོས་རྒྱུ་གང་རེད། རང་གཞན་ཐམས་ཅད་ཐུགས་སྲོང་པོར་གནས་དགོས་ཡག་གལ་ཆེན། ང་རང་ནང་པ་ཡིན་མ་ཟད་སྔ་འགྱུར་རྙིང་མ་བ་ཡིན།
དར་མ་གཅེན་པོ་ཡིན་པ་དང་། སྤྱོད་ངན་ཡིན་པ་གཉིས་དངོས་གནས་ཡིན་ན། དར་མ་བཀྲོངས་ནས་ཆབ་སྲིབ་ལ་གནོད་པ་མིན་པར། ཁྲི་རལ་བཀྲོངས་ནས་ཆབ་སྲིད་ལ་གནོད་པར་ཤོད་དགོས། གཅེན་གཅུང་གསོད་རེས་དེ། བན་བོན་ཆོས་ལུགས་པ་གཉིས་ཀྱི་རྐྱེན་གྱིས་མིན་པར། རང་གི་ཡབ་རྒྱལ་པོའི་གོ་སའམ། རྒྱལ་སྲིད་ལ་མ་མཆམ་ནས་གཉིས་ཀར་རིམ་བཞིན་བཀྲོངས་པ་ཡིན་དགོས། དར་མའི་སྲས་འོད་སྲུང་ནི་གཉའ་ཁྲིའི་བརྒྱུད་པ་ཡིན་པ་ལ་རྩོད་པ་མེད་ཀྱང་། ཡུམ་བརྟན་གྱི་མ་ཡུམ་དེ་མ་ཡུམ་དངོས་གནས་མ་ཡིན་པར། བློན་པོས་མདང་སྐྱེས་བུ་ལ་སོ་ནི་སྐྱེས་འདུག་ཀྱང་ཡུམ་ལ་བརྟན་དུ་ཆུགས་ཞེས་པ་ལྟར། སྤྲང་ཕྲུག་ཉར་ནས་བྱུང་བས། བོད་བསིལ་བུར་ཐོར་བར་བཙུན་མོ་འདིས་གཡོ་བྱས་པ་ལ་ཐེ་ཚོམ་མེད་པ་ཅིག་རེད་མི་འདུག་གམ། དར་མའི་བཙུན་མོ་ཆེན་ཆུང་དང་རྒྱལ་སྲས་བདེན་རྫུན་དེ་གཉིས་ཀྱི་རྒྱབ་ཏུ་སྔར་གྱི་སྙིང་ནད་ཡོད་མཁན་ཞང་བློན་སོགས་སྤུན་གཉེན་དང་། བན་བོན་ཆོས་ལུགས་དང་། ཡུལ་ལུང་འཐེན་འཁྱེར་གྱིས་ལོ་ཉི་ཤུའི་རྗེས་ལ་འབངས་གྱེན་ལོག་གིས། བོད་བསིལ་བུར་ཐོར་བ་མིན་ནམ་སྙམ་ལགས།
བཀའ་ཐང་མི་ཤེས་པའི་རྙིང་མ་དང་ལོ་རྒྱུས་མི་ཤེས་པའི་མཁས་དབང་སོགས་དེང་དུས་མང་ནི་རེད། ཡིན་ན་ཡང་སྲོང་བཙན་སྐབས་སུ་བོན་བློན་རེ་ཤི་ན་རྟ་བརྒྱ་ས་འོག་ཏུ་བརྣན་པ་དང་ཛོ་སྟོང་གསོན་བསྲེག་བྱེད་སྲོལ་ཡོད་པ་འབྲི་གུང་ཆེ་ཚང་རིན་པོ་ཆེས་གསུངས་ན་སྔོན་མའི་བོན་པོ་ཚོའི་བདེན་དཔུང་ཞིག་རེད། གདོན་གཟུགས་བོན་གྱི་བསྟན་པ་ཡང་དེ་འདྲ་ཞིག་ལ་གོ་བ་ལེན་ཆོག་འདུག་སྙམ། ད་ལྟའི་ཉག་ཁོག་གི་བོན་ཆོས་དང་ཏུན་ཧོང་གི་ཡིག་ཉོབ་ཚང་མ་ལ་ཁས་ལེན་ཐུབ་མིན་སོ་སོའི་དཔྱོད།
ལྷ་སྲས་དར་མ་བཀྲོངས་བར་མ་ཟད་་་བདུད་རེད་བསྒྲགས། མགོ་ལ་གླང་རྭ་སྐྱེས་འདུག་བསྒྲགས། སྐབས་དེ་དུས་བོད་འབངས་རྣམས་ཀྱིས་དར་མའི་སྲས་ལ་གུས་བཀུར་བྱས་ཀྱི་རེད་དམ། མགོ་ལ་གླང་རྭ་སྐྱེས་པའི་བདུད་རྒན་ཞིག་གི་བུ་ཡིས་རྒྱལ་པོ་བྱེད་ཐབས་ཡོད་རེད་དམ། དཔེར་ན། དེང་སང་ཤུགས་ལྡན་ཚོགས་པའི་ཚོགས་མི་ཞིག་བཀའ་བློན་ཁྲི་པ་ལ་སླེབས་ཐུབ་ཀྱི་རེད་དམ། ཡོང་མི་སྲིད་པ་རེད། ཁོང་ཚོ་འདྲེ་བརྟེན་མཁན་རེད་བ། རྨོངས་དད་ཅན་གྱི་བོད་མི་ཚོས་དུས་ནམ་ཡང་ཁས་ལེན་གྱི་མ་རེད། གནད་དོན་འདི་དང་གཅིག་པ་གཅིག་རྐྱང་རེད། འུ་དུམ་བཙན་པོའི་སྲས་གཉིས་ཀྱིས་བོད་ཀྱི་རྒྱལ་ས་འཛིན་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ཆོས་ལུགས་པས་རྫུན་བསྒྲགས་བྱས་པའི་རྐྱེན་གྱིས་འབངས་མི་སེར་ཚོས་འུ་དུམ་བཙན་པོ་མགོ་རྭ་སྐྱེས་པའི་བདུད་རེད་བསམས་ནས་འབངས་མི་སེར་གྱི་བློ་དཀར་བོད་བཙན་པོའི་གཞུང་ལ་བློ་ལོག་པ་རེད། དེའི་ཕྱིར། འབངས་གྱེན་ལངས་བྱུང་བ་རེད། འབངས་མི་སེར་གྱི་བློ་དཀར་བོད་བཙན་པོའི་རྒྱལ་རྒྱུད་དང་བཙན་པོའི་གཞུང་ལ་ཡོད་ན་གྱེན་ལངས་བྱས་དོན་ཡོད་མ་རེད། ད་དུང་་་མ་ཉེས་ཁ་གཡོགས་བྱས་ཀྱི་འདུག ཁྲི་རལ་བཀྲོངས་པའི་རྒྱུ་མཚན་འུ་དུམ་བཙན་པོ་རྒྱལ་པོའི་ཁྲི་ལ་རྔམ་དྲག་ནས་ཡིན་མདོག་མདོག་བཤད་ཀྱི་འདུག ཁྱོད་ཚོ་ལ་ཁུངས་དང་ལུང་ག་རེ་ཡོད་དམ། ཆོས་ལུགས་ཀྱི་ནད་ངན་ཡོད་པའི་མྱི་ཁྱོད་ཚོས་དུས་ནམ་ཡང་ལོ་རྒྱུས་དྲང་པོ་བཤད་ཀིན་མ་རེད། ཁྱོད་ཚོ་ཁྲི་རལ་ལ་དགའ་མདོག་བྱས་ཀྱི་རེད། ཁྲི་རལ་གྱིས་འགྲོ་བ་མིའི་རིགས་ཀྱིས་བཟོད་ཐབས་དཀའ་ངལ་བའི་རྒྱལ་ཁྲིམས་བཟོ་པ་རེད། གྲྭ་པ་ལ་མིག་ལོག་བལྟས་ན་མིག་བཏོན། ཁ་བཏངས་ན་ལྕེ་གཅོད། གྲྭ་པ་རེ་ལ་ཁྱིམ་ཚང་བདུན་རེ་བྲན་གཡོག་སྤྲད། ཁྲིམས་ལུགས་ངན་པ་དེ་འདྲ་བཟོ་མཁན་གྱི་རྒྱལ་པོ་ཞིག་ཚེ་ཐག་རིང་པོ་བསྡད་དོན་ཡོད་པ་མ་རེད།
བོན་པོ་རྣམས་བོད་བཙན་པོའི་རྒྱལ་རྒྱུད་ལ་ཡིད་ཐང་ཆད་སོང་བ་ནི་ཐུགས་ཁག་རྩ་བ་ནས་མེད་པ་ཞིག་རེད། བོད་རྒྱལ་ཁྲི་རལ་པ་ལགས་ཀྱིས་ཤཀྱའི་ཆོས་ལ་ཨ་གསར་བྱས་ནས་ཕ་མེས་ཀྱི་བོན་པོའི་ཆོས་ལུགས་པ་རྣམས་ལ་ཕོག་ཐུག་བཟོས། བོན་པོ་སེམས་ཕམ་ནས་བོད་རྒྱལ་ཁབ་ཀྱི་གནད་དོན་ཐོག་ཏུ་འགན་མ་ཁུར་པ་དང་། ཤཀྱའི་ཆོས་ལུགས་པ་ཚོས་གོ་སྐབས་ཟིན་ནས་བོད་ཀྱི་བཙན་པོ་འུ་དུམ་བདུད་ལ་སྒྱུར་ནས་བོད་ཁམས་སིལ་བུ་ཐོར་སོང་བ་ནི་དངོས་ཡོད་གནས་ཚུལ་རེད་འདོད་དོ།།
ཐང་བོད་གཉིས་ཀྱིས་སྤྱི་ལོ་༨༢༢་ལོར་ལྷ་ས་ལ་མནའ་གན་བཞག་པའི་སྐབས་སུ་་་ཉི་ཟླ་སྐར་གསུམ་ལ་དཔང་བཙུགས་ནས་མནའ་བསྐྱལ་འདུག སྐབས་དེར་དུས་བོད་ཀྱི་རྒྱལ་བློན་མང་ཤོས་བོན་པོ་ཡིན་པ་ནི་རྟགས་འདིས་གྲུབ། མདོ་དོན་་་བོད་བཙན་པོའི་སྐབས་སུ་བོན་ཆོས་བྱས་ནས་དམར་མཆོད་ཕུལ་ཡོད་ནའང་འདྲ། ག་རེ་བྱས་ཀྱི་ཡོད་ནའང་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ལྷུང་མེད། ཆོས་དང་ཆབ་སྲིད། དཔལ་འབྱོར་དང་དམག། མི་འབོར། ཕྱོགས་གང་ལ་བལྟས་ཀྱང་སྤོབས་པ་སྐྱེས་འོང་བ་ཞིག་ཡིན། ཤཀྱའི་ཆོས་ལུགས་པའི་བཀོར་གཟན་ཚོས་ཡུལ་ལུང་གྱི་དབང་ཆ་ཟིན་པ་ནས་བཟུང་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ལྷུང་སོང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་བཞིན་ཡོད།
བོན་མཁས་པ་ཅོ་རི་ལ་འདྲི་བ་གཅིག་ཞུ། ད་ལྟའི་བོན་བཀའ་བརྟེན་འདི་བདེན་པ་ཡིན་ནམ། དེ་དུས་རྟ་བརྒྱ་ཛོ་སྟོང་དམར་གསོད་ཀྱི་སྲོལ་དེ་གཤིན་རབ་ཀྱིས་གསུངས་པ་ཡིན་ནམ། གཟུར་གནས་བྱོས་ཨ། དེས་གང་མཚོན་ན་སྔོན་མར་བོན་ལ་ད་ལྟའི་བོན་ལུགས་བཀའ་བརྟེན་དེ་ནང་ཆོས་ལས་བརྐུ་བཤུས་དམར་རྗེན་དུ་སྟོན་པ་རེད་མ་རེད། དེ་མིན་ན་དམ་བཅའ་ཚཚཚ རྩ་བའི་དམ་བཅའ་ཚཚཚ གོང་དུ་མཆོག་གིས་་་་་་ 1 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།: March 2nd, 2014 at 12:08 PM བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཁས་དབང་དམ་པ་ངོ་མ་ཞིག་རེད་འདུག་བསམས་བསམས་འདྲ་ཞིག་བྱུང་།སྐད་ཆ་བཤད་སྟངས་དེ་དག་ཡིད་དབང་འཕྲོག་ཡ་འདྲ་ཞིག་འདུག བོད་བཙན་པོའི་རྒྱལ་རབས་ཆ་ཚང་བ་བྲིས་པར་ཐུགས་རྗེ་ཆེ། མི་འདི་འདྲ་ལ་མཁས་དབང་ཞེས་ཞུས་ན་འགྲིག་ས་རེད་དོ།།
གདོད་མའི་བོན་པོ་ཚོས་དམར་མཆོད་ཕུལ་གྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ཧང་སང་མདོག་དང་ཧོན་ཐོར་མདོག་བྱེད་དགོས་པ་ཅང་ཡོད་མ་རེད། གཅིག་རེད། ང་ཅོ་རི་བོན་པོ་མིན། བོན་ཆོས་སྐོར་ལ་སློབ་སྦྱོང་བྱས་མྱོང་མེད།་བསྟན་པ་ཤེར་རབ་ཀྱིས་ག་རེ་གསུངས་ཡོད་མེད་མི་ཤེས། ་ ཤཀྱའི་ཆོས་ལུགས་པ་ཕུང་འདྲེ་ལྷ་ལུང་ཁོས་བོད་ཀྱི་རྒྱལ་པོ་མདའ་མཆོད་ཕུལ་བཞག་པ་རེད། དུས་དེ་བཟུང་ནས་ཤཀྱའི་ཆོས་ལུགས་པ་ཚོས་བོད་འབངས་དམར་གསོད་བྱས་པ་ནི་བོན་པོས་དུར་འགྲོ་དམར་མཆོད་ཕུལ་པ་ལས་མང་མེད་ན་ཉུང་མེད་པ་དངོས་ཡོད་ཡིན།
ཆེ་ཚང་བླ་མ་མཁས་དབང་ཡིན་ས་རེད་ཟེར་བའི་རྒྱུ་མཚན་་་ཁོང་གིས་རྒྱལ་ཪབས་བྲིས་དུས་ཧྥི་རན་སིའི་དཔེ་མཛོད་ནང་དུ་ཡོད་པའི་ཏུང་ཧོང་གི་ཡིག་རྙིང་དང་། ཐད་ཝན་དུ་ཡོད་པའི་རྒྱའི་རྒྱལ་རབས་ཁག་ལ་ཞིབ་འཇུག་བྱས་ནས་བྲིས་ཡོད་གསུངས་ཀྱི་འདུག་བ། ངོ་མ་ཡག་པོ་རེད། ཧྥི་རན་སིའི་དཔེ་མཛོད་ནང་གི་ཏུང་ཧོང་ཡིག་རྙིང་རྣམས་མཇལ་པའི་གོ་སྐབས་བྱུང་བ་ཙམ་གྱིས་ཡག་པོ་རེད། མི་མཁས་པ་ཞིག་མིན་ན་ཏུང་ཧོང་གི་ཡིག་རྙིང་ཀློག་ཤེས་ཀིན་མ་རེད། གོ་བ་ལེན་ཤེས་ཀྱི་ཁག་པོ་རེད་དོ། ཨ་ཕྱི་ཁྱོད་རང་གིས་ཡོན་ཏན་ཅན་གྱི་མི་ལ་ཕྲག་དོག་མ་བྱེད། དེ་ལས་བསླབ་བྱ་ལེན་གང་ཐུབ་བྱོས།
གནམ་ལོ་ཡག་གིས་ཡག་པོ་གསུངས་འདུག གང་ལྟར་སངས་བསྟན་འདི་བོད་ལ་དར་ནས་བོད་པ་ཉམས་རྒུད་ཀྱི་འགོ་ཚུགས་པ་གསལ་པོ་རེད། བདེན་པ་ནི་བདེན་པ་རང་ཡིན་པས་ཁས་ལེན་མི་བྱེད་ཐབས་མེད་རེད།
གལ་ཏེ་མཁས་དབང་ཡིན་ན་བོན་པོ་ལ་གཅིག་ཟེར་ཡོང་དུས་བླུན་པོ་ཆགས་འགྲོ་གི་མ་རེད་ཀོ མི་རེ་ཤི་ན་རྟ་བརྒྱ་ཛོ་སྟོང་བསད་པའི་སྲོལ་ངན་དེ་གང་ནས་བྱུང་བར་ཞིབ་འཇུག་གནང་འདུག ཡག་པོ་རེད། ཡི་རང་ཡོད། ནང་བསྟན་ལ་དེ་འདྲ་མེད་པ་བདེན་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཅི་འདྲའི་རླབས་ཆེན་ཡིན་པ་ང་འདྲ་བརྗོད་མི་དགོས་པར་བཤམས་བཞགས་ཡོད་པ་རེད།
མི་རེ་ཤི་དུས་རྟ་བརྒྱ་མཛོ་སྟོང་གསོད་དགོས་ཀྱི་ཡོད་ན་ལོ་གཅིག་ལ་མི་བརྒྱ་ཤི་པའི་དབང་བཏང་ན་་་རྟ་ཁྲི་དང་མཛོ་འབུམ་གཅིག་གསོད་དགོས་རེད། ་་ཧཧཧ ཅི་འདྲ་བོན་པོ་དེ་ཚོ་རྒྱུ་སྟོགས་ཆེ་བ་ལ་ཨང་། རྟ་མཛོ་མང་མདོག་ཡོད། འདི་ཙམ་དཔྱད་ཐུབ་པའི་རིག་པ་ཞིག་མེད་ན་་་ལོ་རྒྱུས་ལ་དཔྱོད་ཐུབ་ཀིན་མ་རེད། མི་གཅིག་ཤི་དུས་རྟ་མཛོ་རེ་ཟ་བསྡད་མཁན་ཤཀྱའི་ཆོས་ལུགས་པའི་བཀོར་གཟན་ཚོ་རེད་ད། མི་རེ་ཤི་དུས་འབྲོག་པ་ཚོས་རྟ་སྒ་སྟན་དང་བཅས་པ་རེ་བཀོར་གཟན་ཚོ་ལ་ཕུལ་གྱི་རེད།་་་ཧཧཧ
གང་ལྟར་མ་ལྟར། སངས་རྒྱས་ཆོས་ཡིག། སངས་རྒྱས་བསྟན་མཁར། སངས་རྒྱས་བྱང་སེམས། གཞན་ལ་མེད་པ། བོད་ལ་ཡོད་པ། ཡོད་པས་མ་ཚད། བོད་མི་ཙམ་མ་ཟད་འཇིག་རྟེན་འགྲོ་དྲུག་ལ་དགོས་བ་མང་པོ་ཞིག། ནང་བསྟན་རྒྱུད་ནས་རག་པ་དང་། འགྲོ་མི་ཡོངས་ལ་ངོམས་སོ་བྱེད་ཡ་ཡོད་པ་ཞིག་རེད། ཡོ་རུབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་རྫོགས་སྟངས་ལ་ལྟོས་ན། རྒྱལ་ཁབ་རྨས་མེད། ཆགས་འཇིག་གི་གི་རིམ་མ་རྒྱུད་པ་ཞིག་མཐོང་ཡ་མི་འདུག་གོ། ཆོས་མེད་ལྷ་མེད་སྨྲ་བ་ཚོས། ཆོས་དར་ཚུན་ནས་བྱུང་བའི་བོད་ཀྱི་དམགས་སྟོབས་དང་གཡུལ་འབྱེད་དེ་ཚོ་ལ་ལྟོས་དང་། དེ་ནས་དོན་དངོས་ཅི་འདྲ་ཞིག་ཡིན་མིན་ཤེས་བ། དེ་མིན། འབངས་གྱེན་ལངས་བྱུང་བ་དེ་བོན་པོ་ཚོས་གོ་སྐབས་བཟུང་ནས་བྱུང་བ་ཞིག་ཡིན་ན། བོན་ཆོས་མ་འགྲིག་པའི་ནག་ཉེ་ཆེན་པོ་མི་འདུག་གམ། ཁོ་རེ་ཚོ།
བན་དེའི་བསམ་ཡས་དགོན་པའི་མཁན་རབས་དགུ་པ་ལྷ་ལུང་དཔལ་རྡོར་གྱིས། བོད་རྒྱལ་ཁབ་ཀྱི་བཙན་པོ་ཞེ་གཉིས་པ་ལྷ་སྲས་དར་མ་བཀྲོངས་ནས་གངས་ཅན་བོད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་གྱོང་གུད་ཆེན་པོ་ག་ཚོད་རགས་ཡོད་མེད་དེ། ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པའི་་བྱུང་རབས་རིག་པ་ཟེར་བ་དེར་ཡག་པོ་བྱས་ནས་ཉོན་དང་ཕལ་ཆེར་ཁྱེད་ཚོས་ཤེས་ས་རེད། གནའ་རབས་བོད་ཀྱི་རྒྱལ་བློན་དེ་ཚོའི་བང་སོའི་ནང་དུ་རྟ་སོགས་སེམས་ཅན་སྦས་སྲོལ་ཡོད་པ་དེ་ཆོས་ལུགས་ཤིག་མ་རེད་ཟེར་ནས་མཁས་པ་མང་པོས་གསུངས་འདུག ལྷག་དོན་དུ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསུངས་བཞག་ཁྱེད་རང་ཚོས་གཟིགས་འདོད་ན་ངས་སྟོན་ཆོག ལུགས་སྲོལ་དེ་ཚོ་ཨ་རབ་དང་རྒྱ་དཀར་ནག་ཨི་ཇབ་སོགས་གནའ་བོའི་སྐད་གྲགས་ཅན་གྱི་རྒྱལ་ཁབ་ཕལ་ཆེར་ནང་ཡོད་པའི་གནས་ཚུལ་ཞིག་རེད། དེ་ཚོ་ཚང་མ་བོན་པོའི་ཆོས་ལུགས་ལས་བྱུང་བ་རེད་ཟེར་ནས་བཤད་ན་སུས་ཀྱང་བདེན་པར་མི་འཛིན་ནོ། ཁྱེད་བན་རྒན་ཆགས་སྡང་ཅན་ཚོས་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་བཤད་ན་ག་འདྲ་ཡོང་ངམ། །
བཙན་པོའི་རྒྱལ་རབས་གལ་ཆེན་ད་ཡིན་རྒྱུ་རེད།་དེ་ལས་༡༧༠༠་སྨད་ནས་བོད་མ་ཤོར་སྔོན་གྱི་ལོ་རྒྱུས་རེ་འབྲི་མཁན་ཡོད་ན་བློ་སྒོ་འབྱེད་ས་རེད།
མཁྱེན་ལྡན་གནམ་ལོ་ཡག་ལ་ངས་ལན་ཞིག་བརྒྱག་ཟེར་དུས་ཕལ་ཆེར་སྤྱན་རས་གཟིགས་ལ་མ་ཎིའི་ལུང་བཏོན་པའི་དཔེ་རེད། ཡིན་ན་ཡང་། དཔེ་ཀློག་རེ་བྱས་འབྲས་ཀྱི་བསམ་ཚུལ་དེ་འདི་འདྲ་ཡིན་ལགས། སྤྱིར་ན་ལྷ་སྲས་དར་མ་ལ་འཇོན་ཐང་མེད་པ་དེ་བོད་ནང་ཁུལ་གྱི་ཆོས་ལུགས་ཀྱི་ཆགས་སྡང་བྱས་པ་ཙམ་མིན་པར་མི་རིགས་གཞན་གྱིས་བྲིས་པའི་ལོ་རྒྱུས་ཐང་ཡིག་སོགས་ན་ཡང་གསལ་པོ་རེད། ལྷ་སྲས་དར་མ་བཀྲོངས་སྟངས་དེ་ང་རང་ཚོའི་སྲོལ་རྒྱུན་གྱི་སྒྲུང་གཏམ་འདྲ་བོ་དེར་ཡིད་ཆེས་བྱེད་རིན་ཆེར་མི་འདུག བྲག་ཡེར་པ་ལ་ཡོད་པའི་བླ་རྒན་འཚམས་པ་ཞིག་གློ་བུར་དུ་བརྒྱུགས་ཡོང་ནས་བཙན་པོ་གཅིག་པུས་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་སུ་མདའ་བརྒྱབ་ནས་བསད་ཟེར་བ་དེ་རྣ་བར་འགྲོ་བ་ཞིག་མིན། སྐབས་དེར་བཙན་པོའིི་སྲིད་གཞུང་གིས་བཙན་པོའི་སྐུ་སྲུང་ལ་དམག་སྟོང་སྡེ་བཞི་བསྐོ་བཞག་བྱས་ཡོད། སྟོང་སྡེ་ཟེར་བ་དེ་དམག་ཤོག་གི་མིང་འདོགས་སྟངས་མ་གཏོགས་དོན་དུ་དམག་མི་ཁྲི་ཁ་ཤས་ཏན་ཏན་ཡོད་པ་རེད། ལྷ་སྲས་དར་མ་བཀྲོངས་སྟངས་དེ་ལ་ནང་ཁུལ་གྱི་བློན་ཆེན་གྲས་གྲས་ཀྱིས་གཞི་རྒྱ་ཧ་ཅང་ཆེ་བའི་གྲ་བསྒྲིགས་བྱས་ཡོད་པར་ཐག་གཅོད་ནུས་པ་རེད། ལྷ་སྲས་དར་མ་མ་བཀྲོང་ན་ཁོང་གི་སྲས་གཉིས་པོའི་བར་གྱི་གཞི་རྒྱ་ཆེ་བའི་འགལ་བ་འབྱུང་བ་དེ་ཕལ་ཆེར་བརྒྱ་ཆ་བརྒྱ་ཐམས་པ་ཐག་ཆོད་པ་ཞིག་རེད། དར་མ་ལ་འཇོན་ཐང་མེད་སྟབས་ཕོ་བྲང་ནང་དུ་སྟངས་འཛིན་ལེགས་པོ་མི་ཡོང་བ་དང་། སྐབས་དེར་སྟབས་མ་ལེགས་པར་མུ་གེ་དང་ནད་ཡམ་བྱུང་བ་རེད། ཀྱེད་ཚོས་བཤད་པ་ལྟར་ཆོས་ལུགས་ཀྱིས་དཔལ་འབྱོར་ལ་གནོད་པ་ལས་ལྡོག་སྟེ་ཆོས་བསྣུབས་པའི་རྗེས་ཐོག་ཏུ་མུ་གེ་དང་ནད་ཡམ་ངན་པ་བྱུང་བ་ལོ་རྒྱུས་སུ་གསལ་འདུག ལྷག་པར་སྲས་གཉིས་དགུང་མཉམ་ཡིན་པས་དེ་ལས་ཀྱང་ལྷ་སྲས་དར་མའི་བཙུན་མོ་གཉིས་ཀྱི་ཕ་མིང་གི་ཕྱོགས་ནས་འཁྲུག་གཞི་སློང་བར་གཞི་རྩ་སྡུག་པོ་ཞིག་ཡོད། བང་སོ་བྲུས་པ་དེ་ལ་ཆོས་ལུགས་ཀྱི་འགལ་བ་དང་འབྲེལ་བ་སྤུ་ཙམ་ཡང་མེད། བང་སོ་ཚང་མ་རུས་རྒྱུད་ཚོ་བ་ཆེ་གྲས་དེ་ཚོས་བགོ་བཤའ་བརྒྱབ་ནས་བྲུས་པ་རེད། བཙན་པོའི་གྲས་ཁྲི་སྲོང་དང་ཁྲི་རལ་བང་སོ་སོགས་ཀྱང་ལྟ་ཉན་མེད་པར་བྲུས་པ་རེད། སྲོང་བཙན་བང་སོ་དེ་འབྲོ་དང་ཅོག་གི་རུས་ཚོ་གཉིས་ལ་ཐོབ་ནས་རྒྱུ་རྐྱེན་གང་ཞིག་གིས་ཡིན་ནམ་གནས་སྐབས་རིང་ལ་འབྲུ་མ་ཐུབ་པར་ལུས་ན་ཡང་རྗེས་སུ་བྲུས་པ་རེད། འབངས་གྱེན་ལོག་འདི་ནི་བློན་ཆེན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་ཟེར་བའི་འཇོན་ཐང་ཅན་ཞིག་བཙན་པོའི་སྲིད་གཞུང་གིས་སྲོག་ཁྲིམས་ལ་སྦྱར་མྱོང་བ་རེད། དེ་ནས་བཟུངས་དེའི་ཕྱོགས་གཏོགས་མང་པོ་ཞིག་གིས་བཙན་པོའི་སྲིད་གཞུང་ལ་སྙིང་ནད་བཅངས་ཡོད་འདུག རྗེས་སུ་ལྷ་སྲས་དར་མའི་སྲས་གཉིས་པོ་རྒྱལ་ས་ལ་མ་འཆམས་པར་དབུ་གཡོར་འཁྲུག་པ་བྱུང་བའི་སྐབས་དང་བསྟུན་ནས་བྲན་ཁ་དཔལ་གྱི་ཡོན་ཏན་གྱི་ཕྱོགས་གཏོགས་ཚོས་སྣེ་ཁྲིད་ནས་བཙན་པོའི་སྲིག་གཞུང་ལ་གྱེན་ལོག་བྱས་པ་དེ་ཡང་བཙན་པོའི་སྲིད་གཞུང་འཇིག་པའི་རྒྱུ་རྐྱེན་གཅིག་རེད།
Bonpoལགས། རྟ་ཟོག་སེམས་ཅན་གྱིས་དུར་སྦས་བྱེད་སྲོལ་དེ་གནའ་བོའི་ཆོས་ལུགས་མང་པོའི་སྲོལ་ལ་ཡོད་པ་རེད།་རྒྱ་དཀར་ནག་ཨ་རབ་ལྷོ་ཨ་མེ་རི་ཁ་སོགས་ག་ས་གང་ལ་འདུག དེ་ནི་དོན་དུ་གནའ་བོའི་ཤ་མེན་ལུགས་ཀྱི་སྲོལ་རྒྱུན་ཞིག་རེད། བོད་ལ་ཤ་མེན་ཆོས་ལུགས་ཡིན་ནམ་གང་ལྟར་ཡང་ཉི་ཟླ་གཟའ་སྐར་ལ་སྐྱབས་སུ་སོང་། རྟ་ཟོག་སེམས་ཅན་དམར་མཆོད་བྱེད། གཡག་བསད་པའི་ཀོ་བ་ཀྲག་གིས་གོས་པའི་སྟེང་དུ་གོམ་པ་སྤོས་ནས་མནའ་སྐྱེལ་སྲོལ་སོགས་ནི་ད་དུང་ཡང་ཕལ་ཆེར་ཡོད་པ་ལྟ་བུ་རེད། དེ་ནི་ང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ངོ་མ་དེ་རེད། མིང་ལ་ཅི་ཞིག་འདོགས་ཀིན་ཡོད་མི་ཤེས། མ་གཞི་དུས་རབས་བཅུ་པའི་གོང་ལ་བོད་ལ་བོན་ཟེར་བ་ཞིག་ཡོད་མེད་དཔྱད་གཞི་རེད། ལྷག་པར་ཡང་ད་ལྟའི་བོན་གྱི་བཀའ་བསྟན་དུ་གྲགས་པའི་དཔེ་ཚོགས་དེ་ཚོ་ནི་དུས་རབས་བཅུ་པའི་སྔོན་ལ་མེད་པར་ཐག་གཅོད་ནུས་པ་ཞིག་རེད།
ད་ག་ལེར་གསལ་ཁ་ཆགས་ཡོང་གི་འདུག བཀའ་དྲིན་ཆེ། འོ་ན། བཙན་པོའི་ཕོ་བྲང་ནང་གི་མཐོ་རིམ་མི་སྣ་དང་ལྷ་ལུང་དཔལ་རྡོར་ལག་འབྲེལ་བྱས་པའི་མཐོ་རིམ་མི་སྣ་དེ་དག་གི་རྒྱབ་ལྗོངས་གང་རེད་དམ། གལ་སྲིད་འུ་དུམ་བཙན་པོར་འཇོན་ཐང་མེད་ཚེ་རྒྱལ་སྲིད་ལོ༤༠ལྷག་ལ་བཟུང་ཡོད་པས་སྲོང་བཙན་སྒམ་པོ་ལས་ཀྱང་རིང་བོ་ཆགས་ཡོད་སྟབས། འཇོན་མིན་དེ་ཇི་ལྟར་ཤེས་ཀྱི་ཡོད་དམ།
ལྷ་སྡེ་གནམ་ལོ་ཡག་ལགས། ལྷ་སྲས་དར་མས་ལོ་དྲུག་མ་གཏོགས་རྒྱལ་ས་བཟུང་མེད། དེའི་རིང་ལ་ཡང་བཀྲ་ཤིས་པ་ཞིག་བྱུང་མེད་ཚུལ་ཐང་ཡིག་ལ་ཡང་གསལ་འདུག ན་ན་ཚ་ཚ་ངོ་མ་དེ་ལྷ་སྲས་དར་མའི་བཀོད་བྱུས་ཀྱི་འོག་ཏུ་བཙན་པོ་རལ་བ་ཅན་བཀྲོངས་པ་རེད། རལ་བ་ཅན་གྱི་ཕྱོགས་གཏོགས་ཚོའི་བཀོད་བྱུས་འོག་ཏུ་དར་མ་བཀྲོངས་པ་རེད། འདི་ཚོ་ཚང་མ་ཁྱིམ་ཚང་ནང་གི་སྲིད་དབང་གི་འཐབ་རྩོད་ལས་ལྷག་ཅིག་མ་རེད། ལྷ་ལུང་དཔལ་རྡོར་ཟེར་བ་དེ་ལག་དམར་བ་ཡིན་པ་མ་གཏོགས་བཀོད་བྱུས་བྱེད་མཁན་ཆེ་ཆེ་གཉན་དེ་ཚོ་རྒྱབ་ལོགས་ལ་གབ་ཡོད་རྒྱུ་རེད། དེ་ནས་ལོ་ཉི་ཤུ་ལྷག་གི་རྗེས་སུ་སྲས་གཉིས་མ་འཆམས་པས་དབུ་གཡོར་འཁྲུགས། དེ་ནས་འབངས་གྱེན་ལོག་བྱུང་འདུག་དར་མ་བཀྲོངས་པ་ནི་འབངས་གྱེན་ལོག་གི་འབྱུང་རྐྱེན་མ་རེད་ལ་བཙན་པོའི་སྲིད་གཞུང་ཉམས་པའི་རྐྱེན་ངོ་མ་དེ་ཡང་མ་རེད།
