གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས་ཀྱི་ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་དངོས་སུ་འཚོགས་ཡོད། རང་གཞུང་ཐའེ་ཝན་དོན་གཅོད་ཀྱི་དགེ་བཤེས་འཇམ་དཔལ་ཆོས་འཛིན་དང་དགེ་བཤེས་ཆོས་ཀྱི་དབང་པོ། ཨ་ཀ་སྤྲུལ་སྐུ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ། ཤེས་རབ་གླིང་གི་མཁན་པོ་ཀར་བསྟན་དང་མཁན་པོ་འཕགས་སྐྱབས་སོགས་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་དང་སློབ་དཔོན། གསེར་རྟ་མཁན་པོ་ཆོས་དབྱིངས་དང་མཁན་པོ་ཀརྨ་དོན་གྲུབ་སོགས་རྙིང་མ་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ། རྫོང་སར་བཤད་གྲྭའི་མཁན་པོ་བསམ་འགྲུབ་དང་སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་སོགས་ཇོ་ནང་ཕྱོགས་ཀྱི་མཁན་སྤྲུལ་བཅས་ཆོས་བརྒྱུད་ཁག་ལྔ་ལས་གྲུབ་པའི་གདན་ཞུས་མཁན་སྤྲུལ་དགེ་བཤེས་སློབ་དཔོན་སོགས་སུམ་ཅུར་ཉེ་བའི་ཁར། ཞིབ་འཇུག་ཚོགས་པ་རང་གི་རྐང་འཛིན་མཁན་སྤྲུལ་རྣམ་པ་ལྔ་བཅས་མཉམ་ཞུགས་གནང་བའི་ཐོག་ནས་རྩ་བའི་བརྗོད་གཞི། ༡༽བོད་བརྒྱུད་ནང་བསྟན་གྱི་དོགས་སེལ།༼བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་ཐུན་མིན་ཕྱག་ལེན། དེ་བཞིན་རིག་གཞུང་གི་རྒྱབ་ལྗོངས་དང་འབྲེལ་བའི་སྣང་ཚུལ་སོགས་ལ་གཞན་གྱིས་དོགས་པ་འདྲ་མིན་བསླངས་པ་དང་སློང་བཞིན་པ་དག་ལ་གཅིག་གྱུར་གྱི་ལན་འདེབས་གསལ་བཤད་གནང་ཕྱོགས༽
༢༽ཐའེ་ཝན་བོད་བརྒྱུད་ཀྱི་མཉམ་འབྲེལ་ལས་དོན།༼ཐའེ་ཝན་གྱི་ས་གནས་འདིར་གནས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཐུན་མོང་ནས་བོད་བརྒྱུད་ནང་བསྟན་ལ་ཕན་པ་དང་། ཐའེ་ཝན་མི་མང་ལ་ཕན་པ། ཆོས་བརྒྱུད་རིས་མེད་ཀྱི་མཐུན་ལམ་ལ་ཕན་པ་བཅས་ཀྱི་རང་བཞིན་ལྡན་ཞིང་། ལག་ཏུ་བསྟར་ཐུབ་ངེས་ཀྱི་ལས་དོན་སྐོར་ལ་བློ་འདོན་གྲོས་བསྡུར་བརྒྱུད་གཏན་འབེབས་ཀྱི་གྲོས་ཆོད་འཇོག་ཐུབ་པ་བྱ་རྒྱུ། ༽
ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་གནང་ཡོད།
དེ་ཡང་སྔ་དྲོ་ཆོས་བརྒྱུད་ཁག་རེ་རེའི་མཁན་སྤྲུལ་དགེ་བཤེས་སློབ་དཔོན་བཅས་གང་རུང་གཉིས་རེས་ཆུ་ཚོད་སྐར་མ་ཉི་ཤུ་ལས་མི་མང་བའི་ནང་རྩ་བའི་བརྗོད་གཞི་གཉིས་ཀྱི་ཐོག་ལ་གསུངས་བཤད་གྲུབ་རྗེས། མདོ་འཛིན་པ་མཁན་པོ་ཚེ་རིང་བཀྲ་ཤིས་ནས་གསུང་བཤད་ཁག་ལ་འོས་འཚམས་ཀྱི་དབྱེ་ཞིབ་སྙིང་བསྡུས་ཀྱི་སྤྱི་སྡོམ་སྙན་གསན་ཞུས་ཤིང་། དེ་ནས་ཉིན་གུང་གསོལ་ཚིགས་གྲུབ་པ་དང་། འཚོགས་ཐེངས་ཕྱི་མ་གཉིས་ལ་བགྲོ་གླེང་རང་གི་ངོ་བོའི་ཐོག་ནས་དུས་ཚོད་རྒྱས་བཅད་ནང་རྩ་བའི་བརྗོད་གཞི་གཉིས་དང་འབྲེལ་བའི་མདོ་འཛིན་པའི་སྤྱི་སྡོམ་སྙན་ཞུའི་ཐོག་བཀའ་གྲོས་ཞིབ་ཕྲ་གནང་། དེ་ཡང་གཙོ་བོ་ཆོས་བརྒྱུད་བར་གྱི་མཐུན་ལམ། ཁྱད་པར་ཡུལ་དུས་དང་མཐུན་པའི་ཀུན་སྤྱོད་གཟབ་ནན་གྱི་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་ཇི་ལྟར་བྱ་ཕྱོགས། ཡང་དག་པའི་ཆོས་ཀྱི་ངོ་སྤྲོད་སོགས་ཀྱི་བྱ་ཐབས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱུད་ཐའེ་ཝན་རྒྱ་ཆེའི་མི་མང་གིས་བོད་ཀྱི་ནང་ཆོས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དང་། ཐའེ་ཝན་གྱི་མི་མང་ལ་ཆོས་ཀྱི་བྱ་ཐབས་གཙོ་བོར་གྱུར་པས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཞུ་རྒྱུ། དེ་བཞིན་མི་མང་ལ་ལྟ་སྤྱོད་གང་ཅིའི་ཐད་ནས་བཟང་ཕྱོགས་ཀྱི་མིག་ལྟོས་བསྐྲུན་རྒྱུ་གལ་ཆེའི་རང་བཞིན། གཞན་ཕྱོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཁ་ཟེར་བཞིན་པ་ཁག་གི་ཟེར་སྒྲོས་ལ་གཟབ་ཉན་གྱིས་ཕྱོགས་སྔའི་བསམ་སྟངས་བཤད་སྟངས་ངེས་པར་རྟོགས་དགོས་པ་སོགས་ཀྱི་ཐད་དགོངས་ཚུལ་མང་ཤོས་བྱུང་། དེ་བཞིན་དམིགས་བསལ་མངོན་ཚན་ཅན་གྱི་བཤད་ཡམ་ཁག་གི་ཐད་ལན་འདེབས་བྱེད་སྟངས་ཀྱི་ནང་དོན་དངོས་ཀྱི་ཐད་ལ་དཔེ་མཚོན་སྣ་ཚོགས་བཀོད་དེ་གོ་བསྡུར་གནང་།
དེ་ནས་བགྲོ་གླེང་ཚོགས་ཐེངས་གསུམ་པའི་ཐ་མའི་དུས་ཡུན་ནང་། མདོ་འཛིན་པས་རྩ་བའི་བརྗོད་གཞི་གཉིས་དང་རྗེས་འབྲེལ་གྱི་གྲུབ་དོན་གཙོ་བོ་དོན་ཚན་ཁག་བཞི་གྲོས་གཞིར་བཀྲམས་ཤིང་། དེར་ཚོགས་ཞུགས་པ་ཡོངས་ཀྱིས་དུས་ཚོད་རྒྱས་བཅད་ནང་ཐ་མའི་བགྲོ་གླེང་དང་སྦྱངས་བཤད་གྲུབ་རྗེས། གྲོས་གཞི་བཞིའི་ཁོངས་ནས། དོན་ཚན་གཉིས་པ། བོད་བརྒྱུད་ནང་བསྟན་ལ་དགག་པ་རྒྱག་མཁན་དག་ལ་ཆོས་བརྒྱུད་ཁག་ལྔ་ལས་གྲུབ་པའི་ལན་འདེབས་ཚོགས་ཆུང་ཞིག་ཞིག་བཙུགས་ནས་དེས་ཕྱོགས་སྔའི་དགག་པ་གཙོ་བོའི་རིགས་བོད་བསྒྱུར་བྱ་རྒྱུའི་མཚོན་པའི་ལས་དོན་བྱེད་རྒྱུ། ཞེས་པ་དང་། དོན་ཚན་བཞི་པ། ད་ལྟའི་བོད་བརྒྱུད་ཀྱི་ལྟ་སྤྱོད་གནས་སྟངས་སོགས་ལ་གཞན་གྱིས་སྐྱོན་བརྗོད་བྱེད་བཞིན་པའི་གནས་སྟངས་དངོས་དང་འབྲེལ་བའི་སྙན་ཞུའི་ཡི་གེ་ཞིག་ཚོགས་ཞུགས་པ་ཐུན་མོང་གི་མཚན་ཐོག་ནས་བོད་ཀྱི་བླ་ཆེན་ཁག་དང་གདན་ས་དང་བཤད་གྲྭ་ཆེན་པོ་ཁག་བཅས་སུ་འབུལ་རྒྱུ་གཉིས་མང་མོས་ཀྱིས་བརྡས་ཐག་གཅོད་གནང་།
