གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༥ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་སྐད་གྲགས་ཅན་གྱི་ཡ་ཀྲུ་ལི་ཀྲི་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་རིས་མེད་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་བཞི་བཅུར་ཉེ་བ་མཉམ་ཞུགས་གནང་བའི་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་སྐོར་གྱི་བགྲོ་གླེང་བཞུགས་མོལ་ཚོགས་འདུ་སྐབས་གསུམ་པ་དེ་འཚོགས། དེ་ཡང་ཞིབ་འཇུག་ཚོགས་པ་རང་གི་རྐང་འཛིན་དབུ་འཛིན་ལས་ཐོག་པ་ཀཿཐོག་རིག་འཛིན་ཆེན་པོ་དང་། མཁན་མཁན་པོ་ཚུལ་རྣམ། སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ཏེ། ཚོགས་པའི་རྐང་འཛིན་མཁན་སྤྲུལ་རྣམ་པ་ལྔའི་ཁར། རང་གཞུང་ཐའེ་ཝན་དོན་གཅོད་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་དང་། ལྷ་རམས་པ་ཆོས་ཀྱི་དབང་པོ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ། ཤེས་རབ་གླིང་གི་མཁན་པོ་གཡུལ་རྒྱལ་དང་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་དང་སློབ་དཔོན། ཐའེ་ཝན་གྱི་དཔལ་ཡུལ་རྣམ་གྲོལ་གླིང་ཆོས་ཚོགས་ཀྱི་དབུ་འཛིན་མཁན་པོ་དངོས་གྲུབ་དང་། ཨ་རིག་མཁན་པོ་ཉི་མ་སོགས་རྙིང་མ་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ། ཐའེ་ཝན་རྫོང་སར་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་ཀྱི་སློབ་དཔོན་མཁན་པོ་ཚེ་རིང་དང་། ས་སྐྱའི་༸གོང་མ་བདག་ཆེན་རིན་པོ་ཆེའི་ཆོས་ཚོགས་ཀྱི་བཀྲ་ཤིས་རིན་པོ་ཆེ་སོགས་ས་སྐྱའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན་བཅས་མཉམ་ཞུགས་གནང་བའི་ཐོག་ནས་གཏམ་བཤད་དང་བགྲོ་གླེང་གནང་ཡོད།
དེ་ཡང་སྔ་དྲོ་ཆོས་བརྒྱུད་ཁག་རེ་རེའི་མཁན་སྤྲུལ་དགེ་བཤེས་སློབ་དཔོན་བཅས་གང་རུང་གཉིས་རེས་ཆུ་ཚོད་སྐར་མ་ཉི་ཤུ་ལས་མི་མང་བའི་ནང་རྩ་བའི་བརྗོད་གཞི་གཉིས་ཀྱི་ཐོག་ལ་གསུངས་བཤད་གནང་བའི་ལས་རིམ་ཁྲོད། ཐོག་མར་ཚོགས་འདུའི་གོ་སྒྲིག་པ་འགན་འཛིན་པ་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དང་། བྱང་འདྲེན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་གསུངས་གྲུབ་རྗེས། ཆོས་བརྒྱུད་ལོ་རྒྱུས་ཀྱི་བྱུང་རིམ་ལྟར། ཐོག་མར་མཁན་