ལྷ་སྲས་དར་མ་རང་ཉིད་ཀྱང་ཆོས་བསྣུབས་པ་ལ་འགྱོད་པ་སྐྱེས་ཡོད། བོད་ཀྱི་ལོ་རྒྱུས་ཚང་མ་ཁ་གཅིག་གྲག་གིས་དར་མས་སངས་རྒྱས་ཀྱི་ཆོས་བསྣུབས་པ་ལ་འགྱོད་པ་སྐྱེས་ཚུལ་བྲིས་ཡོད། དེ་ཡང་གྲོངས་པའི་སྐབས་སུ་ཚིག་གི་ཐ་མ་དེ་ཡང་ཡང་ན་ང་ལོ་གསུམ་གྱི་སྔོན་དུ་བསད་ཡོད་ན་སངས་རྒྱས་ཀྱི་ཆོས་བསྣུབས་མེད་པ་དང་། ཡང་ན་ལོ་གསུམ་གྱིས་འཕྱི་ཡོད་ན་སླར་གསོ་བྱས་ཡོད་ཅེས་འགྱོད་པའི་ངང་ནས་གྲོངས་ཚུལ་ཡོད། ལྷ་སྲས་དར་མས་སྲིད་དབང་བཟུང་ནས་བཟུངས་ནད་ཡམ་སོགས་བཀྲ་མི་ཤིས་པ་མང་དུ་བྱུང་འདུག དེ་སངས་རྒྱས་ཀྱི་ཆོས་ཀྱི་སྐྱོན་རེད་ཅེས་གསུངས་ནས་ཆོས་བསྣུབས་འདུག ཆོས་བསྣུབས་ན་ཡང་ནད་ཡམ་གུ་གེ་བཀྲ་མི་ཤིས་པ་རྒྱུན་མ་ཆད་དུ་བྱུང་འདུག རྒྱལ་ཁམས་མི་བདེ་བ་དེ་ཁོ་རང་ལ་འཇོན་ཐང་མེད་པའི་སྐྱོན་ཡིན་པ་མ་གཏོགས་ཆོས་ཀྱི་སྐྱོན་མིན་པ་རེད། དེ་ལ་མི་མང་གིས་ངུ་འབོད་ཀྱིས་ངོ་རྒོལ་བྱས་པས་ལྷ་སྲས་དར་མ་རང་ཉིད་ཐུགས་མ་བདེ་ཚུལ་ལོ་རྒྱུས་ལ་འཁོད་འདུག ལྷ་ལུང་དཔལ་གྱི་རྡོ་རྗེ་ཟེར་བ་དེ་རང་རེའི་ཡིག་ཆར་གསལ་བ་ལྟ་བུའི་བླ་རྒན་ཚེ་གང་ལ་འཚམས་ཁང་གི་སྒོར་འདམ་གྱིས་ཞལ་བ་བྱས་ནས་འདུག་མཁན་ཞིག་གིས་སྐུ་སྲུང་དམག་མི་ཁྲི་ཕྲག་གི་དཀྱིལ་དུ་ཤོར་ནས་འཛམ་གླིང་སུམ་ཆ་གཉིས་ལ་དབང་བའི་རྒྱལ་པོ་ཞིག་བསད་ཟེར་བ་དེ་ཡང་སྣ་ཅི་ཙམ་འཐེན་ཀྱང་ཁ་ནང་ལ་ཡོང་ཁག་པོ་རེད། བླ་རྒན་འདི་འདྲ་ཞིག་གིས་མདའ་འཕེན་སྟངས་ཀྱང་ཤེས་ཀྱི་མ་རེད།
རེད་རེད། ང་ནོར་འདུག འུ་དུམ་བཙན་པོས་སྲིད་བཟུང་ཡུན་ལོ ༤ རེད། ༨༣༨ལོར་སྲིད་བཟུང་བ་དང་༨༤༢ལོར་བཀྲོངས་འདུག དགུང་ལོ ༣༨རེད། བཙན་པོ་རལ་བ་ཅན་ཁོང་ལས་ལོ་གསུམ་གྱི་ཆུང་བ་འདུག་ལ། ནང་ཆོས་མ་དད་ན་ཁྲིམས་བཙན་པོ་ལག་བསྟར་བྱེད་མཁན་ཞིག་རེད། གང་ལྟར་གཉའ་ཁྲི་བཙན་པོ་ནས་བརྩིས་ན། ལོ་ངོ་ཆིག་སྟོང་ལྷག་བརྒལ་བའི་སྲིད་དབང་ཞིག་རེད། དབང་ཤུགས་ཨེ་ཤ་ཡ་དཀྱིལ་མའི་ཡང་རྩེ་སླེབས་འཕྲལ་ལོ་ངོ་བརྒྱ་ལྷག་གི་རྗེས་ནས་འཐོར་ཞིག་ཏུ་གྱུར་བ་ནི་བཙན་པོའི་ཕོ་བྲང་ནང་ཁུལ་གྱི་དབང་ཆ་འཕྲོག་རྩོད་ཀྱང་ཕྱོགས་གཅིག་ཡིན་སྲིད་དེ། གཙོ་བོ་ནི་ལྟ་གྲུབ་གཅིག་གམ། སངས་རྒྱས་ཆོས་ལུགས་ཁོ་ན་མ་གཏོགས་དད་མ་ཆོག་པའི་སྲིད་ཇུས་དང་འབྲེལ་ནས་བྱུང་ཡོད་པའང་གསལ་བོ་རེད། དེ་མིན་ན་སྲོང་བཙན་ཡར་སྔོན་དུ་བོན་ཆོས་གཙོ་བོ་ཡིན་ཡང་བཙན་པོའི་སྲིད་དབང་ལོ་སྟོང་ལ་ཉེ་བ་ཞིག་བརྒྱུད་ཐུབ་ཡོད། དེའང་གཞན་མ་ཡིན་པར་བོན་ཆོས་ནི་ལྟ་གྲུབ་གཞན་ལ་མཉམ་གནས་ཐུབ་པའི་ཆོས་ལུགས་ཤིག་ཡིན་པས་རེད་ལ། གཙོ་བོ་གྲི་གུམ་བཙན་པོ་ནས་བོན་གཤེན་དག་གིས་སྲིད་ལ་ཐེ་གཏོགས་ཆེར་བྱེད་མི་ཆོག་པའི་བསྒྱུར་བཅོས་ལེགས་འགྲུབ་བྱུང་བས་ཀྱང་རེད། སྟབས་མ་ལེགས་པར་འུ་དུམ་བཙན་པོས་ཀྱང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་གཉེར་མཁན་དག་གིས་སྲིད་ལ་ཐེ་གཏོགས་ཀྱི་དབང་ཤུགས་ཇེ་ཆུང་དང་ལྟ་གྲུབ་གཅིག་གི་སྒྲོམ་གཞིར་འགྱུར་བ། རྒྱལ་ཁབ་སྲུང་བའི་སྲིད་ཇུས་ལག་བསྟར་དེ་བཞིན་ལམ་འགྲོ་མ་བྱུང་བར་སྐུ་སྲོག་ཤོར་བ་རེད། དེ་བས། བོད་སྤྱིའི་ངོས་ལེན་ཡོད་པའི་བཙན་པོའི་རྒྱུན་ཆད་པ་རེད་ལ། བཙན་པོའི་ཕོ་བྲང་ཁག་གཉིས་སུ་གྱེས་པ་རེད། དེ་དག་བོད་བཙན་པོའི་རྒྱལ་ཁབ་ཉམས་པའི་རྒྱུ་རུ་གྱུར་བ་མ་རེད་དམ།
འདིའི་ཐད་ལ་ངས་དེང་སང་གི་བོ་དཀྱི་ལོ་རྒྱུས་སྨྲ་བ་དག་དང་ལྟ་ཚུལ་མ་འདྲ་བ་ཞིག་འཛིན་གྱིན་ཡོད། བོད་ཀྱི་བཙན་པོའི་དུས་སུ་སངས་རྒྱས་ཆོས་ལུགས་དར་ཁྱབ་ཆེན་པོ་ཡོད་ཚུལ་དང་། སངས་རྒྱས་ཆོས་ལུགས་ལ་བཙན་པོ་དག་གིས་གུས་བཀུར་དཔེ་མེད་བྱས་ཚུལ་སོགས་ནི་སངས་རྒྱས་ཆོས་ལུགས་ལ་འུད་བསྟོད་བྱེད་མཁན་ཚོས་འུད་བསྟོད་དྲིལ་སྒྲོག་བྱས་པ་ཙམ་དུ་འདོད། དོན་དངོས་ཡོད་ལ། བཙན་པོའི་དུས་སུ་སངས་རྒྱས་ཆས་ལུགས་ནི་ཕོ་བྲང་ནང་ཁུལ་གྱི་ཆོས་ལུགས་ཙམ་ལས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་མི་འདུག སྐབས་དེ་དུས་གྲྭ་བཙུན་གྲངས་འབོར་ཧ་ཅང་ཉུང་ངུ་ལས་མི་འདུག ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རབ་ཏུ་བྱུང་བ་མང་དུས་ཡིན་མོད་སུམ་བརྒྱ་ལྷག་ལས་མི་འདུག དེ་ཡང་རིམ་གྱིས་ཅེ་ཉུང་ལ་སོང་ནས་གྲྭ་བཙུན་བྱེད་མཁན་ཉུང་བའི་དཀའ་ཉལ་འཕྲད་ནས་ཁྲི་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་སུས་བྱས་ན་འབངས་མི་ཁྱིམ་བདུན་གྱི་ཞབས་ཏོག་སོགས་གནང་འདུག དེས་ནི་གྲྭ་བཙུན་ལ་ཞུགས་མཁན་མི་རག་པའི་དཀའ་ངལ་ཡོད་པ་མཐོང་ནུས། དཔང་རྟགས་གཞན་མི་དགོས་པར། བཙན་པོའི་དུས་བྱུང་བའི་དགོན་སྡེ་རྒྱ་ཆེན་པོ་སོགས་ཀྱི་ཤུལ་ཙམ་བསྟན་དུ་མེད་པས་ཀྱང་ཤེས་ནུས། བསམ་ཡས་ཙམ་ལས་གྲྭ་བ་མང་པོ་ཡོད་སའི་དགོན་པ་ཞིག་མི་འདུག བསམ་ཡས་ཀྱི་རྒྱ་ཁྱོན་ཡང་ཆེན་པོ་ཞིག་ཅང་མིན་པ་ནི་ད་ལྟ་ང་ཚོས་མཐོང་ནུས་པ་དེ་རེད། དུས་རབས་བཅུ་པའི་སྔོན་དུ་བོན་ཟེར་བའི་ཆོས་ལུགས་ཤིག་ཡོད་མེད་དཔྱད་གཞི་རེད། བོད་ལ་སྲོག་ཆགས་དམར་མཆོད་གཏོང་བ་དང་སྲོལ་རྒྱུན་གྱི་ཆོ་འཕྲུལ་སྟོན་པ་གལ་ཆེན་དུ་བརྩི་བའི་ཆོས་ལུགས་ཤིག་འདུག་མོད་དེ་ལ་བོན་ཞེས་འདོགས་གིན་ཡོད་མེད་ཀྱང་དཔྱད་གཞི་རེད། བོན་པོ་ཟེར་བའི་མིང་ཚིག་འདི་ནི་ནང་ཆོས་དར་ཡུལ་བོད་དང་འབར་མ་སོགས་སུ་གྲྭ་བཙུན་ལ་བན་དེའམ་བན་དྷེ་ཞེས་སྔར་ནས་འབོད་སྲོལ་ཡོད་པའི་མིང་ཚིག་ལ་འདྲ་བཟོ་བྱས་ནས་བོན་ཞེས་བཟོས་པ་འདྲ། བོད་ཞེས་པའི་ཆོས་ལུགས་ཤིག་ཡོད་ཚུལ་ཁྱིམ་མཚེས་ཡུལ་ལུང་གཞན་གྱི་ལོ་རྒྱུས་ལ་མེད་ཐོག་བོད་དུ་གནའ་ཤུལ་སྔོགས་འདོན་སོགས་བྱས་པར་ཡང་ཤུལ་རྗེས་ཙམ་ཡང་མཐོང་དུ་མེད་པས་སོ།།
བཙན་པོའི་ཕོ་བྲང་ཤོག་ཁག་གཉིས་སུ་གྱེས་པའི་མགོ་ཚུགས་པ་ནི་དར་མ་བཀྲོངས་པས་མ་རེད། དར་མ་བཀྲོངས་དུས་སུ་སྟབས་མ་ལེགས་པ་ཞིག་ལ་བཙུན་མོ་ཆེ་ཆུང་གཉིས་ཀ་མངལ་ཆགས་ཡོད། དེ་གཉིས་ནར་སོན་སྐབས་སུ་གཞི་ནས་ཁོ་གཉིས་མ་མཐུན་པ་རེད། དར་མ་བཀྲོང་ནས་ལོ་ཉི་ཤུ་རྩ་གྲངས་གི་རིང་ལ་བཙན་པོའི་སྲིད་གཞུང་སྔར་མུས་བཞིན་བརྟན་པོ་རེད། ལྷ་སྲས་གཉིས་ཀ་ན་མཉམ་རེད། སྲས་གཉིས་ཀས་སྲིད་དབང་གི་རྒྱན་རྩེད་སྔ་ཕྱི་མེད་པར་བྱ་རྒྱུ་རེད་ཅེས་ངས་ཁར་སང་ཞུས་ཟིན་པ་དེ་རེད། ཀུ་རེ་ཞིག་ཞུས་ན། དར་མ་དཔལ་གྱི་རྡོ་རྗེས་མ་བསད་ན་ཡང་ཆང་བཏུང་རྒྱུ་མང་དྲགས་ནས་ལོ་ཁ་ཤས་རྗེས་ལ་གང་ལྟར་ཡང་གྲོངས་འགྲོ་ས་རེད་བསམ་བསམ་ཞིག་འདུག
ཏུན་ཧོང་གི་ཡིག་རྙིང་དེ་ཚོ་དུས་རབས་དགུ་པའི་མཇུག་དང་བཅུ་པའི་སྟོད་ཡས་མས་ལ་བྱུང་བ་རེད་ཟེར་ནས་ཤོད་བཞིན་འདུག ཡིག་ཆ་རྙིང་པ་དེ་ཚོའི་ནང་དུ་་་་བོན་་་་གཤེན་རབ་་་་ཀྱི་མཚན་བྱང་ཁ་གསལ་ངོ་གསལ་བྲིས་འདུག་ཟེར་ནས་ཤོད་ཀྱི་འདུག དེ་ལ་རྩོད་པ་བྱེད་དགོས་པ་མི་འདུག ཡིན་ནའང་དངོས་པ་ཞིག་གི་མིང་བྱང་བཟོ་རྒྱུ་འདི་གཅིག་བྱས་ན་དཀའ་མོ་ཞིག་ཡིན་ས་རེད། དཔེར་ན་བན་དེའི་ཆོས་ལུགས་འདི་བོད་ཡུལ་དུ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་བྱུང་བ་ཡིན་ཟེར་ནས་ཤོད་ཀྱི་ཡོད་པ་རེད། ཡིན་ནའང་བན་དེའི་ཆོས་ལུགས་ཀྱི་མཚན་བྱང་་བོད་བརྒྱུད་ནང་བསྟན་་ཟེར་བའི་མིང་ཚིག་འདི་དེང་སང་དུས་རབས་ཉེར་གཅིག་གི་ནང་དུ་གསར་དུ་བཟོས་བཞག་པ་རེད་བ། གནས་ཚུལ་འདི་ལྟ་བུ་ཞིག་སྔ་རབས་བོན་ལུགས་ཀྱི་མཚན་བྱང་ལ་བྱུང་ཡོད་ནའང་མི་ཆོག་པ་ཨ་ཡོད་ན། །
སྤོབས་པ་ལགས་ཀྱི་དཔྱད་སྟངས་གསར་བ་འདུག ལྟ་ཚུལ་གསར་བ་དེ་མུ་མཐུད་ནས་སྒྲུབ་ཆོག་གི་རེད་ལ། དཔྱད་སྟངས་དེ་བསྔགས་འོས་པ་ཞིག་ཀྱང་རེད། ཡིན་ནའང་། བན་དེ་ཡི་སྡེ་སད་མི་བདུན་ནས་བརྩི་དགོས་རེད་དེ། གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཧ་ལམ་ཐོན་མི་སོགས་ནས་བརྩི་དགོས་པ་འདྲ། དེ་བས། འུ་དུམ་བཙན་པོས་བན་དེ་ཡི་སྡེ་ལ་བསྒྱུར་བཅོས་གནང་འགོ་ཚུགས་ཡོད་པ་ལས་སྔགས་པའི་སྡེ་ལ་བཅོས་བསྒྱུར་གནང་མི་འདུག སྐབས་དེའི་བན་དེ་དང་སྔགས་པ་བསྡོམས་ག་ཚད་ཡོད་དམ། སྔགས་པའི་ཐོབ་ཐང་དང་བན་དེ་ཡི་ཐོབ་ཐང་གཅིག་མཚུངས་ཡིན་ནམ། གཞན་བོན་ཆོས་སྐོར་ནས་རེད། རྒྱ་ཡིག་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ངོ་སྤྲོད་གནང་སྐབས། རྙིང་མ་བ་ནི་བན་བོན་བསྲེས་ནས་ཡོང་སྟངས་བཤད་འདུག དེར་བརྟེན་དེང་སྐབས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་འཇིག་རྟེན་པའི་ལྷ་མང་བོ་ཞིག་ཆོས་སྐྱོང་གི་ཚུལ་དུ་བཀར་ཡོད་སྟངས། དེའང་བཙན་པོ་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་མགོ་འདོགས་མཁན་ལ་གསོལ་རས་དང་མགོ་མི་འདོགས་མཁན་ལ་༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༽ཞེས་ཁ་བཏོན་ལ་སོགས་པ་ཡོད་པ་ནི་དེང་སང་ཡང་མཐོང་གསལ་རེད། དེ་གཅིག་ཡིན། ཕྱོགས་གཞན་ཞིག་ནས་བོན་པོ་ཚོར་གནམ་ལ་དད་པ་ཡོད་པ་ནི་བཙན་པོ་གཉའ་ཁྲི་བྱོན་སྟངས་ལས་ཤེས་ཐུབ་ལ། དེང་སྐབས་ཨ་མདོ་དང་ཁམས་ཕྱོགས་སུ་༼གནམ་རྒན་མ༽ཞེས་ནུས་པ་ཅན་ཞིག་ཡོད་སྣང་གིས་མཆོད་པ་དང་། སྒོ་ཕྱུགས་བོར་རྗེས་སྤྱང་ཀིས་འཚེ་བ་མི་ཡོང་ཆེད་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོ་ཞེས་སྐར་མ་ཞིག་མཆོད་ཀྱིན་པ་སོགས་ནི་བོན་ཆོས་ལས་བརྒྱུད་ཡོང་བའང་གསལ་བོ་རེད། ད་དུང་དེང་རྒྱལ་རོང་དུ་ཡོད་པའི་གཡང་དྲུང་ལྷ་རྟེན་དགོན་ནི་ཐོག་མར་བོན་དགོན་ཡིན་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་སོང་ཡོད། དེ་གར་སྟོན་པ་གཤེན་རབ་ཀྱི་འབག་སྐུ་ཞིག་ཡོད་པ་ལས་བདུད་རྩི་རང་འབབ་ཀྱི་བཤད་སྟངས་ཡོད་ལ། དེ་ནི་ཞིབ་འཇུག་བརྒྱུད་ནས་ཤེས་པ་ནི་དགོན་པ་དེ་དང་སྤྱི་ལེ་བརྒྱད་ལྷག་ཡོད་པའི་ཆུ་འགོ་ཞིག་ནས་རྫ་སྦུག་བརྒྱུད་དེ་ཆུ་དྲངས་པ་ཞིག་ཡིན་པས། རྨོངས་དད་བེད་སྤྱོད་སོགས་དོར་ནས་བལྟས་ན་འཛམ་གླིང་གི་ཆུ་བེད་འཛུགས་བསྐྲུན་ལོ་རྒྱུས་སྟེང་གི་རྫ་སྦུག་བཀོལ་བ་ཐོག་མ་དེ་རེད། དེ་བས། བོན་ཞེས་པ་སྔར་ཡོད་མེད་ཐད་དོགས་སློང་བྱེད་དགོས་མི་འདུག་སྙམ། དེ་ལས་ལྔོག་ནས་བོན་གྱི་ཤུགས་རྐྱེན་ཨེ་ཤ་ཡའི་རྒྱལ་ཁབ་ཆེན་པོ་ཁག་ལ་ཐེབས་ཡོད་སྲིད་པ་ཞིག་རེད། དཔེར་ན། རླུང་རྟར་ལྟོས་དང་། སྟག་སེང་ཁྱུང་འབྲུག་གི་རི་མོས་ག་རེ་སྟོན་བཞིན་ཡོད་དམ། ངག་རྒྱུན་ཁྲོད་སོག་པོ་སྟག་ཁྲིད་ཅེས་པ་ཡོད། སེང་གེ་བོད་རང་གི་མཚོན་བྱེད་རེད། འབྲུག་ནི་རྒྱ་ནག་གི་དད་པ་བྱེད་ཡུལ་གཅིག་རེད། གཞན་ཁྱུང་ནི་དེང་སྐབས་ཀྱི་ཐེ་ལན་ཊིའི་མཚོན་བྱེད་རེད། དེ་བས། ཞིབ་ཕྲར་དཔྱད་མྱོང་མཁན་ཡོད་དམ།
༄།བཙན་པོ་རྒྱལ་རབ་འདི་སྔོན་མེད་ལེགས་བཤད་དང་། ཁུང་བཙན་པ་དང་བོད་རང་བཙན་ཡིན་པའི་བདེན་ར་སྤྲོད་བླ་ན་མེད་པ་ཞིག་འདུག། དཔེར་ན་གཉའ་ཁྲི་བཙན་པོ་བོད་པ་ཡིན་པ་དང། རྒྱལ་པོ་གླང་དར་ཆོས་ལ་དད་པ་ཡོད་པ་དང། ཆོས་རྒྱལ་གསོན་གཙན་སྒམ་བོན་པོ་ཡིན་པ་དང། བོད་ལ་བཙན་མོས་རྒྱལ་རབས་ལོ་མང་སྐྱོན་ཚུལ་སོགས་སྤོ་པ་དང་ནག་མོ་ཚོ་ཡང་མགོ་ཡར་བཏེགས་དགོས་པ་ཧ་ལས་པ་འདུག
ལྷ་སྡེ་གནམ་ལོ་ཡག་མཆོག་ནི་སློབ་སྦྱོང་གི་བརྒྱུད་རིམ་ཚད་ལྡན་ཡོད་མཁན་ཞིག་ཡིན་པའི་གུས་ཞབས་ཀྱིས་འདིར་རང་གི་བསམ་ཚུལ་རྣམས་དྲང་པོར་ཞུས་པ་ཡིན། ངས་ནི་ཆོས་དང་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་བཙན་པོའི་དུས་ཀྱི་ལོ་རྒྱུས་སྐོར་བཤད་པ་མིན་པར་དྲང་པོ་ཞིག་བཤད་ཐུབ་ན་བསམ་ནས་དཔེ་ཀློག་གང་ཞིག་བྱས་ན་ཡང་དངོས་ཡོད་གནས་ཚུལ་གྱིས་ཁུངས་འཁྱོལ་བ་ཞིག་རེད་དམ་མ་རེད་ཀྱི་བསམ་གཞིག་བྱེད་ཀྱིན་ཡོད། དཔེར་ན།་བཙན་པོའི་དུས་སུ་གྲྭ་བཙུན་མང་པོ་མེད་པའི་སྒྲུབ་བྱེད་ལ་དེའི་སྐབས་སུ་བྱུང་བའི་དགོན་ཤུལ་རྒྱ་ཆེན་པོ་བསྟན་དུ་མེད་པ་དང་། བསམ་ཡས་སྐོར་ལ་ཆོས་འབྱུང་འབྲི་མཁན་ཚོས་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་ཞེས་འུད་བསྟོད་བྱས་ཡོད་ན་ཡང་དོན་དུ་འབྲོག་པ་ཕྱུག་པོ་ཞིག་གི་ལུག་ར་ཙམ་ལས་མེད་པ་ནི་དེང་དུས་མཐོང་ཆོས་མངོན་གྱུར་ཡིན་པས་བསྟན་པ་སྔ་དར་རམ་བཙན་པོའི་དུས་སུ་གྲྭ་བཙུན་མང་པོ་ཞིག་མེད་པ་ཤེས་ནུས་པ་ཞིག་རེད། སྔགས་པ་ཞེས་པའི་སྡེ་འདི་གྲྭ་བཙུན་གྱི་གྲས་སུ་མེད། དེ་ཡང་སྔགས་པ་ནི་དམག་གི་ནང་ལ་ཞུགས་ཆོག་གི་ཡོད་པས་ཤེས་ནུས་པ་ཞིག་རེད། ཡིན་ན་ཡང་། སྔགས་པ་ཟེར་ན་འདྲ། སྐྱ་བོའི་གྲས་སུ་ཡིག་སྒྱུར་སོགས་རིག་གཞུང་དང་འབྲེལ་བའི་ལས་ཀ་བྱེད་མཁན་ལ་ཕོགས་ཐོབ་ནི་ཡོད་ངེས་པ་རེད། ད་ནི་ཟུར་འཕྲོས་ཀྱི་ཚུལ་དུ་བོན་གྱི་སྐོར་ལ་ཚིག་རེ་ཟུང་བཤད། བོན་གྱི་སྐོར་དེ་ལོ་ཁ་ཤས་ཀྱི་སྔོན་ལ་ཡུན་རིང་པོར་ང་ཚོས་བགྲོ་གླེང་གི་ཟོལ་འདྲ་བ་བྱས་པ་རེད། གནད་འགག་ཕར་གཏུག་ཡོང་དུས་བོན་གྱི་ཡིག་ཆ་དེ་ཚོས་ཁུངས་ཞེ་དྲགས་སྐྱེལ་ཐུབ་ཀྱིན་མི་འདུག ལྷག་པར་ཡང་དོག་པ་ཆེ་ཤོས་དེ་སྟོན་པ་གཤེན་རབ་ཟེར་བ་དེའི་ལོ་རྒྱུས་ཀྱི་སྟེང་དུ་སླེབས་གིན་འདུག དཔེར་ན། དུས་རབས་བཅུ་པའི་སྔོན་ལ་བོན་པོ་ཡོད་པར་དོག་པ་ཡོད་དོན་ནི་གཅིག་ནས་བོད་དུ་གནའ་ཤུལ་སྔོགས་འདོན་གང་འཚམས་རེ་བྱས་པར་བོན་དང་འབྲེལ་བའི་དངོས་རྫས་ཐོན་མེད། གཉིས་ནས་ཁྱིམ་མཚེས་ཡུལ་ལུང་གཞན་པའི་ལོ་རྒྱུས་ལ་བོད་ན་བོན་ཞེས་པའི་ཆོས་ལུགས་ཡོད་པའི་སྐོར་བྲིས་མེད། གསུམ་ནས་བོན་གྱི་ཡིག་ཆ་ན་བཤད་ཡོད་པ་དེ་དང་ད་ལྟ་དངོས་སུ་མིག་གིས་མཐོང་བ་གཉིས་ཆ་མི་མཚུངས། དཔེར་ན་སྟོན་པ་གཤེན་རབ་དང་དེའི་རྗེས་འཇུག་ཚོས་ལྷ་ཁང་གི་ཟོལ་འདྲ་བོ་སྟོང་ཕྲག་སྟོང་ཕྲག་བཞེངས་ཚུལ་གསལ་ཡོད་མོད་ད་ལྟ་རྩིག་ཤུལ་ཞིག་རོ་ལོ་སྟོང་སོན་པ་ཞིག་ཀྱང་བསྟན་དུ་མེད་པས་མིག་གིས་མཐོང་བའི་རྔ་ཆུང་དང་རྣ་བས་ཐོས་པའི་སྦང་སྒྲ་གཉིས་ཆ་མ་མཚུངས་པའི་དཀའ་ངལ་འདུག བཞི་ནས་ཞང་ཞུང་གི་ཡི་གེ་ཟེར་བ་ཡོད་ཚུལ་གྱི་འུད་སྒྲོགས་བྱས་ན་ཡང་ལོ་སྟོང་གི་གོང་ཕར་ཞོག་ལོ་བརྒྱ་ཕྲག་ཁ་ཤས་གོང་དུ་ཞང་ཞུང་གི་ཡི་གེ་ཡོད་པའི་དཔང་རྟགས་གཅིག་ཀྱང་བསྟན་ཐུབ་མེད། དེ་ལུགས་ནི་བོད་ཀྱི་གནའ་བོའི་རིག་གནས་ལ་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་གྱིས་ཀྱང་ལོ་ཤས་གོང་ལ་པེ་ཅིང་སློབ་ཆེན་དུ་བཤད་ཡོད།་ད་དུང་བཤད་རྒྱུ་ལུང་པ་གང་ཡོད་མོད་ཀློག་མཁན་གྱི་མིག་ལ་ན་ཚ་གཏོང་མི་འདོད་པས་འདིར་དེ་ཙམ་མ་གཏོགས་མ་སྤྲོས།
སྤོབས་མཐའ་ལགས་ཀྱིས། གྲི་གུམ་བཙན་པོའི་ལོ་རྒྱུས་ནང་གི་བོན་པོའམ། གཤེན་པོ་རྣམས་ཡོད་མེད་ཇི་ལྟར་འགྲེལ་ལམ། ལགས།
བོད་བཙན་པོའི་སྐབས་སུ་གྲྭ་པ་མང་པོ་མེད་པའི་སྒྲུབ་བྱེད་་་་་དེའི་སྐབས་ཀྱི་དགོན་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར་ཞེས་རྟགས་བཀོད་པ་འདིར་སྒྲུབ་བྱེད་ཡང་དག་ཞིག་ཅང་མཐོང་གི་མི་འདུག འོན་ན་་་་བོད་བཙན་པོའི་སྐབས་སུ་དམག་མང་པོ་མེད་ཐལ། དེའི་སྐབས་ཀྱི་དམག་སྒེར་གྱི་ཤུལ་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར། རྟགས་ཁད། ཁྱབ་པ་མ་བྱུང་ཞེས་ལན་འདེབས་ན་རྩ་བའི་དམ་བཅའ་ཤོར་ཚར་ལེ་རེད་དོ། སྒྲུབ་བྱེད་རྟགས་སྣང་དེ་འདྲ་བཀོད་ནས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་མ་བྱེད་ན་དགའ་གི་རེད་དོ།།
བོད་བཙན་པོའི་སྐབས་སུ་གྲྭ་པ་མང་པོ་མེད་པའི་སྒྲུབ་བྱེད་་་་་དེའི་སྐབས་ཀྱི་དགོན་ཤུལ་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར་ཞེས་རྟགས་བཀོད་པ་འདིར་སྒྲུབ་བྱེད་ཡང་དག་ཞིག་ཅང་མཐོང་གི་མི་འདུག་་་་་བཅོས་རོགས་བྱོས་་་་་ཤུལ་ཆད་འདུག
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས། ༼གཞན་བོན་ཆོས་སྐོར་ནས་རེད། རྒྱ་ཡིག་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ངོ་སྤྲོད་གནང་སྐབས། རྙིང་མ་བ་ནི་བན་བོན་བསྲེས་ནས་ཡོང་སྟངས་བཤད་འདུག དེར་བརྟེན་དེང་སྐབས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་འཇིག་རྟེན་པའི་ལྷ་མང་བོ་ཞིག་ཆོས་སྐྱོང་གི་ཚུལ་དུ་བཀར་ཡོད་སྟངས། དེའང་བཙན་པོ་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་མགོ་འདོགས་མཁན་ལ་གསོལ་རས་དང་མགོ་མི་འདོགས་མཁན་ལ་༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༽ཞེས་ཁ་བཏོན་ལ་སོགས་པ་ཡོད་པ་ནི་དེང་སང་ཡང་མཐོང་གསལ་རེད། དེ་གཅིག་ཡིན།༽ གསུངས་པ་ལ་ལན་མདོར་བསྡུས་ཤིག་འབུལ་བར་སྤྲོ། ཁྱེད་ཀྱི་སྐད་ཆ་འདི་ལ་བདེན་དོན་དེ་ཙམ་ཨ་ཡོད་ན། ཅིས་ན་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་གི་འཇིག་རྟེན་པའི་ལྷ་མང་ཆེ་བ། རྒྱ་གར་ཧིན་རྡུའི་དྲེགས་ལྷ་དམར་མཆོད་ཟ་མཁན་དང་། ཤི་འདྲེ་དང་རྒྱལ་འགོང་དེ་འདྲ་མང་པོ་འདུག། འདི་ཚོ་སྲིད་པའི་བོན་བརྒྱུད་ཀྱི་ལྷ་རིགས་རྩ་བ་ནས་མ་རེད་དོ། འདི་ཚོའི་དབྱེ་འབྱེད་ངེས་པར་དུ་ཤེས་དགོས། བོན་ལ་སློབ་སྦྱོང་གང་མཚམས་བྱས་ན་མ་གཏོགས་ལམ་སེང་བོན་ལུགས་ངོ་མ་དེ་ཤེས་དཀའ་མོ་རེད། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་ཟེར་བའི་དམོད་ཚིག་འདི་མཆོག་གླིང་གཏེར་གསར་ནང་དུ་བཀོད་ཡོད་མ་གཏོགས། རྙིང་མའི་བྱང་གཏེར་གྱི་དཔེ་ཆའི་ནང་དུ་བཀོད་མི་འདུག་ལབ་ཀྱི་འདུག། དེ་འདྲ་ཡིན་དུས་དམོད་ཚིག་འདི་་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་བཟོས་བཞག་པ་དེ་འདྲ་ཨ་ཡིན་ན། ད་གང་ལྟར་ཁྱེད་རང་ཚོའི་ལྷ་འདྲེའི་རྙོག་གྲ་དེ་དག་ལ་རང་སྐྱོན་ངོས་ལེན་མི་བྱེད་པར་ཡང་བོན་པོའི་ལྷ་ཡི་ཐོག་ཏུ་སྐྱོན་འཚང་གཡུག་རྒྱུའི་ངན་གཡོ་མ་བྱས་ན་བཟང་བར་སེམས་སོ། །