མཐར་ཐེངས་འདིའི་ཚོགས་འདུའི་གོ་སྒྲིག་ཚོགས་གཙོ་དང་ཚོགས་འདུའི་གཙོ་འཛིན་པ་མཁན་པོ་ཆོས་ཉིད་དོན་རྟོགས་ནས་ཞིབ་འཇུག་ཚོགས་པའི་འབྱུང་འགྱུར་གྱི་ལས་འཆར་སྐོར་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་ཉིན་འདིའི་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་ནས་ཡོངས་སུ་མཇུག་གྲོལ།
དུས་མཚུངས། ཚོགས་ཐོག་འདིར། ལོ་འདིའི་སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་བཅུ་དྲུག་གཉིས་ལ་འཚོགས་གཏན་ཁེལ་བའི་ཞིབ་འཇུག་ཚོགས་པའི་ཐེངས་གཉིས་པའི་ལྷོ་རྒྱ་བོད་གསུམ་གྱི་མཁས་པའི་ལྷན་ཚོགས་ཚོགས་གཏན་ཁེལ་བའི་གསལ་བསྒྲགས་བསྐྱངས།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེས་དབུ་འབྱེད་བཀའ་དྲིན་ཆེ་བའི་ཐོག་ནས་དབུ་བརྙེས་ཤིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། ད་ལྟའི་ཆར། མཁན་པོ་ཚུལ་རྣམ་དང་། ཀཿ་ཐོག་རིག་འཛིན་ཆེན་མོ། སྤྲུལ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ཀྱིས་གཙོ་འགན་འཁུར་བཞིན་པ་དང་། ཚོགས་གཙོ་དང་དྲུང་ཆེ་རྩིས་གཉེར་སོགས་ཐའེ་ཝན་གྱི་དད་སློབ་ཚོགས་མི་དག་གི་ནང་ནས་འདེམས་བཞིན་ཡོད། ཚོགས་པ་འདིར་་ཁྲིམས་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ངོས་འཛིན་ཐོབ་ཡོད།
ད་བར་སྐད་སྒྱུར་དང་ཚིག་མཛོད་སྐོར་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་གཉིས་དང་དེ་མིན་ཞིབ་འཇུག་ཚོགས་འདུ། ཆོས་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་དོན། དེབ་དང་བརྙན་འཁོར་པར་སྐྲུན་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ལས་དོན་གང་མང་སྒྲུབ་རྒྱུའི་འཆར་གཞི་ཡོད། ཚོགས་པ་འདིར་སྐད་ཡིག་སུམ་ལྡན་གྱི་དྲ་རྒྱ་ http://www.buddhajnana.orgཡོད་པ་དང་ལོ་རེ་བཞིན་གྱི་ལོ་མཇུག་ཚོགས་མིའི་གྲོས་ཚོགས་དང་ལྟ་ཞིབ་པའི་ཚོགས་འདུ། དངོས་འབྲེལ་དགོས་བབ་ཀྱི་གནས་སྐབས་ཚོགས་འདུ་སོགས་ཀྱང་རིམ་བཞིན་ལག་ལེན་དུ་བསྟར་དང་བསྟར་བཞིན་ཡོད། ཞིབ་ཆ་དྲ་ཚིགས་སོགས་སུ་གཟིགས་རོགས།
རང་དོན་དང་མ་འབྲེལ་ན་དངོས་གནས་ཡག་པོ་འདུག་རང་གི་ཕོར་པའི་ཆེད་སོགས་ཡིན་ན་ཐབས་སྐྱོ་བོ་ཞིག་ཏན་ཏན་རེད་རྒྱལ་བ་ཐམས་ཅད་མཁྱེན་པ་དང་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཁན་ཆེན་བསོད་ནམས་དར་རྒྱས་སོགས་ཀྱི་དགོངས་བཞེད་བཞིན་བསྒྲུབ་ན་དོན་སྙིང་ལྡན་པ་ཞིག་རེད་མོད་་་་་་་་་་་་་ད་དུང་མང་པོ་ཡོད་ཀྱང་བྲལ་འཚབ་ཆེ་བའི་འབྲི་ཁོམ་མ་བྱུང་ངོ་།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
ཅི་ཡང་མི་མཁྱེན་པའི་དགེ་བཤེས་བཏགས་པ་རེ་འདུག་དེ་ན་ཅི་མཚར་འདི་མཚར་མེད་པ་འདྲ་ཧཧཧཧཧཧཧཧཧཧཧ
བླ་ཆེན་འདུག་དགེ་བཤེས་འདུག་ཁྱེད་རྣམས་པའི་ཁ་བཤད་ཙམ་ཡིན་པར་སྨོན།
༧རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་ས་སྐྱ་གོང་མ་སོགས་གྲུབ་མཐའ་ཁག་གི་དབུ་འཛིན་རྣམ་པ་གདན་འདྲེན་ཞུས་ན་ནས་བགྲོ་གླེང་བྱས་ན་ཡག་པོ་འདུག
དངོས་གནས་རེད་་་་་་་་་་་་་་་་
རྙིང་མའི་ཕྱོགས་ནས་སུ་གདན་འདྲེན་ཞུ་གི་ཡིན་ན། ཀརྨ་ཡེ་ཤེས་ཟེར་བ་འདིས་ཆོས་ལུགས་ཕྱོགས་ཞེན་གྱི་སྐད་ཆ་མ་གཏོགས་བཤད་ཡ་མེད་ནི་རེད།
གང་ལྟར་ཐའེ་ཝན་ན་བཞུགས་པའི་དགེ་བཤེས་མཁན་པོ་སྐྲུལ་སྐུ་རྣམ་པ་གདན་འདྲེན་ཞུ་ཡོད།
མཁས་མི་མཁས་དང་ཐོབ་ཆེ་ཆུང་སོགས་གྲལ་རིམ་གཙོ་བོ་མ་རེད་འདོད། བོད་མི་ཚོ་རྒྱབ་ཁབ་གང་ན་བཞུགས་ཀྱང་མཉམ་འབྲེལ་དང་ཕན་ཚུན་ངོ་ཤེས་པའི་ཐོག་ནས་ནང་ཆོས་ལ་བྱ་བ་སྒྲུབ་ཐུབ་པ་གལ་ཆེན་རེད། ༧གོང་ས་མཆོག་གིས་ག་དུས་ཡིན་ན་དེ་ལྟར་གསུང་གིན་ཡོད་པ་ཀུན་གྱིས་སེམས་ན་ཁྲིགས་སེ་ལོས་ཡོད།
བླ་ཆེན་ཐོབ་ཆེན་གྱི་གྲལ་རིམ་མང་པོ་ཕྱེས་པས་ཅང་ཕན་ཨེ་ཡོང་།དེ་བས་བོད་ནང་ལ་དཔེ་ལྟོས་ལ་ནང་ཆོས་ལ་གོ་བ་ཟབ་པའི་གྲྭ་རྐྱང་ལྷག་བསམ་ཅན་འགའ་རེས་བགྲོ་གླེང་གི་བྱ་བ་དེ་རིགས་བསྒྲུབ་ན་བཟང་བར་སྙམ།
བོད་བརྒྱུད་ནང་བསྟན་གྱི་ཆེད་དུ་ཐུགས་ཁུར་གྱིས་བགྲོ་གླེང་དང་ཕྱག་ལས་གནང་བར་ཡག་པོ་རེད། ལྷག་པར་དུ་དེང་དུས་ལ་སྤྱི་སྟོངས་ནང་བསྟན་ལ་དགག་པ་བྱེད་མཁན་མང་པོ་དང་། བོད་བརྒྱུད་ནང་བསྟན་ལ་དགག་པ་བྱེད་མཁན་དེ་ལས་མང་པོ་ཡོང་བཞིན་པའི་སྐབས་འདིར། བོད་ཀྱི་རིག་གཞུང་གི་རྩ་བ་ནང་བསྟན་ལ་དགག་པ་བྱེད་མཁན་མང་པོ་བྱུང་བཞིན་པ་ལ་ལེན་འདེབས་བྱེད་རྒྱུ་ནི། བོད་དང་བོད་ཀྱི་རིག་གཞུང་ལ་གཅེས་སེམས་ཡོད་མཁན་ཞིག་ཡིན་ན་ལེན་འདེབས་ཕྱི་མེད་ན་སྔ་མེད་ཐག་ཆོད་རེད་འདུག ཁོ་བོའི་ནི་བོད་བརྒྱུད་ནང་བསྟན་ལ་དགག་ལེན་རེ་ཡོད་ཡོང་ན་བསམ་ནས་རེ་སྒུག་ཆེན་པོ་བྱས་ཡོད། ཐུགས་རྗེ་ཆེ།
རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱིས། ཐའི་ཝན་ཡུལ་ལྗོངས་ཆེན་པོར་བོད་ཀྱི་རིག་གཞུང་སྐོར་ལ་དེར་བཞུགས་རྣམས་ཀྱིས་ཇི་ལྟར་མཛད་ཚུལ་བཀོད་པ་བཀླགས། མཆན་བུར་རང་རང་སོ་སོའི་འདོད་ཚུལ་རྣམས་བཤད། དེ་དག་ལ་དཔྱད་པ་བྱས་ཏེ་་རང་ཉིད་ཀྱིས་ཀྱང་བྱེད་ཐུབ་པ་དག་བྱས་ཏེ་བསྟན་དགོས། དེ་མིན་རང་རང་སོ་སོས་གང་ཡང་མ་བྱས་པར་བཤད་ན། ལག་ལེན་གསེར་གྱི་ཐང་མ་ཡིན། ཁ་བཤད་ཆུ་ཡི་ལྦུ་བ་ཡིན། ཅེས་པ་དང་། ལ་དྭགས་པའི་ཁ་རྒྱུན་དུ། རྐ་ཀར་འདུག་ནས། ཐོང་སྐད། ཅེས་པའི་དཔེ་ལྟ་བུར་འགྱུར་ངེས་ལགས་སོ།།
ཐའེ་ཝན་ནང་ལ་མི་ཆོས་བླ་མའི་རྫུན་སྨྲ་བ་ཇི་རྙེད་ཞིག་ཡོད་པ་ཐོས། དེའི་ཐོག་ལ་ཡང་བཀའ་བསྡུར་གྱི་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་མི་ཉམས་པ་གནང་རྒྱུ་ཡང་གནས་དོན་རེད་སྙམ།
བོད་མི་དམངས་ཀྱི་མེ་རྒོད་གསར་བརྗེ་ལ་རྒྱལ་ཁ་མྱུར་དུ་ཐོབ་པར་སྨོན།
རིག་གཞུང་ཚོགས་འདུ་ལ་བཀྲ་ཤིས་བདེ་ལེགས་ཞུ། རང་རང་གི་གང་འཇོན་རེ་གནང་པ་ལ་ཐུགས་རྗེ་ཆེ། རེ་བ་ཡོངས་སུ་འགྲུབ་པའི་ཚོགས་པ་ཞིག་ད་བར་ཕྱི་རྒྱལ་བོད་རིགས་སྤྱི་ཚོགས་ལ་ཡོད་པ་མ་ཐོས། འབྲས་བུ་མ་མཐོང་གོང་ནས་སྐྱོན་བརྗོད་བྱེད་རྒྱུ་དང་། མི་ལ་རྒྱུས་མེད་པར་གོ་ཚད་བདེན་པར་བཟུང་ནས་སྙད་འདོགས་པ། མིག་དང་རྣ་བ་གཉིས་མ་གཏོགས་རྣམ་པར་དཔྱོད་བྱེད་ཀྱི་ཤེས་རབ་ལ་གུང་སེང་གཏོང་རྐྱང་གནང་རྒྱུ་དེ་བོད་ཀྱི་ལུགས་སྲོལ་ཞིག་ཡིན་པ་འདྲ། དགེ་ཆོས་ཀྱིས། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །ཅེས་པའི་ན་ཚ་འདི་མ་དྭངས་བར་ཏུ་བོད་ལ་ཅིག་སྒྲིལ་དང་། ཕན་ཚུན་བརྩི་མཐོང་། རྒྱབ་སྐྱོར་ཡོང་རྒྱུ་དཀའ་མོར་གདའ། དེས་ན་ཁྱོད་ཅག་སྙིང་སྟོབས་ལྡན་པ་ཚོསརང་གིས་བསྟན་དང་འགྲོ་ལ་ཕན་ངེས་སྙམ་པ་དེ་འཇུག་འཚལ། །
རྒན་ལ་དྭགས་པ་ལེགས། རྐ་ཀར་འདུག་ནས། ཐོང་སྐད། ཟེར་བ་དེར་འགྲེལ་བཤད་ཅིག་གནང་རོགས། སྐུ་ཚེ་བརྟན།
པར་མཇེ་འདི་ཚོ་ཕྱོགས་ཞེན་གྱི་ཀླད་ལྗང་མང་ནི་ཟིག་རེད། དྲ་འབི་ཁྱོད་སྙིང་རྗེ།
ལྗང་སྨྱུག་ཁྱོད་མིང་དང་མཆན་ལ་བལྟས་ན་ཀླད་ལྗང་ཡིན་པ་མ་ཟད་ཀླད་ནག་ཞིག་པ་ཡིན་པ་འདྲ། མི་ལ་སྨད་པ་ཇི་ལྟར་རྒྱག་འདོད་ཀྱང་པར་ལ་པར་མཇེ་ཟེར་བ་ཞིག་ཨེ་ཡོད་ན།
ཚོགས་པ་འདིའི་རྐུབ་ལྕགས་དབང་འཛིན་པ་ཡོང་ལ་ལྟ་ཚུལ་ཞིག་གིིས་འཐོམ་པའི་ངས་Hi!!ཞེས་པའི་སྒྲ་ཞིག་དང་ལྷན་དུ་ལག་གཡུག་པའི་དགའ་འཛུམ་རེ་དྲ་ལམ་ནས་ཁྱོད་ཚོར་སྐུར། དེ་ནི་ཁྱོད་ཚོས་ཁྱབ་བསྒྲགས་དེ་མཐོང་ཚར་བས་རེད།
ཚོགས་པ་འདི་ཐེ་ཝན་ནང་གི་གྲྭ་ལྭ་གྱོན་མཁན་ཚོས་དངོས་གནས་དང་འབྲེལ་བའི་རླབས་ཆེན་གོ་འཕང་འཚོལ་སྟངས་ཤིག་དང་བོད་བརྒྱུད་ནང་བསྟན་གྱི་ཞལ་འདོན་སྐྱོར་མཁན་ཚོར་སྨན་པའི་གོམ་ཁ་གསར་བ་ཞིག་ཀྱང་རེད། ཐུགས་རྗེ་ཆེ་ཡག་པོ་འདུག
བོད་བརྒྱུད་ནང་བསྟན་ལ་དྭོགས་པ་སློང་མཁན་དེང་སོང་མང་པོ་བྱུང་བཞིན་འདུག ལེན་འདེབས་ཀྱི་ཚོགས་པ་རྒྱལ་ཁབ་མང་པོ་ལ་གསར་འཛུགས་བྱས་ན་ཡག་པོ་འདུག ཐུགས་རྗེ་ཆེ་
དྲི་མེད་ལྷག་བསམ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༡༠ སྐར་མ་ ༢༣
རྒན་ལ་དྭགས་པ་ལེགས། རྐ་ཀར་འདུག་ནས། ཐོང་སྐད། ཟེར་བ་དེར་འགྲེལ་བཤད་ཅིག་གནང་རོགས། སྐུ་ཚེ་བརྟན།
དྲི་མེད་ལྷག་བསམ་ལེགས།
ང་སྐྱེ་ཡུལ་དྭགས་གཤམ་ཕྱོགས་ཀྱི་མགོ་ལྟ་བྱ་ཡིན། ལུང་པའི་སྐད་དེ་ཆོས་སྐད་དང་མཐུན་པ། མིང་ཚིག་མང་པོ་གནའ་བོའི་འབོད་ཚུལ་བཞིན་འདོན། དཔྱིད་ཀ་ཞིང་གི་རྐ་ནས་ཅུ་དྲངས་ནས་ཞིང་འཆུ། ཞིང་རྨོ་རན་པ་དང་ཐོང་གཏོང་མཁན་དང་། མཛོ་གཉིས། ས་བོན་འདེབས་མཁན། རྦད་ཕུལ་མཁན་གཅིག་གཉིས་སོགས་ཕོ་མོ་མང་དུ་འཛོམས། ཐོང་པས་ལག་པ་གཉིས་ཀྱིས་ཐོང་གཤོལ་འཛིན། ལག་པ་གཅིག་ན་གླང་ལྕག་ཅེས་ལྕང་མའི་དབྱུག་པ་ཞིག་གིས་མཛོ་དག་ལ་སྐུལ་ལྕག་བྱེད། ཁ་ནས་སྐད་ཆེན་པོས། གཞས་གཏོང་བ་ལྟ་བུ། ཧན་ལེ་ཧན་ལེ་དང་། ལོག་དགོས་པ་ན། དབྱངས་ཀྱིས་འཁོར། འཁོར། ཅེས་སོགས་སྐད་སྙན་པོས་འབོད། ཞིང་གི་ཐོད་ན་ཆུ་འདྲེན་ས་དེ་ལ་རྐ་ཟེར།
དེས་ན། མིས་ལས་ཀ་གང་ཡང་མ་བྱེད་པར་འདི་འདྲ་བྱེད་དགོས། འདི་འདྲ་བྱེད་མི་ཆོག ཟེར་མཁན་ལ། རྐ་ཀར་འདུག་སྟེ། ཐོང་སྐད། ཅེས་ལ་དྭགས་པའི་ཁ་རྒྱུན་དུ། བདག་ཆུང་ཆུང་གི་སྐབས་སུ་ཐོས། ང་ཆུང་ཆུང་སྐབས་ལ་དྭགས་པ་ཀུན་དབུལ་པོ་ཡིན། ད་ལྟ་ལ་དྭགས་པ་ཚང་མ་ཕྱུག་པོ་ཆགས་འདུག སྤྱིར་བཏང་སློབ་སྦྱོང་རྒྱ་གར་ན་མཐོ་བའི་གྲས་ཡིན་འདུག སྔར་ལས་བོད་ཀྱི་རིག་གནས་སོགས་ཀྱང་ཤེས་མཁན་མང་དུ་མཐོང་། འོན་ཀྱང་སེམགས་ནི་སྔར་ཡིན་ན་ཡང་སྐྱིད་པོ་ཡིན་ཚུལ་འདུག། སྤྱི་ལོ་༡༩༣༦ ཨིན་ཇི་ཾམར་ཀི་པལླི་ཞེས་པས་ལུང་པའི་གྲོང་ཡུལ་འདི་དག་ཏུ་་གནས་པའི་སྐྱེ་བོ་དག་ས་སྟེང་ན་ཡོད་པ་སྐྱིད་ཤོས་ཀྱི་གྲས་ཡིན་འདུག་ཅེས་བྲིས་སོ།། The inhabitants of these villages must surely be some the happiest on the face of the earth. p. 224, of Peaks and Lamas by Marco Pallis.
རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། ཡང་སྐྱར་བཀའ་འདྲི་ཅུང་ཟད་ཞུ་རྒྱུ། བཀའ་གདམས་གསུང་སྒྲོས་ཁག་ལས། ཐར་པའི་རྒྱུ་[གྲུང་པོ ] སྐད་ཅིག་ལ་[ཁྲུང་ ]གིས་སྐྱེ། དེའི་ནང་ཏུ་[གསེབ་ཚེགས་]སུ་གཏོང་། ལྕགས་ཀྱི་བུམ་པའི་ནང་དུ་[ འཚེད་]ཅིང་བཙོད། མཚོན་ཆ་རྣོན་པོས་[འགྲ་]བ་དང་། དམྱལ་བ་[ཁྲུ་བ་]འདྲ་བ། ཞར་བ་རང་[འབྲོགས] བྱིན་པ་ནི་རྟ། [སྣལ]མ་ནི་ལྕག་ཏུ་བྱས། ལྷོ་[སླན]བྱང་བཀུག སྡུག་བསྔལ་ཡང་[བསྲངས་]ཁོ་ན་ཡིན། ཁྲམ་དང་[གྱ་སྐོར་]བྱེད་པ། སྡིག་རྐྱེན་ཏུ་འགྲོ་ན་[ཁྱེ་ཡིས་]གྱོང་མི་བསུབས། ཐོས་མ་ཐག་ཏུ་[བཅག་སྟེ་]ཟློག་དགོས། ཁྲིད་[བླ་བ]དང་མྱོང་བ་རྙེད་[བླ་བའི]དགོས་པ་ཡོད། སོགས་སྔར་ཞུས་པ་ལྟར་ཀུག་རྟགས་སུ་བཀོད་པ་ཡིག་ནོར་དང་འབྲི་སྲོལ་གཞན་ཆ་མ་འཚལ་པ་དང་། [ རིག་རིག་ཏུར་ཏུར] ་ཟེར་བ་འདི་ལའང་ཚིག་འགྲེལ་ཞིག་བཀའ་དྲིན་མི་ཆུང་བར་ཞུ།
འཚོགས་འདུ་འདི་གོ་སྒྲིགས་བྱས་པའི་ཚོགས་ཆུང་དང་། སྦྱིན་བདག དེ་ནང་བཞིན་པའི་ཚོགས་ཞུགས་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱེད་རྣམས་ཀྱིས་བསྟན་པར་གཅང་བའི་ལྷག་བསམ་དེར་ཡག་པོ་འདུག་ཅེས་ཞུ་རྒྱུ་ཡིན། ཆོས་བརྒྱུད་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་འཛུག་རྒྱུ་དེ་དགོས་གལ་དུ་མཐོང་ལ། འོན་ཀྱང་ལན་འདེབས་བྱེད་མཁན་དེ་ཚོགས་ཆུང་དགོས་པའི་ངེས་པ་མེད་སྙམས། ཚོགས་ཆུང་གི་ལས་འགན་དེ། རང་རེའི་བོད་བརྒྱུད་ནང་བསྟན་ལ་དངོས་ཤུགས་རྒྱུད་གསུམ་ནས་དགག་བཞག་བྱེད་པའི་རིག་པ་སྨྲ་བའི་གཞུང་ལུགས་འདུག་རིག་བོད་སྐད་ཐོག་ཏུ་བསྒྱུར་ཐུབ་པའི་ལས་འགན་བཞེས་རྒྱུ་དང་། དེ་བཞིན་དེ་དག་ལ་ཆོས་བརྒྱུད་ཁག་གི་མཁས་དབང་རྣམ་པས་གསལ་བཤད་སྐྱོན་སྤོང་རིག་བོད་ཡིག་ཐོག་ཏུ་རྩོམ་རྒྱུ་བྱུང་ན། དེ་དག་དུས་ཐོག་ཏུ་རྒྱ་ཡིག་ཐོག་ཏུ་ཕབ་བསྒྱུར་ཐུབ་པའི་ཕྱག་ལས་གནང་ན་དགོས་གལ་ཆེན་པོར་མཐོང་།
གང་ལྟར་ལན་འདེབས་ཀྱི་ཡིག་ཆ་གང་ཡིན་རུང་ཚོགས་ཆུང་ངོས་ནས་ཡིན་པའི་ཟོལ་བྱས་ན། ཧ་ཀྱང་ལེགས་པོ་ཞིག་བྱུང་ན་རབ། གཞན་དུ་ན་ཆོས་བརྒྱུད་བཞི་ལས་གྲུབ་པའི་ཚོགས་ཆུང་གིས་ལན་དེ་ཆོས་བརྒྱུད་བཞིས་བཏབ་པའི་རྩོད་ལན་དུ་འགྱུར་བས། མིང་ཆེན་པོ་ཞིག་ལ་དོན་གང་འདྲ་ཞིག་འགྱུར་བའི་ངེས་པ་མེད།
ཀརྨ་པ། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་དེ་རེད་དམ།
རྩོམ་པ་པོ།ཕོལ་རྦི་རན་ཌིས་རོ་ཞེན་རྦུའུ་ཞི།བསྒྱུར་མཁན།རྩིས་ཆེ་ལེགས་མཐོང་།
ཐོག་མར་ལྟ་སྐབས། རྒྱལ་དབང་ཀརྨ་པ་བཅུ་བདུན་པ་འདི་ནི་ལྟ་མི་ཕོད་པ་ཞིག་ཏུ་འདུག །ཁོང་ནི་སྐྱེས་སྟོབས་ཀྱི་དཔལ་འབར་ལ། ལྷན་སྐྱེས་ཀྱི་གདེང་སྤོབས་ཆེ་བ། ལྟ་བཟོ་དོད་པ་ཞིག་དང་། ཁོང་ཕར་ཚུར་ཕེབས་པའི་སྐབས་སུ་ཡང་བོད་ཀྱི་ནང་པའི་དབུ་ཁྲིད་ཆེན་པོ་ཞིག་དང་མི་འདྲ་བར་གཟུགས་སྟོབས་འབྲིང་བའི་ཁུ་ཚུར་རྩེད་འགྲན་པ་ཞིག་དང་མཚུངས། དགུང་ལོ་ཉེར་དྲུག་ཏུ་སོན་པ་འདི་ཉིད་ཁང་པའི་ནང་དུ་ཕར་ཚུར་ཕེབས་སྐབས་མཚམས་མཚམས་སྐད་སྒྱུར་བའི་ལྷན་དུ་སྐུ་རྩེད་ཆུང་ཙག་རིགས་གནང་བ། གད་མོ་སློང་བ་སོགས་བྱེད་པ་དང་། གཞན་གྱིས་འཚེར་སྣང་དང་བཅས་ཏེ་སྡེར་མའི་ནང་ཕྱི་རྒྱལ་གྱི་བག་ལེབ་འབུལ་སྐབས་མིག་ཅུང་ཟད་བརྫིས་ཏེ་ལྟ་བ་སོགས་བྱེད། ཕྱིས་སུ་ཁོང་གིས་སྒེར་པའི་ཆོས་ཀྱི་བྱ་བ་དང་འཛམ་གླིང་སྤྱི་ཡི་གནད་དོན་ཐད་གཏམ་བཤད་གནང་སྐབས་ཁོང་གི་རང་བཞིན་དངོས་ཏེ། སྐྱེས་སྟོབས་ཀྱི་རྩལ་ཡོངས་སུ་རྫོགས་ལ། མགྱོགས་མྱུར་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་མོ་ཞིག་ཏུ་འགྱུར་བའི་རང་བཞིན་དེ་གསལ་པོར་མངོན་དུ་གྱུར་པ་མཐོང་གི་འདུག
དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་ཕལ་ཆེར་མི་ལོ་དགུ་བརྒྱའི་གོང་ཙམ་དུ་དར་བའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་སྤྲུལ་པའི་སྐུ་ཞིག་རེད། ཀརྨ་བཀའ་བརྒྱུད་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ནས་གཅིག་ཡིན་པ་དང་། མི་འབོར་གྱི་ཆ་ནས་བོད་མིའི་ནང་པ་རྣམས་ལས་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཅིང་། འཛམ་བུའི་གླིང་གི་ཕྱོགས་གང་སར་དགོན་པ་དང་ཆོས་ཚོགས་ཁག་བརྒྱ་ཕྲག་མང་པོ་ཡོད་པ་ཞིག་རེད། ཉེ་ཆར་རྒྱལ་ས་ཝ་ཤིང་ཊོན་གྱི་འཛམ་གླིང་ཞི་བདེར་དམིགས་པའི་དུས་འཁོར་དབང་ཆེན་ལ་ཀརྨ་པ་ལྷན་ཞུགས་བྱས་ཤིང་། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་ཆོས་བརྒྱུད་བཞི་གས་ཆོས་ལུགས་སྤྱིའི་དབུ་ཁྲིད་དུ་ངོས་འཛིན་ཞུ། ཀརྨ་པས་བཀའ་མོལ་ག་དུས་གནང་ནའང་ཁོང་ཉིད་རྗེས་མ་ཏཱ་ལའི་བླ་མར་འགྱུར་བའི་གླེང་སློང་ཐད་ཧ་ཅང་སུན་པའི་རྣམ་འགྱུར་བཅས་གསུང་དོན། “ ང་རྗེས་མ་རྒྱལ་བ་རིན་པོ་ཆེ་ཆགས་ཀྱི་མ་རེད། དེ་མི་སྲིད་པའི་སྐད་ཆ་རེད།” དེ་འདྲ་ཁོ་ན་གསུངས་ཀྱི་འདུག
ཁོང་ཉིད་རྗེས་མ་རྒྱལ་བ་རིན་པོ་ཆེར་མི་འགྱུར་བ་དེ་ཆོས་བརྒྱུད་ཀྱི་ཆ་ནས་གསལ་པོ་ཡིན་ཀྱང་། ཁོང་ལ་དབུ་ཁྲིད་དེ་འདྲ་བྱེད་པར་ཆོས་ཀྱི་མཁྱེན་དཔྱོད་དང་ཆབ་སྲིད་ཀྱི་རླབས་སོགས་གང་ཅིའི་ཐད་ནས་རྩལ་རྫོགས་བཞིན་པ་རེད་འདུག །འབྱུང་འགྱུར་གྱི་ལོ་ཡི་ནང་དུ་ཕལ་ཆེར་རྒྱ་བོད་ཀྱི་གནད་དོན་གཙོ་བོའི་ཐད་ལ་ཡང་ཀརྨ་པས་ཕྱག་ལས་གལ་ཆེན་གནང་ས་རེད། རྒྱ་ནག་གཞུང་གིས་ཀརྨ་པའི་ཐོབ་དབང་ཐད་ངོས་ལེན་བྱས་ཡོད་པ་དེའི་རྒྱུ་མཚན་གྱིས་ད་ལྟ་མུ་མཐུད་འགྲོ་བཞིན་པའི་འཐབ་རྩོད་འདིའི་ཐད་ལ་ཁོང་ནི་རླབས་ཤུགས་ཆེ་བའི་གྲོས་མོལ་བ་ཞིག་ཏུ་འགྱུར་བའི་རེ་བ་འདུག །