པོ་ཚེ་རིང་བཀྲ་ཤིས་ནས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་བྱུང་བ་དང་ལྟ་སྒོམ་གྱི་སྐོར་གྱི་གཏམ་བཤད་དང་། རྫོང་སར་མཁན་པོ་ཚེ་རིང་མཆོག་ནས་དཔལ་ལྡན་ས་སྐྱའི་མདོ་ཕྱོགས་ཀྱི་ལྟ་གྲུབ་དང་འབྲེལ་བའི་གསུང་བཤད། མཁན་པོ་ཚུལ་རྣམ་མཆོག་ནས་བཀའ་བརྒྱུད་ཀྱི་བྱུང་བ་ལོ་རྒྱུས་དང་ལྟ་སྒོམ་མན་ངག་དང་འབྲེལ་བའི་གསུང་བཤད། དགེ་བཤེས་ཕྲིན་ལས་རྒྱ་མཚོ་མཆོག་ནས་ཆེ་བ་བཞི་ལྡན་ལས་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་དང་སྦྲེལ་ཏེ་དགེ་ཕྱོགས་ཀྱི་ལྟ་གྲུབ་ཀྱི་ཐད་ལ་གསུང་བཤད། ཀཿཐོག་རིག་འཛིན་ཆེན་པོས་རྒྱལ་བ་ཇོ་ནང་བའི་བྱུང་བ་ལོ་རྒྱུས་དང་ལྟ་གྲུབ་མན་ངག་གི་གནད་བཅས་དང་འབྲེལ་བའི་གཏམ་བཤད་བཅས་ཚར་རྗེས། ཚོགས་འདུའི་གཙོ་སྐྱོང་བ་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་ནས་གསུང་བཤད་ཁག་ལ་འོས་འཚམས་ཀྱི་དབྱེ་ཞིབ་སྙན་གསན་ཞུས་ཤིང་། དེ་ནས་ཉིན་གུང་གསོལ་ཚིགས་གྲུབ་པ་དང་། འཚོགས་ཐེངས་ཕྱི་མ་གཉིས་ལ་བགྲོ་གླེང་རང་གི་ངོ་བོའི་ཐོག་ནས་དུས་ཚོད་རྒྱས་བཅད་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པར་གནང་བའི་ཕྱག་ཡིག་གི་ཁྲོད་དུ་བཏོན་ནང་བའི་གཞེན་སྐུལ་དོན་ཚན་བཞི་ཅན་གྱི་སྟེང་ནས་བགྲོ་གླེང་གནང་ཡོད།
གྲོས་གཞི་བཞི་ནི།
༼ ༡ ༽ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར་རང་ཅག་གིས་ཡུལ་གཞན་དུ་ཆོས་སྤེལ་སྐབས་ས་ཆ་དེ་ག་ནས་དབང་བསྐུར་བ་སོགས་ཀྱིས་ནོར་བསྒྲུབས་ནས་ཕ་ཡུལ་ལམ་གནས་གཞན་དུ་ཁྱེར་ཏེ་དཀོན་མཆོག་ལ་མཆོད་འབུལ་སོགས་བྱེད་པ་ལས་ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།
༼ ༢ ༽ དམ་པའི་ཆོས་སྤེལ་བའི་སྙིང་གནད་ནི་ཆོས་ཀྱི་དོན་གོ་བརྡ་སྤྲོད་པ་འདི་རང་ཡིན་མོད་རང་ཅག་གིས་ཆོས་ཀྱི་མཛད་སྒོའི་ཐད་ལ་དབང་བསྐུར་བ་དང་སྦྱིན་སྲེག་དང་ཚོགས་འཁོར་དང་རིམ་གྲོ་སོགས་གཙོ་བོ་བྱེད་པ་ལས་འཆད་ཉན་ལ་གཙོ་བོར་མཛད་པ་ཤིན་ཏུ་ཉུང་བ་མངོན་གསལ་ཡིན་པས་དེའི་ཐད་ལ་བསྒྱུར་བཅོས་ཇི་ལྟར་བྱེད་རྒྱུ།
༼ ༣ ༽ ས་གནས་དེ་གའི་སྤྱི་ཕན་གྱི་བྱ་བའི་ནང་དུ་ཞུགས་པ་ནི་སྤྱིར་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་འདིར་གལ་ཆེ་བའི་བྱ་བ་ཞིག་ཡིན་ན་ཡང་རང་ཅག་གིས་དེ་གཙིགས་སུ་བཟུང་མི་འདུག་པས་ཞན་ཆ་དང་མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།