གཡང་དྲུང་ལྷ་རྟེན་དགོན་ཟེར་བ་མ་རེད་་་་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པ་་་་ཞེས་བརྗོད་དགོས། དགོན་པ་འདིའི་ལོ་རྒྱུས་རིང་མོ་རེད། དྲྭ་རྒྱའི་ནང་འཚོལ་ཞིབ་བྱོས་དང་མཐོང་ཐུབ་ངེས།
ཚང་མས་འདི་ལྟར་ཆ་ཤས་བླངས་ཡོང་ན་གཞི་ནས་ལོ་རྒྱུས་ངོ་མ་དེ་བརྙེད་ཀྱི་རེད། རེ་བ་ཡིན་ན་སྤོབས་པ་ལགས་ཀྱིས་བཙན་པོའི་སྐབས་ཀྱི་སངས་རྒྱས་ཆོས་ལུགས་པའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་གནང་ཡོད་པ་ཞུ། དེ་མིན་བོན་གྱི་སྐོར་ནས་སླར་ཡང་ངས་ཀློག་མྱོང་བའི་ལོ་རྒྱུས་ཁག་རོབ་ཙམ་ཞུ་གི་ཡིན། ལྷན་རྒྱས་ནས་དག་སེལ་དང་ལམ་སྟོན་གནང་རོགས། བོན་ནི་བརྡ་རྙིང་སྟེ། བཟླ་ཞེས་པའི་དོན་རེད། ག་རེ་བཟླ་བཞིན་ཡོད་དམ་ཞེ་ན། མཆོད་འབུལ་གནང་སྐབས་བསྔོ་བ་སྨོན་ལམ་མམ་སྔགས་དེ་འདྲ་བགྲངས་ཀྱིན་པས་རེད། ཡང་ཅིག་བཤད་ན། བོན་ཆོས་ནི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཀྱི་བྱེ་བྲག་ཅིག་ཡིན་པར་མ་ཟད། རིག་གཞུང་ལོ་རྒྱུས་ཀྱི་རྩ་བའང་རེད། བོན་ནི་གདོལ་བོན་དང་འཁྱར་བོན། གཡུང་དྲུང་བོན་བཅས་རིམ་པ་གསུམ་གྱི་འཕེལ་འགྱུར་བརྒྱུད་ཡོད་པ་ཞིག་རེད་ལ། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དད་པའམ། སྐྱིད་སྡུག་མཐའ་དག་རང་བྱུང་ཁམས་ཀྱིས་བསྐྲུན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་རྨང་གཞིའི་སྟེང་ནས་གདོལ་བོན་གྲུབ་པ་ཞིག་རེད། དེ་ལ་འཁྱར་བོན་ཏེ། ཕྱི་འོངས་ཀྱི་རིགས་འདྲ་བའི་ཆོས་ལུགས་ཤིག་གི་ཤུགས་རྐྱེན་ཡང་ཐེབས་མྱོང་སྟེ། ༼གནམ་རྒན་མ༽ཞེས་པར་སྐྱབས་སུ་འགྲོ་བའི་ལྟ་སྟངས་འདིའི་འབྱུང་ཁུངས་དང་ཧ་ལམ་དམར་མཆོད་ཀྱང་སྐབས་དེ་ཤེད་ནས་བྱུང་ཡོད་པ་འདྲ། གང་ལྟར་སྐབས་དེ་ནས་བརྒྱུད་འོངས་པའི་གཏམ་དཔེ་ཞིག་སྟེ། ༼མགོ་ནག་སྐྱིད་སྡུག་གནམ་གྱི་ལག ཉལ་ས་དྲོན་པོ་རང་གི་ལག༽ཅེས་པ་འདི་རེད་ལ། ལྟ་སྟངས་འདི་ཧ་ལམ་ཡི་ཤུའི་ཆོས་ལུགས་སུ་གཙོ་བོར་བཟུང་བའི་༼དཀོན་མཆོག༽གི་བྱུང་བར་འབྲེལ་བ་ཆགས་ཡོད་པ་འདྲ། ཡིན་ནའང་། མུ་མཐུད་ནས་དཔྱད་དགོས། གང་ལྟར་སྟོན་གཤེན་རབ་བྱོན་པ་ནས་བོན་ལ་བསྒྱུར་བཅོས་ཆེན་པོ་ཞིག་གནང་ཡོད་དེ། གཅིག་ནས་དམར་མཆོད་ཀྱི་ཚབ་ཏུ་གཏོར་མཆོད་གནང་ཡོད་པ་དང་། གཉིས་ནས་བོན་ཆོས་སྒོ་བཞི་མཛོད་ལྔ་ནང་བསྡུས་ནས་གཞུང་ལུགས་ཅན་དུ་བསྐྲུན་ཡོད་པས། གཡུང་དྲུང་བོན་ཞེས་སྔར་གྱི་འདས་མཆོད་ལ་བསྔོ་སྨོན་བཟླ་བ་དང་གཤེད་འདུལ་བ། ལྷ་འབེབས་པ་དང་མོ་རྒྱག་པ། སྨན་སྤྲད་པའི་རིམ་པ་ནས་ཆེས་ཆེར་འཕེལ་ཡོད། ལྷ་ས་ནས་ཐོན་པའི་ཆུ་ཀོང་རིག་དངོས་ནང་དུ་སྔར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡར་སྔོན་བཀོལ་བའི་འདས་མཆོད་ཀྱི་རྡོ་སྟེགས་དྲུག་ལྷག་བརྙེད་ཡོད། འདི་དག་ནི་བོན་ལ་ཞིབ་འཇུག་བྱེད་པའི་རིག་དངོས་ཀྱི་གྲས་ཡིན། གཡུང་དྲུང་བོན་གྱི་བསྒྱུར་བཅོས་གཉིས་པ་ནི་དུས་རབས་བཅུ་བའི་ནང་གཤེན་ཆེན་ཀླུ་དགའ་ནས་གནང་ཡོད་ཅིང་། གཡུང་དྲུང་བོན་གྱི་བསྟན་པ་འཆད་རྩོད་རྩོམ་ཅན་དུ་བསྒྱུར་ཡོད་པས། སངས་རྒྱས་ཆོས་ལུགས་ལས་ཆ་བ་ཆོས་ཀྱི་སེང་གེ་ཡིས་བསྡུས་གྲྭའི་སྲོལ་བཏོད་པ་དང་ཧ་ལམ་དུས་མཉམ་རེད། དེ་མཚུངས་སུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་ནི་དུས་རབས་བརྒྱད་པའི་འགྱུར་གྱི་རྨང་གཞིའི་ཐོག་དུས་རབས་བཅུ་གསུམ་ནང་རིམ་པས་རྩོམ་སྒྲིག་གནང་བ་ཞིག་དང་། བོན་གྱི་བཀའ་བསྟན་ནི་དུས་རབས་བཅོ་བརྒྱད་པ་ནས་རིམ་པས་གྲུབ་པ་ཞིག་རེད། ཕན་ཚུན་བར་འབྲེལ་བ་ཅི་ཡོད་ཞིབ་འཇུག་བྱེད་མྱོང་མེད། གཡུང་དྲུང་བོན་དུས་རིམ་གསུམ་ལ་བརྒྱུད་ཡོད་ཚུལ་ལོ་རྒྱུས་ཁག་ཏུ་གསལ་འདུག སྟོན་པ་གཤེན་རབ་མཆོག་ནས་གྲི་གུམ་བཙན་པོའི་བར་དུ་བསྟན་པ་སྔ་དར་དང་། པུ་དེ་གོང་རྒྱལ་ནས་ཁྲི་སྲོང་སྡེ་བཙན་བར་དུ་བསྟན་པ་བར་དར། དུས་རབས་བཅུ་བ་ནས་བསྟན་པ་ཕྱི་དར་འབོད། ཡིན་ནའང་། བོད་རང་ས་ལ་གཞིགས་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ནས་བསྟན་པ་ཡང་དར་ཞེས་ཁ་སྣོན་བྱེད་ཆོག་པར་སྣང་། གང་ལྟར་དུས་རིམ་རེ་རེ་ནི་ཆག་འཇིག་བརྒལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ཡིན་པའང་གསལ་བོ་རེད། གྲི་གུམ་བཙན་པོས་གཤེན་བླ་ཚོས་སྲིད་ལ་ཐེབས་ཀྱིན་པའི་དབང་ཤུགས་ལ་འགྱུར་བཏང་ཡོད་པས། རང་བཞིན་གྱིས་ཕོ་བྲང་ནང་གི་གཡུང་དྲུང་བོན་ཆོས་ཀྱང་འཇིག་ཉེན་ལ་འཕྲད་པས། ཆོས་དཔེ་དང་མཆོད་ཆ་གཏེར་དུ་སྦས་པའི་སྲོལ་ཕྱེ་འདུག དེ་བས། སྔ་འགྱུར་རྙིང་མ་བས་ཀྱང་སྲོལ་འདི་བརྒྱུད་འཛིན་གནང་བ་ཞིག་རེད། ཁྲི་སྲོང་ལྡེ་བཙན་གྱིས་བན་བོན་རྩོད་པ་བརྒྱུད་ནས་གདམ་ག་གནང་བའི་སྲིད་བྱུས་ལག་བསྟར་གནང་བས། མཐར་བོན་ཕམ་བན་རྒྱལ་གྱི་ལམ་ནས་བོན་ཆོས་བསྣུབས་འགོ་ཚུགས་པ་ཞིག་རེད། ད་དུང་དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ཕྱོགས་སུ་དམག་དྲངས་སྐབས། ཁམས་བེ་རི་རྒྱལ་པོ་རྩ་མེད་བཏང་ཡོད། བེ་རི་རྒྱལ་པོ་ནི་མདོ་ཁམས་ཕྱོགས་ནས་བོན་ལ་དད་མཁན་གྱི་སྟོབས་ཤུགས་ཆེ་ཤོས་གྲས་ཡིན། ད་དུང་གཡུང་དྲུང་ལྷ་སྟེང་དགོན་བཅོམ་ཚུལ་ཡང་དགའ་ལྡན་ཕོ་བྲང་ལ་བརྒྱུད་འབྲེལ་བྱུང་ཡོད། ད་བོན་དགོན་ཐད་ནས་བཤད་ན། དགོན་ཆེན་ཙམ་མ་ཟད། མཚམས་ཁང་ལྟ་བུ་ཆུང་ཆུང་སོགས་ལའང་དགོན་པ་ཟེར་གྱི་འདུག དགོན་ཆེན་མང་ཆེ་བ་རིམ་པས་ས་དགེ་ཀར་རྙིང་དགེ་ལུགས་སོགས་ལ་བསྒྱུར་ཡོད་པས། བོན་དགོན་རྦད་དེ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པར་གྱུར་འདུག ཡིན་ནའང་། མཐའ་མཚམས་ཡུལ་ལུང་ཁག་ཏུ་མུ་མཐུད་ནས་དར་སྤེལ་བཏང་ཡོད་པའང་གསལ་བོ་རེད། དཔེར་ན། ཕྱི་ལོ ༡༩༥༩ལོའི་ཡར་སྔོན་དུ་བོད་ཁམས་ཡོངས་སུ་བོན་དགོན་ཧ་ལམ ༡༧༠ལྷག་དང་གྲྭ་བ ༨༦༠༠འདུག དེའི་ཁྲོད་དུ་ད་ལྟའི་བོད་རང་སྐྱོང་ལྗོངས་སུ་བོན་དགོན ༢༠དང་གྲྭ་བ ༢༥༠༠ མཚོ་སྔོན་དུ་བོན་དགོན ༡༥དང་གྲྭ་བ ༣༤༠ ཀན་ལྷོ་སོགས་སུ་ནང་བོན་དགོན ༧དང་གྲྭ་བ ༡༢༠ རྔ་བའི་ནང་བོན་དགོན ༦༢དང་གྲྭ་བ ༢༨༠༠ དཀར་མཛེས་ནང་བོན་དགོན་༦༤དང་གྲྭ་བ ༢༦༧༡ ཡུན་ནན་བདེ་ཆེན་སོགས་སུ་བོན་དགོན་ ༥དང་གྲྭ་བ ༧༠ ད་དུང་མུ་ལེ་ནང་གྲྭ་བ ༤༠འདུག་ཅེས་སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་བརྩམས་ཆོས་ནང་བཀོད་འདུག གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན། ནག་ཆུ་གཡུང་དྲུང་གླིང་། ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས། གཞིས་རྩེ་སྨན་རི་གླིང་། ཆབ་མདོ་བརྩོན་འགྲུས་དགོན་སོགས་གྲགས་ཆེ་བའི་གྲས་རེད། དེང་ཕྱིན་བོད་ནང་འགྲོ་ཐུབ་མཁན་ཡོད་ན་དངོས་སུ་ས་གནས་རེ་རེའམ། བྱེ་བྲག་རེ་རེར་བསྐྱོད་ནས་རྒྱུས་ལོན་འོས་པ་ཞིག་རེད། འབྲི་མཚམས་འདིར་སླེབས་སྐབས། དོན་དག་གསར་བ་ཞིག་གསལ་ཡོང་གི་འདུག རྒྱའི་ཡིག་ཚང་ནང་བོད་སིལ་བུར་འཐོར་སྐབས་ཀྱི་འབངས་གྱེན་ལངས་འབྲི་སྐབས། འབངས་གྱེན་ལངས་ཀྱི་གྲུབ་ཆའི་ནང་དུ་གཡུང་མི་མང་ཚུལ་དང་། གཡུང་མི་ནི་གཡོག་པོའི་གྲས་ཡིན་ཚུལ་བཀོད་འདུག ད་ལྟ་འདི་ལྟར་ལྟ་སྐབས། གཡུང་དྲུང་བོན་ལ་དད་མཁན་ཚོར་གཡུང་མི་ཞེས་མིང་བཏགས་ཡོད་པ་འདྲ། དེའང་རྒྱ་ནག་གི་ལོ་རྒྱུས་འབྲི་མཁན་ཚོས་ཚུར་བཏགས་པའི་མིང་ཞིག་ཡིན་སྲིད། ད་ཚང་མས་ཁ་སྣོན་དང་དག་སེལ་གནང་རོགས། ངས་ལོ་རྒྱུས་ངོ་མ་ཞིག་བརྙེད་སླད་འབྲི་གི་ཡོད་མ་གཏོགས་ཆོས་ལུགས་ཀྱི་འགལ་བ་སོགས་སློང་ཆེད་འབྲི་གི་མེད།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས། ༼ཕྱོགས་གཞན་ཞིག་ནས་བོན་པོ་ཚོར་གནམ་ལ་དད་པ་ཡོད་པ་ནི་བཙན་པོ་གཉའ་ཁྲི་བྱོན་སྟངས་ལས་ཤེས་ཐུབ་ལ། དེང་སྐབས་ཨ་མདོ་དང་ཁམས་ཕྱོགས་སུ་༼གནམ་རྒན་མ༽ཞེས་ནུས་པ་ཅན་ཞིག་ཡོད་སྣང་གིས་མཆོད་པ་དང་། སྒོ་ཕྱུགས་བོར་རྗེས་སྤྱང་ཀིས་འཚེ་བ་མི་ཡོང་ཆེད་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོ་ཞེས་སྐར་མ་ཞིག་མཆོད་ཀྱིན་པ་སོགས་ནི་བོན་ཆོས་ལས་བརྒྱུད་ཡོང་བའང་གསལ་བོ་རེད། ད་དུང་དེང་རྒྱལ་རོང་དུ་ཡོད་པའི་གཡང་དྲུང་ལྷ་རྟེན་དགོན་ནི་ཐོག་མར་བོན་དགོན་ཡིན་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་སོང་ཡོད། དེ་གར་སྟོན་པ་གཤེན་རབ་ཀྱི་འབག་སྐུ་ཞིག་ཡོད་པ་ལས་བདུད་རྩི་རང་འབབ་ཀྱི་བཤད་སྟངས་ཡོད་ལ། དེ་ནི་ཞིབ་འཇུག་བརྒྱུད་ནས་ཤེས་པ་ནི་དགོན་པ་དེ་དང་སྤྱི་ལེ་བརྒྱད་ལྷག་ཡོད་པའི་ཆུ་འགོ་ཞིག་ནས་རྫ་སྦུག་བརྒྱུད་དེ་ཆུ་དྲངས་པ་ཞིག་ཡིན་པས། རྨོངས་དད་བེད་སྤྱོད་སོགས་དོར་ནས་བལྟས་ན་འཛམ་གླིང་གི་ཆུ་བེད་འཛུགས་བསྐྲུན་ལོ་རྒྱུས་སྟེང་གི་རྫ་སྦུག་བཀོལ་བ་ཐོག་མ་དེ་རེད།༽ གསུངས་པ་ལ་ལན་ཞིག་འབུལ་བར་སྤྲོ། བོན་པོ་ཚོར་གནམ་ལ་དད་པ་ཡོད་མེད་དེ་མི་ཤེས། བོན་པོ་ཚོས་གནམ་དེ་གལ་ཆེན་དུ་བརྩི་སྲོལ་ཡོད་པ་རེད། གནམ་འདི་ནི་ཕལ་ཆེར་ཆོས་ལུགས་ཚང་མས་་ཀྱི་དམིགས་གཏད་བྱེད་ས་ཞིག་ནི་རེད་འདུག དཔེར་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་བ་དང་། མཁའ་ལ་ཉི་ཟླས་བགྲོད་པ་མ་ཆད་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག་ཟེར་བ་དང་། ད་དུང་འཁོར་བ་སྡུག་བསྔལ་རྒྱ་མཚོའི་རྩ་བ་གཅོད་བྱེད་ཉམས་ལེན་གྱི་མཐར་ཐུགས་སྟོང་པ་ཉིད་ཀྱི་དཔེ་ནི་ནམ་མཁའ་བཞག་ཡོད་པ་རེད། བསམ་སྟངས་དང་ལས་སྟངས་འདི་འདྲ་བ་ཞིག་བོད་ཡུལ་དུ་སྔར་ནས་བྱུང་བའི་གནས་ཚུལ་ཞིག་རེད་མ་གཏོགས། བོན་པོས་གནམ་སྟོང་པ་ལ་དད་པ་བྱས་པ་རང་ད་ཨ་ཡིན་ན། །
ངས་བྲིས་པའི་མཆན་རིང་དྲགས་ནས་འགོད་ཐུབ་མ་སོང་བས། ཐད་ཀར་རྩོམ་སྒྲིག་པར་བཏང་ཡོད། དེ་ནས་ཚང་མས་བསྐྱར་དུ་བགྲོ་གླེང་བྱེད་ཆོག་གི་རེད།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས། ༼གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན། ནག་ཆུ་གཡུང་དྲུང་གླིང་། ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས། གཞིས་རྩེ་སྨན་རི་གླིང་། ཆབ་མདོ་བརྩོན་འགྲུས་དགོན་སོགས་གྲགས་ཆེ་བའི་གྲས་རེད། དེང་ཕྱིན་བོད་ནང་འགྲོ་ཐུབ་མཁན་ཡོད་ན་དངོས་སུ་ས་གནས་རེ་རེའམ། བྱེ་བྲག་རེ་རེར་བསྐྱོད་ནས་རྒྱུས་ལོན་འོས་པ་ཞིག་རེད།༽ གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན།? ནག་ཆུ་སོག་གཡུང་དྲུང་གླིང་། རྒྱལ་རོང་ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། ཁམས་སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཡང་ན། རབ་ལེགས་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས།?འདི་གོ་མ་མྱོང་། གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་གླིང་། ཆབ་མདོ་ཁྱུང་པོ་རིརྩེ་དྲུག་དགོན། ཁྱེད་ཀྱིས་གྲགས་ཆེ་བའི་བོན་དགོན་གྱི་མིང་ཐོ་འདིར་དགོན་པ་རེ་གཉིས་ཀྱི་མིང་བྱང་མ་གཏོགས་མི་འདུག། ད་དུང་སློབ་སྦྱོང་མང་ཙམ་གནང་དགོས་ས་རེད་དོ།
དགེ་བཤེས་ལགས་ཕེབས་ནས་ཁ་གསབ་གནང་བར་བཀའ་དྲིན་ཆེ། དེ་མིན་གང་ཡོད་ཕྲིས་ཤོག ཡིན་ནའང་། མཆན་གཅིག་ཐེངས་འགར་འདེབས་དོན་མི་འདུག་སྙམ། གནམ་རྒན་མའི་སྐོར་གོང་དུ་རོབ་ཙམ་ཞུས་ཡོད། གསལ་བོར་ཞུ་དགོས་པ་ཞིག་ལ་གནམ་རྒན་མར་སྐྱབས་སུ་འགྲོ་བ་ནི་མང་ཚོགས་རེད། མང་ཚོགས་ནང་བན་བོན་གཉིས་ཀ་ཡོད་པ་རེད། བྱུང་སྟངས་ཞུས་ཟིན་པ་ལྟར་ཡིན།
བཀུར་འོས་དཔྱོད་ལྡན་ལྷ་སྡེ་གནམ་ལོ་ཡག་ལགས། བཙན་པོའི་དུས་སྐབས་སུ་བོད་ཀྱི་འབངས་མི་ཚོ་ཁག་གཅིག་ལ་གཡུང་ཞེས་འབོད་པ་རེད། སྐབས་དེར་བོད་ཀྱི་ཁྱིམ་ཚང་ཚང་མ་རྒོད་ཀྱི་སྡེ་དང་གཡུང་གི་སྡེ་ཞེས་ཚོ་ཁག་གཉིས་སུ་དབྱེ་ཡོད་འདུག རྒོད་ཀྱི་སྡེ་ཞེས་པ་དེ་ནི་དམག་མིའི་ཁྱིམ་ཚང་ཚོ་རེད། གཡུང་གི་སྡེ་ཞེས་པ་དེ་ནི་དམག་ལ་འགྲོ་མི་དགོས་ཀྱང་ཞིང་འབྲོག་གི་ལས་ཀ་དང་ཚོང་སོགས་བྱས་ནས་གཞུང་ལ་ཁྲལ་ཆེན་པོ་འཇལ་དགོས་མཁན་རིགས་རེད། རྒོད་ཀྱི་སྡེ་ཡིན་ན་གཞུང་ངོས་ནས་བརྩི་མཐོང་ཡོད་ཐོག་མང་ཚོགས་ཁྲོད་ན་ཡང་དཔའ་བོའི་རིགས་སུ་བརྩིས་ནས་བརྩི་མཐོང་ཡོད་འདུག གཡང་གི་སྡེ་ཡིན་ན་བརྩི་མཐོང་ཆེན་པོ་མེད་ཐོག་ཁྲལ་ཆེ་ཙམ་་འཇལ་དགོས་ན་ཡང་ཉེན་ཁ་ཆུང་བའི་རིགས་ཡིན་འདུག གལ་སྲིད་རྒོད་ཀྱི་སྡེ་རུ་གཏོགས་པའི་མི་ཞིག་གིས་ཁྲིམས་འགལ་བྱས་པ་དང་། ལྷག་པར་ཡང་དམག་གི་བྱ་བྱེད་ལས་གསུམ་དང་འབྲེལ་བའི་ཁྲིམས་འགལ་ཝ་བྲོས་སོགས་བྱས་ན་མི་ཚང་དེ་གཡུང་གི་གྲས་སུ་ཕབ་སྲོལ་ཡོད་འདུག དེ་ངོ་ཚ་ཆེན་པོར་བརྩི་སྲོལ་ཡོད་འདུག སྤྱིར་ན་རྒོད་དང་གཡུང་ཞེས་པའི་མིང་ཚིག་འདི་གཉིས་ནི་དེང་དུས་སུ་ཡང་མདོ་ཁམས་ཀྱི་སྐད་ལ་རྒྱུན་དུ་བཀོལ་བཞིན་ཡོད། རྟ་ཟོག་སེམས་ཅན་སོགས་མིའི་བཀོལ་སྤྱོད་བཞིན་སྒྲུབ་མཁན་ལ་སེམས་ཅན་གཡུང་མོ་དང་གཡུང་པ་སོགས་སུ་འབོད་ལ། རྟ་རྒོད་གཡག་རྒོད་སོགས་ནི་བཀོལ་སྤྱོད་སྐབས་འགྲོག་མཁན་ལ་ཟེར། དེ་ནི་རྒོད་གཡུང་གི་སྡེ་ཡི་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་པ་ཡིན།
མཁྱེན་ལྡན་སྐུ་ཞབས་གནམ་ལོ་ཡག་ལགས། གཅིག་བྱས་ན་ཁྱེད་ཀྱིས་འདིར་ངས་ཁུངས་མེད་ཀྱི་ཚོད་གཏམ་བཤད་ཀྱིན་འདུག་དགོངས་སྲིད། ངས་ལོ་རྒྱུས་ཀྱི་ཡིག་ཆ་གང་ཀློག་ན་བསམ་གཞིག་དང་དཔྱད་བསྡུར་བྱེད་ཀྱིན་ཡོད། ཁར་སང་ཁྱེད་ཀྱི་སྔགས་པ་རྣམས་གྲྭ་བཙུན་གྱི་གྲས་སུ་ཡོད་མེད་འདྲི་སྐབས་སུ་ངས་དེ་མེད་པ་འདྲ། སྔགས་པ་དམག་ལ་ཞུགས་ཆོག་ཚུལ་བཤད་ཡོད། དེའི་ཁུངས་ནི་བཀའ་ཐང་སྡེ་ལྔའི་ནང་དུ། མི་ཏིག་བཙན་པོས་བྱང་ལ་དམག་དྲངས་ཚུལ་བཤད་སྐབས་སུ། ཁོང་གི་སྐུ་འཁོར་གྱི་གྲས་སུ་སྔགས་མཁན་ཕུར་ཐོགས་བརྒྱ་ཡོད་ཚུལ་སོགས་གསལ་འདུག ང་ཚོའི་ཆོས་འབྱུང་ལོ་རྒྱུས་ཚོར་མ་གཞི་ནས་ཆོས་ཕྱོགས་ཀྱི་ཕྱག་རྗེས་མ་གཏོགས་བྲིས་མེད་པ་རེད། དེ་ཡང་ཆོས་འབྱུང་འབྲི་མཁན་ཚོས་རང་རང་གི་ཆོས་ལུགས་འུད་བསྟོད་ཀྱི་དམིགས་ཡུལ་གྱིས་བཙན་པོ་རལ་པ་ཅན་གྱིས་དབུ་སྐྲ་ལ་དར་ཡུག་བཏགས་ནས་དེའི་སྟེང་དུ་དགེ་འདུན་པ་ཕེབས་བཅུག་ཚུལ་སོགས་བྲིས་པ་རེད། དོན་ངོ་མར་བཙན་པོ་རལ་པ་ཅན་ཞེས་པ་དེ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་མེད་དཔྱད་གཞི་རེད། གང་གིས་ཕྱིར་ཞེ་ན། ལྷ་སའི་རྡོ་རིང་གི་སྟེང་དུ་རྒྱ་བོད་མོལ་བའི་སྐབས་སུ་ཉི་ཟླ་གཟའ་སྐར་དཔང་པོར་བཞག སྲོག་ཆགས་བསད་ནས་མནའ་བསྐྱལ་ཚུལ་གསལ་འདུག དོན་ངོ་མར་བཙན་པོ་རལ་པ་ཅན་དེ་ལྟ་བུའི་སངས་རྒྱས་ཆོས་ལུགས་མ་གཏོགས་བསམ་རྒྱུ་མེད་མཁན་ཞིག་ཡིན་ན་ཉི་ཟླ་གཟའ་སྐར་དཔང་པོར་བཙུགས། སྲོག་ཆགས་བསད་པ་སོགས་མི་བྱེད་པ་ཤེས་ནུས་པ་ཞིག་རེད།
ཡ་ཡ། གཡུང་གི་སྐོར་ངོ་འཕྲོད་སོང་། ཐུགས་རྗེ་ཆེ། དེ་མིན་ཁྲི་རལ་བ་ཅན་སངས་རྒྱས་ཆོས་ལ་དད་མིན་དང་སྔགས་པ་དམག་ལ་འགྲོ་གི་སྟངས་སོགས་ཕྲན་གྱིས་ཉིད་ལ་རྩོམ་བསྐུལ་བྱས་པའི་ཁོངས་སུ་རྒྱས་བཤད་གནང་རོགས་ཞུ།
བཙན་པོའི་ཁྱིམ་རྒྱུད་ཀྱིས་སངས་རྒྱས་ཆོས་ལུགས་ལ་བརྩི་མཐོང་ཆེན་པོས་བོད་དུ་ནང་འདྲེན་བྱས་པ་རེད། དེ་ལ་རྒྱུ་མཚན་ཁ་ཤས་ཤིག་ཡོད། གཅིག་ནི་སྐབས་དེར་སངས་རྒྱས་ཆོས་ལུགས་ནི་ཨེ་ཤ་ཡའི་རྒྱལ་ཁབ་སྟོབས་ཅན་ཚང་མར་དར་ཁྱབ་ཆེན་པོ་ཡོད་པས་བོད་བཙན་པོའི་མངའ་ཐང་དར་འཕེལ་གྱི་ཕྱི་འབྲེལ་བྱུང་སྐབས་སུ་རང་བཞིན་གྱིས་ཤུགས་རྐྱེན་སླེབས་པ་ཞིག་དང་། སངས་རྒྱས་ཆོས་ལུགས་ཀྱི་ངོ་མཚར་ཞིང་གཏིང་ཟབ་པའི་གཏན་ཚིག་དང་། རྒྱུ་མཚན། ལྟ་གྲུབ། སྒྱུ་རྩལ་བཟོ་རིགས་དེ་དག་གིས་མི་མང་པོའི་ཡིད་འཕྲོག་བཞིན་ཡོད་པ་དང་། རྒྱུ་མཚན་གཉིས་པ་ཞིག་ནི་བཙན་པོའི་ཁྱིམ་རྒྱུད་ཀྱི་མི་ཁུངས་དེ་རྒྱ་གར་ལས་ཆད་པའི་བཤད་སྲོལ་ཡོད་པས་དེའི་ཐུགས་ཞེན་ལྟ་བུ། རྒྱུ་མཚན་གསུམ་པ་ནི་རྒྱ་གར་ནག་བལ་པོ་ཏ་ཟིག་སོགས་ལ་ཕྱི་འབྲེལ་བྱེད་པར་བེད་སྤྱོད་པའི་ལག་ཆ་ལྟ་བུ་ཞིག་ཀྱང་རེད། དེ་ཡང་བཙན་པོའི་ཁྱིམ་ཚང་ནང་དུ་ད་དུང་ཡང་སྲོལ་རྒྱུན་གྱི་དམར་མཆོད་སོགས་ཀྱང་བྱེད་ལ་སངས་རྒྱས་ཆོས་ལུགས་ཀྱི་རིམ་གྲོ་སོགས་ཀྱང་བྱེད་སྲོལ་ཡོད་པ་འདྲ། དཔེར་ན། རྒྱའི་ཐང་ཡིག་ཏུ། བོད་མི་རྣམས་ལྷ་ཤཀྱ་མུ་ནེ་ལ་དད། དམར་མཆོད་བྱེད་ཚུལ་སོགས་བྲིས་ཡོད་པར་གཞིག་ཚེ་སྐབས་དེའི་བོད་ཀྱི་གདོད་མའི་སྲོལ་རྒྱུན་ཆོས་ལུགས་དེ་ལ་སྟོན་པ་འདི་ཡིན་ཟེར་བ་མེད་པར་དེང་དུས་སོག་ཡུལ་དང་སི་བྷི་རི་ཡ་སོགས་སུ་དར་བའི་ཤ་མེན་ཆོས་ལུགས་ལྟ་བུ་ཞིག་ཡིན་པར་ངེས། ངས་དེང་དུས་དུ་བཙན་པོའི་དུས་སུ་ཡོད་པའི་སྲོལ་རྒྱུན་ཆོས་ལུགས་དེ་ལ་བོན་ཞེས་འབོད་ཀྱིན་མེད། བཙན་པོའི་དུས་སུ་དར་བའི་རང་རེའི་ཕ་མེས་ཀྱི་ཆོས་ལུགས་དེ་དང་དེང་དུས་སུ་ང་ཚོའི་སྤྱི་ཚོགས་ནང་དུ་ཡོད་པའི་གཡུང་དྲུང་བོན་ཞེས་འབོད་པའི་ཆོས་རྒྱུད་འདི་གཉིས་ཀྱི་ཁྱད་པས་ནི་གནམ་དང་ས་རེད། དེར་བརྟེན་རང་རེའི་ཕ་མེས་ཀྱི་ཆོས་ལུགས་དེ་ལ་བོད་ཀྱི་གདོད་མའི་སྲོལ་རྒྱུན་ཆོས་ལུགས་ཞེས་འབོད་ཀྱིན་ཡོད།
ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་ཀློག་དུས་སུ་དཔྱད་ཞིབ་ཡག་པོ་དགོས་ཀྱིན་འདུག དབྱིན་སྐད་དུ་ཡོད་པའི་critical thinkingཞེས་པ་དེ་བེད་སྤྱོད་དགོས་གི། ཡིག་ཐོག་ལ་བྲིས་པའི་བྱུང་རིམ་དེ་ཚོའི་ཁུངས་གང་ན་འདུག ཡིག་ཆ་འདི་དང་དེ་མཐུན་གྱིན་འདུག་གམ། ཁྱིམ་མཚེས་ཡུལ་ལུང་གཞན་གྱི་ལོ་རྒྱུས་ལ་དེའི་སྐོར་བྲིས་འདུག་གམ། འབྲི་མཁན་དེས་རྫུན་བཤད་པ་ཨེ་ཡིན། རྫུན་བཤད་དགོས་པའི་རྒྱབ་ལྗོངས་ཨེ་འདུག ལྷག་པར་ཡང་ཡིག་ཆ་དེ་ནམ་བརྩམས་སུས་བརྩམས་ཀྱི་དུས་ཚིགས་ལ་དོ་སྣང་དགོས་གི ཡིག་ཐོག་གི་སྐད་ཆ་ཙམ་མ་ཡིན་པར་གནའ་ཤུལ་དངོས་རྫས་སོགས་ཀྱི་དཔང་རྟགས་འདུག་གམ། མང་ཚོགས་ཀྱི་བཤད་རྒྱུན་ནང་ན་གང་འདུག དེ་ནས་བསམ་གཞིག་བྱས་ནས་དངོས་ཡོད་དང་མཐུན་པ་ཞིག་མིན་ན་ཁས་ལེན་རྒྱུ་མི་འདུག དབྱིན་སྐད་དུ་ཡོད་པའི་factual evidenceདགོས་གི། དཔེར་ན།་དུས་ཕྱིས་སུ་ང་ཚོའི་གཞོན་སྐྱེས་ཚོས། བཙན་པོ་རལ་པ་ཅན་གྱིས་རབ་ཏུ་བྱུང་བ་ལ་འབངས་མི་ཁྱིམ་བདུན་གྱི་ཞབས་ཏོག་གསོལ་རས་གནང་ཚུལ་ཙམ་ལ་བརྟེན་ནས་རྦད་དེ་ལྡོག་ཕྱོགས་ཀྱི་སྐད་ཆ་བཤད་པ་རེད། དེ་ནི་བཙན་པོ་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་མང་བས་མང་ཚོགས་ལ་དཀའ་ངལ་འཕྲད་པས་ལྷ་སྲས་དར་མས་ཆོས་བསྣུབས་པ་རེད་ཅེས་བཤད་པ་རེད། དེ་ལ་རྒྱུ་མཚན་མེད་པ་རེད། སྐབས་དེར་གྲྭ་བཙུན་ལ་ཞུགས་མཁན་མེད་པའི་དཀའ་ངལ་འཕྲད་ནས་གནང་སྦྱིན་དེ་ལྟ་བུ་བྱེད་དགོས་ཐུག་པ་རེད། གྲྭ་བཙུན་མང་ན་གནང་སྦྱིན་བྱེད་དགོས་ཀྱི་མ་རེད། དཔེར་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་དུས་སུ་བོད་རུ་བཞིའི་གྲྭ་བཙུན་ཚང་མར་ཤམ་ཐབས་ཀྱི་ཁྲལ་བསྡུ་དགོས་ཐུག་པ་རེད། ལོ་རྒྱུས་དེས་དེ་དུས་སུ་གྲྭ་བཙུན་མང་དྲགས་པ་ཤེས་ཀྱི་རེད། གྲྭ་བཙུན་མང་དྲགས་ན་མར་གནང་དགོས་ཀྱི་མ་རེད། དེ་ལས་ལྡོག་སྟེ་བཙན་པོ་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་་ཞུགས་མཁན་ཉུང་བ་དེ་མཐོང་ཐུབ་གི་རེད།
སངས་རྒྱས་ཆོས་ལུགས་ནང་འདྲེན་བྱེད་དོན་ཐད་ནས་འུ་གཉིས་ཀྱི་ལྟ་ཚུལ་གཅིག་པ་རེད། ད་དུང་སངས་རྒྱས་ཆོས་ལུགས་རྒྱ་གར་ནང་བསྣུབས་དོན་ཡང་ཕལ་ཆེར་དོན་དག་དེར་ཐུག་ཡོད་པ་འདྲ། ཡིན་ནའང་། བོད་རང་གི་གདོད་མའི་ཆོས་ལུགས་དེ་བཞིན་ངས་གདོལ་བོན། འཁྱར་བོན་དང་གཡུང་དྲུང་བོན་བཅས་འཕེལ་རིམ་གསུམ་གྱི་ནང་ལ་བསྡུས་ནས་བཤད་ཀྱི་ཡོད། འཁྱར་བོན་དང་ཨིན་ཇིའི་ནང་གིZoroastrianismགཉིས་གཅིག་པ་ཡིན་མིན་ད་དུང་དཔྱད་ཀྱིན་པའི་སྒང་ཡིན། འུ་དུམ་བཙན་པོས་སངས་རྒྱས་ཆོས་ལུགས་ལ་ཚད་བཀག་བཟོ་དོན་ཐད་ནས་འུ་གཉིས་ཀྱི་དཔྱད་འབྲས་མཚུངས་ཀྱི་མི་འདུག ཡིན་ནའང་། ངས་ཁྱེད་ཀྱིས་བཙན་པོའི་དུས་ཀྱི་སངས་རྒྱས་ཆོས་ལུགས་ལ་བསྐྱར་ཞིབ་ཅིག་འབྲི་བར་རེ་བ་རྒྱག་གི་ཡིན། དེ་དུས་བགྲོ་གླེང་བྱེད་ཆོག དེ་མིན་ཞིབ་འཇུག་ཚད་ལྡན་ཅན་གྱི་ལམ་ཁར་ཞུགས་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན་པའི་ཁར། ཕྱི་རབས་པར་ཕུལ་བྱའི་ནང་ནོམ་ལྟ་བུ་ཡིན་པས། ཧུར་ཐག་གནང་ངེས་ཡིན། ཡ། ད་རེས་དེ་ཙམ་ཡིན། གནམ་གྲུ་འཕུར་ལ་ཉེ་གི རྗེས་མ་ག་ལེར་བགྲོ་གླེང་བྱེད་ཆོག ཐུགས་རྗེ་ཆེ།
དཔལ་དགྱེས་སམ། མིང་རྫུན་ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་དེ་རིང་གོ་སྐབས་ཤིག་ལ་བརྩིས་ཏེ། གང་བྱུང་བཤད་ཀྱིན་འདུག ཡིན་ན་ཁོ་ལ་ཡ་བྱེད་མཁན་མེད་ནས་སོ་སོ་ནག་རིལ་ཆགས་འདུག་ཧོཧོཧོ
བོད་ཕྲུག་ལགས། ང་ལ་གཞན་ཕྱོགས་ལ་བསྟོད་དགོས་པ་དང་ཆེ་ཚང་ལ་སྨད་དགོས་པ་ཡང་གང་མེད། གོ་སྐབས་བཟུང་ས་ཡང་དེ་བས་ཀྱང་མེད་མོད། ཡིན་ན་ཡང་འབྲི་གུང་ཆེ་ཚང་གཅིག་དེ་ནག་པོ་ནག་རྐྱང་བཟོས་ནས་གཞན་དེས་ཡིན་འདོགས་འདྲ་སྟོན་བསྡད་ན་སྐྱབས་མགོན་སོགས་ལྟ་ཅི་མི་ནག་སྐྱ་བོའི་ལས་ཀ་ལས་ཐ་ཆད་པ་རེད། རེད་ཡ་་་དེང་སྐབས་ང་ཚོའི་བོད་པའི་ནང་དུ་ནད་ངན་ཞིག་འབྱུང་བཞིན་པ་ནི། མ་འགྲིགས་པ་དང་མ་བཟང་བ་ཞིག་ཡོད་ཚད་ཚང་མ་སྔོན་བྱོན་སྐྱེས་བུ་དམ་པ་དག་དང་ཆོས་ལུགས་དང་དགོན་སྡེ་བླ་གྲྭ་མཁན་སྤྲུལ་ལན་སོང་ཟེར་བཞིན་འདུག ང་ཚོ་གཏམ་དཔེ་ཞིག་ལ་ཁྱི་མོའི་རིག་ནས་ཟིག་ལ་ཁྱི་ཕྲུག་དག་གི་མ་རིག་པར་ཟིག་ཟེར་བ་དེ་ཅི་མ་བདེན་་་་་ནད་ངན་འདི་ཨི་ཙི་ལས་ཀྱང་ཐབས་སྡུག་པའི་ནད་ངན་ཞིག་རེད། ང་ཚོ་གཏམ་དཔེ་ཞིག་ལ་སྐད་ཆ་ངན་པ་བཤད་ན་མྱིའི་མི་འདོད་ལ། རྡོ་དང་དབྱུག་པ་ཕྱར་ན་ཁྱིའི་མི་འདོད་ཟེར་བ་ནང་བཞིན། དགོན་སྡེ་དང་བླ་གྲྭ་མཁན་སྤྲུལ་ནི་སྐྱོན་གྱིས་མ་གོས་བ་ཞིག་མིན་ལ། ཡིན་ན་ཡང་འབྲེལ་མེད་ངན་ཁག་ཡོད་ཚད་དགོན་སྡེ་དང་བླ་གྲྭ་མཁན་གསུམ་ཀྱི་མགོ་ལ་བཙན་གྱི་འཇོག་མཁན་དག་ལ་ང་ཚོས་མགོ་སྒུར་སྒུར་དང་སྒྱིད་པ་ཞ་ཞ་བྱེད་དགོས་དོན་གཏན་ནས་མེད། དྲང་བདེན་དང་གནས་ལུགས་གླེང་ན་ང་ཚོར་སྐྱོན་ཡོད་ན་རང་སྐྱོན་ཁས་ལེན་དགོས་པ་ལས། དེང་སྐབས་མི་བུ་རེ་ཟུང་ལ་ནད་ངན་ཞིག་ཡོད་པ་ནི། དགོན་སྡེ་དང་བླ་གྲྭ་མཁན་གསུམ་ལ་མ་ངེས་ཁག་གཡོགས་བྱས་ནས་དགོན་སྡེ་དང་བླ་གྲྭ་དག་ལ་འབྲེལ་བ་སྤུ་ཙམ་མེདཔའི་་་་་་ཁྱིམ་བཟའ་བའི་བར་གི་འཁོན་འགྲས། ཇག་པ་རྐུན་མའི་བར་གི་འཁོན་འགྲས། ཕྱིག་པོའི་རྒྱུ་རྩོད་བྱས་བའི་འཁོན་འགྲས། ཆང་འཐུང་བཟི་བོ་དག་གི་འཁོན་འགྲས། རྒྱལ་འཇོག་དག་གི་འཁོན་འགྲས། གསར་བུ་སྣང་མཐོ་ཚོའི་སྣང་བ་བརྩད་པའི་འཁོན་འགྲས་སོགས་འདི་དང་འདི་འདྲ་བའི་སྤྱི་ཚོགས་སྟེང་འབྱུང་བཞིན་པའི་གནད་དོན་ཡོད་ཚད་ནས་ཡོད་ཚད་ང་ཚོའི་དགོན་སྡེ་དང་བླ་གྲྭ་མཁན་སྤྲུལ་ལན་སོང་ཟེར་ནས་མགོ་ལ་བཙན་གྱིས་བཞག་ཡོང་ན་ངེད་བླ་གྲྭ་ཚོར་ཟ་རྒྱུ་འཐུང་རྒྱུ་མེད་པར་ཤི་དགོས་ན་འགྱོད་པ་སྤུ་ཙམ་མེད་པ་མ་ཟད་དེ་དག་གི་ངོ་ཚོ་ལ་མ་ངེས་ཁག་གཡོགས་བཏང་བ་ལ་དང་ལེན་གཏན་ནས་མེད་པར་ང་ཚོ་ལ་དགོད་རྒྱུ་སྒལ་ཚིགས་ནང་ནས་ཤོར་བཞིན་ང་ཚོས་ལ་རྒྱ་སེམས་ལ་བཅང་ནས་ང་ཚོའི་མི་ངན་དབྱེན་དཀྲུག་བྱེད་མཁན་དེ་དག་གི་སྔུན་ནས་གཉོམ་གཏན་ནས་ཁུར་དགོས་དོན་མེད། དེ་མིན་མི་བུ་འགའ་ཤས་ཀྱི་རང་དབང་དང་འདྲ་མཉམ་ཟེར་བ་འདི་སྤྱི་ཕན་ཞིག་ཡིན་མདོག་བཤད་བཞིན་འདུག་ལ་མཐར་གཏིག་ནས་ཡོང་ན་དེ་དག་གི་དམིགས་ཡུད་ནི་མི་སྒེར་རང་གི་ཁེ་ཕན་རྩོད་སྤྱད་ཞིག་ཡིན་པ་ལས་གཞན་དགེ་མཚན་ཅང་མི་འདུག་་་་རང་དབང་དང་འདྲ་མཉམ་ཟེར་བ་འདི་སྤྱི་ཕན་ཡོད་པ་ཞིག་མ་ཡིན་པར་མི་སྒེར་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་སྤྱད་ཞིག་ཡིན་པ་ཞིབ་གྱིས་དཔྱོད་དང་ཤེས་ངེས་ཡིན། རང་མི་འདྲེ་རུ་འགྱུར། སྲུང་མ་གཤེད་ཏུ་འགྱུར། ཅི་འདྲེས་འཇིགས་སུ་རུང་བ་ལ་ཨང་།
སྤོབས་མཐའ་ལགས་ཀྱིས། རྒོད་དང་གཡུང་སྐོར་ཡག་པོ་གསུངས་འདུག རྒྱ་བོད་མོལ་བའི་སྐབས་སུ་ཉི་ཟླ་གཟའ་སྐར་གསུམ་དཔང་པོར་བཞག སྲོག་ཆགས་བསད་ནས་མནའ་བསྐྱལ་ཚུལ་གསལ་བ་འདི། རྒྱ་བོད་ཐུན་མོང་གི་སྔར་དཔའ་བོའི་ལུགས་སྲོལ་ཞིག་ལས་བན་བོན་གྱི་ཆོས་ལུགས་གང་དང་འབྲེལ་བ་མེད་སྙམ་ལ། འདིས་བཙན་པོ་ཁྲི་རལ་པ་ཅན་ནང་ཆོས་ལ་དད་པ་མེད་པར་བསྒྲུབས་མི་ཐུབ་སྙམ་མོ།།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར།། མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག།།
དཔལ་དགྱེས་ལགས་ ཁྱེད་ཀྱིས་མིང་རྫུན་མ་མང་པོ་བེད་སྤྱད་ནས་བོན་པོ་དང་། བཀའ་བརྒྱུད་ དེའི་ནང་ནས་འབྲི་ཁུང་གི་སྐྱབས་མགོན་དང་ ཆོས་བརྒྱུད་དེར་དམའ་ཕབ་དགོས་པའི་སྙིང་ནད་དེ་འདྲ་རྒྱུ་མཚན་ཅིས་བྱུང་། ཐད་ཀར་གསུངས་ཡག་པོ་འདུག གང་ལྟར་ཁྱེད་རང་ཡིན་པ་ནི་ཚང་མས་ཤེས་གསལ་རེད།
ཨ་ཕྱི་ཟེར་བའི་དམ་ཉམས་ཁྱོད་ཕྲག་དོག་གྱི་ཆུས་སྨྱོས་ནས། བསམ་བཞིན་སྐྱེ་བ་བཞེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོག་ལྟ་དང་སྐུར་འདེབས། རང་ཉིད་མཁན་ཆེན་མིན་ཡང་མཁན་ཆེན་མིང་རྫུས་ཀྱིས་མི་ཆོས་བླ་མའི་རྫུན་ཁོ་ནས་ཕྱི་རྒྱལ་དད་པ་ཅན་རྣམས་བསླུས་དང་སླུ་བཞིན་པའི་སྡོམ་ཤོར་དམ་ཉམས་ཁྱོད་སུ་ཡིན་ངས་ཤེས། ད་ཚོད་ཟིན་རེ་རན་ཕ་རོ་ཁྱོད།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཁས་དབང་དམ་པ་ངོ་མ་ཞིག་རེད་འདུག་བསམས་བསམས་འདྲ་ཞིག་བྱུང་།སྐད་ཆ་བཤད་སྟངས་དེ་དག་ཡིད་དབང་འཕྲོག་ཡ་འདྲ་ཞིག་འདུག བོད་བཙན་པོའི་རྒྱལ་རབས་ཆ་ཚང་བ་བྲིས་པར་ཐུགས་རྗེ་ཆེ། མི་འདི་འདྲ་ལ་མཁས་དབང་ཞེས་ཞུས་ན་འགྲིག་ས་རེད་དོ།།
རེད་། ཁོང་ལ་བོད་ཀྱི་ལོ་རྒྱུས་ཀྱི་མཁས་དབང་ཞེས་འབོད་དགོས་ས་རེད།
བཀྲ་ཤིས་བདེ་ལེགས
འདྲི་བ་དྲི་མཁན་དེའི་རྒྱལ་རབ་ཀྱི་དོན་སྙིང་གང་ཡིན་པ་དེ་འདྲི་ཤེས་མི་འདུག། ཧ་གོ་དགོས་ཡ་གཙོ་བོ་རྒྱལ་རབ་དེ་རྩོམ་དགོས་པའི་རྒྱུ་མཚན་དང་དེས་དོན་སྙིང་དེ་རེད།
འབྲི་གུང་ཆེ་ཚང་ལ་སྤྲུལ་སྐུ་གཉིས་ཡོད་པ་ཚང་མས་ཤེས་རྒྱུ་གལ་ཆེན་པོ་རེད། གཅིག་ལ་དྭགས་ན་ཡོད། གཅིག་རྡེ་ར་རྡུན་ན་ཡོད་པ་རེད། འདི་གཉིས་པ་དེ་རེད།
སྐྱབས་མགོན་ཆེ་ཚང་ཞབས་ཀྱི་ཞལ་མཇལ་ལན་གཉིས་ཙམ་ཐོབ་པར་སྐལ་བ་བཟང་། དང་པོ་དེ། ༡༩༧༠པའི་དཀྱིལ་ཙམ་ལ་ཨ་རི་ནེཝ་ཇར་ཟི་རུ། སོག་པོ་དགེ་བཤེས་དབང་རྒྱལ་དགོན་པར་བོད་ནས་ཕེབས་མ་ཐག་པས་སྐྱ་ཆས་བཞེས་འདུག བདག་གི་སེམས་ལ་གཞན་ལྟར་ཨ་རིར་བཞུགས་ནས་ཕྱག་ལས་ཕལ་པ་འདྲ་མཛད་པར་བསམས་ཀྱང་། དེ་འདྲ་མ་ཡིན་པར་རྒྱ་གར་དུ་བྱོན་ཏེ། བོད་ཀྱི་རིག་གཞུང་དང་། འབྲི་གུང་གི་བསྟན་པ་རིན་པོ་ཆེའི་ཁུངས་འཛིན་པར་མཛད་དེ། འབྲི་གུང་པ་ལྟ་ཅི། བོད་པ་རྣམ་དཔྱོད་ཅན་ཡོངས་ཀྱི་མིག་དཔེར་བཞུགས་པ་ནི་ངོ་མཚར་མཆོག་ཏུ་བརྩི་དགོས་པ་ལགས། བོད་དུ་ང་དགུའི་ཟིང་འཁྲུགས་དང་། རྗེས་སུ་ཡང་དམར་པོའི་རིང་ལུགས་པའི་འོག་སྐུ་ངལ་ཆེ་ཙམ་བཞེས་དགོས་པ་བྱུང་ཡོད་ངེས། འབྲི་གུང་སྐྱབས་མགོན་ཡིན་ནམ། ལ་དྭགས་བླ་མ་སྟག་ཚང་རིན་པོ་ཆེ་འབྲི་གུང་ཕྱོགས་སུ་འཁྲུངས་པ་དེ་ཡིན་ཏན་ཏན་རང་མི་དྲན། བོད་བྱང་ཐང་དུ་རླངས་འཁོར་ཁ་ལོ་པ་བྱེད་དགོས་བྱུང་བ་ཐོས། སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ལན་གཉིས་པ། ༢༠༠༧ ལོར་ལ་དྭགས་ཕྱི་དབང་དུ་མཇལ། གང་གིས་བརྩམས་པའི། བོད་བཙན་པོའི་རྒྱལ་རབས། ཞེས་པ་དེ་དེབ་གསུམ་དུ་ཡོད་པའམ། དེབ་གཅིག་ཡིན་པ་གསུམ་དུ་བསྒྲིགས་པ་ཡིན་ནན་ཏན་མ་ཤེས། ཁ་བྱང་ཤེས་པ་ན། འདི་ཀའི་དཔེ་མཛོད་དུ་བྱིན་རླབས་ཀྱི་ཚུལ་དུ་བཞུགས་ཤིང་མ་འོངས་པ་ན་བོད་སྐད་ཡིག་ཤེས་མཁན་དག་གིས་ཀློག་པ་ལ་དེབ་དེ་ལེན་པར་མངགས་ངེས་ལགས་སོ།
གསར་འགོད་པ་ཁམས་སྐད་སྡེ་ཚན་གྱི་བློ་བཟང་ཆོས་འཕེལ་ལགས། ཟེར་བ་འདིའི་བོད་སྐད་ཤོད་སྟངས་འདི་ཧ་ལས་པ་ཡག་པོ་ཅིག་འདུག་སྙམ་ལགས།
རིག་འཛིན་དཔལ་དགྱེས་བ་རྡོ་རྗེ་ཟེར་བའི་མི་འདི། ངོ་དེབ་སོགས་ལ་སྤྲུལ་སྐུ་དབང་ཆེན། ཁ་བརྡའི་ནང་ཨ་ཕྱིའི་མིང་ཅན་དང་། ཕྲིན་ལས་ལྷུན་གྲུབ་སོགས་མིང་མི་འདྲ་བ་དུ་མ་འདུག་པས། ཆོལ་ཁ་དང་ཆོས་རྒྱུད་བར་དང་བླ་མ་སློབ་མའི་བར་བོད་འབངས་སྤྱི་ལ་མི་བདེ་སྐྲུག་ཤིང་རྒྱུན་མ་ཆད་བའི་ལས་སྟངས་ལ་ཚང་མས་དོ་སྣང་ཡོད་བར་ཞུ།
དབུས་གཙང་བ་དངོས་གནས་ཅིག་གིས་རང་གི་འདས་པའི་ལོ་རྒྱུས་ལ་བསམ་གཞིགས་ཡག་པོ་གནང་ནས། ཕྱག་ལས་ཡག་པོ་གནང་ཡོད་ས་རེད། དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། བོན་རྒྱལ་ལོ། དེབ་འདིའི་མདུན་ཤོག་རྒྱབ་ཤ་དེའི་འདྲ་པར་དེ་རྒྱ་གར་བའི་གྲུབ་ཆེན་འདྲ་པོ་ཞིག་བྲིས་གནང་འདུག་དེ་ལྟར་ཅིའི་ཕྱིར་བྲིས་པ་ཡིན་ནམ། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བོད་ཀྱི་རྒྱལ་རབས་རྣམས་ལ་ཆས་གོས་ཁྱད་པར་ཅན་དེ་འདྲ་ཡོད་པར་སེམས་ལོ་རྒྱུས་འགར་་་་དར་ལ་སེང་དཀར་མོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་་་་དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་་་ཟེར་བ་སོགས་འདུག འདི་ཚོའི་སྐོར་ལ་དགོངས་ཚུལ་གང་ཡོད་དམ། །
བོན་བདེན་པ་འདུག གཉའ་ཁྲིའི་རི་མོ་དེ་ལ་བལྟས་ན། བོད་གངས་རིའི་རྒྱལ་པོ་མིན་པར། རྒྱ་གར་ཚ་བའི་རོང་གི་རྒྱལ་པོ་བྱས་པ་འདྲ་པོ་འདུག འོནད་ཀྱང་འབྲི་གུང་ཆེ་ཚང་རིན་པོ་ཆེའི་བཙན་པོའི་རྒྱལ་རབས་དང་། དྲི་ལན་སོགས་ལ་བཀའ་དྲིན་ཆེའོ་ཞེས་ཞུ་རྒྱུ་ལས་མ་འདས།
བོན་དེ་# 9 BONPOའམ་བོན་པོ་བདེན་པ་འདུག་ལ་བཅོས།
ཨ་ཕྱིའི་ཆོས་སྒྲོན་ཟེར་མཁན་དེ། ངས་དང་པོ་འབྲི་གུང་ཡིན་ན་བསམ། ད་ལྟ་ཡོང་དུས་མིང་དོན་གཉིས་མ་མཚུངས་པ་འདྲ་ཡོང་འདུག་། མ་ཟད་འབྲི་གུང་ཁྲི་སྤྲུལ་བརྫུན་མ་ཞིག་ཡོད་སྐད་ཐོས། ལ་དྭགས་ཅོག་ལམ་སར་གྲོང་པའི་ཨ་འོ་ཡིན་པར་ཐོས་དེ་ཡིན་འདོག་བྱས་འདུག་བ། འབྲི་གུང་སྐྱབས་མགོན་གཉིས་ནི་གཅིག་བོད་ལ་ཡོད་པ་རེད་ཅེས་ཐོས། གཅིག་ཁོང་ལ་ཞུས་པ་རེང།
དེ་ག་རང་རེད། འབྲི་གུང་ཆེ་ཚང་ཚང་ལ་གཉིས་ལས་སུ་ཞིག་བདེན་དང་སུ་ཞིག་རྫུན་གང་ཤེས་གཉིས་ཀར་སྐུ་སྒེར་གྱིས་ཐག་བཅད་པ་ཞིག་རེད་འདུག་ག དེ་བས་འདི་བ་ཚང་ལ་སྲོག་འཚོ་བའི་ཆ་རྐྱེན་དང་བོ་ཡིན་པས་ཆོས་ལུགས་དད་མོས་ནི་མི་རྣམས་ཀྱི་ཉེར་མཁོ་རིམ་པ་བརྩིས་ན་གསུམ་ཙམ་ཡོད་འདུག མི་རྣམས་སྲོག་འཚོ་བའི་གཞི་རྩའི་སྟེང་ནས་ཆོས་ལུགས་ལ་དད་པ་བྱེད་དགོས་པས་བཟའ་བཏུང་ནི་མི་རྣམས་ཀྱི་ཉེར་མཁོ་དང་བོད་ནས་རྐང་རྩེད་པོ་ལོ་ཨང་དང་པོ་ཡིན་བཞག ། དེ་ཡང་བཟའ་བཏུང་ནི་མི་རྣམས་ཀྱི་ཐོན་བསྐྱེད་དང་འཚོ་བའི་ཆ་རྐྱེན་གནས་པའི་འཁོར་ཡུག་གི་ཆ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཡིན་པས་ཨ་རི་ནས་ཉ་ཁང་དང་ཟས་ཁང་ནས་ཏཻ་ལོ་པ་ནང་བཞིན་གནང་པ་ཨང་གཉིས་པ་རེད་ཟེར། བཙན་པོ་དང་ཉམ་ཆུང་གི་དད་པས་ལོ་རྒྱུས་རྩོམ་སྒྲིག་པའི་འོས་འགན་ལེགས་བཞེས་ཐོག་ཏུན་ཧང་གི་དཔེ་བཤུས་དེབ་གཟུགས་སུ་བསྒྲིགས་པ་ཕྱག་ལས་ཡག་ཤོས་དེ་ཨང་གསུམ་པ་རེད། ། ད་དུང་བཙན་པོ་དང་ཉམ་ཆུང་གི་སྲོལ་རྒྱུན་ཆད་མེད་པར་མངོན་འདུག་ག།
ད་རེས་ངོ་ནས་དྲང་ནས་སློབ་སྦྱོང་ཡག་པོ་ཞིག་རེག་སོང་། སྒོས་སུ་འུ་དུམ་བཙན་པོ་བཀྲོངས་རྗེས་བོད་ཀྱི་རྒྱལ་ཁབ་ཉམས་རྒུད་ཕྱིན་པའི་རྒྱུ་རྐྱེན་དེ་ག་རང་ཡིན་པར་ཐེ་ཚོམ་མི་འདུག དེང་སྐབས་ཀྱང་ཨ་མདོ་དང་ཁམས་ཀྱི་མཐའ་མཚམས་ཡུལ་ལུང་མཐའ་དག་བོན་ཆོས་ལ་དད་པ་བྱེད་མཁན་རང་རེད། ད་དུང་སྔར་མཎ་ཇུས་རྒྱལ་རོང་ལ་དམག་བརྒྱབ་ནས་གཡང་དྲུང་ལྷ་རྟེན་དགོན་བཅོམ་རྗེས། དགེ་ལུགས་པར་བསྒྱུར་བའང་བོད་པ་ནང་ཁུལ་གཅིག་གྱུར་ཡོང་གི་མི་འཇོག་པའི་ཐབས་ལམ་ཞིག་རེད།
བོད་ཀྱི་བཙན་པོ་དང་བློན་ཆེན་གཙོ་བོ་ཚོའི་ཆས་གོས་རྒྱན་ཆས་སོགས་ནི་འདྲ་རིས་གཟུགས་བརྙན་རྙིང་པའམ། ལོ་རྒྱུས་ཡིད་བརྟན་ཕེར་བར་ཞིབ་ཚགས་ཀྱིས་བྲིས་པ་དཀོན་པས་ཤེས་དཀའ་ཙམ་འདུག ཡིན་ན་ཡང་། ཐང་ཡིག་ཏུ། གདོང་ལ་ཚོན་དམར་པོ་བྱུགས་ཚུལ་སོགས་འབྱུང་བའི་སྟེང་དུ་རང་རེའི་ངག་རྒྱུན་ལ་ཡང་བོད་གདོང་དམར་ཅན་གྱི་ཡུལ་ཞེས་གྲགས་པ་ལས་གཞིག་ན་གདོང་ལ་ཚོན་དམར་པོ་བྱུགས་ཚུལ་འདི་ནི་བདེན་པར་ངེས།
ཞྭ་མོ་ནི་ལ་ཐོད་ཅེས་པ་དེ་དེང་དུས་ཀྱི་ཨ་རབ་ཀྱི་སྐྱེས་པ་ཚོའི་མགོ་རས་དང་འདྲ་བ་ཞིག་ཡིན་ནམ་སྙམ། དེ་བཞིན་དུ་ལུས་ལ་ཡང་ནང་གྱོན་གྱི་སྟེང་དུ་རྐེད་རགས་མ་བཅིངས་པར་རས་གོས་རིང་པོ་ཕུ་དུང་ཁ་ཆེན་པོ་ཅན་བེར་ཞེས་པ་གྱོན་སྟངས་དེ་ཡང་ཨ་རབ་ཀྱི་སྐྱེས་པའི་གྱོན་ཆས་དང་ཆ་འདྲ་བ་འདུག
འུ་དུམ་བཙན་པོ་བཀྲོངས་པ་དང་བོད་དུ་འབངས་གྱེན་ལོག་གིས་དབུས་ཀྱི་སྲིད་གཞུང་ཉམས་པ་གཉིས་ནི་དུས་གཅིག་ལ་བྱུང་བ་ཞིག་མིན། འདིའི་ཐད་ལ་མང་པོས་གོ་བ་ཚུལ་བཞིན་མ་ལོན་པའམ། མཁར་རྨེའུ་བསམ་གཏན་གྱིས་བན་བོན་ཞེས་པའི་དགོས་མེད་དོན་ཆུང་ཕྱོགས་རིས་ཀྱིས་སངས་རྒྱས་ཆོས་ལུགས་ལ་འཁོན་ལན་རྩོད་པའི་ཆེད་དུ་ཆེད་དུ་བོད་ཀྱི་གྲྭ་བས་བོད་ཀྱི་སྲིད་གཞུང་གཏོར་ཚུལ་གྱི་གཏམ་འཆལ་བཀྲམས་པ་སོགས་ཀྱིས་འདིའི་ཐད་ལ་གོ་ནོར་ཐེབས་ཀྱིན་འདུག་པ་དེ་ལོ་རྒྱུས་དངོས་ཡོད་དང་མི་མཐུན།