ཀརྨ་པས་གནད་དོན་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་སྒྲོམ་གཞིར་འཛུལ་གྱི་འདུག །ཁོང་གིས་གསུངས་དོན། “ རྒྱ་ནག་གཞུང་གིས་ངོས་འཛིན་མ་ཐུབ་པའི་གནད་དོན་རྣམས་ལས་གཙོ་བོ་ནི་བོད་མི་ཚོས་འབོད་སྐུལ་བྱེད་བཞིན་པ་ནི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་བཅས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དེ་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གིས་དེ་ཉིད་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་ཏུ་ངོས་འཛིན་གྱི་འདུག །ཡིན་ན་ཡང་བོད་མི་རྣམས་ཆབ་སྲིད་པ་ཞིག་མ་རེད།” ཅེས་གསུངས།
དཔལ་ཀརྨ་པས་ལས་སླ་པོའི་ཐོག་ནས་གསལ་བཤད་གནང་དོན། “ ང་ནི་རྒྱ་ནག་གི་ངོ་རྒོལ་བ་ཞིག་མིན། ང་རང་ཆོས་ལུགས་ཀྱི་བླ་མ་ཞིག་ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་འབད་བརྩོན་བྱེད་ཀྱི་ཡོད། དེར་བརྟེན་ང་ནི་རྒྱ་ནག་གིས་མཚོན་པའི་སུ་དང་གང་གི་ཡང་ངོ་རྒོལ་བ་ཞིག་མིན། འོན་ཀྱང་ངས་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་ཀྱི་ཡིན་ལ་དྲང་བདེན་དེ་སུས་ཀྱང་ཤེས་པ་ཞིག་དགོས། “ ཞེས་གསུངས།
ཀརྨ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསམ་བཞེས་རྒྱུ་འདི་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གྱི་གནད་དོན་གྱི་ཆེད་ལས་ཀྱང་ཚད་གཞི་མཐོ་བ་ཞིག་རེད། ཁོང་གིས་ད་བར་ཕོ་མོའི་ཐོབ་ཐང་འདྲ་མཉམ་དགོས་པའི་སྐོར་བོད་དང་ནང་པའི་སྤྱི་ཚོགས་ཀྱི་ཁྲོད་གསུང་བཤད་སྤེལ་ཡོད་ཅིང་། ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་ཡོད། འོན་ཀྱང་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཤུགས་ཆེན་ཡོད་པ་དེ་ལས་ལྷག་པ་ཞིག་གཞན་གང་གིས་ཀྱང་ཕལ་ཆེར་ཁོང་གི་ཁྱད་ཆོས་དེ་གསལ་པོ་སྟོན་ཐུབ་མེད། ནེའུ་ཡོག་ཏུ་བོད་མི་སྟོང་ཕྲག་གཉིས་ལྷག་འཛོམས་པ་དེར་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལས་འཕྲོས་ཏེ་གསུངས་བཤད་གནང་སྐབས་དེར་ཡོད་ཀྱི་མི་ཐམས་ཅད་ཧོན་འཐོར་དགོས་པ་བྱུང་ཡོད་ཅིང་། འགའ་ཤས་ཀྱིས་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སངས་རྒྱས་ [Green Buddha] ཞེས་མཚན་འདོགས་ཀྱང་བྱས་ཡོད། ༢༠༠༩ ལོར་རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ཐད་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་བྱས་ཤིང་། དེའི་གྲུབ་འབྲས་སུ་གྲྭ་བཙུན་གྱི་དགོན་སྡེ་བཞི་བཅུ་ལྷག་གིས་ཤིང་སྣ་འདེབས་འཛུགས། རི་དྭགས་སྲུང་སྐྱོབ། འཐུང་ཆུ་བསྲི་ཚགས། ཆུད་ཟོས་དོ་དམ། བསྐྱར་གསོའི་ཐོན་ཁུངས་རང་བཞིན་གྱི་དངོས་རྫས་རྣམས་བེད་སྤྱོད་གཏོང་བ་སོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཏན་འབེབས་བྱུང་ཡོད།
ཁྱེད་ལ་ནང་ཆོས་ནང་གི་བསླབ་བྱ་གང་ཞིག་གིས་དམིགས་བསལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་སེམས་འགུལ་ཐེབས་ཀྱི་འདུག་གམ་ཞེས་དྲིས་པ་ན། ཀརྨ་པས་དྲི་བ་འདི་ལས་སླ་པོ་རེད་གསུང་དོན། “ ནང་ཆོས་ཀྱི་ནང་དུ་ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐབས་བྱེད་དགོས་ཞེས་བཤད་ཡོད། གལ་སྲིད་ང་ཚོར་སེམས་ཅན་གཞན་པར་བདེ་སྐྱིད་དང་ཕན་འདོགས་ཐུབ་པའི་གོ་སྐབས་བྱུང་བ་ཡིན་ན། ང་ཚོའི་ངོས་ནས་དེ་ལ་སྤྲོ་སྣང་དང་ལྷག་བསམ་རྣམ་དག་གི་ཐོག་ནས་བརྩོན་དགོས་ཀྱི་ཡོད། ཁོར་ཡུག་ནི་འགྲོ་བ་མིའི་རིགས་ཙམ་མིན་པར་འཛམ་བུའི་གླིང་འདིར་ཡོད་པའི་སེམས་ཅན་སྤྱིའི་འཚོ་རྟེན་རེད། དེར་བརྟེན་གལ་སྲིད་ང་ཚོས་ཁོར་ཡུག་གི་གནད་དོན་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་སེམས་ཅན་གྲངས་མེད་པ་ལ་ཕན་འདོགས་ཐུབ་ཅིང་། དེ་ལ་ང་ཚོའི་ནང་ཆོས་ཀྱི་ནང་དུ་ཐབས་མཁས་པའི་ཉམས་ལེན་ཟེར། ང་ཚོས་སྤྱིར་བཏང་མི་ཞིག་ལ་དགོས་པའི་དུས་སུ་ཞལ་འདེབས་འདྲ་སྤྲོད་ཐུབ་མོད། དེ་ནི་ཚད་ངེས་ཅན་ཡོད་པའི་གཞན་ཕན་ཞིག་རེད། འོན་ཏེ་གལ་སྲིད་ང་ཚོས་ཧི་མ་ལ་ཡའི་གངས་རི་རྣམས་དང་ས་ཆ་དེ་དག་ནས་འབབ་པའི་ཆུ་བོ་རྣམས་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་ཉ་ཡི་རིགས་དང་། མིའི་རིགས་དང་། སེམས་ཅན་གཞན་གྲངས་མེད་པ་ཞིག་ལ་འཚོ་གནས་སྦྱིན་ཐུབ་ཀྱི་ཡོད། དེའི་ཕྱིར་ནང་པ་ཞིག་གི་ངོས་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་སེམས་ཅན་རྣམས་ལ་ཕན་འདོགས་པར་གོ་སྐབས་ངོ་མཚར་བ་ཞིག་རེད། བྱ་བ་ཆུང་ངུ་ཞིག་གིས་སེམས་ཅན་མང་པོ་ལ་ཕན་འདོགས་ཐུབ་པ་མ་ཟད། དེ་ནི་ང་ཚོ་ཐེག་པ་ཆེན་པོའི་ཆོས་ལུགས་ནང་འབྱུང་བའི་སྙིང་རྗེའི་ཉམས་ལེན་གྱི་སྙིང་པོ་ཡང་རེད། “ ཅེས་གསུངས།
ནུབ་ཕྱོགས་ཀྱི་ལུང་པ་འདིར་ནང་ཆོས་ཀྱི་མན་ངག་དང་ནང་ཆོས་ཀྱི་ཉམས་ལེན་ལ་དོ་སྣང་བྱེད་མཁན་གྱི་གྲངས་འབོར་འཕར་ཚད་མཐོ་བ་འདིའི་ཁྲོད་དུ་མི་མང་པོས་ཀརྨ་པ་ཉིད་ཆོས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་གནད་དོན་འདིའི་ཐད་དམིགས་བསལ་གྱི་དོ་སྣང་སྤྲོད་པ་རེད། མི་འབོར་མང་ཆེ་བའི་སེམས་ལ་དྲི་བ་གལ་ཆེ་ཤོས་ཤིག་ཡོད་པ་ནི་བོད་ཀྱི་མཐོ་སྒང་དུ་གཞི་རྩ་ཧ་ཅང་ཟབ་མོ་ཚུགས་པའི་ནང་ཆོས་ཀྱི་སྲོལ་རྒྱུན་འདི་ཉིད་མ་ནོར་བ་དང་མ་འཁྲུགས་པར་ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཇི་ལྟར་བྱས་ནས་གོ་རྟོགས་ཡོང་བ་དང་ཇི་ལྟར་བྱས་ནས་ཉམས་སུ་ལེན་དགོས་སམ་ཞེས་པ་དེ་རེད། དཀའ་ངལ་འདི་ཉིད་ལ་ཀརྨ་པས་ཐབས་མཁས་པོས་གཡོལ་ཐབས་བྱེད་ཀྱི་མི་འདུག