༼ ༤ ༽ ཤ་བཟའ་བ་སོགས་ཡུལ་དེའི་མི་རྣམས་ཀྱིས་ཆེས་སྐྱོན་ཅན་དུ་བརྩི་བའི་བྱ་བ་འགའ་རེ་ལ་འཛེམ་མ་ནུས་པ་སོགས་ཀྱི་དབང་གིས་འགྲོ་དོན་དང་འཕྲིན་ལས་ལ་བར་ཆད་དམ་བཀག་འགོག་མང་པོ་བྱུང་དང་འབྱུང་བཞིན་པར་ཇི་ལྟར་ཡོ་བཅོས་བྱེད་རྒྱུ་བཅས་ཡིན། །
ཕྱི་དྲོའི་རང་དབང་བགྲོ་གླེང་གི་ནང་དུ་མཁན་སྤྲུལ་དགེ་བཤེས་ཚང་མས་བགྲོ་གླེང་གི་ཆ་ཤས་བཞེས་ཞིང་ཞིབ་ཚགས་པོས་གནད་དོན་སྤྱི་དང་བྱེ་བྲག་གི་ཐོག་ལ་གསུང་བཤད་རབ་དང་རིམ་པ་གནང་བ་དང་། ཁྱད་པར་ཆོས་རྔ་རི་བོའི་དགོན་པའི་སློབ་ཆེན་དུ་དགེ་རྒན་གནང་བཞིན་པའི་ལོ་ཙཱ་བ་བསོད་ནམས་དབང་རྒྱལ་ལགས་ཀྱིས་འབྱུང་འགྱུར་བོད་ཀྱི་ཆོས་ལུགས་ཀྱི་བཤད་གྲྭ་ཁག་ལས་ཐོན་པའི་དཔང་འཁྱེར་ཁག་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཁག་གིས་ངོས་ལེན་ཡོང་ཐབས་དང་། དེ་བརྒྱུད་ནས་ང་ཚོས་ཚད་ལྡན་གྱི་སྡིང་ཆ་སྤྱད་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་བྱེད་པའི་ཁ་ཕྱོགས་གསར་པ་ཇི་ལྟར་འཚོལ་བ་འཚོལ་རྒྱུ་དང་། དེའི་ཆེད་གོམ་པ་གསར་པ་སྤོ་སྟངས་སོགས་ལ་ཁོང་རང་ཉིད་ཀྱི་ཞིབ་འཇུག་དང་ཉམས་ཞིབ་ཀྱི་ཉམས་མྱོང་དང་སྦྱར་བའི་བསམ་ཚུལ་གལ་ཆེན་བཏོན།
མཐར་ཐེངས་འདིའི་ཚོགས་འདུའི་གོ་སྒྲིག་ཚོགས་གཙོ་བླ་རུང་ཐེག་གསུམ་ཆོས་གླིང་གི་དབུ་འཛིན་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་གནས་ཚོགས་འདུའི་མཇུག་སྡོམ་གྱི་གཏམ་བཤད་གནང་རྗེས་ཉིན་འདིའི་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་ནས་ཡོངས་སུ་མཇུག་གྲོལ།
དུས་མཚུངས། ཚོགས་ཐོག་འདིར། མཁན་པོ་ཚུལ་རྣམ་རིན་པོ་ཆེ་ནས་ཁོང་གིས་གཙོ་འགན་བཞེས་ནས་གོ་སྒྲིག་གནང་བཞིན་པའི་སྤྱི་ཟླ་གསུམ་པའི་ཚེས་སུམ་ཅུ་དང་སོ་གཅིག་སྟེ་ཉིན་གཉིས་རིང་གི་རྒྱལ་སྤྱིའི་ནང་པའི་ཚོགས་འདུའི་སྐོར་དང་འབྲེལ་བའི་གཏིང་ནོན་གསལ་བསྒྲགས་ཀྱི་གསུང་བཤད་དང་། མཁན་པོ་ཆོས་ཉིད་དོན་རྟོགས་ནས་སྤྱི་ཟླ་ལྔ་པར་དབུ་འབྱེད་གནང་གཏན་ཁེལ་བའི་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་མིག་སྔའི་ལས་རིམ་དང་དབུ་འབྱེད་གནང་ཕྱོགས།་ནང་དོན་འཚོལ་སྡུད་སོགས་ཀྱི་སྐོར་ལ་སྙན་གསེང་ཞུས་གནང་ཡོད།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེས་དབུ་