དར་མ་བཀྲོངས་པའི་ལོ་དེར་ཁོང་གི་སྲས་གཉིས་འཁྲུངས། ཁོང་གི་སྲས་གཉིས་དགུང་ལོ་ཉེར་གསུམ་དུ་སོན་པའི་དུས་སུ་འབངས་གྱེན་ལོག་བྱུང་། དར་མ་བཀྲོངས་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་ཡང་སོང་མེད། སྲས་གཉིས་པོ་ལོ་ན་མཉམ་པས་སུ་ཞིག་སྔོན་དུ་རྒྱལ་སར་བསྐོ་མི་བསྐོའི་ཐད་ལ་རྩོད་གླེང་བྱུང་བས་བཙན་པོའི་སྲིད་གཞུང་གི་སྟོབས་ཤུགས་ཉམས། འབངས་གྱེན་ལོག་གི་སྣེ་ཁྲིད་མཁན་དེ་ཚོ་ནི་ཡུམ་བརྟེན་གྱི་ཕྱོགས་གཏོགས་ཚོ་ཡིན་པ་འདྲ། ཐོག་མར་འོད་སྲུང་གི་ཕྱོགས་གཏོགས་ཚོས་དབུས་ཁུལ་དུ་དབང་བསྒྱུར་བྱེད་ཐུབ་འདུག་མོད་རིམ་གྱིས་ས་མ་ཟིན་པར་འབྲོས་དགོས་ཐུག་འདུག ཡུམ་བརྟེན་གྱི་ཕྱོགས་གཏོགས་ཚོར་ནུས་པ་དེ་ཙམ་མེད་ན་ཡང་རྗེས་སུ་ཡང་ལྷོ་ཁ་ཡས་མས་སུ་གནས་ཆགས་ཐུབ་པ་བྱུང་འདུག
དེ་བཞིན་དུ་བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱིས་རྩོད་གཞི་དེ་ཡང་རྒྱལ་སྲིད་ལ་སུ་དབང་མིན་གྱི་རྩོད་གཞི་ལས་གཞན་གང་ཡང་མིན། ཉེ་ཆར་བྱུང་བའི་བལ་ཡུལ་གྱི་རྒྱལ་པོ་སྐུ་མཆེད་བར་གྱི་དོན་རྐྱེན་བསྡུར་ན་འདྲ་མཚུངས་ཀྱི་ཆ་བརྒྱ་ཆའི་བརྒྱད་ཅུ་ཏན་ཏན་ཡོད་པ་ཞིག་རེད། ལྷ་སྲས་དར་མ་དགུང་ན་བགྲེས་པ་དེ་ཡིན་ན་ཡང་། སྤྱོད་པ་ངན་པའི་ཆ་ནས་རྒྱལ་སྲིད་ལ་མ་བསྐོས་པར་གཞོན་པ་རལ་པ་ཅན་རྒྱལ་སྲིད་ལ་བསྐོས་པ་དེ་དར་མས་ནད་མ་ཁྱོགས་པར་རལ་པ་ཅན་རྐྱེན་ལམ་དུ་བཏང་བ་རེད།
འུ་དུམ་བཙན་པོ་བཀྲོངས་པ་ནི་རྗེས་སུ་བཙན་པོའི་སྲིད་གཞུང་འཇིག་པའི་རྐྱེན་དུ་གྱུར་བ་རེད། དེའང་རྣམ་པའི་ཆ་ནས་ཡུམ་བརྟན་དང་འོད་སྲུང་གཉིས་ཀྱི་ནང་ནས་སུ་ཞིག་རྒྱལ་སར་འགོད་མིན་རེད་དེ། དོན་ལ་བཙན་པོའི་ཕོ་བྲང་ནང་རྐང་ཚུགས་པའི་བན་བོན་སྟོབས་ཤུགས་ཀྱི་འགྲན་རྩོད་ཅིག་ཡིན། དཔེར་ན། འབངས་གྱེན་ལངས་ཀྱི་ཐོག་མ་མདོ་སྨད་ནས་དབས་ཁོར་གཞེར་གྱིས་བསླངས་པ་རེད། དབུས་ནས་བཙན་པོ་ཁག་ཅིག་གི་བང་སོ་བསྔོག་པ་རེད། བཙན་པོ་དེ་དག་ནང་ཆོས་དད་མཁན་རེད་དམ། ཡང་ན་བོན་ཆོས་དད་མཁན་རེད། དེ་ནས་ང་ཚོས་ལོ་རྒྱུས་ཀྱི་གདོང་རིས་ངོ་མ་དེ་མཐོང་ཐུབ་ནི་རེད།
ལྷ་སྡེ་གནམ་ལོ་ཡག་མཆོག་གིས་གསུངས་པ་དེ་དོན་དངོས་དང་མི་མཐུན་པའི་ཆ་འདུག ལྷ་སྲས་དར་མ་བཀྲོངས་པ་དང་བཙན་པོའི་སྲིད་དབང་ཉམས་པ་ལ་འབྲེལ་བ་གང་ཡང་མེད། བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱི་རྐྱེན་ངན་དེ་ནི་ཆོས་ལུགས་བར་གྱི་འཐབ་རྩོད་ལ་འབྲེལ་བ་གང་ཡང་མེད་པར་བཙན་པོའི་ཁྱིམ་ཚང་ནང་གི་རྩོད་རྙོགས་ཁོ་ན་ཡིན། གལ་སྲིད་ལྷ་སྲས་དར་མ་བོན་ལ་དགའ་མཁན་ཞིག་ཡིན་ན་ཁོས་བོན་གྱི་ལུགས་དར་རྒྱས་གཏོང་འོས་ན་ཡང་དེ་ལྟའི་ལོ་རྒྱུས་དང་དཔང་རྟགས་སྣ་གཅིག་ཀྱང་མཐོང་དུ་མེད། ལྷ་སྲས་དར་མ་བཀྲོང་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་མ་སོང་ཚུལ་ངས་གོང་དུ་བཤད་པ་དེ་རེད། བཙན་པོའི་སྲིད་གཞུང་ལ་ཉམས་རྒུད་ཐེབས་དོན་ནི་ཡུམ་བརྟེན་དང་འོད་སྲུང་བར་ལ་རྒྱལ་སྲིད་ལ་སུ་དབང་གི་རྩོད་རྙོགས་བྱུང་བ་དེར་ཐུག་ཡོད། དེ་ནི་དར་མ་བཀྲོངས་ནས་ལོ་ཉི་ཤུ་རྩ་གཉིས་ཀྱི་རྗེས་ལ་ཡིན། ཡུལ་ལུང་པ་གང་དང་གང་ཡིན་ན་ཡང་རྒྱལ་པོའི་ཁྱིམ་ཚང་དུ་དེ་ལྟ་བུའི་རྐྱེན་ངན་འབྱུང་བ་དེ་ལྟ་བུ་ཧ་ཅང་མང་།
སྤོབས་པ་ཕེབས་དག་སེལ་གནང་བར་དགའ་བསུ་ཡོད། དོན་ལ་འུ་དུམ་བཙན་པོ་བཀྲོངས་རྗེས། བཙན་པོའི་ཕོ་བྲང་ཕྱོགས་ཁག་གཉིས་སུ་གྱེས་ནས་ཡུམ་བརྟན་གྱིས་ལྷ་ས་ནས་སྲིད་བཟུང་བ་དང་། འོད་སྲུང་གིས་ཡར་ཀློང་ནས་སྲིད་བཟུང་བ་ནི་རྩོད་མེད་རེད། འོ་ན། འདི་ནི་བཙན་པོའི་སྲིད་དབང་འཇིག་བྱེད་ཀྱི་རྐྱེན་དུ་གྱུར་མེད་དམ།
བཙན་པོ་བཀྲོངས་པ་དང་བཙན་པོའི་སྲིད་གཞུང་ཉམས་རྒུད་གཉིས་ལ་འབྲེལ་བ་མེད་པའི་སྒྲུབ་བྱེད་ནི། བཙན་པོའི་སྲིད་གཞུང་ཞིག་རལ་དུ་སོང་དོན་དེ་བཙན་པོའི་ཁྱིམ་ཚང་ནང་ཁུལ་གྱི་རྐྱེན་ན་ཞིག་ལས་ཆོས་ལུགས་རྩོད་རྙོགས་ལ་འབྲེལ་བ་མི་འདུག ལྷ་སྲས་དར་མ་བཀྲོངས་པའི་ལོ་དེ་རང་ལ་སྲས་གཉིས་ཀ་འཁྲུངས་འདུག སྲས་གཉིས་ཀ་ལོ་ཉེར་གསུམ་མ་ཟིན་བར་དུ་འབངས་གྱེན་ལོག་བྱུང་མི་འདུག དེའི་བར་དུ་བཙན་པོའི་སྲིད་གཞུང་བརྟན་པོ་རེད། དེ་ནས་སྲས་གཉིས་ཀའི་མའི་ཕྱོགས་གཏོགས་ཀྱི་ཁྱིམ་རྒྱུད་དེ་ཚོས་འཁྲུགས་རྐྱེན་བསླངས་ཡོང་བ་ཞིག་རེད། དེ་ཡང་བཙན་པོའི་མིང་གནས་འཛིན་མཁན་གྱི་སྲས་ཀྱི་མ་ཡུམ་གྱི་ཕྱོགས་གཏོགས་གཉེན་ཉེ་དེ་འདྲར་ཞང་བློན་གྱི་གོ་གནས་ཐོབ་གི་ཡོད་པས་ཁོ་ཚོར་མཚོན་ན་སྲས་སུས་བཙན་པོའི་གོ་གནས་འཛིན་མི་འཛིན་དེ་གལ་གནད་ཆེན་པོ་རེད། ལྷ་སྲས་དར་མ་བཀྲོངས་རུང་མ་བཀྲོངས་རུང་གནད་དོན་དེ་སྔ་ཕྱི་མེད་པར་འབྱུང་རྒྱུ་ཞིག་རེད། དཔེར་ན། བཙན་པོ་རལ་པ་ཅན་དང་ལྷ་སྲས་དར་མའི་བར་གྱི་རྐྱེན་ངན་ལྟ་བུ་རེད། མདོར་ན་ལྷ་སྲས་དར་མ་དང་ཁྲི་རལ་བའི་བར་གྱི་རྐྱེན་ངན་དང་། དར་མའི་སྲས་གཉིས་ཀྱི་བར་གྱི་རྩོད་རྙོགས་གང་ཡིན་རུང་འདི་ཁྱིམ་ཚང་ནང་ཁུལ་གྱི་གོ་གནས་ཐོབ་ཐང་གི་རྩོད་རྙོགས་ཤིག་མ་གཏོགས་ཆོས་ལུགས་ཕྱོགས་ཁག་གི་རྩོད་རྙོགས་ཤིག་མ་རེད།
གནམ་ལོ་ཡག་ལགས། བཙན་པོའི་བང་སོ་བསྔོགས་པ་ནི་ཆོས་ལུགས་ཀྱི་འཁྲུགས་རྩོད་ཅིག་མ་རེད། བང་སོའི་ནང་དུ་རྒྱུ་ནོར་ཕོན་ཆེན་སྦས་སྲོལ་ཡོད་པས་རྒྱུ་ནོར་ཐོབ་ཆེད་དུ་བསྔོགས་པ་རེད། ངོ་ལོག་པས་གཞུང་གི་དངོས་རྫས་བཅོམ་པ་ཙམ་རེད།
ད་མང་པོ་བཤད་མ་བཤད་མི་འདུག། བོད་བཙན་པོའི་བང་སོ་གཅིག་ཡར་བསྔོགས་ནས་གདུང་རུས་རགས་སོང་ན་་DNA་བརྟག་དཔྱད་བྱ་དགོས་ཀྱི་འདུག བོད་བཙན་པོའི་་་DNA་་་་དངོས་གནས་དེ་རྙེད་སོང་ན་ཞི་ནས་ང་ཚོས་གདུང་བརྒྱུད་ཡིན་ཟེར་མཁན་འདི་ཚོར་བརྟག་དཔྱད་བྱ་ཆོག་གི་རེད། དེ་དུས་ཚང་མར་ཡིད་ཆེས་འཕེར་བ་ཡོང་ངེས། །
བོན་པོའི་མངའ་ཁམས་སུ་་་་ཡ་ངལ་་་གྱི་བརྒྱུད་པ་དེ་དེང་སང་དོལ་པོའི་ཡུལ་དུ་བཞུགས་ཡོད་རེད། ལོ་རྒྱུས་ཁ་ཤས་ནང་་་ཡ་ངལ་་་གྱི་གདུང་བརྒྱུད་འདི་བོད་རྒྱལ་གཉའ་ཁྲི་བཙན་པོ་དང་སྤུན་མཆེད་ཀྱི་འབྲེལ་བ་ཡོད་རབས་བྲིས་འདུག། ཡ་ངལ་་་གྱི་བརྒྱུད་པ་འདི་གཉའ་ཁྲི་བཙན་པོ་ཐོག་མར་གནམ་ནས་དོག་ལ་ཕེབས་དུས་ཡབ་ཀྱིས་གསུངས་པ་ཇི་བཞིན་བསང་དང་སེལ་བྱས་ནས་སྣ་འདྲེན་དེ་ཡིན་ཟེར་ནས་བྲིས་འདུག། ཡ་ངལ་གྱི་བརྒྱུད་པ་འདི་ལ་དུས་ཕྱིས་བོན་གྱི་རྫོགས་ཆེན་ཉམས་ལེན་ཀྱི་གདམས་བརྒྱུད་ཀྱང་ཐུག་ཡོད་པ་རེད། དེ་ལ་་་ཡང་སྟོན་་་ཞེས་སུ་མཚན་ནས་བཀུར་བར་བྱེད།
་་་་་ དར་མ་བཀྲོངས་པའི་ལོ་དེར་ཁོང་གི་སྲས་གཉིས་འཁྲུངས། ཁོང་གི་སྲས་གཉིས་དགུང་ལོ་ཉེར་གསུམ་དུ་སོན་པའི་དུས་སུ་འབངས་གྱེན་ལོག་བྱུང་། དར་མ་བཀྲོངས་ནས་ལོ་ཉི་ཤུ་ཡས་མས་ལ་བཙན་པོའི་སྲིད་གཞུང་ལ་འཕོ་འགྱུར་གང་ཡང་སོང་མེད། ་་་་་
་་་་་་ ལྷ་སྲས་དར་མ་དགུང་ན་བགྲེས་པ་དེ་ཡིན་ན་ཡང་། སྤྱོད་པ་ངན་པའི་ཆ་ནས་རྒྱལ་སྲིད་ལ་མ་བསྐོས་པར་གཞོན་པ་རལ་པ་ཅན་རྒྱལ་སྲིད་ལ་བསྐོས་པ་དེ་དར་མས་ནད་མ་ཁྱོགས་པར་རལ་པ་ཅན་རྐྱེན་ལམ་དུ་བཏང་བ་རེད། ་་་་་་
སྤོབས་པ་ལགས་ལ་བཀའ་འདྲི་གཉིས་ཞུ་གི་ཡིན།
གལ་སྲིད་ལྷ་ལུང་དཔལ་རྡོར་གྱིས་སངས་རྒྱས་ཆོས་ལུགས་སྲུང་སྐྱོབ་ལ་ཁ་གཡར་ནས་འུ་དུམ་བཙན་པོ་བཀྲོངས་མེད་ན་བཙན་པོའི་ཕོ་བྲང་ནང་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་བྱུང་ཐུབ་ཀྱི་རེད་དམ།
དེ་མིན་བཙན་པོ་བང་སོ་བསྔོག་དོན་རྒྱུ་ནོར་ཆེད་ཡིན་ན། ཅིའི་ཕྱིར་སྲོང་བཙན་སྒམ་པོའི་བང་སོ་མ་བསྔོག་པ་རེད་དམ།
Bonpo ཚང་གི་གསུངས་པ་ལྟར་བདེན་པ་རེད། ང་ཚོས་བོད་ཀྱི་ནང་བསྟན་རྒྱུད་འཛིན་ལ་ལས་ཐ་གཅིག་ཏུ་བོན་ལ་ལས་སྐྱོན་ཁ་ན་བཏགས་ཀྱིས་འདུག་ག་། དེ་ངས་ཀྱང་ངོས་ལེན། བོད་ཀྱི་རིགས་གཞུང་ཐམས་ཅད་དང། མ་ཟད་མོ་རྒྱབ་རྒྱུ་གཡང་འགུག་རྒྱུ། ལ་སོགས་པའི་ལེགས་ཆ་ཡང་ཡོད་རང་སྣ་རང་མ་བཏུབ་ཡག། སྐབས་རེ་ང་ཆོས་ཀྱི་ལུགས་ཀྱི་བྱེད་སྒོ་སོགས་རྒྱ་གར་ཧིནྡུའི་རིག་གཞུང་ལ་འདྲ་ཆོག་ན་། ང་རང་ཚོས་གདོད་མིའི་རུག་གཞུང་བོན་ལུགས་ལ་འདྲ་མི་ཆོག་པ་གང་རེད། གལ་ཏེ་འདྲ་ན་དེ་སྡུག་དགོས་རྒྱུ་དང་། ཡང་རྒྱ་གར་ལ་འདྲ་ན་ཡག་དགོས་རྒྱུ་གང་རེད། རང་གཞན་ཐམས་ཅད་ཐུགས་སྲོང་པོར་གནས་དགོས་ཡག་གལ་ཆེན། ང་རང་ནང་པ་ཡིན་མ་ཟད་སྔ་འགྱུར་རྙིང་མ་བ་ཡིན།
དར་མ་གཅེན་པོ་ཡིན་པ་དང་། སྤྱོད་ངན་ཡིན་པ་གཉིས་དངོས་གནས་ཡིན་ན། དར་མ་བཀྲོངས་ནས་ཆབ་སྲིབ་ལ་གནོད་པ་མིན་པར། ཁྲི་རལ་བཀྲོངས་ནས་ཆབ་སྲིད་ལ་གནོད་པར་ཤོད་དགོས།
གཅེན་གཅུང་གསོད་རེས་དེ། བན་བོན་ཆོས་ལུགས་པ་གཉིས་ཀྱི་རྐྱེན་གྱིས་མིན་པར། རང་གི་ཡབ་རྒྱལ་པོའི་གོ་སའམ། རྒྱལ་སྲིད་ལ་མ་མཆམ་ནས་གཉིས་ཀར་རིམ་བཞིན་བཀྲོངས་པ་ཡིན་དགོས།
དར་མའི་སྲས་འོད་སྲུང་ནི་གཉའ་ཁྲིའི་བརྒྱུད་པ་ཡིན་པ་ལ་རྩོད་པ་མེད་ཀྱང་། ཡུམ་བརྟན་གྱི་མ་ཡུམ་དེ་མ་ཡུམ་དངོས་གནས་མ་ཡིན་པར། བློན་པོས་མདང་སྐྱེས་བུ་ལ་སོ་ནི་སྐྱེས་འདུག་ཀྱང་ཡུམ་ལ་བརྟན་དུ་ཆུགས་ཞེས་པ་ལྟར། སྤྲང་ཕྲུག་ཉར་ནས་བྱུང་བས། བོད་བསིལ་བུར་ཐོར་བར་བཙུན་མོ་འདིས་གཡོ་བྱས་པ་ལ་ཐེ་ཚོམ་མེད་པ་ཅིག་རེད་མི་འདུག་གམ།
དར་མའི་བཙུན་མོ་ཆེན་ཆུང་དང་རྒྱལ་སྲས་བདེན་རྫུན་དེ་གཉིས་ཀྱི་རྒྱབ་ཏུ་སྔར་གྱི་སྙིང་ནད་ཡོད་མཁན་ཞང་བློན་སོགས་སྤུན་གཉེན་དང་། བན་བོན་ཆོས་ལུགས་དང་། ཡུལ་ལུང་འཐེན་འཁྱེར་གྱིས་ལོ་ཉི་ཤུའི་རྗེས་ལ་འབངས་གྱེན་ལོག་གིས། བོད་བསིལ་བུར་ཐོར་བ་མིན་ནམ་སྙམ་ལགས།
བཀའ་ཐང་མི་ཤེས་པའི་རྙིང་མ་དང་ལོ་རྒྱུས་མི་ཤེས་པའི་མཁས་དབང་སོགས་དེང་དུས་མང་ནི་རེད། ཡིན་ན་ཡང་སྲོང་བཙན་སྐབས་སུ་བོན་བློན་རེ་ཤི་ན་རྟ་བརྒྱ་ས་འོག་ཏུ་བརྣན་པ་དང་ཛོ་སྟོང་གསོན་བསྲེག་བྱེད་སྲོལ་ཡོད་པ་འབྲི་གུང་ཆེ་ཚང་རིན་པོ་ཆེས་གསུངས་ན་སྔོན་མའི་བོན་པོ་ཚོའི་བདེན་དཔུང་ཞིག་རེད། གདོན་གཟུགས་བོན་གྱི་བསྟན་པ་ཡང་དེ་འདྲ་ཞིག་ལ་གོ་བ་ལེན་ཆོག་འདུག་སྙམ། ད་ལྟའི་ཉག་ཁོག་གི་བོན་ཆོས་དང་ཏུན་ཧོང་གི་ཡིག་ཉོབ་ཚང་མ་ལ་ཁས་ལེན་ཐུབ་མིན་སོ་སོའི་དཔྱོད།
ལྷ་སྲས་དར་མ་བཀྲོངས་བར་མ་ཟད་་་བདུད་རེད་བསྒྲགས། མགོ་ལ་གླང་རྭ་སྐྱེས་འདུག་བསྒྲགས། སྐབས་དེ་དུས་བོད་འབངས་རྣམས་ཀྱིས་དར་མའི་སྲས་ལ་གུས་བཀུར་བྱས་ཀྱི་རེད་དམ། མགོ་ལ་གླང་རྭ་སྐྱེས་པའི་བདུད་རྒན་ཞིག་གི་བུ་ཡིས་རྒྱལ་པོ་བྱེད་ཐབས་ཡོད་རེད་དམ།
དཔེར་ན། དེང་སང་ཤུགས་ལྡན་ཚོགས་པའི་ཚོགས་མི་ཞིག་བཀའ་བློན་ཁྲི་པ་ལ་སླེབས་ཐུབ་ཀྱི་རེད་དམ། ཡོང་མི་སྲིད་པ་རེད། ཁོང་ཚོ་འདྲེ་བརྟེན་མཁན་རེད་བ། རྨོངས་དད་ཅན་གྱི་བོད་མི་ཚོས་དུས་ནམ་ཡང་ཁས་ལེན་གྱི་མ་རེད། གནད་དོན་འདི་དང་གཅིག་པ་གཅིག་རྐྱང་རེད།
འུ་དུམ་བཙན་པོའི་སྲས་གཉིས་ཀྱིས་བོད་ཀྱི་རྒྱལ་ས་འཛིན་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ཆོས་ལུགས་པས་རྫུན་བསྒྲགས་བྱས་པའི་རྐྱེན་གྱིས་འབངས་མི་སེར་ཚོས་འུ་དུམ་བཙན་པོ་མགོ་རྭ་སྐྱེས་པའི་བདུད་རེད་བསམས་ནས་འབངས་མི་སེར་གྱི་བློ་དཀར་བོད་བཙན་པོའི་གཞུང་ལ་བློ་ལོག་པ་རེད། དེའི་ཕྱིར། འབངས་གྱེན་ལངས་བྱུང་བ་རེད། འབངས་མི་སེར་གྱི་བློ་དཀར་བོད་བཙན་པོའི་རྒྱལ་རྒྱུད་དང་བཙན་པོའི་གཞུང་ལ་ཡོད་ན་གྱེན་ལངས་བྱས་དོན་ཡོད་མ་རེད།
ད་དུང་་་མ་ཉེས་ཁ་གཡོགས་བྱས་ཀྱི་འདུག ཁྲི་རལ་བཀྲོངས་པའི་རྒྱུ་མཚན་འུ་དུམ་བཙན་པོ་རྒྱལ་པོའི་ཁྲི་ལ་རྔམ་དྲག་ནས་ཡིན་མདོག་མདོག་བཤད་ཀྱི་འདུག ཁྱོད་ཚོ་ལ་ཁུངས་དང་ལུང་ག་རེ་ཡོད་དམ། ཆོས་ལུགས་ཀྱི་ནད་ངན་ཡོད་པའི་མྱི་ཁྱོད་ཚོས་དུས་ནམ་ཡང་ལོ་རྒྱུས་དྲང་པོ་བཤད་ཀིན་མ་རེད།
ཁྱོད་ཚོ་ཁྲི་རལ་ལ་དགའ་མདོག་བྱས་ཀྱི་རེད། ཁྲི་རལ་གྱིས་འགྲོ་བ་མིའི་རིགས་ཀྱིས་བཟོད་ཐབས་དཀའ་ངལ་བའི་རྒྱལ་ཁྲིམས་བཟོ་པ་རེད། གྲྭ་པ་ལ་མིག་ལོག་བལྟས་ན་མིག་བཏོན། ཁ་བཏངས་ན་ལྕེ་གཅོད། གྲྭ་པ་རེ་ལ་ཁྱིམ་ཚང་བདུན་རེ་བྲན་གཡོག་སྤྲད། ཁྲིམས་ལུགས་ངན་པ་དེ་འདྲ་བཟོ་མཁན་གྱི་རྒྱལ་པོ་ཞིག་ཚེ་ཐག་རིང་པོ་བསྡད་དོན་ཡོད་པ་མ་རེད།
བོན་པོ་རྣམས་བོད་བཙན་པོའི་རྒྱལ་རྒྱུད་ལ་ཡིད་ཐང་ཆད་སོང་བ་ནི་ཐུགས་ཁག་རྩ་བ་ནས་མེད་པ་ཞིག་རེད། བོད་རྒྱལ་ཁྲི་རལ་པ་ལགས་ཀྱིས་ཤཀྱའི་ཆོས་ལ་ཨ་གསར་བྱས་ནས་ཕ་མེས་ཀྱི་བོན་པོའི་ཆོས་ལུགས་པ་རྣམས་ལ་ཕོག་ཐུག་བཟོས། བོན་པོ་སེམས་ཕམ་ནས་བོད་རྒྱལ་ཁབ་ཀྱི་གནད་དོན་ཐོག་ཏུ་འགན་མ་ཁུར་པ་དང་། ཤཀྱའི་ཆོས་ལུགས་པ་ཚོས་གོ་སྐབས་ཟིན་ནས་བོད་ཀྱི་བཙན་པོ་འུ་དུམ་བདུད་ལ་སྒྱུར་ནས་བོད་ཁམས་སིལ་བུ་ཐོར་སོང་བ་ནི་དངོས་ཡོད་གནས་ཚུལ་རེད་འདོད་དོ།།
ཐང་བོད་གཉིས་ཀྱིས་སྤྱི་ལོ་༨༢༢་ལོར་ལྷ་ས་ལ་མནའ་གན་བཞག་པའི་སྐབས་སུ་་་ཉི་ཟླ་སྐར་གསུམ་ལ་དཔང་བཙུགས་ནས་མནའ་བསྐྱལ་འདུག སྐབས་དེར་དུས་བོད་ཀྱི་རྒྱལ་བློན་མང་ཤོས་བོན་པོ་ཡིན་པ་ནི་རྟགས་འདིས་གྲུབ།
མདོ་དོན་་་བོད་བཙན་པོའི་སྐབས་སུ་བོན་ཆོས་བྱས་ནས་དམར་མཆོད་ཕུལ་ཡོད་ནའང་འདྲ། ག་རེ་བྱས་ཀྱི་ཡོད་ནའང་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ལྷུང་མེད། ཆོས་དང་ཆབ་སྲིད། དཔལ་འབྱོར་དང་དམག། མི་འབོར། ཕྱོགས་གང་ལ་བལྟས་ཀྱང་སྤོབས་པ་སྐྱེས་འོང་བ་ཞིག་ཡིན། ཤཀྱའི་ཆོས་ལུགས་པའི་བཀོར་གཟན་ཚོས་ཡུལ་ལུང་གྱི་དབང་ཆ་ཟིན་པ་ནས་བཟུང་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ལྷུང་སོང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་བཞིན་ཡོད།
བོན་མཁས་པ་ཅོ་རི་ལ་འདྲི་བ་གཅིག་ཞུ། ད་ལྟའི་བོན་བཀའ་བརྟེན་འདི་བདེན་པ་ཡིན་ནམ། དེ་དུས་རྟ་བརྒྱ་ཛོ་སྟོང་དམར་གསོད་ཀྱི་སྲོལ་དེ་གཤིན་རབ་ཀྱིས་གསུངས་པ་ཡིན་ནམ། གཟུར་གནས་བྱོས་ཨ། དེས་གང་མཚོན་ན་སྔོན་མར་བོན་ལ་ད་ལྟའི་བོན་ལུགས་བཀའ་བརྟེན་དེ་ནང་ཆོས་ལས་བརྐུ་བཤུས་དམར་རྗེན་དུ་སྟོན་པ་རེད་མ་རེད། དེ་མིན་ན་དམ་བཅའ་ཚཚཚ རྩ་བའི་དམ་བཅའ་ཚཚཚ
གོང་དུ་མཆོག་གིས་་་་་་ 1 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
March 2nd, 2014 at 12:08 PM
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཁས་དབང་དམ་པ་ངོ་མ་ཞིག་རེད་འདུག་བསམས་བསམས་འདྲ་ཞིག་བྱུང་།སྐད་ཆ་བཤད་སྟངས་དེ་དག་ཡིད་དབང་འཕྲོག་ཡ་འདྲ་ཞིག་འདུག བོད་བཙན་པོའི་རྒྱལ་རབས་ཆ་ཚང་བ་བྲིས་པར་ཐུགས་རྗེ་ཆེ། མི་འདི་འདྲ་ལ་མཁས་དབང་ཞེས་ཞུས་ན་འགྲིག་ས་རེད་དོ།།
གདོད་མའི་བོན་པོ་ཚོས་དམར་མཆོད་ཕུལ་གྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ཧང་སང་མདོག་དང་ཧོན་ཐོར་མདོག་བྱེད་དགོས་པ་ཅང་ཡོད་མ་རེད། གཅིག་རེད། ང་ཅོ་རི་བོན་པོ་མིན། བོན་ཆོས་སྐོར་ལ་སློབ་སྦྱོང་བྱས་མྱོང་མེད།་བསྟན་པ་ཤེར་རབ་ཀྱིས་ག་རེ་གསུངས་ཡོད་མེད་མི་ཤེས།
་
ཤཀྱའི་ཆོས་ལུགས་པ་ཕུང་འདྲེ་ལྷ་ལུང་ཁོས་བོད་ཀྱི་རྒྱལ་པོ་མདའ་མཆོད་ཕུལ་བཞག་པ་རེད། དུས་དེ་བཟུང་ནས་ཤཀྱའི་ཆོས་ལུགས་པ་ཚོས་བོད་འབངས་དམར་གསོད་བྱས་པ་ནི་བོན་པོས་དུར་འགྲོ་དམར་མཆོད་ཕུལ་པ་ལས་མང་མེད་ན་ཉུང་མེད་པ་དངོས་ཡོད་ཡིན།
ཆེ་ཚང་བླ་མ་མཁས་དབང་ཡིན་ས་རེད་ཟེར་བའི་རྒྱུ་མཚན་་་ཁོང་གིས་རྒྱལ་ཪབས་བྲིས་དུས་ཧྥི་རན་སིའི་དཔེ་མཛོད་ནང་དུ་ཡོད་པའི་ཏུང་ཧོང་གི་ཡིག་རྙིང་དང་། ཐད་ཝན་དུ་ཡོད་པའི་རྒྱའི་རྒྱལ་རབས་ཁག་ལ་ཞིབ་འཇུག་བྱས་ནས་བྲིས་ཡོད་གསུངས་ཀྱི་འདུག་བ། ངོ་མ་ཡག་པོ་རེད། ཧྥི་རན་སིའི་དཔེ་མཛོད་ནང་གི་ཏུང་ཧོང་ཡིག་རྙིང་རྣམས་མཇལ་པའི་གོ་སྐབས་བྱུང་བ་ཙམ་གྱིས་ཡག་པོ་རེད། མི་མཁས་པ་ཞིག་མིན་ན་ཏུང་ཧོང་གི་ཡིག་རྙིང་ཀློག་ཤེས་ཀིན་མ་རེད། གོ་བ་ལེན་ཤེས་ཀྱི་ཁག་པོ་རེད་དོ།
ཨ་ཕྱི་ཁྱོད་རང་གིས་ཡོན་ཏན་ཅན་གྱི་མི་ལ་ཕྲག་དོག་མ་བྱེད། དེ་ལས་བསླབ་བྱ་ལེན་གང་ཐུབ་བྱོས།
གནམ་ལོ་ཡག་གིས་ཡག་པོ་གསུངས་འདུག གང་ལྟར་སངས་བསྟན་འདི་བོད་ལ་དར་ནས་བོད་པ་ཉམས་རྒུད་ཀྱི་འགོ་ཚུགས་པ་གསལ་པོ་རེད། བདེན་པ་ནི་བདེན་པ་རང་ཡིན་པས་ཁས་ལེན་མི་བྱེད་ཐབས་མེད་རེད།
གལ་ཏེ་མཁས་དབང་ཡིན་ན་བོན་པོ་ལ་གཅིག་ཟེར་ཡོང་དུས་བླུན་པོ་ཆགས་འགྲོ་གི་མ་རེད་ཀོ མི་རེ་ཤི་ན་རྟ་བརྒྱ་ཛོ་སྟོང་བསད་པའི་སྲོལ་ངན་དེ་གང་ནས་བྱུང་བར་ཞིབ་འཇུག་གནང་འདུག ཡག་པོ་རེད། ཡི་རང་ཡོད། ནང་བསྟན་ལ་དེ་འདྲ་མེད་པ་བདེན་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཅི་འདྲའི་རླབས་ཆེན་ཡིན་པ་ང་འདྲ་བརྗོད་མི་དགོས་པར་བཤམས་བཞགས་ཡོད་པ་རེད།
མི་རེ་ཤི་དུས་རྟ་བརྒྱ་མཛོ་སྟོང་གསོད་དགོས་ཀྱི་ཡོད་ན་ལོ་གཅིག་ལ་མི་བརྒྱ་ཤི་པའི་དབང་བཏང་ན་་་རྟ་ཁྲི་དང་མཛོ་འབུམ་གཅིག་གསོད་དགོས་རེད། ་་ཧཧཧ ཅི་འདྲ་བོན་པོ་དེ་ཚོ་རྒྱུ་སྟོགས་ཆེ་བ་ལ་ཨང་། རྟ་མཛོ་མང་མདོག་ཡོད། འདི་ཙམ་དཔྱད་ཐུབ་པའི་རིག་པ་ཞིག་མེད་ན་་་ལོ་རྒྱུས་ལ་དཔྱོད་ཐུབ་ཀིན་མ་རེད།
མི་གཅིག་ཤི་དུས་རྟ་མཛོ་རེ་ཟ་བསྡད་མཁན་ཤཀྱའི་ཆོས་ལུགས་པའི་བཀོར་གཟན་ཚོ་རེད་ད། མི་རེ་ཤི་དུས་འབྲོག་པ་ཚོས་རྟ་སྒ་སྟན་དང་བཅས་པ་རེ་བཀོར་གཟན་ཚོ་ལ་ཕུལ་གྱི་རེད།་་་ཧཧཧ