ཁོང་གིས་གསུང་དོན། “ནང་པའི་བསྟན་པ་འདི་ཉིད་བོད་དུ་རང་རྐང་ཚུགས་པ་དང་། བར་ཆད་མེད་པ། ཕལ་ཆེར་ལོ་ཆིག་སྟོང་ཙམ་གྱི་ཡུན་དུ་གསང་བའི་ཐོག་ནས་དར་བ་དེས་བོད་འདིར་ནང་ཆོས་ཀྱི་གཞི་རྩ་ཚུགས་ཐུབ་པ་ཞིག་བྱུང་ཡོད། ཕྱི་རོལ་གྱི་བྲེལ་ཟིང་སོགས་ཀྱི་འགལ་རྐྱེན་མེད་པར་བརྟེན་བོད་མི་རྣམས་ཀྱིས་ནང་ཆོས་ལ་གཏིང་ཟབ་མོར་ཞུགས་ཐུབ་པ་དང་། ཉམས་ལེན་གྱི་གོམས་འདྲིས་ཧ་ཅང་ཟབ་མོ་འཇོག་ཐུབ་པ་བྱུང་བ་རེད། བོད་ཡུལ་ལ་ཡོད་པའི་རྒྱ་ཆེ་བ་དང་གུ་ཡངས་པའི་གནས་སྟངས་དེ་ཉིད་ཀྱིས་བོད་མི་རྣམས་ལ་ནང་ཆོས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ཡིན་ན་ཡང་ནུབ་ཕྱོགས་ཀྱི་ལུང་པ་ནི་དེ་དང་མི་འདྲ་བར། རྣམ་གཡེང་དང་འཚང་ཁ་ཆེ་བའི་གྲོང་ཁྱེར་འདི་དག་གི་ཁྲོད་དུ་ཆོས་ཀྱི་ཉམས་ལེན་བྱེད་པར་དུས་ཚོད་དེ་ཙམ་མེད། དེར་བརྟེན་ཡུལ་ལུང་འདི་ཚོར་ནང་ཆོས་ཀྱི་གཞི་རྩ་ཡག་པོ་ཞིག་ཚུགས་པར་ཕལ་ཆེར་དཀའ་ལས་ཏོག་ཙམ་ཞིག་ཡོད་པ་འདྲ།” ཞེས་གསུངས།
སེམས་ཤུགས་གཅོག་པའི་གནད་དོན་འདི་ཉིད་གསུངས་རྗེས་ཡང་ཁོང་གིས་མུ་མཐུད་དུ་གསུང་དོན། “ འོན་ཏེ་ཕྱོགས་གཞན་ཞིག་ནས་བལྟས་ན། གཅིག་བྱས་ན་ང་ཚོས་བྲེལ་ཟིང་གི་གནས་སྟངས་འདི་ཉིད་ཐབས་མཁས་པོའི་ཐོག་ནས་ང་རང་ཚོས་ཆོས་ཀྱི་ཉམས་ལེན་ཡག་པོ་བྱེད་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་ཐུབ་པ་ཞིག་རེད། ནང་ཆོས་ཀྱི་ནང་དུ་ཕྱི་རོལ་སྣང་བའི་བཤེས་གཉེན་ཞེས་པ་ཞིག་བཤད་ཡོད། དེའི་དོན་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་སྣང་མྱོང་བྱུང་བའི་ཆོས་གང་ཡིན་ཀྱང་། དེ་དག་གིས་ང་ཚོར་ཆོས་རྣམས་ཀྱི་རང་བཞིན་དང་། ཆོས་དག་ཕན་ཚུན་རྟེན་འབྲེལ་ཡིན་པའི་ཐད་གོ་རྟོགས་ཟབ་མོ་ཞིག་སྤྲོད་ཀྱི་ཡོད། ཅེས་པའི་དོན་རེད། དེས་ན་བོད་ཀྱི་ནང་ཆོས་ནི་དད་པ་ལ་གཙོར་འདོན་བྱེད་པའི་ཆོས་ལུགས་ཤིག་དང་། དེ་ཡང་ཆོས་དང་མཐུན་པའི་དད་པ་ལ་འབད་བརྩོན་བྱས་པ་དེ་ཉིད་ཀྱིས་གྲུབ་འབྲས་རྒྱ་ཆེན་པོ་ཞིག་ཐོབ་པ་ཡིན་ཅིང་། ཕལ་ཆེར་དེང་དུས་དང་ནུབ་ཕྱོགས་ཀྱི་ནང་ཆོས་ནི་བརྟག་དཔྱད་དང་བློ་གྲོས་ཀྱི་ནུས་པ་འདོན་པའི་སྒོ་ནས་ཕན་ཐོགས་ཆེན་པོ་འབྱུང་བའི་ནང་ཆོས་ཤིག་ཏུ་འགྱུར་གྱི་རེད། དེར་བརྟེན་ཕལ་ཆེར་ང་ཚོས་དད་པ་ལས་ཀྱང་བློ་གྲོས་ལ་བརྟེན་པ་ཡིན་ན་ཕན་ཐོགས་ཤུགས་ཆེ་བ་འབྱུང་ས་རེད། གལ་སྲིད་ང་ཚོས་དེ་ལྟར་བྱས་པ་ཡིན་ན། ངའི་བསམ་པར་ནང་ཆོས་འདི་ཉིད་དེང་དུས་དང་ནུབ་ཕྱོགས་ཀྱི་འཛམ་གླིང་འདིར་གཞི་རྩ་བརྟན་པོ་ཞིག་ཚུགས་པའི་རེ་བ་ཆེན་པོ་མཐོང་གི་འདུག” ཅེས་གསུངས།
མ་རྩོམ་ཡོང་ཁུངས།
http://www.huffingtonepost.com
(དྲ་གནས་འདི་ནི། ཨ་རིའི་དྲ་གནས་གྲགས་ཆེ་ཤོས་ཤིག་ཡིན་ཅིང། སྔ་རྗེས་སུ་མི་དམངས་ཀྱི་བསམ་ཚུལ་དྲང་པོར་བརྗོད་པ་སོགས་ཀྱི་ཐད་ལ་བྱ་དགའ་མང་པོ་ཐོབ་ཡོད། འདི་ཉིད་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཚན་རིག་མཁས་པ་དང་། ཆབ་སྲིད་མི་སྣ། འཁྲབ་སྟོན་པ། ཆོས་ལུགས་ཀྱི་མི་སྣ་གལ་ཆེན་དག་གི་དཔྱད་རྩོམ་དང་གནས་ཚུལ་སྤེལ་བས་རེད།)
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གོ་རིམ་ལྡན་ལ། ཁ་གསལ་བའི་གསར་འགྱུར་ཡག་པོ་ཞིག་སྤེལ་འདུག་པས་དགའ་བོ་བྱུང་། ཁོང་ནི་ཁོག་རྒྱ་ཡངས་ཤིང་གནས་ལུགས་བརྩི་བའི་རྩོམ་པ་པོ་ཞིག་ཀྱང་ཡིན། གཤམ་གྱི་འགྱུར་རྩོམ་འདི་བཀོད་མཁན་ལ་ཡང་བཀའ་དྲིན་ཆེ་ཞུ། སྣང་མྱོང་ཞེས་པ་འདི་ཚིག་སྙན་ཐག་ཆོད་པ་ཞིག་གདའ། མ་ཚིག་ཇི་འདྲ་ཡིན་ལུགས་ཤིག་གསུངས་རོགས། བཀའ་དྲིན་ཆེ།
ཀརྨ་པའི་སྐོར་མང་པོ་ཞིག་བྲིས་འདུག ཀརྨ་པ་ནི་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡོངས་པོ། ལ་རྒྱའི་སྙིང་སྤོབས་ཅན། དེང་རབས་ལ་གོམ་ཁ་བསྒྱུར་མཁན་གཞི་བྱེས་གཉིས་ཆར་གྱི་རེ་སྨོན་ཆེ་ས་ཞིག་ཡིན་ཡང་། འདི་ལོར་གཅིག་རྗེས་གཉིས་འཐུད་ཀྱི་རང་ལུས་མེ་འབུལ་ཞུ་བཞིན་པའི་བོད་གཞི་བྱེས་གཉིས་ལ་མི་བཟོད་པའི་སྡུག་བསྔལ་ཡོད་དུས། ཀླད་རྙིང་མཚུར་བུའི་ལོ་གསར་གཏོང་ཞིང་། གཟན་ཤམ་ནག་པོ་ཞིག་གྱོན་པ་དང་། གཞས་ཞབས་བྲོ་འཁྲབ་པ་དང་དགའ་སྟོན་ལ་དགྱེས་དགྱེས་བྱེད་བཞིན་པ་གློག་བརྙེན་ཁག་ནས་མཐོང་བྱུང་། དེང་སོང་དེ་འདྲ་བྱེད་པའི་དུས་ཚོད་ཅིག་ཨེ་ཡིན།
ཀརྨ་པ་ཨོ་་རྒྱན་ཕྲིན་ལས་རྡོ་རྗེ་སྐུ་ཚེ་ཞབས་པད་བརྟན་པར་ཤོག། ཡག་པོ་འདུག འོན་ཀྱང་རྩོམ་ཡིག་དེར། ཀརྨ་བཀའ་བརྒྱུད་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ནས་གཅིག་ཡིན་པ་དང་། མི་འབོར་གྱི་ཆ་ནས་བོད་མིའི་ནང་པ་རྣམས་ལས་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཅིང་། འཛམ་བུའི་གླིང་གི་ཕྱོགས་གང་སར་དགོན་པ་དང་ཆོས་ཚོགས་ཁག་བརྒྱ་ཕྲག་མང་པོ་ཡོད་པ་ཞིག་རེད། ཅེས་པར་ཀརྨ་བཀའ་བརྒྱུད་བཀའ་བརྒྱུད་སྤྱིའི་སྐུ་ཚབས་ཡོང་མིན་དང་། དེའི་ཆོས་བརྒྱུད་བོད་ཀྱི་ནང་པའི་བརྒྱ་ཆའི་ཉི་ཤུ་ལ་སླེབས་ཐུབ་མིན་སོགས་དཔྱད་པ་གནང་བར་འོས། རྒྱལ་བ་རིན་པོ་ཆེའི་སྐུ་ཚབས་ཡོང་མཁན་ཞིག་ཡོད་ན་བོད་ཀྱི་བསོད་ནམས་རེད། བཀྲ་ཤིས་བདེ་ལེགས་ཞུ་འོས་སོ། །
དྲི་ལྷག་ཁྱོད་དགྱེས་རྡོར་ཡིན་པ་ཤེས་ཡོད། ཁྱོད་ཚོ་དགའ་རུང་སྡུག་རུང་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་བསྟན་པའི་བདག་པོ་༧རྒྱལ་དབང་༧ཀརྨ་པ་༧ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རེད། ཀརྨ་པ་རྒྱལ་ལོ། བོད་རྒྱལ་ལོ།