འབྱེད་བཀའ་དྲིན་ཆེ་བའི་ཐོག་ནས་དབུ་བརྙེས་ཤིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། ད་ལྟའི་ཆར། མཁན་པོ་ཚུལ་རྣམ་དང་། ཀཿ་ཐོག་རིག་འཛིན་ཆེན་མོ། སྤྲུལ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ཀྱིས་གཙོ་འགན་འཁུར་བཞིན་པ་དང་། ཚོགས་གཙོ་དང་དྲུང་ཆེ་རྩིས་གཉེར་སོགས་ཐའེ་ཝན་གྱི་དད་སློབ་ཚོགས་མི་དག་གི་ནང་ནས་འདེམས་བཞིན་ཡོད། ཚོགས་པ་འདིར་་ཁྲིམས་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ངོས་འཛིན་ཐོབ་ཡོད།
ད་བར་སྐད་སྒྱུར་དང་ཚིག་མཛོད་སྐོར་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་གཉིས་དང་དེ་མིན་ཞིབ་འཇུག་ཚོགས་འདུ། ཆོས་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་དོན། དེབ་དང་བརྙན་འཁོར་པར་སྐྲུན་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ལས་དོན་གང་མང་སྒྲུབ་རྒྱུའི་འཆར་གཞི་ཡོད། ཚོགས་པ་འདིར་སྐད་ཡིག་སུམ་ལྡན་གྱི་དྲ་རྒྱ་ http://www.buddhajnana.orgཡོད་པ་དང་ལོ་རེ་བཞིན་གྱི་ལོ་མཇུག་ཚོགས་མིའི་གྲོས་ཚོགས་དང་ལྟ་ཞིབ་པའི་ཚོགས་འདུ། དངོས་འབྲེལ་དགོས་བབ་ཀྱི་གནས་སྐབས་ཚོགས་འདུ་སོགས་ཀྱང་རིམ་བཞིན་ལག་ལེན་དུ་བསྟར་དང་བསྟར་བཞིན་ཡོད། ཞིབ་ཆ་དྲ་ཚིགས་སོགས་སུ་གཟིགས་རོགས།
ཤིན་ཏུ་ལེགས།
གྲོས་གཞི་བཞི་ནི།
༼ ༡ ༽ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར་རང་ཅག་གིས་ཡུལ་གཞན་དུ་ཆོས་སྤེལ་སྐབས་ས་ཆ་དེ་ག་ནས་དབང་བསྐུར་བ་སོགས་ཀྱིས་ནོར་བསྒྲུབས་ནས་ཕ་ཡུལ་ལམ་གནས་གཞན་དུ་ཁྱེར་ཏེ་དཀོན་མཆོག་ལ་མཆོད་འབུལ་སོགས་བྱེད་པ་ལས་ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།
༼ ༢ ༽ དམ་པའི་ཆོས་སྤེལ་བའི་སྙིང་གནད་ནི་ཆོས་ཀྱི་དོན་གོ་བརྡ་སྤྲོད་པ་འདི་རང་ཡིན་མོད་རང་ཅག་གིས་ཆོས་ཀྱི་མཛད་སྒོའི་ཐད་ལ་དབང་བསྐུར་བ་དང་སྦྱིན་སྲེག་དང་ཚོགས་འཁོར་དང་རིམ་གྲོ་སོགས་གཙོ་བོ་བྱེད་པ་ལས་འཆད་ཉན་ལ་གཙོ་བོར་མཛད་པ་ཤིན་ཏུ་ཉུང་བ་མངོན་གསལ་ཡིན་པས་དེའི་ཐད་ལ་བསྒྱུར་བཅོས་ཇི་ལྟར་བྱེད་རྒྱུ།
༼ ༣ ༽ ས་གནས་དེ་གའི་སྤྱི་ཕན་གྱི་བྱ་བའི་ནང་དུ་ཞུགས་པ་ནི་སྤྱིར་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་འདིར་གལ་ཆེ་བའི་བྱ་བ་ཞིག་ཡིན་ན་ཡང་རང་ཅག་གིས་དེ་གཙིགས་སུ་བཟུང་མི་འདུག་པས་ཞན་ཆ་དང་མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།