གང་ལྟར་མ་ལྟར། སངས་རྒྱས་ཆོས་ཡིག། སངས་རྒྱས་བསྟན་མཁར། སངས་རྒྱས་བྱང་སེམས། གཞན་ལ་མེད་པ། བོད་ལ་ཡོད་པ། ཡོད་པས་མ་ཚད། བོད་མི་ཙམ་མ་ཟད་འཇིག་རྟེན་འགྲོ་དྲུག་ལ་དགོས་བ་མང་པོ་ཞིག། ནང་བསྟན་རྒྱུད་ནས་རག་པ་དང་། འགྲོ་མི་ཡོངས་ལ་ངོམས་སོ་བྱེད་ཡ་ཡོད་པ་ཞིག་རེད།
ཡོ་རུབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་རྫོགས་སྟངས་ལ་ལྟོས་ན། རྒྱལ་ཁབ་རྨས་མེད། ཆགས་འཇིག་གི་གི་རིམ་མ་རྒྱུད་པ་ཞིག་མཐོང་ཡ་མི་འདུག་གོ། ཆོས་མེད་ལྷ་མེད་སྨྲ་བ་ཚོས། ཆོས་དར་ཚུན་ནས་བྱུང་བའི་བོད་ཀྱི་དམགས་སྟོབས་དང་གཡུལ་འབྱེད་དེ་ཚོ་ལ་ལྟོས་དང་། དེ་ནས་དོན་དངོས་ཅི་འདྲ་ཞིག་ཡིན་མིན་ཤེས་བ། དེ་མིན།
འབངས་གྱེན་ལངས་བྱུང་བ་དེ་བོན་པོ་ཚོས་གོ་སྐབས་བཟུང་ནས་བྱུང་བ་ཞིག་ཡིན་ན། བོན་ཆོས་མ་འགྲིག་པའི་ནག་ཉེ་ཆེན་པོ་མི་འདུག་གམ། ཁོ་རེ་ཚོ།
བན་དེའི་བསམ་ཡས་དགོན་པའི་མཁན་རབས་དགུ་པ་ལྷ་ལུང་དཔལ་རྡོར་གྱིས། བོད་རྒྱལ་ཁབ་ཀྱི་བཙན་པོ་ཞེ་གཉིས་པ་ལྷ་སྲས་དར་མ་བཀྲོངས་ནས་གངས་ཅན་བོད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་གྱོང་གུད་ཆེན་པོ་ག་ཚོད་རགས་ཡོད་མེད་དེ། ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པའི་་བྱུང་རབས་རིག་པ་ཟེར་བ་དེར་ཡག་པོ་བྱས་ནས་ཉོན་དང་ཕལ་ཆེར་ཁྱེད་ཚོས་ཤེས་ས་རེད།
གནའ་རབས་བོད་ཀྱི་རྒྱལ་བློན་དེ་ཚོའི་བང་སོའི་ནང་དུ་རྟ་སོགས་སེམས་ཅན་སྦས་སྲོལ་ཡོད་པ་དེ་ཆོས་ལུགས་ཤིག་མ་རེད་ཟེར་ནས་མཁས་པ་མང་པོས་གསུངས་འདུག ལྷག་དོན་དུ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསུངས་བཞག་ཁྱེད་རང་ཚོས་གཟིགས་འདོད་ན་ངས་སྟོན་ཆོག ལུགས་སྲོལ་དེ་ཚོ་ཨ་རབ་དང་རྒྱ་དཀར་ནག་ཨི་ཇབ་སོགས་གནའ་བོའི་སྐད་གྲགས་ཅན་གྱི་རྒྱལ་ཁབ་ཕལ་ཆེར་ནང་ཡོད་པའི་གནས་ཚུལ་ཞིག་རེད། དེ་ཚོ་ཚང་མ་བོན་པོའི་ཆོས་ལུགས་ལས་བྱུང་བ་རེད་ཟེར་ནས་བཤད་ན་སུས་ཀྱང་བདེན་པར་མི་འཛིན་ནོ། ཁྱེད་བན་རྒན་ཆགས་སྡང་ཅན་ཚོས་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་བཤད་ན་ག་འདྲ་ཡོང་ངམ། །
བཙན་པོའི་རྒྱལ་རབས་གལ་ཆེན་ད་ཡིན་རྒྱུ་རེད།་དེ་ལས་༡༧༠༠་སྨད་ནས་བོད་མ་ཤོར་སྔོན་གྱི་ལོ་རྒྱུས་རེ་འབྲི་མཁན་ཡོད་ན་བློ་སྒོ་འབྱེད་ས་རེད།
མཁྱེན་ལྡན་གནམ་ལོ་ཡག་ལ་ངས་ལན་ཞིག་བརྒྱག་ཟེར་དུས་ཕལ་ཆེར་སྤྱན་རས་གཟིགས་ལ་མ་ཎིའི་ལུང་བཏོན་པའི་དཔེ་རེད། ཡིན་ན་ཡང་། དཔེ་ཀློག་རེ་བྱས་འབྲས་ཀྱི་བསམ་ཚུལ་དེ་འདི་འདྲ་ཡིན་ལགས།
སྤྱིར་ན་ལྷ་སྲས་དར་མ་ལ་འཇོན་ཐང་མེད་པ་དེ་བོད་ནང་ཁུལ་གྱི་ཆོས་ལུགས་ཀྱི་ཆགས་སྡང་བྱས་པ་ཙམ་མིན་པར་མི་རིགས་གཞན་གྱིས་བྲིས་པའི་ལོ་རྒྱུས་ཐང་ཡིག་སོགས་ན་ཡང་གསལ་པོ་རེད། ལྷ་སྲས་དར་མ་བཀྲོངས་སྟངས་དེ་ང་རང་ཚོའི་སྲོལ་རྒྱུན་གྱི་སྒྲུང་གཏམ་འདྲ་བོ་དེར་ཡིད་ཆེས་བྱེད་རིན་ཆེར་མི་འདུག བྲག་ཡེར་པ་ལ་ཡོད་པའི་བླ་རྒན་འཚམས་པ་ཞིག་གློ་བུར་དུ་བརྒྱུགས་ཡོང་ནས་བཙན་པོ་གཅིག་པུས་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་སུ་མདའ་བརྒྱབ་ནས་བསད་ཟེར་བ་དེ་རྣ་བར་འགྲོ་བ་ཞིག་མིན། སྐབས་དེར་བཙན་པོའིི་སྲིད་གཞུང་གིས་བཙན་པོའི་སྐུ་སྲུང་ལ་དམག་སྟོང་སྡེ་བཞི་བསྐོ་བཞག་བྱས་ཡོད། སྟོང་སྡེ་ཟེར་བ་དེ་དམག་ཤོག་གི་མིང་འདོགས་སྟངས་མ་གཏོགས་དོན་དུ་དམག་མི་ཁྲི་ཁ་ཤས་ཏན་ཏན་ཡོད་པ་རེད། ལྷ་སྲས་དར་མ་བཀྲོངས་སྟངས་དེ་ལ་ནང་ཁུལ་གྱི་བློན་ཆེན་གྲས་གྲས་ཀྱིས་གཞི་རྒྱ་ཧ་ཅང་ཆེ་བའི་གྲ་བསྒྲིགས་བྱས་ཡོད་པར་ཐག་གཅོད་ནུས་པ་རེད།
ལྷ་སྲས་དར་མ་མ་བཀྲོང་ན་ཁོང་གི་སྲས་གཉིས་པོའི་བར་གྱི་གཞི་རྒྱ་ཆེ་བའི་འགལ་བ་འབྱུང་བ་དེ་ཕལ་ཆེར་བརྒྱ་ཆ་བརྒྱ་ཐམས་པ་ཐག་ཆོད་པ་ཞིག་རེད། དར་མ་ལ་འཇོན་ཐང་མེད་སྟབས་ཕོ་བྲང་ནང་དུ་སྟངས་འཛིན་ལེགས་པོ་མི་ཡོང་བ་དང་། སྐབས་དེར་སྟབས་མ་ལེགས་པར་མུ་གེ་དང་ནད་ཡམ་བྱུང་བ་རེད། ཀྱེད་ཚོས་བཤད་པ་ལྟར་ཆོས་ལུགས་ཀྱིས་དཔལ་འབྱོར་ལ་གནོད་པ་ལས་ལྡོག་སྟེ་ཆོས་བསྣུབས་པའི་རྗེས་ཐོག་ཏུ་མུ་གེ་དང་ནད་ཡམ་ངན་པ་བྱུང་བ་ལོ་རྒྱུས་སུ་གསལ་འདུག ལྷག་པར་སྲས་གཉིས་དགུང་མཉམ་ཡིན་པས་དེ་ལས་ཀྱང་ལྷ་སྲས་དར་མའི་བཙུན་མོ་གཉིས་ཀྱི་ཕ་མིང་གི་ཕྱོགས་ནས་འཁྲུག་གཞི་སློང་བར་གཞི་རྩ་སྡུག་པོ་ཞིག་ཡོད།
བང་སོ་བྲུས་པ་དེ་ལ་ཆོས་ལུགས་ཀྱི་འགལ་བ་དང་འབྲེལ་བ་སྤུ་ཙམ་ཡང་མེད། བང་སོ་ཚང་མ་རུས་རྒྱུད་ཚོ་བ་ཆེ་གྲས་དེ་ཚོས་བགོ་བཤའ་བརྒྱབ་ནས་བྲུས་པ་རེད། བཙན་པོའི་གྲས་ཁྲི་སྲོང་དང་ཁྲི་རལ་བང་སོ་སོགས་ཀྱང་ལྟ་ཉན་མེད་པར་བྲུས་པ་རེད། སྲོང་བཙན་བང་སོ་དེ་འབྲོ་དང་ཅོག་གི་རུས་ཚོ་གཉིས་ལ་ཐོབ་ནས་རྒྱུ་རྐྱེན་གང་ཞིག་གིས་ཡིན་ནམ་གནས་སྐབས་རིང་ལ་འབྲུ་མ་ཐུབ་པར་ལུས་ན་ཡང་རྗེས་སུ་བྲུས་པ་རེད།
འབངས་གྱེན་ལོག་འདི་ནི་བློན་ཆེན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་ཟེར་བའི་འཇོན་ཐང་ཅན་ཞིག་བཙན་པོའི་སྲིད་གཞུང་གིས་སྲོག་ཁྲིམས་ལ་སྦྱར་མྱོང་བ་རེད། དེ་ནས་བཟུངས་དེའི་ཕྱོགས་གཏོགས་མང་པོ་ཞིག་གིས་བཙན་པོའི་སྲིད་གཞུང་ལ་སྙིང་ནད་བཅངས་ཡོད་འདུག རྗེས་སུ་ལྷ་སྲས་དར་མའི་སྲས་གཉིས་པོ་རྒྱལ་ས་ལ་མ་འཆམས་པར་དབུ་གཡོར་འཁྲུག་པ་བྱུང་བའི་སྐབས་དང་བསྟུན་ནས་བྲན་ཁ་དཔལ་གྱི་ཡོན་ཏན་གྱི་ཕྱོགས་གཏོགས་ཚོས་སྣེ་ཁྲིད་ནས་བཙན་པོའི་སྲིག་གཞུང་ལ་གྱེན་ལོག་བྱས་པ་དེ་ཡང་བཙན་པོའི་སྲིད་གཞུང་འཇིག་པའི་རྒྱུ་རྐྱེན་གཅིག་རེད།
Bonpoལགས། རྟ་ཟོག་སེམས་ཅན་གྱིས་དུར་སྦས་བྱེད་སྲོལ་དེ་གནའ་བོའི་ཆོས་ལུགས་མང་པོའི་སྲོལ་ལ་ཡོད་པ་རེད།་རྒྱ་དཀར་ནག་ཨ་རབ་ལྷོ་ཨ་མེ་རི་ཁ་སོགས་ག་ས་གང་ལ་འདུག དེ་ནི་དོན་དུ་གནའ་བོའི་ཤ་མེན་ལུགས་ཀྱི་སྲོལ་རྒྱུན་ཞིག་རེད། བོད་ལ་ཤ་མེན་ཆོས་ལུགས་ཡིན་ནམ་གང་ལྟར་ཡང་ཉི་ཟླ་གཟའ་སྐར་ལ་སྐྱབས་སུ་སོང་། རྟ་ཟོག་སེམས་ཅན་དམར་མཆོད་བྱེད། གཡག་བསད་པའི་ཀོ་བ་ཀྲག་གིས་གོས་པའི་སྟེང་དུ་གོམ་པ་སྤོས་ནས་མནའ་སྐྱེལ་སྲོལ་སོགས་ནི་ད་དུང་ཡང་ཕལ་ཆེར་ཡོད་པ་ལྟ་བུ་རེད། དེ་ནི་ང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ངོ་མ་དེ་རེད། མིང་ལ་ཅི་ཞིག་འདོགས་ཀིན་ཡོད་མི་ཤེས། མ་གཞི་དུས་རབས་བཅུ་པའི་གོང་ལ་བོད་ལ་བོན་ཟེར་བ་ཞིག་ཡོད་མེད་དཔྱད་གཞི་རེད། ལྷག་པར་ཡང་ད་ལྟའི་བོན་གྱི་བཀའ་བསྟན་དུ་གྲགས་པའི་དཔེ་ཚོགས་དེ་ཚོ་ནི་དུས་རབས་བཅུ་པའི་སྔོན་ལ་མེད་པར་ཐག་གཅོད་ནུས་པ་ཞིག་རེད།
ད་ག་ལེར་གསལ་ཁ་ཆགས་ཡོང་གི་འདུག བཀའ་དྲིན་ཆེ། འོ་ན། བཙན་པོའི་ཕོ་བྲང་ནང་གི་མཐོ་རིམ་མི་སྣ་དང་ལྷ་ལུང་དཔལ་རྡོར་ལག་འབྲེལ་བྱས་པའི་མཐོ་རིམ་མི་སྣ་དེ་དག་གི་རྒྱབ་ལྗོངས་གང་རེད་དམ། གལ་སྲིད་འུ་དུམ་བཙན་པོར་འཇོན་ཐང་མེད་ཚེ་རྒྱལ་སྲིད་ལོ༤༠ལྷག་ལ་བཟུང་ཡོད་པས་སྲོང་བཙན་སྒམ་པོ་ལས་ཀྱང་རིང་བོ་ཆགས་ཡོད་སྟབས། འཇོན་མིན་དེ་ཇི་ལྟར་ཤེས་ཀྱི་ཡོད་དམ།
ལྷ་སྡེ་གནམ་ལོ་ཡག་ལགས། ལྷ་སྲས་དར་མས་ལོ་དྲུག་མ་གཏོགས་རྒྱལ་ས་བཟུང་མེད། དེའི་རིང་ལ་ཡང་བཀྲ་ཤིས་པ་ཞིག་བྱུང་མེད་ཚུལ་ཐང་ཡིག་ལ་ཡང་གསལ་འདུག ན་ན་ཚ་ཚ་ངོ་མ་དེ་ལྷ་སྲས་དར་མའི་བཀོད་བྱུས་ཀྱི་འོག་ཏུ་བཙན་པོ་རལ་བ་ཅན་བཀྲོངས་པ་རེད། རལ་བ་ཅན་གྱི་ཕྱོགས་གཏོགས་ཚོའི་བཀོད་བྱུས་འོག་ཏུ་དར་མ་བཀྲོངས་པ་རེད། འདི་ཚོ་ཚང་མ་ཁྱིམ་ཚང་ནང་གི་སྲིད་དབང་གི་འཐབ་རྩོད་ལས་ལྷག་ཅིག་མ་རེད། ལྷ་ལུང་དཔལ་རྡོར་ཟེར་བ་དེ་ལག་དམར་བ་ཡིན་པ་མ་གཏོགས་བཀོད་བྱུས་བྱེད་མཁན་ཆེ་ཆེ་གཉན་དེ་ཚོ་རྒྱབ་ལོགས་ལ་གབ་ཡོད་རྒྱུ་རེད།
དེ་ནས་ལོ་ཉི་ཤུ་ལྷག་གི་རྗེས་སུ་སྲས་གཉིས་མ་འཆམས་པས་དབུ་གཡོར་འཁྲུགས། དེ་ནས་འབངས་གྱེན་ལོག་བྱུང་འདུག་དར་མ་བཀྲོངས་པ་ནི་འབངས་གྱེན་ལོག་གི་འབྱུང་རྐྱེན་མ་རེད་ལ་བཙན་པོའི་སྲིད་གཞུང་ཉམས་པའི་རྐྱེན་ངོ་མ་དེ་ཡང་མ་རེད།
ལྷ་སྲས་དར་མ་རང་ཉིད་ཀྱང་ཆོས་བསྣུབས་པ་ལ་འགྱོད་པ་སྐྱེས་ཡོད། བོད་ཀྱི་ལོ་རྒྱུས་ཚང་མ་ཁ་གཅིག་གྲག་གིས་དར་མས་སངས་རྒྱས་ཀྱི་ཆོས་བསྣུབས་པ་ལ་འགྱོད་པ་སྐྱེས་ཚུལ་བྲིས་ཡོད། དེ་ཡང་གྲོངས་པའི་སྐབས་སུ་ཚིག་གི་ཐ་མ་དེ་ཡང་ཡང་ན་ང་ལོ་གསུམ་གྱི་སྔོན་དུ་བསད་ཡོད་ན་སངས་རྒྱས་ཀྱི་ཆོས་བསྣུབས་མེད་པ་དང་། ཡང་ན་ལོ་གསུམ་གྱིས་འཕྱི་ཡོད་ན་སླར་གསོ་བྱས་ཡོད་ཅེས་འགྱོད་པའི་ངང་ནས་གྲོངས་ཚུལ་ཡོད།
ལྷ་སྲས་དར་མས་སྲིད་དབང་བཟུང་ནས་བཟུངས་ནད་ཡམ་སོགས་བཀྲ་མི་ཤིས་པ་མང་དུ་བྱུང་འདུག དེ་སངས་རྒྱས་ཀྱི་ཆོས་ཀྱི་སྐྱོན་རེད་ཅེས་གསུངས་ནས་ཆོས་བསྣུབས་འདུག ཆོས་བསྣུབས་ན་ཡང་ནད་ཡམ་གུ་གེ་བཀྲ་མི་ཤིས་པ་རྒྱུན་མ་ཆད་དུ་བྱུང་འདུག རྒྱལ་ཁམས་མི་བདེ་བ་དེ་ཁོ་རང་ལ་འཇོན་ཐང་མེད་པའི་སྐྱོན་ཡིན་པ་མ་གཏོགས་ཆོས་ཀྱི་སྐྱོན་མིན་པ་རེད། དེ་ལ་མི་མང་གིས་ངུ་འབོད་ཀྱིས་ངོ་རྒོལ་བྱས་པས་ལྷ་སྲས་དར་མ་རང་ཉིད་ཐུགས་མ་བདེ་ཚུལ་ལོ་རྒྱུས་ལ་འཁོད་འདུག
ལྷ་ལུང་དཔལ་གྱི་རྡོ་རྗེ་ཟེར་བ་དེ་རང་རེའི་ཡིག་ཆར་གསལ་བ་ལྟ་བུའི་བླ་རྒན་ཚེ་གང་ལ་འཚམས་ཁང་གི་སྒོར་འདམ་གྱིས་ཞལ་བ་བྱས་ནས་འདུག་མཁན་ཞིག་གིས་སྐུ་སྲུང་དམག་མི་ཁྲི་ཕྲག་གི་དཀྱིལ་དུ་ཤོར་ནས་འཛམ་གླིང་སུམ་ཆ་གཉིས་ལ་དབང་བའི་རྒྱལ་པོ་ཞིག་བསད་ཟེར་བ་དེ་ཡང་སྣ་ཅི་ཙམ་འཐེན་ཀྱང་ཁ་ནང་ལ་ཡོང་ཁག་པོ་རེད། བླ་རྒན་འདི་འདྲ་ཞིག་གིས་མདའ་འཕེན་སྟངས་ཀྱང་ཤེས་ཀྱི་མ་རེད།
རེད་རེད། ང་ནོར་འདུག འུ་དུམ་བཙན་པོས་སྲིད་བཟུང་ཡུན་ལོ ༤ རེད། ༨༣༨ལོར་སྲིད་བཟུང་བ་དང་༨༤༢ལོར་བཀྲོངས་འདུག དགུང་ལོ ༣༨རེད། བཙན་པོ་རལ་བ་ཅན་ཁོང་ལས་ལོ་གསུམ་གྱི་ཆུང་བ་འདུག་ལ། ནང་ཆོས་མ་དད་ན་ཁྲིམས་བཙན་པོ་ལག་བསྟར་བྱེད་མཁན་ཞིག་རེད།
གང་ལྟར་གཉའ་ཁྲི་བཙན་པོ་ནས་བརྩིས་ན། ལོ་ངོ་ཆིག་སྟོང་ལྷག་བརྒལ་བའི་སྲིད་དབང་ཞིག་རེད། དབང་ཤུགས་ཨེ་ཤ་ཡ་དཀྱིལ་མའི་ཡང་རྩེ་སླེབས་འཕྲལ་ལོ་ངོ་བརྒྱ་ལྷག་གི་རྗེས་ནས་འཐོར་ཞིག་ཏུ་གྱུར་བ་ནི་བཙན་པོའི་ཕོ་བྲང་ནང་ཁུལ་གྱི་དབང་ཆ་འཕྲོག་རྩོད་ཀྱང་ཕྱོགས་གཅིག་ཡིན་སྲིད་དེ། གཙོ་བོ་ནི་ལྟ་གྲུབ་གཅིག་གམ། སངས་རྒྱས་ཆོས་ལུགས་ཁོ་ན་མ་གཏོགས་དད་མ་ཆོག་པའི་སྲིད་ཇུས་དང་འབྲེལ་ནས་བྱུང་ཡོད་པའང་གསལ་བོ་རེད། དེ་མིན་ན་སྲོང་བཙན་ཡར་སྔོན་དུ་བོན་ཆོས་གཙོ་བོ་ཡིན་ཡང་བཙན་པོའི་སྲིད་དབང་ལོ་སྟོང་ལ་ཉེ་བ་ཞིག་བརྒྱུད་ཐུབ་ཡོད། དེའང་གཞན་མ་ཡིན་པར་བོན་ཆོས་ནི་ལྟ་གྲུབ་གཞན་ལ་མཉམ་གནས་ཐུབ་པའི་ཆོས་ལུགས་ཤིག་ཡིན་པས་རེད་ལ། གཙོ་བོ་གྲི་གུམ་བཙན་པོ་ནས་བོན་གཤེན་དག་གིས་སྲིད་ལ་ཐེ་གཏོགས་ཆེར་བྱེད་མི་ཆོག་པའི་བསྒྱུར་བཅོས་ལེགས་འགྲུབ་བྱུང་བས་ཀྱང་རེད། སྟབས་མ་ལེགས་པར་འུ་དུམ་བཙན་པོས་ཀྱང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་གཉེར་མཁན་དག་གིས་སྲིད་ལ་ཐེ་གཏོགས་ཀྱི་དབང་ཤུགས་ཇེ་ཆུང་དང་ལྟ་གྲུབ་གཅིག་གི་སྒྲོམ་གཞིར་འགྱུར་བ། རྒྱལ་ཁབ་སྲུང་བའི་སྲིད་ཇུས་ལག་བསྟར་དེ་བཞིན་ལམ་འགྲོ་མ་བྱུང་བར་སྐུ་སྲོག་ཤོར་བ་རེད། དེ་བས། བོད་སྤྱིའི་ངོས་ལེན་ཡོད་པའི་བཙན་པོའི་རྒྱུན་ཆད་པ་རེད་ལ། བཙན་པོའི་ཕོ་བྲང་ཁག་གཉིས་སུ་གྱེས་པ་རེད། དེ་དག་བོད་བཙན་པོའི་རྒྱལ་ཁབ་ཉམས་པའི་རྒྱུ་རུ་གྱུར་བ་མ་རེད་དམ།
འདིའི་ཐད་ལ་ངས་དེང་སང་གི་བོ་དཀྱི་ལོ་རྒྱུས་སྨྲ་བ་དག་དང་ལྟ་ཚུལ་མ་འདྲ་བ་ཞིག་འཛིན་གྱིན་ཡོད། བོད་ཀྱི་བཙན་པོའི་དུས་སུ་སངས་རྒྱས་ཆོས་ལུགས་དར་ཁྱབ་ཆེན་པོ་ཡོད་ཚུལ་དང་། སངས་རྒྱས་ཆོས་ལུགས་ལ་བཙན་པོ་དག་གིས་གུས་བཀུར་དཔེ་མེད་བྱས་ཚུལ་སོགས་ནི་སངས་རྒྱས་ཆོས་ལུགས་ལ་འུད་བསྟོད་བྱེད་མཁན་ཚོས་འུད་བསྟོད་དྲིལ་སྒྲོག་བྱས་པ་ཙམ་དུ་འདོད། དོན་དངོས་ཡོད་ལ། བཙན་པོའི་དུས་སུ་སངས་རྒྱས་ཆས་ལུགས་ནི་ཕོ་བྲང་ནང་ཁུལ་གྱི་ཆོས་ལུགས་ཙམ་ལས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་མི་འདུག སྐབས་དེ་དུས་གྲྭ་བཙུན་གྲངས་འབོར་ཧ་ཅང་ཉུང་ངུ་ལས་མི་འདུག ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རབ་ཏུ་བྱུང་བ་མང་དུས་ཡིན་མོད་སུམ་བརྒྱ་ལྷག་ལས་མི་འདུག དེ་ཡང་རིམ་གྱིས་ཅེ་ཉུང་ལ་སོང་ནས་གྲྭ་བཙུན་བྱེད་མཁན་ཉུང་བའི་དཀའ་ཉལ་འཕྲད་ནས་ཁྲི་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་སུས་བྱས་ན་འབངས་མི་ཁྱིམ་བདུན་གྱི་ཞབས་ཏོག་སོགས་གནང་འདུག དེས་ནི་གྲྭ་བཙུན་ལ་ཞུགས་མཁན་མི་རག་པའི་དཀའ་ངལ་ཡོད་པ་མཐོང་ནུས། དཔང་རྟགས་གཞན་མི་དགོས་པར། བཙན་པོའི་དུས་བྱུང་བའི་དགོན་སྡེ་རྒྱ་ཆེན་པོ་སོགས་ཀྱི་ཤུལ་ཙམ་བསྟན་དུ་མེད་པས་ཀྱང་ཤེས་ནུས། བསམ་ཡས་ཙམ་ལས་གྲྭ་བ་མང་པོ་ཡོད་སའི་དགོན་པ་ཞིག་མི་འདུག བསམ་ཡས་ཀྱི་རྒྱ་ཁྱོན་ཡང་ཆེན་པོ་ཞིག་ཅང་མིན་པ་ནི་ད་ལྟ་ང་ཚོས་མཐོང་ནུས་པ་དེ་རེད།
དུས་རབས་བཅུ་པའི་སྔོན་དུ་བོན་ཟེར་བའི་ཆོས་ལུགས་ཤིག་ཡོད་མེད་དཔྱད་གཞི་རེད། བོད་ལ་སྲོག་ཆགས་དམར་མཆོད་གཏོང་བ་དང་སྲོལ་རྒྱུན་གྱི་ཆོ་འཕྲུལ་སྟོན་པ་གལ་ཆེན་དུ་བརྩི་བའི་ཆོས་ལུགས་ཤིག་འདུག་མོད་དེ་ལ་བོན་ཞེས་འདོགས་གིན་ཡོད་མེད་ཀྱང་དཔྱད་གཞི་རེད། བོན་པོ་ཟེར་བའི་མིང་ཚིག་འདི་ནི་ནང་ཆོས་དར་ཡུལ་བོད་དང་འབར་མ་སོགས་སུ་གྲྭ་བཙུན་ལ་བན་དེའམ་བན་དྷེ་ཞེས་སྔར་ནས་འབོད་སྲོལ་ཡོད་པའི་མིང་ཚིག་ལ་འདྲ་བཟོ་བྱས་ནས་བོན་ཞེས་བཟོས་པ་འདྲ། བོད་ཞེས་པའི་ཆོས་ལུགས་ཤིག་ཡོད་ཚུལ་ཁྱིམ་མཚེས་ཡུལ་ལུང་གཞན་གྱི་ལོ་རྒྱུས་ལ་མེད་ཐོག་བོད་དུ་གནའ་ཤུལ་སྔོགས་འདོན་སོགས་བྱས་པར་ཡང་ཤུལ་རྗེས་ཙམ་ཡང་མཐོང་དུ་མེད་པས་སོ།།
བཙན་པོའི་ཕོ་བྲང་ཤོག་ཁག་གཉིས་སུ་གྱེས་པའི་མགོ་ཚུགས་པ་ནི་དར་མ་བཀྲོངས་པས་མ་རེད། དར་མ་བཀྲོངས་དུས་སུ་སྟབས་མ་ལེགས་པ་ཞིག་ལ་བཙུན་མོ་ཆེ་ཆུང་གཉིས་ཀ་མངལ་ཆགས་ཡོད། དེ་གཉིས་ནར་སོན་སྐབས་སུ་གཞི་ནས་ཁོ་གཉིས་མ་མཐུན་པ་རེད། དར་མ་བཀྲོང་ནས་ལོ་ཉི་ཤུ་རྩ་གྲངས་གི་རིང་ལ་བཙན་པོའི་སྲིད་གཞུང་སྔར་མུས་བཞིན་བརྟན་པོ་རེད། ལྷ་སྲས་གཉིས་ཀ་ན་མཉམ་རེད། སྲས་གཉིས་ཀས་སྲིད་དབང་གི་རྒྱན་རྩེད་སྔ་ཕྱི་མེད་པར་བྱ་རྒྱུ་རེད་ཅེས་ངས་ཁར་སང་ཞུས་ཟིན་པ་དེ་རེད། ཀུ་རེ་ཞིག་ཞུས་ན། དར་མ་དཔལ་གྱི་རྡོ་རྗེས་མ་བསད་ན་ཡང་ཆང་བཏུང་རྒྱུ་མང་དྲགས་ནས་ལོ་ཁ་ཤས་རྗེས་ལ་གང་ལྟར་ཡང་གྲོངས་འགྲོ་ས་རེད་བསམ་བསམ་ཞིག་འདུག
ཏུན་ཧོང་གི་ཡིག་རྙིང་དེ་ཚོ་དུས་རབས་དགུ་པའི་མཇུག་དང་བཅུ་པའི་སྟོད་ཡས་མས་ལ་བྱུང་བ་རེད་ཟེར་ནས་ཤོད་བཞིན་འདུག ཡིག་ཆ་རྙིང་པ་དེ་ཚོའི་ནང་དུ་་་་བོན་་་་གཤེན་རབ་་་་ཀྱི་མཚན་བྱང་ཁ་གསལ་ངོ་གསལ་བྲིས་འདུག་ཟེར་ནས་ཤོད་ཀྱི་འདུག དེ་ལ་རྩོད་པ་བྱེད་དགོས་པ་མི་འདུག ཡིན་ནའང་དངོས་པ་ཞིག་གི་མིང་བྱང་བཟོ་རྒྱུ་འདི་གཅིག་བྱས་ན་དཀའ་མོ་ཞིག་ཡིན་ས་རེད། དཔེར་ན་བན་དེའི་ཆོས་ལུགས་འདི་བོད་ཡུལ་དུ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་བྱུང་བ་ཡིན་ཟེར་ནས་ཤོད་ཀྱི་ཡོད་པ་རེད། ཡིན་ནའང་བན་དེའི་ཆོས་ལུགས་ཀྱི་མཚན་བྱང་་བོད་བརྒྱུད་ནང་བསྟན་་ཟེར་བའི་མིང་ཚིག་འདི་དེང་སང་དུས་རབས་ཉེར་གཅིག་གི་ནང་དུ་གསར་དུ་བཟོས་བཞག་པ་རེད་བ། གནས་ཚུལ་འདི་ལྟ་བུ་ཞིག་སྔ་རབས་བོན་ལུགས་ཀྱི་མཚན་བྱང་ལ་བྱུང་ཡོད་ནའང་མི་ཆོག་པ་ཨ་ཡོད་ན། །
སྤོབས་པ་ལགས་ཀྱི་དཔྱད་སྟངས་གསར་བ་འདུག ལྟ་ཚུལ་གསར་བ་དེ་མུ་མཐུད་ནས་སྒྲུབ་ཆོག་གི་རེད་ལ། དཔྱད་སྟངས་དེ་བསྔགས་འོས་པ་ཞིག་ཀྱང་རེད། ཡིན་ནའང་། བན་དེ་ཡི་སྡེ་སད་མི་བདུན་ནས་བརྩི་དགོས་རེད་དེ། གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཧ་ལམ་ཐོན་མི་སོགས་ནས་བརྩི་དགོས་པ་འདྲ། དེ་བས། འུ་དུམ་བཙན་པོས་བན་དེ་ཡི་སྡེ་ལ་བསྒྱུར་བཅོས་གནང་འགོ་ཚུགས་ཡོད་པ་ལས་སྔགས་པའི་སྡེ་ལ་བཅོས་བསྒྱུར་གནང་མི་འདུག སྐབས་དེའི་བན་དེ་དང་སྔགས་པ་བསྡོམས་ག་ཚད་ཡོད་དམ། སྔགས་པའི་ཐོབ་ཐང་དང་བན་དེ་ཡི་ཐོབ་ཐང་གཅིག་མཚུངས་ཡིན་ནམ།
གཞན་བོན་ཆོས་སྐོར་ནས་རེད། རྒྱ་ཡིག་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ངོ་སྤྲོད་གནང་སྐབས། རྙིང་མ་བ་ནི་བན་བོན་བསྲེས་ནས་ཡོང་སྟངས་བཤད་འདུག དེར་བརྟེན་དེང་སྐབས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་འཇིག་རྟེན་པའི་ལྷ་མང་བོ་ཞིག་ཆོས་སྐྱོང་གི་ཚུལ་དུ་བཀར་ཡོད་སྟངས། དེའང་བཙན་པོ་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་མགོ་འདོགས་མཁན་ལ་གསོལ་རས་དང་མགོ་མི་འདོགས་མཁན་ལ་༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༽ཞེས་ཁ་བཏོན་ལ་སོགས་པ་ཡོད་པ་ནི་དེང་སང་ཡང་མཐོང་གསལ་རེད། དེ་གཅིག་ཡིན།