ཀརྨ་པ་ནི། གཞི་བྱེས་བོད་མིའི་རེ་བ་ལྟར་་ཤེས་ཡོན་དང་དེང་རབས་གསར་པའི་ལམ་ལུགས་ལ་དགོངས་བཞེས་གནང་མཁན་ཞིག་ཡིན་བཟང་། ཀླད་རྙིང་སྤྲུལ་སྐུའི་ལམ་ལུགས་ལ་ཤི་རྒྱུ་རོ་མཐོན་བྱེད་ན། དེང་རབས་ཀྱི་གྲལ་དུ་ཚུད་ཐབས་མེད། རྒྱལ་བ་རིན་པོ་ཚབ་ཡོང་མི་སྲིད་པ་ཞིག་རེད།
ཁོ་རེ་ཀརྨ་ཡེ་ཤེས་ཟེར་བ། འདི་ན་རྒྱལ་དབང་ཀརྨ་པ་ལ་སྐྱོན་བརྗོད་མཁན་སུ་ཡང་མེད་ན་ཁྱོད་ཀྱིས་སྐད་ཅོར་རྒྱབ་ནས་ག་རེ་ཡིན།
ཀརྨ་ཡེ་ཤེས་ལགས། དགོངས་དག་ཞུ། ང་དགྱེས་རྡོར་མིན། ཀརྨ་པ་ལ་ཁ་གཏོང་མཁན་ཡང་མིན། མ་ཟད་ཀརྨ་ཀྃ་ཚང་ལ་སྙིང་ནས་དགའ་མཁན་ཞིག་ཡིན། འོན་ཀྱང་ཁམས་པ་དང་ཨ་མདོ་ཚོ་ཁ་ཚོད་ཤིན་ཏུ་མཐོན་པོས། སྐབས་རེར་རང་ཉིད་སྲིད་པ་གསུམ་ན་ཆེས་ཆེ་བའི་སྐད་ཆ་ཡོང་གི་རེད། དེ་ཚོ་དངོས་པོའི་གནས་ཚད་ལས་བརྒལ་བ་རེད། ཁྱོད་ཅག་ལ་ཀརྨ་པ་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཆགས་པའི་རེ་བ་ཡོད་པ་ནང་བཞིན་ང་ལ་ཡང་རེ་བ་དེ་ཡོད། བོད་ལ་རྒྱལ་བ་རིན་པོ་དང་འདྲ་བ། དེ་ལས་ལྷག་པ་མང་པོ་བྱོན་ན་ཡག་པོ་རེད། དེ་ལྟར་འགྱུར་བའི་སྔོན་འགྲོ་གཅིག་ནི་ཆོས་བརྒྱུན་ནང་ཁུལ་ལ་མཐུན་སྒྲིལ་ཤུགས་ཆེན་གནང་རྒྱུ་དང་། ཆོས་རྒྱུན་ཁག་གི་བླ་ཆེན་ལ་འབྲེལ་བ་དམ་ཟབ་གནང་རྒྱུ་དེ་རེད། དུས་རབས་ཉི་་ཤུ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་ན་དད་འབངས་ཕལ་བ་པ་སྐད་ཆ་ཞུ་ས་མེད་པར་བཀའ་ལུང་འབེབས་རྐྱང་གནང་རྒྱུ་དེའི་ཁུངས་འཁྱོལ་རྒྱུ་དཀའ་མོ་རེད། གཞན་གྱིས་བསམ་འཆར་གང་ཡོད་སྐྱོན་བརྗོད་དུ་ངོས་བླང་སྟེ་། རང་དང་ལྟ་བ་ཅུང་ཟད་མི་མཐུན་པ་བྱུང་ཚེ་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཚིག་མཚོན་འདེབས་ལ་བྲེལ་བ་དེས་ཀརྨ་པའི་བསྟན་ལ་མི་ཕན་པར་མ་ཟད་ཕྲིན་ལས་ལ་ཤིན་ཏུ་གནོད། ཐུགས་རྒྱ་ཆེན་པོ་གནང་རོགས། ཁྱོད་ཀརྨ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཞིག་གི་ངོས་ནས་ཐུགས་བསམ་གཟབ་བཞེས་གནང་པར་གསོལ་བ་འདེབས་པ་ལགས། །ཁྱོད་ལ་གུས་པ་ཡོད་མཁན་ཞིག་གིས་ཕུལ།
ཐོག་མར་བཀའ་བརྒྱུད་སྤྱི་ཡོངས་ཀྱིས་ཁས་ལེན་ངོས་འཛིན་གཙང་དག་ཐོག་བཀའ་བརྒྱུད་པའི་དབུ་འཛིན་དུ་མངའ་གསོལ་རོགས། ན་ཉིན་ཞིག་ལ་ཀརྨ་པས་བཀའ་བརྒྱུད་པའི་དབུ་ཁྲིད་ནས་དགོངས་པ་ཞུས་གི་ཡིན་གསུངས་དུས། ཆེ་ཚང་རིན་པོ་ཆེས་ཁྱེད་བཀའ་བརྒྱུད་པའི་དབུ་ཁྲིད་མིན་བཞིན་དུ་དགོངས་ཇི་ལྟར་ཞུ་ཞེས་གསུངས་པ་ཐོས། བཀའ་བརྒྱུད་སྨོན་ལམ་སྣ་ཁ་མང་པོ་ཚོགས་པ་དེ་གཅིག་ཏུ་བཟོས། དེར་ཆེ་བཞི་ཆུང་བརྒྱད་ཀྱི་བླ་མ་རྣམས་ཞལ་འཛོམས། དེ་ལྟར་གྱུར་རྗེས་ཀརྨ་པ་རྒྱལ་བ་རིན་པོ་ཆེའི་ཚབ་ཏུ་འོས་དང་མི་འོས་སྐོར་བརྗོད་ན་རུང་ཙམ་མཐོང་། ལར་ནས་བོད་ནང་པའི་དབུ་ཁྲིད་ལ་རྣམ་པ་རྫིག་པོ། སྐད་ཡིག་འདྲ་མིན་ཤེས་པ། མཐོང་བདེ་པོ་སོགས་འདི་འདྲའི་འོས་ཆོས་འཇོག་ག་ལ་རུང་། སྤྱིར་སྒེར་གྱི་སྒྲོན་མེ་སྤྱི་པའི་ཉི་མའི་དོད་ལ་འགྲོ་ཨེ་ཐུབ་ལྟ་བ་ལས་ཤ་ཚ་བ་ཞིག་གང་ན་ཡོད།
དྲི་མེད་ལྷག་བསམ་ནས༼ཁྱོད་ཀརྨ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཞིག་གི་ངོས་ནས་ཐུགས་བསམ་གཟབ་བཞེས་གནང་པར་གསོལ་བ་འདེབས་པ་ལགས། ༽ཞེས་པ་ལ་གཞིགས་ན་ཀརྨ་ཡེ་ཤེས་ཟེར་བ་དེ་བླ་སྤྲུལ་ཞིག་ཡིན་པ་འདྲ།དེ་ལྟ་ན་ང་ཆེ་ང་མཐོའི་སྐད་ཆ་མང་པོ་བཤད་བསྡད་ན་༧རྒྱལ་དབང་ཀརྨ་པའི་ཞབས་འདྲེན་པ་ལས་ཞབས་འདེགས་སུ་འགྲོ་གི་མ་རེད། དེ་ཚུལ་ལ་གཟབ་གཟབ་རེ་གནང་རོགས།
དྲི་མེད་ལྷག་བསམ་དང་པར་མཇེ་གཉིས་ངོ་བོ་ཐ་མི་དད་པ་ཡིན་པས་ཚང་མས་མཁྱེན་པར་མཛོད།
ཀརྨ་ཡེ་ཤེས་ལགས། ཁྱོད་ཀྱིས་འུར་ཤོབ་མ་ཤོད། རྟག་ཏུ་ཀརྨ་པའི་ཡོན་ཏན་གླེང་འོས་ན་སྐྱོན་ཡང་གླེང་འོས་པར་སེམས། སྤྱིར་ཀརྨ་བཀའ་བརྒྱུད་ནི་ཆོས་བརྒྱུད་ཕན་ཚུན་ལ་འགལ་ཟླ་བཟོ་མཁན་དང་། ཆེ་བའི་ཡོན་ཏན་ཤ་སྟག་ངོམ་ནས་གཞན་ལ་སུན་འབྱིན་གང་ཐུབ་བྱེད་མཁན་དང་། རང་ཉིད་སྐྱོན་འཚང་གི་གཟིང་འཁྲུགས་འཚོགས་སྡེ་ཞིག་ཏུ་ཆགས་བཞིན་དུ་ད་དུང་སྡིག་པ་མིག་བཙུམས་ཀྱིས་ཆོས་ལུགས་སྤྱི་དང་བཀའ་བརྒྱུད་ཡོངས་ལ་གནོད་པའི་ལས་དོན་རྣམ་ཀུན་གཉེར་མཁན་དང་། སྟབས་དང་དུས་སོགས་ཨེ་འགྲིགས་སེམས་ནས་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་དྲུང་དུ་ཉེ་ལྟ་དང་རིང་ལྟ་སྣ་ཚོགས་བྱེད་ནས་འཛམ་གླིང་ནང་བའི་དབུ་ཁྲིད་ལ་རེ་སྒུགས་བྱེད་པ་སོགས་ཆེས་མ་རུང་བས་སྤྱོད་པ་ཕྱིན་གྱི་ལོག་པའི་ལྟ་བ་སོ་མ་ཤ་སྟག་མངོན་མཁན་ཞིག་ཡིན་པར་ཀུན་གསལ་རེད། དོན་ངོ་མར་ཀརྨ་བཀའ་བརྒྱུད་ཀྱི་བོད་བརྒྱུད་ནང་པའི་ནང་ཆོས་དད་པ་བརྒྱ་ཉི་ཤུ་ལོན་རྒྱུ་ཕར་བཞོག ཀརྨ་བཀའ་བརྒྱུད་ནང་ལའང་ཀརྨ་འཕྲིན་རྡོ་རྗེས་འགོ་གཙོ་བྱེད་ཐུབ་མེད། གང་ཡིན་ཞེ་ན་རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་རྒྱལ་བ་ཞྭ་དམར་པ་སོགས་ཀྱིས་མཛད་འཕྲིན་ལ་ཤར་ནུབ་སྐྱེ་བོ་རྣམས་ཀྱིས་ཡིད་རང་དང་འགོ་བོ་དུད་བཞིན་པ་མི་མཁྱེན་བཞིན་དུ་དུང་འདྲ་མི་འདྲ་བཅོ་བརྒྱ་ཡིན་ལབ་ཡག་འདིས་རང་ཉིད་ནག་ཉེས་བཟོ་ཡག་གིས་ངན་རྒྱུ་ཞིག་ལས་མ་འདས། ད་དུང་ཟུར་མང་དང་གནས་མདོ་སོགས་ལ་དེ་བཞིན་རེད། དེ་བཞིན་དུ་བཀའ་བརྒྱུད་ཀྱི་བསྟན་པ་ཉི་མ་ལྟ་བུ་ད་ལྟ་འཆར་བཞིན་པའི་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་མཆོག་དང་། འབྲི་གུང་བཀའ་བརྒྱུད་ཀྱི་འབྲི་གུང་སྐྱབས་མགོན་རྣམ་གཉིས་དང་། སྟག་ལུང་བཀའ་བརྒྱུད་ཀྱི་སྐྱབས་རྗེ་མ་ཕག་རྩེ་གསུམ་སོགས་རང་རང་གི་ཆོགས་ལུགས་གྲ་མ་ཉམས་ཟུར་མ་ཆག་པར་གནས་བཞིན་པའི་ནང་ནས་རྟག་ཏུ་ཀམ་ཚང་གི་ངན་པ་ལང་ཤོར་གྱིས་ཆེ་མདོག་རྫིག་མདོག་གི་ཟློས་གར་སྣ་ཚོགས་འཁྲབ་ཡག་འདི་ཚོས་རྒྱལ་བ་བཀའ་བརྒྱུད་པ་རྣམས་ཆིག་སྒྲིལ་ཡོང་རྒྱུ་ཉིན་སྐར་ལྟར་ཕར་བཞོག་ད་དུང་རྙོགས་གླེང་དང་ང་ཆེ་ང་བཙན་འགྲོ་རྒྱུའི་རྒྱུ་ཁོ་ན་ལས་ནམ་ཡང་ཁྱོད་ཀྱི་རེ་བ་དུས་སུ་མི་སྨིན་པར་དཀོན་མཆོག་གསུམ་པོ་དཔང་དུ་འཛུགས་ཐུབ།