༼ ༤ ༽ ཤ་བཟའ་བ་སོགས་ཡུལ་དེའི་མི་རྣམས་ཀྱིས་ཆེས་སྐྱོན་ཅན་དུ་བརྩི་བའི་བྱ་བ་འགའ་རེ་ལ་འཛེམ་མ་ནུས་པ་སོགས་ཀྱི་དབང་གིས་འགྲོ་དོན་དང་འཕྲིན་ལས་ལ་བར་ཆད་དམ་བཀག་འགོག་མང་པོ་བྱུང་དང་འབྱུང་བཞིན་པར་ཇི་ལྟར་ཡོ་བཅོས་བྱེད་རྒྱུ་བཅས་ཡིན། །
བསྟན་པའི་སྲི་ཞུ་ཐོས་བསམ་བསྒོམ་གསུམ་ལས་ཆོས་སྤེལ་རྒྱུ་ཟེར་བ་འདི་ཨི་ཤུའི་སྟོན་པས་གསུངས་མིན་འགྲོ། ད་ཅི་བྱེད།
ཆོས་སྤེལ་བ་དང་ཆོས་ཀྱི་སྙིང་གནད་མཁྱེན་པ་སོགས་གལ་ཆེ་ན་ཡང་ཆོས་བ་དངོས་གནས་ཞིག་ཡིན་ན་ཆོས་ནི་རང་རྒྱུད་ཀྱི་མི་ཤེས་བ་སོགས་མེད་པ་བཟོ་བ་སྟེ་ཡིན་བས་གཙོ་ཆེ་བ་ཉམས་ལེན་ལ་རག་ལས་སོ།
ཆོས་དར་སྤེལ་བྱེད་པར་རང་ཉིད་དར་སྤེལ་བྱེད་པོར་མཚན་ཉིད་ཡང་དག་གཅིག་ཚང་དགོས། ནང་ཆོས་ལས་བཤད་པའི་སློབ་དཔོན་ནམ་མཁན་པོའི་མཚན་ཉིད་དེ་ཚོར་ཞིབ་འཇུག་གྱིས། རིས་སུ་མ་ཆད་པའི་ཆོས་ལུགས་ལ་དག་སྣང་དགོས། ནང་ཆོས་ལས་བཤད་པའི་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་བའི་ཆགས་སྡང་རྨོང་གསུམ་དེ་ཚོར་གཟབ་གཟབ་དགོས། ནང་ཆོས་ལས་བཤད་པའི་དགེ་སྡིག་བླང་དོར་གྱི་གནས་དེ་ཚོ་ལག་ལེན་དུ་ཁེལ་ཐབས་གྱིས། རང་ཉིད་ལ་མཚན་ཉིད་ཡང་དག་པ་ཞིག་ཚང་ཡོད་ན་གཞན་གྱིས་རང་བཞིན་གྱིས་རྗེས་སུ་འབྲེང་ངེས། དཔེར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་བཞིན། ཁོང་ནུ་་ཕྱོགས་སོགས་སུ་ཕེབས་དོན་དེ་ཆོས་དར་སྤེལ་བྱེད་པའི་ཆེད་དུ་ཕེབས་པ་མིན་གསུང་གི་ཡོད། ཆོས་དར་སྤེལ་ཟེར་བ་དེ་ཚོ་་་་གོང་དུ་དྲ་གྲོགས་ཤིག་གིས་གསུངས་པ་ལྟར་རེད། དེ་ཀུན་སློང་མ་དག་པ་རེད། ཡེ་ཤུའི་ལམ་ལུགས་སྲོལ་ཞིག་རེད།
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་མཁན་སྤྲུལ་རྣམས་ཀྱིས་ད་ཐེངས་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་སྐོར་གྱི་བགྲོ་གླེང་བཞུགས་མོལ་ཚོགས་འདུ་སྐབས་གསུམ་པ་དེ་གོ་སྒྲིག་གནང་བར་ཡི་རངས་དང་ཐུགས་རྗེ་ཆེ་ཞུ། སླད་ཕྱིན་ཡང་ཁྱེད་རྣམ་པས་བོད་མི་རིགས་དང་བསྟན་སྲིད་ལ་ཕན་པའི་བྱང་བ་ཐམས་ཆད་གེགས་མེད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།