ཕྱོགས་གཞན་ཞིག་ནས་བོན་པོ་ཚོར་གནམ་ལ་དད་པ་ཡོད་པ་ནི་བཙན་པོ་གཉའ་ཁྲི་བྱོན་སྟངས་ལས་ཤེས་ཐུབ་ལ། དེང་སྐབས་ཨ་མདོ་དང་ཁམས་ཕྱོགས་སུ་༼གནམ་རྒན་མ༽ཞེས་ནུས་པ་ཅན་ཞིག་ཡོད་སྣང་གིས་མཆོད་པ་དང་། སྒོ་ཕྱུགས་བོར་རྗེས་སྤྱང་ཀིས་འཚེ་བ་མི་ཡོང་ཆེད་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོ་ཞེས་སྐར་མ་ཞིག་མཆོད་ཀྱིན་པ་སོགས་ནི་བོན་ཆོས་ལས་བརྒྱུད་ཡོང་བའང་གསལ་བོ་རེད། ད་དུང་དེང་རྒྱལ་རོང་དུ་ཡོད་པའི་གཡང་དྲུང་ལྷ་རྟེན་དགོན་ནི་ཐོག་མར་བོན་དགོན་ཡིན་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་སོང་ཡོད། དེ་གར་སྟོན་པ་གཤེན་རབ་ཀྱི་འབག་སྐུ་ཞིག་ཡོད་པ་ལས་བདུད་རྩི་རང་འབབ་ཀྱི་བཤད་སྟངས་ཡོད་ལ། དེ་ནི་ཞིབ་འཇུག་བརྒྱུད་ནས་ཤེས་པ་ནི་དགོན་པ་དེ་དང་སྤྱི་ལེ་བརྒྱད་ལྷག་ཡོད་པའི་ཆུ་འགོ་ཞིག་ནས་རྫ་སྦུག་བརྒྱུད་དེ་ཆུ་དྲངས་པ་ཞིག་ཡིན་པས། རྨོངས་དད་བེད་སྤྱོད་སོགས་དོར་ནས་བལྟས་ན་འཛམ་གླིང་གི་ཆུ་བེད་འཛུགས་བསྐྲུན་ལོ་རྒྱུས་སྟེང་གི་རྫ་སྦུག་བཀོལ་བ་ཐོག་མ་དེ་རེད།
དེ་བས། བོན་ཞེས་པ་སྔར་ཡོད་མེད་ཐད་དོགས་སློང་བྱེད་དགོས་མི་འདུག་སྙམ། དེ་ལས་ལྔོག་ནས་བོན་གྱི་ཤུགས་རྐྱེན་ཨེ་ཤ་ཡའི་རྒྱལ་ཁབ་ཆེན་པོ་ཁག་ལ་ཐེབས་ཡོད་སྲིད་པ་ཞིག་རེད། དཔེར་ན། རླུང་རྟར་ལྟོས་དང་། སྟག་སེང་ཁྱུང་འབྲུག་གི་རི་མོས་ག་རེ་སྟོན་བཞིན་ཡོད་དམ། ངག་རྒྱུན་ཁྲོད་སོག་པོ་སྟག་ཁྲིད་ཅེས་པ་ཡོད། སེང་གེ་བོད་རང་གི་མཚོན་བྱེད་རེད། འབྲུག་ནི་རྒྱ་ནག་གི་དད་པ་བྱེད་ཡུལ་གཅིག་རེད། གཞན་ཁྱུང་ནི་དེང་སྐབས་ཀྱི་ཐེ་ལན་ཊིའི་མཚོན་བྱེད་རེད། དེ་བས། ཞིབ་ཕྲར་དཔྱད་མྱོང་མཁན་ཡོད་དམ།
༄།བཙན་པོ་རྒྱལ་རབ་འདི་སྔོན་མེད་ལེགས་བཤད་དང་། ཁུང་བཙན་པ་དང་བོད་རང་བཙན་ཡིན་པའི་བདེན་ར་སྤྲོད་བླ་ན་མེད་པ་ཞིག་འདུག། དཔེར་ན་གཉའ་ཁྲི་བཙན་པོ་བོད་པ་ཡིན་པ་དང། རྒྱལ་པོ་གླང་དར་ཆོས་ལ་དད་པ་ཡོད་པ་དང། ཆོས་རྒྱལ་གསོན་གཙན་སྒམ་བོན་པོ་ཡིན་པ་དང། བོད་ལ་བཙན་མོས་རྒྱལ་རབས་ལོ་མང་སྐྱོན་ཚུལ་སོགས་སྤོ་པ་དང་ནག་མོ་ཚོ་ཡང་མགོ་ཡར་བཏེགས་དགོས་པ་ཧ་ལས་པ་འདུག
ལྷ་སྡེ་གནམ་ལོ་ཡག་མཆོག་ནི་སློབ་སྦྱོང་གི་བརྒྱུད་རིམ་ཚད་ལྡན་ཡོད་མཁན་ཞིག་ཡིན་པའི་གུས་ཞབས་ཀྱིས་འདིར་རང་གི་བསམ་ཚུལ་རྣམས་དྲང་པོར་ཞུས་པ་ཡིན། ངས་ནི་ཆོས་དང་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་བཙན་པོའི་དུས་ཀྱི་ལོ་རྒྱུས་སྐོར་བཤད་པ་མིན་པར་དྲང་པོ་ཞིག་བཤད་ཐུབ་ན་བསམ་ནས་དཔེ་ཀློག་གང་ཞིག་བྱས་ན་ཡང་དངོས་ཡོད་གནས་ཚུལ་གྱིས་ཁུངས་འཁྱོལ་བ་ཞིག་རེད་དམ་མ་རེད་ཀྱི་བསམ་གཞིག་བྱེད་ཀྱིན་ཡོད།
དཔེར་ན།་བཙན་པོའི་དུས་སུ་གྲྭ་བཙུན་མང་པོ་མེད་པའི་སྒྲུབ་བྱེད་ལ་དེའི་སྐབས་སུ་བྱུང་བའི་དགོན་ཤུལ་རྒྱ་ཆེན་པོ་བསྟན་དུ་མེད་པ་དང་། བསམ་ཡས་སྐོར་ལ་ཆོས་འབྱུང་འབྲི་མཁན་ཚོས་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་ཞེས་འུད་བསྟོད་བྱས་ཡོད་ན་ཡང་དོན་དུ་འབྲོག་པ་ཕྱུག་པོ་ཞིག་གི་ལུག་ར་ཙམ་ལས་མེད་པ་ནི་དེང་དུས་མཐོང་ཆོས་མངོན་གྱུར་ཡིན་པས་བསྟན་པ་སྔ་དར་རམ་བཙན་པོའི་དུས་སུ་གྲྭ་བཙུན་མང་པོ་ཞིག་མེད་པ་ཤེས་ནུས་པ་ཞིག་རེད།
སྔགས་པ་ཞེས་པའི་སྡེ་འདི་གྲྭ་བཙུན་གྱི་གྲས་སུ་མེད། དེ་ཡང་སྔགས་པ་ནི་དམག་གི་ནང་ལ་ཞུགས་ཆོག་གི་ཡོད་པས་ཤེས་ནུས་པ་ཞིག་རེད། ཡིན་ན་ཡང་། སྔགས་པ་ཟེར་ན་འདྲ། སྐྱ་བོའི་གྲས་སུ་ཡིག་སྒྱུར་སོགས་རིག་གཞུང་དང་འབྲེལ་བའི་ལས་ཀ་བྱེད་མཁན་ལ་ཕོགས་ཐོབ་ནི་ཡོད་ངེས་པ་རེད།
ད་ནི་ཟུར་འཕྲོས་ཀྱི་ཚུལ་དུ་བོན་གྱི་སྐོར་ལ་ཚིག་རེ་ཟུང་བཤད། བོན་གྱི་སྐོར་དེ་ལོ་ཁ་ཤས་ཀྱི་སྔོན་ལ་ཡུན་རིང་པོར་ང་ཚོས་བགྲོ་གླེང་གི་ཟོལ་འདྲ་བ་བྱས་པ་རེད། གནད་འགག་ཕར་གཏུག་ཡོང་དུས་བོན་གྱི་ཡིག་ཆ་དེ་ཚོས་ཁུངས་ཞེ་དྲགས་སྐྱེལ་ཐུབ་ཀྱིན་མི་འདུག ལྷག་པར་ཡང་དོག་པ་ཆེ་ཤོས་དེ་སྟོན་པ་གཤེན་རབ་ཟེར་བ་དེའི་ལོ་རྒྱུས་ཀྱི་སྟེང་དུ་སླེབས་གིན་འདུག དཔེར་ན། དུས་རབས་བཅུ་པའི་སྔོན་ལ་བོན་པོ་ཡོད་པར་དོག་པ་ཡོད་དོན་ནི་གཅིག་ནས་བོད་དུ་གནའ་ཤུལ་སྔོགས་འདོན་གང་འཚམས་རེ་བྱས་པར་བོན་དང་འབྲེལ་བའི་དངོས་རྫས་ཐོན་མེད། གཉིས་ནས་ཁྱིམ་མཚེས་ཡུལ་ལུང་གཞན་པའི་ལོ་རྒྱུས་ལ་བོད་ན་བོན་ཞེས་པའི་ཆོས་ལུགས་ཡོད་པའི་སྐོར་བྲིས་མེད། གསུམ་ནས་བོན་གྱི་ཡིག་ཆ་ན་བཤད་ཡོད་པ་དེ་དང་ད་ལྟ་དངོས་སུ་མིག་གིས་མཐོང་བ་གཉིས་ཆ་མི་མཚུངས། དཔེར་ན་སྟོན་པ་གཤེན་རབ་དང་དེའི་རྗེས་འཇུག་ཚོས་ལྷ་ཁང་གི་ཟོལ་འདྲ་བོ་སྟོང་ཕྲག་སྟོང་ཕྲག་བཞེངས་ཚུལ་གསལ་ཡོད་མོད་ད་ལྟ་རྩིག་ཤུལ་ཞིག་རོ་ལོ་སྟོང་སོན་པ་ཞིག་ཀྱང་བསྟན་དུ་མེད་པས་མིག་གིས་མཐོང་བའི་རྔ་ཆུང་དང་རྣ་བས་ཐོས་པའི་སྦང་སྒྲ་གཉིས་ཆ་མ་མཚུངས་པའི་དཀའ་ངལ་འདུག བཞི་ནས་ཞང་ཞུང་གི་ཡི་གེ་ཟེར་བ་ཡོད་ཚུལ་གྱི་འུད་སྒྲོགས་བྱས་ན་ཡང་ལོ་སྟོང་གི་གོང་ཕར་ཞོག་ལོ་བརྒྱ་ཕྲག་ཁ་ཤས་གོང་དུ་ཞང་ཞུང་གི་ཡི་གེ་ཡོད་པའི་དཔང་རྟགས་གཅིག་ཀྱང་བསྟན་ཐུབ་མེད། དེ་ལུགས་ནི་བོད་ཀྱི་གནའ་བོའི་རིག་གནས་ལ་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་གྱིས་ཀྱང་ལོ་ཤས་གོང་ལ་པེ་ཅིང་སློབ་ཆེན་དུ་བཤད་ཡོད།་ད་དུང་བཤད་རྒྱུ་ལུང་པ་གང་ཡོད་མོད་ཀློག་མཁན་གྱི་མིག་ལ་ན་ཚ་གཏོང་མི་འདོད་པས་འདིར་དེ་ཙམ་མ་གཏོགས་མ་སྤྲོས།
སྤོབས་མཐའ་ལགས་ཀྱིས།
གྲི་གུམ་བཙན་པོའི་ལོ་རྒྱུས་ནང་གི་བོན་པོའམ། གཤེན་པོ་རྣམས་ཡོད་མེད་ཇི་ལྟར་འགྲེལ་ལམ། ལགས།
བོད་བཙན་པོའི་སྐབས་སུ་གྲྭ་པ་མང་པོ་མེད་པའི་སྒྲུབ་བྱེད་་་་་དེའི་སྐབས་ཀྱི་དགོན་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར་ཞེས་རྟགས་བཀོད་པ་འདིར་སྒྲུབ་བྱེད་ཡང་དག་ཞིག་ཅང་མཐོང་གི་མི་འདུག
འོན་ན་་་་བོད་བཙན་པོའི་སྐབས་སུ་དམག་མང་པོ་མེད་ཐལ། དེའི་སྐབས་ཀྱི་དམག་སྒེར་གྱི་ཤུལ་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར། རྟགས་ཁད། ཁྱབ་པ་མ་བྱུང་ཞེས་ལན་འདེབས་ན་རྩ་བའི་དམ་བཅའ་ཤོར་ཚར་ལེ་རེད་དོ།
སྒྲུབ་བྱེད་རྟགས་སྣང་དེ་འདྲ་བཀོད་ནས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་མ་བྱེད་ན་དགའ་གི་རེད་དོ།།
བོད་བཙན་པོའི་སྐབས་སུ་གྲྭ་པ་མང་པོ་མེད་པའི་སྒྲུབ་བྱེད་་་་་དེའི་སྐབས་ཀྱི་དགོན་ཤུལ་རྒྱ་ཆེན་པོ་སྟོན་གྱི་མེད་པའི་ཕྱིར་ཞེས་རྟགས་བཀོད་པ་འདིར་སྒྲུབ་བྱེད་ཡང་དག་ཞིག་ཅང་མཐོང་གི་མི་འདུག་་་་་བཅོས་རོགས་བྱོས་་་་་ཤུལ་ཆད་འདུག
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས།
༼གཞན་བོན་ཆོས་སྐོར་ནས་རེད། རྒྱ་ཡིག་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ངོ་སྤྲོད་གནང་སྐབས། རྙིང་མ་བ་ནི་བན་བོན་བསྲེས་ནས་ཡོང་སྟངས་བཤད་འདུག དེར་བརྟེན་དེང་སྐབས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་འཇིག་རྟེན་པའི་ལྷ་མང་བོ་ཞིག་ཆོས་སྐྱོང་གི་ཚུལ་དུ་བཀར་ཡོད་སྟངས། དེའང་བཙན་པོ་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་མགོ་འདོགས་མཁན་ལ་གསོལ་རས་དང་མགོ་མི་འདོགས་མཁན་ལ་༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༽ཞེས་ཁ་བཏོན་ལ་སོགས་པ་ཡོད་པ་ནི་དེང་སང་ཡང་མཐོང་གསལ་རེད། དེ་གཅིག་ཡིན།༽ གསུངས་པ་ལ་ལན་མདོར་བསྡུས་ཤིག་འབུལ་བར་སྤྲོ།
ཁྱེད་ཀྱི་སྐད་ཆ་འདི་ལ་བདེན་དོན་དེ་ཙམ་ཨ་ཡོད་ན། ཅིས་ན་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནང་གི་འཇིག་རྟེན་པའི་ལྷ་མང་ཆེ་བ། རྒྱ་གར་ཧིན་རྡུའི་དྲེགས་ལྷ་དམར་མཆོད་ཟ་མཁན་དང་། ཤི་འདྲེ་དང་རྒྱལ་འགོང་དེ་འདྲ་མང་པོ་འདུག། འདི་ཚོ་སྲིད་པའི་བོན་བརྒྱུད་ཀྱི་ལྷ་རིགས་རྩ་བ་ནས་མ་རེད་དོ། འདི་ཚོའི་དབྱེ་འབྱེད་ངེས་པར་དུ་ཤེས་དགོས། བོན་ལ་སློབ་སྦྱོང་གང་མཚམས་བྱས་ན་མ་གཏོགས་ལམ་སེང་བོན་ལུགས་ངོ་མ་དེ་ཤེས་དཀའ་མོ་རེད། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་ཟེར་བའི་དམོད་ཚིག་འདི་མཆོག་གླིང་གཏེར་གསར་ནང་དུ་བཀོད་ཡོད་མ་གཏོགས། རྙིང་མའི་བྱང་གཏེར་གྱི་དཔེ་ཆའི་ནང་དུ་བཀོད་མི་འདུག་ལབ་ཀྱི་འདུག། དེ་འདྲ་ཡིན་དུས་དམོད་ཚིག་འདི་་ཁྲི་སྲོང་སྡེ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་མཉམ་རུབ་ཐོག་བཟོས་བཞག་པ་དེ་འདྲ་ཨ་ཡིན་ན། ད་གང་ལྟར་ཁྱེད་རང་ཚོའི་ལྷ་འདྲེའི་རྙོག་གྲ་དེ་དག་ལ་རང་སྐྱོན་ངོས་ལེན་མི་བྱེད་པར་ཡང་བོན་པོའི་ལྷ་ཡི་ཐོག་ཏུ་སྐྱོན་འཚང་གཡུག་རྒྱུའི་ངན་གཡོ་མ་བྱས་ན་བཟང་བར་སེམས་སོ། །
གཡང་དྲུང་ལྷ་རྟེན་དགོན་ཟེར་བ་མ་རེད་་་་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པ་་་་ཞེས་བརྗོད་དགོས། དགོན་པ་འདིའི་ལོ་རྒྱུས་རིང་མོ་རེད། དྲྭ་རྒྱའི་ནང་འཚོལ་ཞིབ་བྱོས་དང་མཐོང་ཐུབ་ངེས།
ཚང་མས་འདི་ལྟར་ཆ་ཤས་བླངས་ཡོང་ན་གཞི་ནས་ལོ་རྒྱུས་ངོ་མ་དེ་བརྙེད་ཀྱི་རེད། རེ་བ་ཡིན་ན་སྤོབས་པ་ལགས་ཀྱིས་བཙན་པོའི་སྐབས་ཀྱི་སངས་རྒྱས་ཆོས་ལུགས་པའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་གནང་ཡོད་པ་ཞུ།
དེ་མིན་བོན་གྱི་སྐོར་ནས་སླར་ཡང་ངས་ཀློག་མྱོང་བའི་ལོ་རྒྱུས་ཁག་རོབ་ཙམ་ཞུ་གི་ཡིན། ལྷན་རྒྱས་ནས་དག་སེལ་དང་ལམ་སྟོན་གནང་རོགས། བོན་ནི་བརྡ་རྙིང་སྟེ། བཟླ་ཞེས་པའི་དོན་རེད། ག་རེ་བཟླ་བཞིན་ཡོད་དམ་ཞེ་ན། མཆོད་འབུལ་གནང་སྐབས་བསྔོ་བ་སྨོན་ལམ་མམ་སྔགས་དེ་འདྲ་བགྲངས་ཀྱིན་པས་རེད། ཡང་ཅིག་བཤད་ན། བོན་ཆོས་ནི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཀྱི་བྱེ་བྲག་ཅིག་ཡིན་པར་མ་ཟད། རིག་གཞུང་ལོ་རྒྱུས་ཀྱི་རྩ་བའང་རེད། བོན་ནི་གདོལ་བོན་དང་འཁྱར་བོན། གཡུང་དྲུང་བོན་བཅས་རིམ་པ་གསུམ་གྱི་འཕེལ་འགྱུར་བརྒྱུད་ཡོད་པ་ཞིག་རེད་ལ། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དད་པའམ། སྐྱིད་སྡུག་མཐའ་དག་རང་བྱུང་ཁམས་ཀྱིས་བསྐྲུན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་རྨང་གཞིའི་སྟེང་ནས་གདོལ་བོན་གྲུབ་པ་ཞིག་རེད། དེ་ལ་འཁྱར་བོན་ཏེ། ཕྱི་འོངས་ཀྱི་རིགས་འདྲ་བའི་ཆོས་ལུགས་ཤིག་གི་ཤུགས་རྐྱེན་ཡང་ཐེབས་མྱོང་སྟེ། ༼གནམ་རྒན་མ༽ཞེས་པར་སྐྱབས་སུ་འགྲོ་བའི་ལྟ་སྟངས་འདིའི་འབྱུང་ཁུངས་དང་ཧ་ལམ་དམར་མཆོད་ཀྱང་སྐབས་དེ་ཤེད་ནས་བྱུང་ཡོད་པ་འདྲ། གང་ལྟར་སྐབས་དེ་ནས་བརྒྱུད་འོངས་པའི་གཏམ་དཔེ་ཞིག་སྟེ། ༼མགོ་ནག་སྐྱིད་སྡུག་གནམ་གྱི་ལག ཉལ་ས་དྲོན་པོ་རང་གི་ལག༽ཅེས་པ་འདི་རེད་ལ། ལྟ་སྟངས་འདི་ཧ་ལམ་ཡི་ཤུའི་ཆོས་ལུགས་སུ་གཙོ་བོར་བཟུང་བའི་༼དཀོན་མཆོག༽གི་བྱུང་བར་འབྲེལ་བ་ཆགས་ཡོད་པ་འདྲ། ཡིན་ནའང་། མུ་མཐུད་ནས་དཔྱད་དགོས།
གང་ལྟར་སྟོན་གཤེན་རབ་བྱོན་པ་ནས་བོན་ལ་བསྒྱུར་བཅོས་ཆེན་པོ་ཞིག་གནང་ཡོད་དེ། གཅིག་ནས་དམར་མཆོད་ཀྱི་ཚབ་ཏུ་གཏོར་མཆོད་གནང་ཡོད་པ་དང་། གཉིས་ནས་བོན་ཆོས་སྒོ་བཞི་མཛོད་ལྔ་ནང་བསྡུས་ནས་གཞུང་ལུགས་ཅན་དུ་བསྐྲུན་ཡོད་པས། གཡུང་དྲུང་བོན་ཞེས་སྔར་གྱི་འདས་མཆོད་ལ་བསྔོ་སྨོན་བཟླ་བ་དང་གཤེད་འདུལ་བ། ལྷ་འབེབས་པ་དང་མོ་རྒྱག་པ། སྨན་སྤྲད་པའི་རིམ་པ་ནས་ཆེས་ཆེར་འཕེལ་ཡོད། ལྷ་ས་ནས་ཐོན་པའི་ཆུ་ཀོང་རིག་དངོས་ནང་དུ་སྔར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡར་སྔོན་བཀོལ་བའི་འདས་མཆོད་ཀྱི་རྡོ་སྟེགས་དྲུག་ལྷག་བརྙེད་ཡོད། འདི་དག་ནི་བོན་ལ་ཞིབ་འཇུག་བྱེད་པའི་རིག་དངོས་ཀྱི་གྲས་ཡིན།
གཡུང་དྲུང་བོན་གྱི་བསྒྱུར་བཅོས་གཉིས་པ་ནི་དུས་རབས་བཅུ་བའི་ནང་གཤེན་ཆེན་ཀླུ་དགའ་ནས་གནང་ཡོད་ཅིང་། གཡུང་དྲུང་བོན་གྱི་བསྟན་པ་འཆད་རྩོད་རྩོམ་ཅན་དུ་བསྒྱུར་ཡོད་པས། སངས་རྒྱས་ཆོས་ལུགས་ལས་ཆ་བ་ཆོས་ཀྱི་སེང་གེ་ཡིས་བསྡུས་གྲྭའི་སྲོལ་བཏོད་པ་དང་ཧ་ལམ་དུས་མཉམ་རེད། དེ་མཚུངས་སུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་ནི་དུས་རབས་བརྒྱད་པའི་འགྱུར་གྱི་རྨང་གཞིའི་ཐོག་དུས་རབས་བཅུ་གསུམ་ནང་རིམ་པས་རྩོམ་སྒྲིག་གནང་བ་ཞིག་དང་། བོན་གྱི་བཀའ་བསྟན་ནི་དུས་རབས་བཅོ་བརྒྱད་པ་ནས་རིམ་པས་གྲུབ་པ་ཞིག་རེད། ཕན་ཚུན་བར་འབྲེལ་བ་ཅི་ཡོད་ཞིབ་འཇུག་བྱེད་མྱོང་མེད།
གཡུང་དྲུང་བོན་དུས་རིམ་གསུམ་ལ་བརྒྱུད་ཡོད་ཚུལ་ལོ་རྒྱུས་ཁག་ཏུ་གསལ་འདུག སྟོན་པ་གཤེན་རབ་མཆོག་ནས་གྲི་གུམ་བཙན་པོའི་བར་དུ་བསྟན་པ་སྔ་དར་དང་། པུ་དེ་གོང་རྒྱལ་ནས་ཁྲི་སྲོང་སྡེ་བཙན་བར་དུ་བསྟན་པ་བར་དར། དུས་རབས་བཅུ་བ་ནས་བསྟན་པ་ཕྱི་དར་འབོད། ཡིན་ནའང་། བོད་རང་ས་ལ་གཞིགས་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ནས་བསྟན་པ་ཡང་དར་ཞེས་ཁ་སྣོན་བྱེད་ཆོག་པར་སྣང་།
གང་ལྟར་དུས་རིམ་རེ་རེ་ནི་ཆག་འཇིག་བརྒལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ཡིན་པའང་གསལ་བོ་རེད། གྲི་གུམ་བཙན་པོས་གཤེན་བླ་ཚོས་སྲིད་ལ་ཐེབས་ཀྱིན་པའི་དབང་ཤུགས་ལ་འགྱུར་བཏང་ཡོད་པས། རང་བཞིན་གྱིས་ཕོ་བྲང་ནང་གི་གཡུང་དྲུང་བོན་ཆོས་ཀྱང་འཇིག་ཉེན་ལ་འཕྲད་པས། ཆོས་དཔེ་དང་མཆོད་ཆ་གཏེར་དུ་སྦས་པའི་སྲོལ་ཕྱེ་འདུག དེ་བས། སྔ་འགྱུར་རྙིང་མ་བས་ཀྱང་སྲོལ་འདི་བརྒྱུད་འཛིན་གནང་བ་ཞིག་རེད། ཁྲི་སྲོང་ལྡེ་བཙན་གྱིས་བན་བོན་རྩོད་པ་བརྒྱུད་ནས་གདམ་ག་གནང་བའི་སྲིད་བྱུས་ལག་བསྟར་གནང་བས། མཐར་བོན་ཕམ་བན་རྒྱལ་གྱི་ལམ་ནས་བོན་ཆོས་བསྣུབས་འགོ་ཚུགས་པ་ཞིག་རེད། ད་དུང་དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ཕྱོགས་སུ་དམག་དྲངས་སྐབས། ཁམས་བེ་རི་རྒྱལ་པོ་རྩ་མེད་བཏང་ཡོད། བེ་རི་རྒྱལ་པོ་ནི་མདོ་ཁམས་ཕྱོགས་ནས་བོན་ལ་དད་མཁན་གྱི་སྟོབས་ཤུགས་ཆེ་ཤོས་གྲས་ཡིན། ད་དུང་གཡུང་དྲུང་ལྷ་སྟེང་དགོན་བཅོམ་ཚུལ་ཡང་དགའ་ལྡན་ཕོ་བྲང་ལ་བརྒྱུད་འབྲེལ་བྱུང་ཡོད།
ད་བོན་དགོན་ཐད་ནས་བཤད་ན། དགོན་ཆེན་ཙམ་མ་ཟད། མཚམས་ཁང་ལྟ་བུ་ཆུང་ཆུང་སོགས་ལའང་དགོན་པ་ཟེར་གྱི་འདུག དགོན་ཆེན་མང་ཆེ་བ་རིམ་པས་ས་དགེ་ཀར་རྙིང་དགེ་ལུགས་སོགས་ལ་བསྒྱུར་ཡོད་པས། བོན་དགོན་རྦད་དེ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པར་གྱུར་འདུག ཡིན་ནའང་། མཐའ་མཚམས་ཡུལ་ལུང་ཁག་ཏུ་མུ་མཐུད་ནས་དར་སྤེལ་བཏང་ཡོད་པའང་གསལ་བོ་རེད། དཔེར་ན། ཕྱི་ལོ ༡༩༥༩ལོའི་ཡར་སྔོན་དུ་བོད་ཁམས་ཡོངས་སུ་བོན་དགོན་ཧ་ལམ ༡༧༠ལྷག་དང་གྲྭ་བ ༨༦༠༠འདུག དེའི་ཁྲོད་དུ་ད་ལྟའི་བོད་རང་སྐྱོང་ལྗོངས་སུ་བོན་དགོན ༢༠དང་གྲྭ་བ ༢༥༠༠ མཚོ་སྔོན་དུ་བོན་དགོན ༡༥དང་གྲྭ་བ ༣༤༠ ཀན་ལྷོ་སོགས་སུ་ནང་བོན་དགོན ༧དང་གྲྭ་བ ༡༢༠ རྔ་བའི་ནང་བོན་དགོན ༦༢དང་གྲྭ་བ ༢༨༠༠ དཀར་མཛེས་ནང་བོན་དགོན་༦༤དང་གྲྭ་བ ༢༦༧༡ ཡུན་ནན་བདེ་ཆེན་སོགས་སུ་བོན་དགོན་ ༥དང་གྲྭ་བ ༧༠ ད་དུང་མུ་ལེ་ནང་གྲྭ་བ ༤༠འདུག་ཅེས་སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་བརྩམས་ཆོས་ནང་བཀོད་འདུག
གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན། ནག་ཆུ་གཡུང་དྲུང་གླིང་། ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས། གཞིས་རྩེ་སྨན་རི་གླིང་། ཆབ་མདོ་བརྩོན་འགྲུས་དགོན་སོགས་གྲགས་ཆེ་བའི་གྲས་རེད། དེང་ཕྱིན་བོད་ནང་འགྲོ་ཐུབ་མཁན་ཡོད་ན་དངོས་སུ་ས་གནས་རེ་རེའམ། བྱེ་བྲག་རེ་རེར་བསྐྱོད་ནས་རྒྱུས་ལོན་འོས་པ་ཞིག་རེད།
འབྲི་མཚམས་འདིར་སླེབས་སྐབས། དོན་དག་གསར་བ་ཞིག་གསལ་ཡོང་གི་འདུག རྒྱའི་ཡིག་ཚང་ནང་བོད་སིལ་བུར་འཐོར་སྐབས་ཀྱི་འབངས་གྱེན་ལངས་འབྲི་སྐབས། འབངས་གྱེན་ལངས་ཀྱི་གྲུབ་ཆའི་ནང་དུ་གཡུང་མི་མང་ཚུལ་དང་། གཡུང་མི་ནི་གཡོག་པོའི་གྲས་ཡིན་ཚུལ་བཀོད་འདུག ད་ལྟ་འདི་ལྟར་ལྟ་སྐབས། གཡུང་དྲུང་བོན་ལ་དད་མཁན་ཚོར་གཡུང་མི་ཞེས་མིང་བཏགས་ཡོད་པ་འདྲ། དེའང་རྒྱ་ནག་གི་ལོ་རྒྱུས་འབྲི་མཁན་ཚོས་ཚུར་བཏགས་པའི་མིང་ཞིག་ཡིན་སྲིད།
ད་ཚང་མས་ཁ་སྣོན་དང་དག་སེལ་གནང་རོགས། ངས་ལོ་རྒྱུས་ངོ་མ་ཞིག་བརྙེད་སླད་འབྲི་གི་ཡོད་མ་གཏོགས་ཆོས་ལུགས་ཀྱི་འགལ་བ་སོགས་སློང་ཆེད་འབྲི་གི་མེད།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས།