ད་དུང་ཁྱོད་ཀྱི་ཤོད་དང་། གཏམ་ལེན་མེ་སྟག་ལས་ཀྱང་ཚ་བ་དང་རལ་གྲི་ལས་ཀྱང་རྣོ་བ་འགའ་རྒྱག་ཆོག་ཆོག་བྱེད་ནས་སྒུགས་ཡོད།
ཀརྨ་ཡེ་ཤེས་ལྷ་ཀར་གང་ཤེས་ཏེ། །
ཀ་དག་ཆོས་དབྱིངས་འདྲེ་ཀར་ཡང་མི་ཤེས། །
༧རྒྱལ་བའི་རྒྱལ་ཚབ་རེ་བ་སྙིང་རེ་རྗེ། །
དེ་ལ་ཨུ་ཚུགས་རྒྱག་པ་ཉོན་རེ་མོངས། །
ཀ་དག་ཆོས་དབྱིངས་ལགས། ཀརྨ་བཀའ་བརྒྱུད་ཀྱིས་དེ་འདྲ་བྱེད་ཀྱི་ཡོད་པ་ཁྱོད་ལ་དཔང་རྟགས་ག་རེད་ཡོད། དོན་མེད་ཀྱི་རྙོག་གཏམ་མ་བཤད་ན་མི་དགའ་འམ། ཁྱོད་གང་ནས་ཡིན་མིན་མི་ཤེས་ཀྱང་ཀརྨ་བཀའ་བརྒྱུད་ལ་མི་དགའ་མཁན་ཞིག་ཡིན་ཐག་གིས་ཆོད། ཁྱོད་ཀྱིས་མུ་མཐུད་བཤད་ན་ངས་ཀྱང་མུ་མཐུད་བཤད་ཆོག
ཀ་དག་ཆོས་དབྱང་མི་ཤེས་ཏེ་དམ་སྲི་འབྱུང་པོ་ཞིག་ཡིན་པ་ཁོ་ཐག་ཆོད་མི་ངན་ཁྱོད་ཀྱིས་༸ དཔལ་རྒྱལ་དབང་ཀརྨ་པ་ལགས་ལ་མཚན་སྨད་ཞི་བའི་བཟོ་འདྲ་འདུག་༸ དཔལ་རྒྱལ་དབང་ཀརྨ་པ་ནི་བཀའ་རྒྱུད་ཆེ་བཞི་ཆུང་རྒྱད་མ་ཚད་པ་བོད་གངས་ཅན་ལྗོངས་ནས་བླ་ཆེན་ཆེ་ཤོས་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད་༸ གོང་ས་ཐམས་ཅད་མཁྱེན་པ་གཟིགས་པ་ཆེན་པོ་ཡིས་རེ་བ་བཅོལ་ས་དང་མ་འོངས་གངས་ཅན་ལྗོངས་ཡིས་སྐྱབས་འཇུག་ཞུ་ས་ཡང་ཡིན་དེ་ལ་སུས་ཆེ་བརྩོད་དང་མ་རུང་བ་བྱས་ན་ཡང་སྒྲ་བོ་རྒྱ་དམར་ལས་ཁ་གཏད་གཅོགས་དགོས།།།།
ཀརྨ་ཡེ་ཤེས་ལགས། ཁྱོད་ཀྱིས་འུར་ཤོབ་མ་ཤོད། རྟག་ཏུ་ཀརྨ་པའི་ཡོན་ཏན་གླེང་འོས་ན་སྐྱོན་ཡང་གླེང་འོས་པར་སེམས། སྤྱིར་ཀརྨ་བཀའ་བརྒྱུད་ནི་ཆོས་བརྒྱུད་ཕན་ཚུན་ལ་འགལ་ཟླ་བཟོ་མཁན་དང་། ཆེ་བའི་ཡོན་ཏན་ཤ་སྟག་ངོམ་ནས་གཞན་ལ་སུན་འབྱིན་གང་ཐུབ་བྱེད་མཁན་དང་། རང་ཉིད་སྐྱོན་འཚང་གི་གཟིང་འཁྲུགས་འཚོགས་སྡེ་ཞིག་ཏུ་ཆགས་བཞིན་དུ་ད་དུང་སྡིག་པ་མིག་བཙུམས་ཀྱིས་ཆོས་ལུགས་སྤྱི་དང་བཀའ་བརྒྱུད་ཡོངས་ལ་གནོད་པའི་ལས་དོན་རྣམ་ཀུན་གཉེར་མཁན་དང་། སྟབས་དང་དུས་སོགས་ཨེ་འགྲིགས་སེམས་ནས་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་དྲུང་དུ་ཉེ་ལྟ་དང་རིང་ལྟ་སྣ་ཚོགས་བྱེད་ནས་འཛམ་གླིང་ནང་བའི་དབུ་ཁྲིད་ལ་རེ་སྒུགས་བྱེད་པ་སོགས་ཆེས་མ་རུང་བས་སྤྱོད་པ་ཕྱིན་གྱི་ལོག་པའི་ལྟ་བ་སོ་མ་ཤ་སྟག་མངོན་མཁན་ཞིག་ཡིན་པར་ཀུན་གསལ་རེད། དོན་ངོ་མར་ཀརྨ་བཀའ་བརྒྱུད་ཀྱི་བོད་བརྒྱུད་ནང་པའི་ནང་ཆོས་དད་པ་བརྒྱ་ཉི་ཤུ་ལོན་རྒྱུ་ཕར་བཞོག ཀརྨ་བཀའ་བརྒྱུད་ནང་ལའང་ཀརྨ་འཕྲིན་རྡོ་རྗེས་འགོ་གཙོ་བྱེད་ཐུབ་མེད། གང་ཡིན་ཞེ་ན་རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་རྒྱལ་བ་ཞྭ་དམར་པ་སོགས་ཀྱིས་མཛད་འཕྲིན་ལ་ཤར་ནུབ་སྐྱེ་བོ་རྣམས་ཀྱིས་ཡིད་རང་དང་འགོ་བོ་དུད་བཞིན་པ་མི་མཁྱེན་བཞིན་དུ་དུང་འདྲ་མི་འདྲ་བཅོ་བརྒྱ་ཡིན་ལབ་ཡག་འདིས་རང་ཉིད་ནག་ཉེས་བཟོ་ཡག་གིས་ངན་རྒྱུ་ཞིག་ལས་མ་འདས། ད་དུང་ཟུར་མང་དང་གནས་མདོ་སོགས་ལ་དེ་བཞིན་རེད། དེ་བཞིན་དུ་བཀའ་བརྒྱུད་ཀྱི་བསྟན་པ་ཉི་མ་ལྟ་བུ་ད་ལྟ་འཆར་བཞིན་པའི་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་མཆོག་དང་། འབྲི་གུང་བཀའ་བརྒྱུད་ཀྱི་འབྲི་གུང་སྐྱབས་མགོན་རྣམ་གཉིས་དང་། སྟག་ལུང་བཀའ་བརྒྱུད་ཀྱི་སྐྱབས་རྗེ་མ་ཕག་རྩེ་གསུམ་སོགས་རང་རང་གི་ཆོགས་ལུགས་གྲ་མ་ཉམས་ཟུར་མ་ཆག་པར་གནས་བཞིན་པའི་ནང་ནས་རྟག་ཏུ་ཀམ་ཚང་གི་ངན་པ་ལང་ཤོར་གྱིས་ཆེ་མདོག་རྫིག་མདོག་གི་ཟློས་གར་སྣ་ཚོགས་འཁྲབ་ཡག་འདི་ཚོས་རྒྱལ་བ་བཀའ་བརྒྱུད་པ་རྣམས་ཆིག་སྒྲིལ་ཡོང་རྒྱུ་ཉིན་སྐར་ལྟར་ཕར་བཞོག་ད་དུང་རྙོགས་གླེང་དང་ང་ཆེ་ང་བཙན་འགྲོ་རྒྱུའི་རྒྱུ་ཁོ་ན་ལས་ནམ་ཡང་ཁྱོད་ཀྱི་རེ་བ་དུས་སུ་མི་སྨིན་པར་དཀོན་མཆོག་གསུམ་པོ་དཔང་དུ་འཛུགས་ཐུབ།
ད་དུང་ཁྱོད་ཀྱི་ཤོད་དང་། གཏམ་ལེན་མེ་སྟག་ལས་ཀྱང་ཚ་བ་དང་རལ་གྲི་ལས་ཀྱང་རྣོ་བ་འགའ་རྒྱག་ཆོག་ཆོག་བྱེད་ནས་སྒུགས་ཡོད།
ཨ་ཙེ་ཨ་ཙེ། ཆགས་སྡང་གི་གཏམ་མ་གཏོགས་གཏན་ནས་བཤད་མི་ཤིས་པ་འདི་ཚོ་ས་ཡ་དྲུག་གི་ནང་དུ་མི་སྐྱེ་པའི་སྨོན་ལམ་འདེབས།
མ་གཞི་ནི་ཐའེ་ཝན་བོད་རྒྱུད་ནང་བསྟན་ཚོགས་པ་ཟེར་བ་མིང་འཛིན་ཆོག་ཆོག་དང་ཚོགས་པ་གཙུག་ཆོག་ཆོག་ཚོགས་འདུ་ཚོགས་ཆོག་ཆོག་ཡོད་མ་རེད་གང་ཡིང་ཟེར་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་༸་གོང་ས་ཏ་ལེས་བླ་མ་དང་རྒྱལ་དབང་ཀརྨ་པ་དང་དཔལ་ས་སྐྱའི་འཁྲི་འཛིན་དང་ཆོས་ལུགས་ཁག་གི་བླ་ཆེན་རྣམས་སྡེན་འདྲེན་དང་བཀའ་དྲི་ཞུ་དགོས་པ་རེད་ཁྱད་པར་དུ་བོད་ཀྱི་མཁན་མཆེན་ཚུལ་ཁྲིམ་བློ་གྲིས་དང་མཁན་བསོ་དར་རྒྱས་གཙིས་མཁན་ཆེན་དང་བླ་ཆེན་དག་བསྡན་འདྲེན་ཞུ་བ་དང་བཀའ་དྲི་བསྐོར་དགོས་རེད་མ་གཏོགས་བཙན་བྱོལ་དུ་ཕྱི་རྒྱལ་ཁག་ལ་ཁྱི་འཁྱམ་ནང་བཞིན་བྱེད་ནི་འགྲོ་སྤྱོད་བྱེད་འདུག་ཉིན་ལ་རྩ་བ་ཉིད་ན་བོད་རྒྱུད་ནང་བསྟན་ཟེར་ནས་མིང་འཁོར་འགྲོ་བའི་ཐོབ་བསྟང་མེད།།།།
དམ་སྲི་འབྱུང་པོ་ཀ་དག་ཆོས་དབྱངས་ཁྱོད་ཀྱིས། བསྟན་དང་འགྲོ་ལ་འཚེ་བྱས་ན་ཡང་དུང་ནང་རིམ་པ་དགུ་ཡི་ཞིབ་དུ་མགོ་བོ་མཐུར་དུ་སྦས་ནས་བསྲི་རྣོད་མཛོད། བསྟན་འཛིན་ཡིས་
ཁྱོད་ནི་མི་ནང་སྤྱི་ཚོགས་ནང་གི་གདོན་རེད་ཁྱོད་ནི་མི་ནང་སྤྱི་ཚོགས་ནང་གི་ནད་ཡམ་རེད་ཁྱོད་ནི་མི་ནང་སྤྱི་ནང་གི་ཕུང་སྐྲུགས་རེད་མི་ནང་ཁྱོད་ཀྱིས་༸ དཔལ་རྒྱལ་དབང་ཀརྨ་པ་ལ་ཟུར་བྱ་དང་ཆེ་བརྩོད་བྱེད་རྡོ་ཨ་དཀར་ལུག་ཆུ་ཁའི་བྱེ་མ་འབྲི་ལ་མ་འགྱུར་བར་དུ་འབྲི་གུང་འབྲུག་པ་ཡིས་རྗེས་མི་ཛིན།།