ཁྱེད་རྣམ་གྱིས་ཐའེ་ཝན་དུ་རྒྱ་གར་གྱི་རིག་གཞུང་བོད་བརྒྱུད་ནང་བསྟན་དར་སྤེལ་བྱས་ནའང་འགྲིག་མོད། འོན་ཀྱང་ཐའེ་ཝན་རང་ས་རང་ཡུལ་གྱི་ཆོས་དང་རིག་གཞུང་རྣམས་རྩ་མེད་མ་བཟོ་རོགས་ཞུ་རྒྱུ་ཡིན། སྔར་བོད་ཡུལ་དུ་བྱས་པའི་ནོར་འཁྲུལ་དེ་ཚོ་ངོ་ཤེས་པའི་ཐོག་ནས་མི་རིགས་ཀྱི་སྲོལ་རྒྱུན་རིང་ལུགས་ཁག་ལ་མཐོང་ཆེན་བྱེད་པ་ལས་དོ་ཕོག་དེ་ཙམ་མ་བཏང་དགའ། །
ང་ཚོས་རང་གི་རྣམ་དཔྱོད་གཏན་ནས་བེད་མི་སྤྱོད་པར་རྒྱལ་བ་རིན་པོ་ཆེའི་གསུངས་པའི་ཕྱིར་ཟེར་ནས་ནག་ཁུང་བྱེད་པ་འདི་ཡང་རྨོང་དད་ཅིག་ཡིན།
རྒྱལ་བ་རིན་པོ་ཆེའི་གསུངས་པ་ལ་དྲང་དོན་དང་ངེས་དོན་ཡོད་ལ་སྐབས་སུ་བབ་པའི་རྒྱལ་སྤྱིའི་རིང་ལུགས་པའི་གཟིགས་ཚུལ་ཡང་ཡོད། གཙོ་བོ་ཁོང་གི་བཞེད་པ་ནི་ཨ་ཚུགས་བྱས་ནས་ཡེ་ཤུ་པ་ལྟར་བྱ་རྒྱུ་མེད་གསུངས་པ་ལས་འཛམ་བུ་གླིང་ལ་ནང་བསྟན་ཁྱབ་སྤེལ་བྱེད་པ་ཀུན་སློང་མ་དག་པ་མ་རེད།
གལ་ཏེ་སངས་རྒྱས་ཀྱི་བསྟན་པ་ཕན་བདེའི་རྩ་བ་ཡིན་པར་ཡིད་ཆེས་བྱེད་ན་དེ་སྤེལ་བ་ཅི་ལྟར་ཡང་དག་པ་མིན་པར་འགྱུར།
ཁྱད་པར་མཁན་ཆེན་གྱི་གསུངས་དུམ་བུ་དང་པོ་༼ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།༽ཞེས་པའི་མཇུག་གི་ཚིག་ལ་མ་བརྟགས་པར་དྲ་མཆན་པ་ཡིས་༼བསྟན་པའི་སྲི་ཞུ་ཐོས་བསམ་བསྒོམ་གསུམ་ལས་ཆོས་སྤེལ་རྒྱུ་ཟེར་༽གཏན་ནས་མ་གསུངས་པའི་ཚིག་རྫུན་མ་བཅུག་ནས་སྐད་ཆ་བཤད་ཡོད། ཁོང་གི་གསུང་གི་དོན་ནི་བསྟན་པའི་ཞབས་ཏོག་བསྟན་པ་མཐའ་འཁོབ་ཏུ་སྤེལ་བ་ཡིན་པ་དང་། སྤེལ་སྟངས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ཉིད་གཙོ་བོར་དགོས་པར་གསུངས་པ་དེ་དོན་ཚན་དང་པོའི་དོན་རེད། དེ་གོང་དུ་བསྐྱར་འགོད་བྱས་པ་ལྟར་རེད།
མི་ལ་ཨུ་ཚུགས་བྱས་ནས་ཆོས་བསྒྱུར་བ་དང་། ཕ་རོལ་པོར་འདོད་མོས་ཡོད་པའི་ཐོག་ནས་ཆོས་སྤེལ་བ་དང་། རང་བཞིན་གྱིས་ཁྱབ་བརྡལ་གཏོང་བ་གཉིས་ནི་བཙན་གཡེམས་དང་བཙན་གཡེམས་མིན་པ་ཙམ་གྱི་ཁྱད་པར་ཡོད། དམན་པ་བདག་ལྟ་བུ་ཡང་༸སྐུ་མདུན་ཐམས་ཅད་མཁྱེན་པས་རྒྱ་མི་རིགས་ཀྱི་སྤྱི་ཚོགས་འདིར་དངོས་ཡོད་ཀྱི་དགོས་མཁོ་འཚམས་པའི་ཆོས་ཁྱབ་སྤེལ་དགོས་པ་སྐབས་སུ་བབས་པའི་བཀའ་མོལ་གནང་མྱོང་། མ་གཞི་རྒྱལ་བ་རིན་པོ་ཆེའི་གསུངས་འདྲེན་མཁན་མང་པོ་ཞིག་གིས་རིན་པོ་ཆེའི་གསུངས་པའི་དོན་ངོ་མ་དེ་གཏན་ནས་རྟོགས་ཀྱིན་མི་འདུག
ཉ་དང་ཉུང་མ་བསྲེ་གིན་འདུག
ནང་བསྟན་གྱི་རྒྱུན་ཤེས་ཙམ་ལ་གོ་བ་བླངས་མི་འདུག