༼ཕྱོགས་གཞན་ཞིག་ནས་བོན་པོ་ཚོར་གནམ་ལ་དད་པ་ཡོད་པ་ནི་བཙན་པོ་གཉའ་ཁྲི་བྱོན་སྟངས་ལས་ཤེས་ཐུབ་ལ། དེང་སྐབས་ཨ་མདོ་དང་ཁམས་ཕྱོགས་སུ་༼གནམ་རྒན་མ༽ཞེས་ནུས་པ་ཅན་ཞིག་ཡོད་སྣང་གིས་མཆོད་པ་དང་། སྒོ་ཕྱུགས་བོར་རྗེས་སྤྱང་ཀིས་འཚེ་བ་མི་ཡོང་ཆེད་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོ་ཞེས་སྐར་མ་ཞིག་མཆོད་ཀྱིན་པ་སོགས་ནི་བོན་ཆོས་ལས་བརྒྱུད་ཡོང་བའང་གསལ་བོ་རེད། ད་དུང་དེང་རྒྱལ་རོང་དུ་ཡོད་པའི་གཡང་དྲུང་ལྷ་རྟེན་དགོན་ནི་ཐོག་མར་བོན་དགོན་ཡིན་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་སོང་ཡོད། དེ་གར་སྟོན་པ་གཤེན་རབ་ཀྱི་འབག་སྐུ་ཞིག་ཡོད་པ་ལས་བདུད་རྩི་རང་འབབ་ཀྱི་བཤད་སྟངས་ཡོད་ལ། དེ་ནི་ཞིབ་འཇུག་བརྒྱུད་ནས་ཤེས་པ་ནི་དགོན་པ་དེ་དང་སྤྱི་ལེ་བརྒྱད་ལྷག་ཡོད་པའི་ཆུ་འགོ་ཞིག་ནས་རྫ་སྦུག་བརྒྱུད་དེ་ཆུ་དྲངས་པ་ཞིག་ཡིན་པས། རྨོངས་དད་བེད་སྤྱོད་སོགས་དོར་ནས་བལྟས་ན་འཛམ་གླིང་གི་ཆུ་བེད་འཛུགས་བསྐྲུན་ལོ་རྒྱུས་སྟེང་གི་རྫ་སྦུག་བཀོལ་བ་ཐོག་མ་དེ་རེད།༽ གསུངས་པ་ལ་ལན་ཞིག་འབུལ་བར་སྤྲོ།
བོན་པོ་ཚོར་གནམ་ལ་དད་པ་ཡོད་མེད་དེ་མི་ཤེས། བོན་པོ་ཚོས་གནམ་དེ་གལ་ཆེན་དུ་བརྩི་སྲོལ་ཡོད་པ་རེད། གནམ་འདི་ནི་ཕལ་ཆེར་ཆོས་ལུགས་ཚང་མས་་ཀྱི་དམིགས་གཏད་བྱེད་ས་ཞིག་ནི་རེད་འདུག དཔེར་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་བ་དང་། མཁའ་ལ་ཉི་ཟླས་བགྲོད་པ་མ་ཆད་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག་ཟེར་བ་དང་། ད་དུང་འཁོར་བ་སྡུག་བསྔལ་རྒྱ་མཚོའི་རྩ་བ་གཅོད་བྱེད་ཉམས་ལེན་གྱི་མཐར་ཐུགས་སྟོང་པ་ཉིད་ཀྱི་དཔེ་ནི་ནམ་མཁའ་བཞག་ཡོད་པ་རེད། བསམ་སྟངས་དང་ལས་སྟངས་འདི་འདྲ་བ་ཞིག་བོད་ཡུལ་དུ་སྔར་ནས་བྱུང་བའི་གནས་ཚུལ་ཞིག་རེད་མ་གཏོགས། བོན་པོས་གནམ་སྟོང་པ་ལ་དད་པ་བྱས་པ་རང་ད་ཨ་ཡིན་ན། །
ངས་བྲིས་པའི་མཆན་རིང་དྲགས་ནས་འགོད་ཐུབ་མ་སོང་བས། ཐད་ཀར་རྩོམ་སྒྲིག་པར་བཏང་ཡོད། དེ་ནས་ཚང་མས་བསྐྱར་དུ་བགྲོ་གླེང་བྱེད་ཆོག་གི་རེད།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས།
༼གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན། ནག་ཆུ་གཡུང་དྲུང་གླིང་། ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས། གཞིས་རྩེ་སྨན་རི་གླིང་། ཆབ་མདོ་བརྩོན་འགྲུས་དགོན་སོགས་གྲགས་ཆེ་བའི་གྲས་རེད། དེང་ཕྱིན་བོད་ནང་འགྲོ་ཐུབ་མཁན་ཡོད་ན་དངོས་སུ་ས་གནས་རེ་རེའམ། བྱེ་བྲག་རེ་རེར་བསྐྱོད་ནས་རྒྱུས་ལོན་འོས་པ་ཞིག་རེད།༽
གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན།? ནག་ཆུ་སོག་གཡུང་དྲུང་གླིང་། རྒྱལ་རོང་ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། ཁམས་སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཡང་ན། རབ་ལེགས་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས།?འདི་གོ་མ་མྱོང་། གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་གླིང་། ཆབ་མདོ་ཁྱུང་པོ་རིརྩེ་དྲུག་དགོན། ཁྱེད་ཀྱིས་གྲགས་ཆེ་བའི་བོན་དགོན་གྱི་མིང་ཐོ་འདིར་དགོན་པ་རེ་གཉིས་ཀྱི་མིང་བྱང་མ་གཏོགས་མི་འདུག། ད་དུང་སློབ་སྦྱོང་མང་ཙམ་གནང་དགོས་ས་རེད་དོ།
དགེ་བཤེས་ལགས་ཕེབས་ནས་ཁ་གསབ་གནང་བར་བཀའ་དྲིན་ཆེ། དེ་མིན་གང་ཡོད་ཕྲིས་ཤོག ཡིན་ནའང་། མཆན་གཅིག་ཐེངས་འགར་འདེབས་དོན་མི་འདུག་སྙམ། གནམ་རྒན་མའི་སྐོར་གོང་དུ་རོབ་ཙམ་ཞུས་ཡོད། གསལ་བོར་ཞུ་དགོས་པ་ཞིག་ལ་གནམ་རྒན་མར་སྐྱབས་སུ་འགྲོ་བ་ནི་མང་ཚོགས་རེད། མང་ཚོགས་ནང་བན་བོན་གཉིས་ཀ་ཡོད་པ་རེད། བྱུང་སྟངས་ཞུས་ཟིན་པ་ལྟར་ཡིན།
བཀུར་འོས་དཔྱོད་ལྡན་ལྷ་སྡེ་གནམ་ལོ་ཡག་ལགས། བཙན་པོའི་དུས་སྐབས་སུ་བོད་ཀྱི་འབངས་མི་ཚོ་ཁག་གཅིག་ལ་གཡུང་ཞེས་འབོད་པ་རེད། སྐབས་དེར་བོད་ཀྱི་ཁྱིམ་ཚང་ཚང་མ་རྒོད་ཀྱི་སྡེ་དང་གཡུང་གི་སྡེ་ཞེས་ཚོ་ཁག་གཉིས་སུ་དབྱེ་ཡོད་འདུག རྒོད་ཀྱི་སྡེ་ཞེས་པ་དེ་ནི་དམག་མིའི་ཁྱིམ་ཚང་ཚོ་རེད། གཡུང་གི་སྡེ་ཞེས་པ་དེ་ནི་དམག་ལ་འགྲོ་མི་དགོས་ཀྱང་ཞིང་འབྲོག་གི་ལས་ཀ་དང་ཚོང་སོགས་བྱས་ནས་གཞུང་ལ་ཁྲལ་ཆེན་པོ་འཇལ་དགོས་མཁན་རིགས་རེད། རྒོད་ཀྱི་སྡེ་ཡིན་ན་གཞུང་ངོས་ནས་བརྩི་མཐོང་ཡོད་ཐོག་མང་ཚོགས་ཁྲོད་ན་ཡང་དཔའ་བོའི་རིགས་སུ་བརྩིས་ནས་བརྩི་མཐོང་ཡོད་འདུག གཡང་གི་སྡེ་ཡིན་ན་བརྩི་མཐོང་ཆེན་པོ་མེད་ཐོག་ཁྲལ་ཆེ་ཙམ་་འཇལ་དགོས་ན་ཡང་ཉེན་ཁ་ཆུང་བའི་རིགས་ཡིན་འདུག གལ་སྲིད་རྒོད་ཀྱི་སྡེ་རུ་གཏོགས་པའི་མི་ཞིག་གིས་ཁྲིམས་འགལ་བྱས་པ་དང་། ལྷག་པར་ཡང་དམག་གི་བྱ་བྱེད་ལས་གསུམ་དང་འབྲེལ་བའི་ཁྲིམས་འགལ་ཝ་བྲོས་སོགས་བྱས་ན་མི་ཚང་དེ་གཡུང་གི་གྲས་སུ་ཕབ་སྲོལ་ཡོད་འདུག དེ་ངོ་ཚ་ཆེན་པོར་བརྩི་སྲོལ་ཡོད་འདུག སྤྱིར་ན་རྒོད་དང་གཡུང་ཞེས་པའི་མིང་ཚིག་འདི་གཉིས་ནི་དེང་དུས་སུ་ཡང་མདོ་ཁམས་ཀྱི་སྐད་ལ་རྒྱུན་དུ་བཀོལ་བཞིན་ཡོད། རྟ་ཟོག་སེམས་ཅན་སོགས་མིའི་བཀོལ་སྤྱོད་བཞིན་སྒྲུབ་མཁན་ལ་སེམས་ཅན་གཡུང་མོ་དང་གཡུང་པ་སོགས་སུ་འབོད་ལ། རྟ་རྒོད་གཡག་རྒོད་སོགས་ནི་བཀོལ་སྤྱོད་སྐབས་འགྲོག་མཁན་ལ་ཟེར། དེ་ནི་རྒོད་གཡུང་གི་སྡེ་ཡི་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་པ་ཡིན།
མཁྱེན་ལྡན་སྐུ་ཞབས་གནམ་ལོ་ཡག་ལགས། གཅིག་བྱས་ན་ཁྱེད་ཀྱིས་འདིར་ངས་ཁུངས་མེད་ཀྱི་ཚོད་གཏམ་བཤད་ཀྱིན་འདུག་དགོངས་སྲིད། ངས་ལོ་རྒྱུས་ཀྱི་ཡིག་ཆ་གང་ཀློག་ན་བསམ་གཞིག་དང་དཔྱད་བསྡུར་བྱེད་ཀྱིན་ཡོད། ཁར་སང་ཁྱེད་ཀྱི་སྔགས་པ་རྣམས་གྲྭ་བཙུན་གྱི་གྲས་སུ་ཡོད་མེད་འདྲི་སྐབས་སུ་ངས་དེ་མེད་པ་འདྲ། སྔགས་པ་དམག་ལ་ཞུགས་ཆོག་ཚུལ་བཤད་ཡོད། དེའི་ཁུངས་ནི་བཀའ་ཐང་སྡེ་ལྔའི་ནང་དུ། མི་ཏིག་བཙན་པོས་བྱང་ལ་དམག་དྲངས་ཚུལ་བཤད་སྐབས་སུ། ཁོང་གི་སྐུ་འཁོར་གྱི་གྲས་སུ་སྔགས་མཁན་ཕུར་ཐོགས་བརྒྱ་ཡོད་ཚུལ་སོགས་གསལ་འདུག
ང་ཚོའི་ཆོས་འབྱུང་ལོ་རྒྱུས་ཚོར་མ་གཞི་ནས་ཆོས་ཕྱོགས་ཀྱི་ཕྱག་རྗེས་མ་གཏོགས་བྲིས་མེད་པ་རེད། དེ་ཡང་ཆོས་འབྱུང་འབྲི་མཁན་ཚོས་རང་རང་གི་ཆོས་ལུགས་འུད་བསྟོད་ཀྱི་དམིགས་ཡུལ་གྱིས་བཙན་པོ་རལ་པ་ཅན་གྱིས་དབུ་སྐྲ་ལ་དར་ཡུག་བཏགས་ནས་དེའི་སྟེང་དུ་དགེ་འདུན་པ་ཕེབས་བཅུག་ཚུལ་སོགས་བྲིས་པ་རེད། དོན་ངོ་མར་བཙན་པོ་རལ་པ་ཅན་ཞེས་པ་དེ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་མེད་དཔྱད་གཞི་རེད། གང་གིས་ཕྱིར་ཞེ་ན། ལྷ་སའི་རྡོ་རིང་གི་སྟེང་དུ་རྒྱ་བོད་མོལ་བའི་སྐབས་སུ་ཉི་ཟླ་གཟའ་སྐར་དཔང་པོར་བཞག སྲོག་ཆགས་བསད་ནས་མནའ་བསྐྱལ་ཚུལ་གསལ་འདུག དོན་ངོ་མར་བཙན་པོ་རལ་པ་ཅན་དེ་ལྟ་བུའི་སངས་རྒྱས་ཆོས་ལུགས་མ་གཏོགས་བསམ་རྒྱུ་མེད་མཁན་ཞིག་ཡིན་ན་ཉི་ཟླ་གཟའ་སྐར་དཔང་པོར་བཙུགས། སྲོག་ཆགས་བསད་པ་སོགས་མི་བྱེད་པ་ཤེས་ནུས་པ་ཞིག་རེད།
ཡ་ཡ། གཡུང་གི་སྐོར་ངོ་འཕྲོད་སོང་། ཐུགས་རྗེ་ཆེ། དེ་མིན་ཁྲི་རལ་བ་ཅན་སངས་རྒྱས་ཆོས་ལ་དད་མིན་དང་སྔགས་པ་དམག་ལ་འགྲོ་གི་སྟངས་སོགས་ཕྲན་གྱིས་ཉིད་ལ་རྩོམ་བསྐུལ་བྱས་པའི་ཁོངས་སུ་རྒྱས་བཤད་གནང་རོགས་ཞུ།
བཙན་པོའི་ཁྱིམ་རྒྱུད་ཀྱིས་སངས་རྒྱས་ཆོས་ལུགས་ལ་བརྩི་མཐོང་ཆེན་པོས་བོད་དུ་ནང་འདྲེན་བྱས་པ་རེད། དེ་ལ་རྒྱུ་མཚན་ཁ་ཤས་ཤིག་ཡོད། གཅིག་ནི་སྐབས་དེར་སངས་རྒྱས་ཆོས་ལུགས་ནི་ཨེ་ཤ་ཡའི་རྒྱལ་ཁབ་སྟོབས་ཅན་ཚང་མར་དར་ཁྱབ་ཆེན་པོ་ཡོད་པས་བོད་བཙན་པོའི་མངའ་ཐང་དར་འཕེལ་གྱི་ཕྱི་འབྲེལ་བྱུང་སྐབས་སུ་རང་བཞིན་གྱིས་ཤུགས་རྐྱེན་སླེབས་པ་ཞིག་དང་། སངས་རྒྱས་ཆོས་ལུགས་ཀྱི་ངོ་མཚར་ཞིང་གཏིང་ཟབ་པའི་གཏན་ཚིག་དང་། རྒྱུ་མཚན། ལྟ་གྲུབ། སྒྱུ་རྩལ་བཟོ་རིགས་དེ་དག་གིས་མི་མང་པོའི་ཡིད་འཕྲོག་བཞིན་ཡོད་པ་དང་། རྒྱུ་མཚན་གཉིས་པ་ཞིག་ནི་བཙན་པོའི་ཁྱིམ་རྒྱུད་ཀྱི་མི་ཁུངས་དེ་རྒྱ་གར་ལས་ཆད་པའི་བཤད་སྲོལ་ཡོད་པས་དེའི་ཐུགས་ཞེན་ལྟ་བུ། རྒྱུ་མཚན་གསུམ་པ་ནི་རྒྱ་གར་ནག་བལ་པོ་ཏ་ཟིག་སོགས་ལ་ཕྱི་འབྲེལ་བྱེད་པར་བེད་སྤྱོད་པའི་ལག་ཆ་ལྟ་བུ་ཞིག་ཀྱང་རེད། དེ་ཡང་བཙན་པོའི་ཁྱིམ་ཚང་ནང་དུ་ད་དུང་ཡང་སྲོལ་རྒྱུན་གྱི་དམར་མཆོད་སོགས་ཀྱང་བྱེད་ལ་སངས་རྒྱས་ཆོས་ལུགས་ཀྱི་རིམ་གྲོ་སོགས་ཀྱང་བྱེད་སྲོལ་ཡོད་པ་འདྲ། དཔེར་ན། རྒྱའི་ཐང་ཡིག་ཏུ། བོད་མི་རྣམས་ལྷ་ཤཀྱ་མུ་ནེ་ལ་དད། དམར་མཆོད་བྱེད་ཚུལ་སོགས་བྲིས་ཡོད་པར་གཞིག་ཚེ་སྐབས་དེའི་བོད་ཀྱི་གདོད་མའི་སྲོལ་རྒྱུན་ཆོས་ལུགས་དེ་ལ་སྟོན་པ་འདི་ཡིན་ཟེར་བ་མེད་པར་དེང་དུས་སོག་ཡུལ་དང་སི་བྷི་རི་ཡ་སོགས་སུ་དར་བའི་ཤ་མེན་ཆོས་ལུགས་ལྟ་བུ་ཞིག་ཡིན་པར་ངེས།
ངས་དེང་དུས་དུ་བཙན་པོའི་དུས་སུ་ཡོད་པའི་སྲོལ་རྒྱུན་ཆོས་ལུགས་དེ་ལ་བོན་ཞེས་འབོད་ཀྱིན་མེད། བཙན་པོའི་དུས་སུ་དར་བའི་རང་རེའི་ཕ་མེས་ཀྱི་ཆོས་ལུགས་དེ་དང་དེང་དུས་སུ་ང་ཚོའི་སྤྱི་ཚོགས་ནང་དུ་ཡོད་པའི་གཡུང་དྲུང་བོན་ཞེས་འབོད་པའི་ཆོས་རྒྱུད་འདི་གཉིས་ཀྱི་ཁྱད་པས་ནི་གནམ་དང་ས་རེད། དེར་བརྟེན་རང་རེའི་ཕ་མེས་ཀྱི་ཆོས་ལུགས་དེ་ལ་བོད་ཀྱི་གདོད་མའི་སྲོལ་རྒྱུན་ཆོས་ལུགས་ཞེས་འབོད་ཀྱིན་ཡོད།
ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་ཀློག་དུས་སུ་དཔྱད་ཞིབ་ཡག་པོ་དགོས་ཀྱིན་འདུག དབྱིན་སྐད་དུ་ཡོད་པའི་critical thinkingཞེས་པ་དེ་བེད་སྤྱོད་དགོས་གི། ཡིག་ཐོག་ལ་བྲིས་པའི་བྱུང་རིམ་དེ་ཚོའི་ཁུངས་གང་ན་འདུག ཡིག་ཆ་འདི་དང་དེ་མཐུན་གྱིན་འདུག་གམ། ཁྱིམ་མཚེས་ཡུལ་ལུང་གཞན་གྱི་ལོ་རྒྱུས་ལ་དེའི་སྐོར་བྲིས་འདུག་གམ། འབྲི་མཁན་དེས་རྫུན་བཤད་པ་ཨེ་ཡིན། རྫུན་བཤད་དགོས་པའི་རྒྱབ་ལྗོངས་ཨེ་འདུག ལྷག་པར་ཡང་ཡིག་ཆ་དེ་ནམ་བརྩམས་སུས་བརྩམས་ཀྱི་དུས་ཚིགས་ལ་དོ་སྣང་དགོས་གི ཡིག་ཐོག་གི་སྐད་ཆ་ཙམ་མ་ཡིན་པར་གནའ་ཤུལ་དངོས་རྫས་སོགས་ཀྱི་དཔང་རྟགས་འདུག་གམ། མང་ཚོགས་ཀྱི་བཤད་རྒྱུན་ནང་ན་གང་འདུག དེ་ནས་བསམ་གཞིག་བྱས་ནས་དངོས་ཡོད་དང་མཐུན་པ་ཞིག་མིན་ན་ཁས་ལེན་རྒྱུ་མི་འདུག དབྱིན་སྐད་དུ་ཡོད་པའི་factual evidenceདགོས་གི།
དཔེར་ན།་དུས་ཕྱིས་སུ་ང་ཚོའི་གཞོན་སྐྱེས་ཚོས། བཙན་པོ་རལ་པ་ཅན་གྱིས་རབ་ཏུ་བྱུང་བ་ལ་འབངས་མི་ཁྱིམ་བདུན་གྱི་ཞབས་ཏོག་གསོལ་རས་གནང་ཚུལ་ཙམ་ལ་བརྟེན་ནས་རྦད་དེ་ལྡོག་ཕྱོགས་ཀྱི་སྐད་ཆ་བཤད་པ་རེད། དེ་ནི་བཙན་པོ་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་མང་བས་མང་ཚོགས་ལ་དཀའ་ངལ་འཕྲད་པས་ལྷ་སྲས་དར་མས་ཆོས་བསྣུབས་པ་རེད་ཅེས་བཤད་པ་རེད། དེ་ལ་རྒྱུ་མཚན་མེད་པ་རེད། སྐབས་དེར་གྲྭ་བཙུན་ལ་ཞུགས་མཁན་མེད་པའི་དཀའ་ངལ་འཕྲད་ནས་གནང་སྦྱིན་དེ་ལྟ་བུ་བྱེད་དགོས་ཐུག་པ་རེད། གྲྭ་བཙུན་མང་ན་གནང་སྦྱིན་བྱེད་དགོས་ཀྱི་མ་རེད། དཔེར་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་དུས་སུ་བོད་རུ་བཞིའི་གྲྭ་བཙུན་ཚང་མར་ཤམ་ཐབས་ཀྱི་ཁྲལ་བསྡུ་དགོས་ཐུག་པ་རེད། ལོ་རྒྱུས་དེས་དེ་དུས་སུ་གྲྭ་བཙུན་མང་དྲགས་པ་ཤེས་ཀྱི་རེད། གྲྭ་བཙུན་མང་དྲགས་ན་མར་གནང་དགོས་ཀྱི་མ་རེད། དེ་ལས་ལྡོག་སྟེ་བཙན་པོ་རལ་པ་ཅན་གྱི་དུས་སུ་གྲྭ་བཙུན་་ཞུགས་མཁན་ཉུང་བ་དེ་མཐོང་ཐུབ་གི་རེད།
སངས་རྒྱས་ཆོས་ལུགས་ནང་འདྲེན་བྱེད་དོན་ཐད་ནས་འུ་གཉིས་ཀྱི་ལྟ་ཚུལ་གཅིག་པ་རེད། ད་དུང་སངས་རྒྱས་ཆོས་ལུགས་རྒྱ་གར་ནང་བསྣུབས་དོན་ཡང་ཕལ་ཆེར་དོན་དག་དེར་ཐུག་ཡོད་པ་འདྲ། ཡིན་ནའང་། བོད་རང་གི་གདོད་མའི་ཆོས་ལུགས་དེ་བཞིན་ངས་གདོལ་བོན། འཁྱར་བོན་དང་གཡུང་དྲུང་བོན་བཅས་འཕེལ་རིམ་གསུམ་གྱི་ནང་ལ་བསྡུས་ནས་བཤད་ཀྱི་ཡོད། འཁྱར་བོན་དང་ཨིན་ཇིའི་ནང་གིZoroastrianismགཉིས་གཅིག་པ་ཡིན་མིན་ད་དུང་དཔྱད་ཀྱིན་པའི་སྒང་ཡིན།
འུ་དུམ་བཙན་པོས་སངས་རྒྱས་ཆོས་ལུགས་ལ་ཚད་བཀག་བཟོ་དོན་ཐད་ནས་འུ་གཉིས་ཀྱི་དཔྱད་འབྲས་མཚུངས་ཀྱི་མི་འདུག ཡིན་ནའང་། ངས་ཁྱེད་ཀྱིས་བཙན་པོའི་དུས་ཀྱི་སངས་རྒྱས་ཆོས་ལུགས་ལ་བསྐྱར་ཞིབ་ཅིག་འབྲི་བར་རེ་བ་རྒྱག་གི་ཡིན། དེ་དུས་བགྲོ་གླེང་བྱེད་ཆོག
དེ་མིན་ཞིབ་འཇུག་ཚད་ལྡན་ཅན་གྱི་ལམ་ཁར་ཞུགས་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན་པའི་ཁར། ཕྱི་རབས་པར་ཕུལ་བྱའི་ནང་ནོམ་ལྟ་བུ་ཡིན་པས། ཧུར་ཐག་གནང་ངེས་ཡིན། ཡ། ད་རེས་དེ་ཙམ་ཡིན། གནམ་གྲུ་འཕུར་ལ་ཉེ་གི རྗེས་མ་ག་ལེར་བགྲོ་གླེང་བྱེད་ཆོག ཐུགས་རྗེ་ཆེ།
དཔལ་དགྱེས་སམ། མིང་རྫུན་ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་དེ་རིང་གོ་སྐབས་ཤིག་ལ་བརྩིས་ཏེ། གང་བྱུང་བཤད་ཀྱིན་འདུག ཡིན་ན་ཁོ་ལ་ཡ་བྱེད་མཁན་མེད་ནས་སོ་སོ་ནག་རིལ་ཆགས་འདུག་ཧོཧོཧོ
བགྲོད་གླེང་བཟང་གི ཡིན་ནས་བསམ་ཚུལ་མ་གཏོགས་ཁུངས་ཐོབ་འཕེལ་བའི་སྐད་ཆ་མེད་ཀི
བོད་ཕྲུག་ལགས། ང་ལ་གཞན་ཕྱོགས་ལ་བསྟོད་དགོས་པ་དང་ཆེ་ཚང་ལ་སྨད་དགོས་པ་ཡང་གང་མེད། གོ་སྐབས་བཟུང་ས་ཡང་དེ་བས་ཀྱང་མེད་མོད། ཡིན་ན་ཡང་འབྲི་གུང་ཆེ་ཚང་གཅིག་དེ་ནག་པོ་ནག་རྐྱང་བཟོས་ནས་གཞན་དེས་ཡིན་འདོགས་འདྲ་སྟོན་བསྡད་ན་སྐྱབས་མགོན་སོགས་ལྟ་ཅི་མི་ནག་སྐྱ་བོའི་ལས་ཀ་ལས་ཐ་ཆད་པ་རེད། རེད་ཡ་་་དེང་སྐབས་ང་ཚོའི་བོད་པའི་ནང་དུ་ནད་ངན་ཞིག་འབྱུང་བཞིན་པ་ནི། མ་འགྲིགས་པ་དང་མ་བཟང་བ་ཞིག་ཡོད་ཚད་ཚང་མ་སྔོན་བྱོན་སྐྱེས་བུ་དམ་པ་དག་དང་ཆོས་ལུགས་དང་དགོན་སྡེ་བླ་གྲྭ་མཁན་སྤྲུལ་ལན་སོང་ཟེར་བཞིན་འདུག ང་ཚོ་གཏམ་དཔེ་ཞིག་ལ་ཁྱི་མོའི་རིག་ནས་ཟིག་ལ་ཁྱི་ཕྲུག་དག་གི་མ་རིག་པར་ཟིག་ཟེར་བ་དེ་ཅི་མ་བདེན་་་་་ནད་ངན་འདི་ཨི་ཙི་ལས་ཀྱང་ཐབས་སྡུག་པའི་ནད་ངན་ཞིག་རེད། ང་ཚོ་གཏམ་དཔེ་ཞིག་ལ་སྐད་ཆ་ངན་པ་བཤད་ན་མྱིའི་མི་འདོད་ལ། རྡོ་དང་དབྱུག་པ་ཕྱར་ན་ཁྱིའི་མི་འདོད་ཟེར་བ་ནང་བཞིན། དགོན་སྡེ་དང་བླ་གྲྭ་མཁན་སྤྲུལ་ནི་སྐྱོན་གྱིས་མ་གོས་བ་ཞིག་མིན་ལ། ཡིན་ན་ཡང་འབྲེལ་མེད་ངན་ཁག་ཡོད་ཚད་དགོན་སྡེ་དང་བླ་གྲྭ་མཁན་གསུམ་ཀྱི་མགོ་ལ་བཙན་གྱི་འཇོག་མཁན་དག་ལ་ང་ཚོས་མགོ་སྒུར་སྒུར་དང་སྒྱིད་པ་ཞ་ཞ་བྱེད་དགོས་དོན་གཏན་ནས་མེད། དྲང་བདེན་དང་གནས་ལུགས་གླེང་ན་ང་ཚོར་སྐྱོན་ཡོད་ན་རང་སྐྱོན་ཁས་ལེན་དགོས་པ་ལས། དེང་སྐབས་མི་བུ་རེ་ཟུང་ལ་ནད་ངན་ཞིག་ཡོད་པ་ནི། དགོན་སྡེ་དང་བླ་གྲྭ་མཁན་གསུམ་ལ་མ་ངེས་ཁག་གཡོགས་བྱས་ནས་དགོན་སྡེ་དང་བླ་གྲྭ་དག་ལ་འབྲེལ་བ་སྤུ་ཙམ་མེདཔའི་་་་་་ཁྱིམ་བཟའ་བའི་བར་གི་འཁོན་འགྲས། ཇག་པ་རྐུན་མའི་བར་གི་འཁོན་འགྲས། ཕྱིག་པོའི་རྒྱུ་རྩོད་བྱས་བའི་འཁོན་འགྲས། ཆང་འཐུང་བཟི་བོ་དག་གི་འཁོན་འགྲས། རྒྱལ་འཇོག་དག་གི་འཁོན་འགྲས། གསར་བུ་སྣང་མཐོ་ཚོའི་སྣང་བ་བརྩད་པའི་འཁོན་འགྲས་སོགས་འདི་དང་འདི་འདྲ་བའི་སྤྱི་ཚོགས་སྟེང་འབྱུང་བཞིན་པའི་གནད་དོན་ཡོད་ཚད་ནས་ཡོད་ཚད་ང་ཚོའི་དགོན་སྡེ་དང་བླ་གྲྭ་མཁན་སྤྲུལ་ལན་སོང་ཟེར་ནས་མགོ་ལ་བཙན་གྱིས་བཞག་ཡོང་ན་ངེད་བླ་གྲྭ་ཚོར་ཟ་རྒྱུ་འཐུང་རྒྱུ་མེད་པར་ཤི་དགོས་ན་འགྱོད་པ་སྤུ་ཙམ་མེད་པ་མ་ཟད་དེ་དག་གི་ངོ་ཚོ་ལ་མ་ངེས་ཁག་གཡོགས་བཏང་བ་ལ་དང་ལེན་གཏན་ནས་མེད་པར་ང་ཚོ་ལ་དགོད་རྒྱུ་སྒལ་ཚིགས་ནང་ནས་ཤོར་བཞིན་ང་ཚོས་ལ་རྒྱ་སེམས་ལ་བཅང་ནས་ང་ཚོའི་མི་ངན་དབྱེན་དཀྲུག་བྱེད་མཁན་དེ་དག་གི་སྔུན་ནས་གཉོམ་གཏན་ནས་ཁུར་དགོས་དོན་མེད། དེ་མིན་མི་བུ་འགའ་ཤས་ཀྱི་རང་དབང་དང་འདྲ་མཉམ་ཟེར་བ་འདི་སྤྱི་ཕན་ཞིག་ཡིན་མདོག་བཤད་བཞིན་འདུག་ལ་མཐར་གཏིག་ནས་ཡོང་ན་དེ་དག་གི་དམིགས་ཡུད་ནི་མི་སྒེར་རང་གི་ཁེ་ཕན་རྩོད་སྤྱད་ཞིག་ཡིན་པ་ལས་གཞན་དགེ་མཚན་ཅང་མི་འདུག་་་་རང་དབང་དང་འདྲ་མཉམ་ཟེར་བ་འདི་སྤྱི་ཕན་ཡོད་པ་ཞིག་མ་ཡིན་པར་མི་སྒེར་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་སྤྱད་ཞིག་ཡིན་པ་ཞིབ་གྱིས་དཔྱོད་དང་ཤེས་ངེས་ཡིན། རང་མི་འདྲེ་རུ་འགྱུར། སྲུང་མ་གཤེད་ཏུ་འགྱུར། ཅི་འདྲེས་འཇིགས་སུ་རུང་བ་ལ་ཨང་།
བཀྲ་ཤིས་བདེ་ལེགས
འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་རྩོམ་གནང་བའི་བོད་བཙན་པོའི་དངོས་གནས་ཡག་པོ་འདུག
རྒྱལ་རབས
སྤོབས་མཐའ་ལགས་ཀྱིས།
རྒོད་དང་གཡུང་སྐོར་ཡག་པོ་གསུངས་འདུག རྒྱ་བོད་མོལ་བའི་སྐབས་སུ་ཉི་ཟླ་གཟའ་སྐར་གསུམ་དཔང་པོར་བཞག སྲོག་ཆགས་བསད་ནས་མནའ་བསྐྱལ་ཚུལ་གསལ་བ་འདི། རྒྱ་བོད་ཐུན་མོང་གི་སྔར་དཔའ་བོའི་ལུགས་སྲོལ་ཞིག་ལས་བན་བོན་གྱི་ཆོས་ལུགས་གང་དང་འབྲེལ་བ་མེད་སྙམ་ལ། འདིས་བཙན་པོ་ཁྲི་རལ་པ་ཅན་ནང་ཆོས་ལ་དད་པ་མེད་པར་བསྒྲུབས་མི་ཐུབ་སྙམ་མོ།།
ཨ་ཕྱི་ཞེས་པ་འདི་ལས་ཕྲག་དོག་དང་ཉོན་མོངས་ཆེ་བ་ཛམ་གླིང་ས་ཐོག་འདི་ལ་་ཡོད་ས་མ་རེད་སྙིང་རྗེ།
སྐུ་ཁམས་བཟང་།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར།། མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག།།
དཔལ་དགྱེས་ལགས་ ཁྱེད་ཀྱིས་མིང་རྫུན་མ་མང་པོ་བེད་སྤྱད་ནས་བོན་པོ་དང་། བཀའ་བརྒྱུད་ དེའི་ནང་ནས་འབྲི་ཁུང་གི་སྐྱབས་མགོན་དང་ ཆོས་བརྒྱུད་དེར་དམའ་ཕབ་དགོས་པའི་སྙིང་ནད་དེ་འདྲ་རྒྱུ་མཚན་ཅིས་བྱུང་། ཐད་ཀར་གསུངས་ཡག་པོ་འདུག གང་ལྟར་ཁྱེད་རང་ཡིན་པ་ནི་ཚང་མས་ཤེས་གསལ་རེད།
བོད་རྒྱལ་ལོ།