རྗེ་རིན་པོ་ཆེས་མཛད་པའི། བསྟན་པ་རིན་ཆེན་སོགས་ཀྱི་ཚིགས་བཅད་འདི་ཙམ་ལ་ཡང་གོ་བ་བླངས་མི་འདུག
ཡིག་ནོར་དང་བཏགས་ནོར་འགའ་ཤོར་འདུག་པར་དགོངས་སེལ་ཞུ།
ཞང་ཞུང་གི་རིང་ལུགས་བོད་ལ་སྤེལ། རྒྱ་གར་རིང་ལུགས་བོད་ལ་སྤེལ། བོད་ཀྱི་གང་ཡང་མེད་ཚོད།
རྗེ་ཙོང་ཁ་པས་
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །
ཞེས་པ་ལྟར་གྱི་བྱ་བ་ཞིག་རེད་ཤིན་ཏུ་ལེགས་་་་་་་་
བསྟན་པ་སྤེལ་དགོས་པ་ནི་རང་གི་ཁོར་ཡུག་རྒྱ་བསྐྱེད་གཏོང་བ་རེད། དེས་རྙེད་བཀུར་འཐོབ།
སྤྱིར་ཆོས་སྤེལ་དགོས་པ་ཞིག་རེད་་་་་འོན་ཀྱང་སྤེལ་ཏང་དེ་ཡེ་ཤུ་སོགས་ཀྱི་བླུ་འཁྲིད་དང་ཁ་ཆེ་སོགས་ཀྱི་གཙན་དབང་གི་འཚེ་བ་དེ་འདྲ་བེད་སྤྱོད་བྱེད་པ་སོགས་འགྲོ་བ་མི་ལ་མི་རུང་བའི་བྱ་སྤྱོད་བེད་སྤྱོད་ཀྱི་སྤེལ་ན་ཤིན་ཏུ་ནོར་བ་རེད་
དེ་མིན་ལུང་རྟོགས་བསྟན་པ་ངོ་འཕྲོད་པའི་ཐོག་ནས་བསྟན་པ་ལ་ཤེས་ནས་དད་པ་ཞིག་གི་རྗེས་སུ་འབྲང་ཏེ་བསྟན་པ་ལ་ཞུགས་པའི་ཐབས་ཤེས་བྱེད་དགོས་པ་གལ་ཆེ་བ་ཞིག་རེད་་་་་་
ཆོས་སྤེལ་ཟེར་བ་ལས་གཞན་པ་དག་ལ་དགའ་བསུ་ཡོད།
ཞང་ཞུང་ནི་ལ་དྭགས་དང་ཁུ་ནུ་སོགས་འཚུད་པའི་སྟོད་ཕྱོགས་ཀྱི་ས་ཆ་ཕལ་མོ་ཆེ་ཚང་མ་ལ་གོ་དགོས་པ་རེད། དེ་ཚོ་ཚང་མ་བོད་ཀྱི་མ་རེད་ལབ་ན་ཡང་བན་ཕྲུག་སྐྱལ་སྟོང་བྱང་ཆུབ་སེམས་ཟེར་བ་དེ་སྒོམ་ཁ་ཐལ་སོང་བ་ཡིན་འགྲོ། ཕར་སྦྱིན་རྒྱུ་རྐྱང་རྐྱང་མ་གཏོགས་ཚུར་ལེན་རྒྱུ་ཟེར་ན་སྣ་ཁ་གཅིག་རྐྱང་བྱུང་མྱོང་མེད་བ། ད་སྨྲ་བ་ཉུང་ན་དགའ། །
བོད་བརྒྱུད་ནང་བསྟན་དར་སྤེལ་ཚོགས་པ་གང་ཤེས། གང་ལྟར་ཁྱེད་ཅག་གི་བྱ་བ་ལམ་འགྲོ་ཡོངས་པར་ཤོག རབ་བྱུང་ན་སངས་རྒྱས་པའི་བསྟན་པ་གཤའ་མ་ཞིག་སྤེལ་དགོས་པ་དང་། དེ་ལྟར་ན་ཨང་དང་པོ་གཞན་དོན་ལ་ཐུགས་གཞོལ་ཞིང་། གཞན་དོན་འབའ་ཞིག་བསྒྲུབ་རྒྱུ་དེ་རེད། དེ་ལྟར་མ་བྱུང་ཡང་རང་གཞན་གཉིས་ཕན་བྱ་རྒྱུ་རེད། ཡིན་ན་ཡང་དེང་སང་རང་དོན་གཙོ་བོ་དང་། གཞན་དོན་རྗེས་སུ་ལུས་བཅུག་པ་དང་། རང་དོན་དེ་ཡང་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་ལས་ཁོ་ནར་ཤོར་བསྡད་པ་ནི་ངོ་ཚོས་མྱོང་བས་གྲུབ་པ་དག་རེད།
འཁོར་ཡུག་དཔལ་འབྱོར་ལས་གཞན་ལ་རིན་ཐང་མེད་པའི་གནས་སུ། ཇི་ལྟར་བསམས་ཀྱང་། ཁག་པོ་ཞིག་ཀྱང་མཆིས།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུང་པ་ནི་དངོས་གནས་སེམས་ཅན་ལ་ཕན་ཐོག་པ་སྲིད་དོན་དང་མ་འབྲེལ་བ་རེད་
དེ་ལ་ཚང་མའི་ཡིད་ཆོས་བྱེད་ཆོག་པ་དང་ཁོང་གིས་བཀའ་ལ་ཉན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་།
ཆོས་སྤེལ་ན་ཕན་པ་ཡོད་ནི་སྤོར།། དེ་མིན་ན་ཁ་རྐུབ་བཙུམ་ནས་སྡོད།
ཆོས་སྤེལ་ན་འབུལ་བ་མེད་ནི་སྤོར།། དེ་མིན་ན་ཁ་ལྟོ་འཚོལ་དུ་སོང་།།
ཆོས་སྤེལ་ན་རྟོགས་པ་ཡོད་པས་སྤོར། དེ་མིན་ན་རྫུན་ཁུག་ཁ་མ་ཕྱེ།།
ཆོས་སྤེལ་ན་ཆོས་བ་ངོ་མས་སྤོར།། དེ་མིན་ན་མ་སྤེལ་དྲིན་ཆེན་ཚོ།།
༼ཡིན་ན་ཡང་དེང་སང་རང་དོན་གཙོ་བོ་དང་། གཞན་དོན་རྗེས་སུ་ལུས་བཅུག་པ་དང་། རང་དོན་དེ་ཡང་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་ལས་ཁོ་ནར་ཤོར་བསྡད་པ་ནི་ངོ་ཚོས་མྱོང་བས་གྲུབ་པ་དག་རེད༽ འདི་ཁྱོད་རང་གི་རང་རྣམ་དྲོད་རླང་འཐོལ་ལེ་བ་ཞིག་རེད་འདུག་དྲན།
རྫ་ཚེ་ལགས། ཉིད་ཀྱིས་སྐྱོན་སྤོང་མཛད་འདུག་ཅིང་ངེད་ཅག་གིས་རྫུན་བཤད་པར་བཤད་མོད། ༼ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར༽ ཚིག་དུམ་འདིས་རྫུན་རྐུབ་བརྟོལ་འདུག་པ། འདིའི་ནང་ཁོ་ན་ཞེས་པས་བཅད་བྱ་ཅི་ཡོད་གསལ་བཤད་གནང་གྲོགས།
Gonpo ལགས། གང་ལྟར་བོད་དང་ཞང་ཞུང་གཅིག་ནི་རེད་མིན་འདུག་ག བྱས་དུས་ཞང་ཞུང་རིང་ལུགས་བོད་ལ་སྤེལ་ཟེར་བར་གནོད་པ་ཅང་མ་མཐོང་། གལ་ཏེ་བོད་དང་ཞང་ཞུང་གཅིག་པ་ཡིན་ན་བོད་ཀྱི་རིང་ལུགས་བོད་ལ་སྤེལ་ཟེར་བའི་དོན་དུ་འགྱུར་བས་ཁྱེད་ཐུགས་བོན་སྐུ་ལས་གཡོས་ནས་ཁྲོ་བོར་གྱུར་དོན་ཅི་ཡིན།
ཀརྨ་བསྐལ་བཟང་ཟེར་མཁན་དེ་ནག་འབུར་རེ་སླེབས་བྱུང་ང་། ༧གོང་ས་མཆོག་ལ་ཟུར་ཟ་ཡོད་ཡོད་པ་རེད།
ཐུགས་རྗེས་གཟིགས། “བོད་བརྒྱུད་ནང་བསྟན་”ཞེས་པའི་ཚིག་འདི་བེད་སྤྱོད་མ་གནང་རོགས།
བོད་ནང་ན་བོད་མི་མང་པོའི་གོམས་གཤིས་སམ་དད་པ་ཙམ་ལས་ནང་ཆོས་དེ་ཙམ་མི་ཤེས་ཞིང་ཡི་ཤིའི་ཆོས་སྤེལ་མཁན་ཚོས་ཐབས་ལམ་འདྲ་མིན་རྒྱུད་དེ་བོད་ནང་ཡི་ཤིའི་སྤེལ་ཀྱི་ཡོད་ཅིང་། ཐབས་ལམ་དེ་ཡང་དངུལ་དང་། བརྙན་འཕྲིན་། སྨན་ཁང་། དགེ་རྒན་། ཚོང་སོགས་ཀྱི་ལམ་ནས་སྤེལ་ཀྱི་ཡོད་པ་དེའི་སྐོར་ལ་བོད་རྒྱུད་ནང་བསྟན་བགྲོད་གླེང་སྐབས་གླེང་མོལ་འདྲ་བྱས་ཡོད་དམ་། ངས་ལྟས་ན་དེ་ཡི་བསྐོར་གླེང་རྒྱུ་ནི་གལ་ཆེན་པོ་རེད་བསམ་། རྒྱུ་མཚན་ནི་རྒྱས་ཆབ་སྲིད་ལམ་ནས་བོད་རིག་གཞུང་མེད་པ་བྱེད་འུ་ཐུབ་ལྟས་ཡི་ཤུ་བས་ཆོས་བོད་ནང་དར་ཁྱབ་རྒྱ་ཆེན་པོ་སོང་བ་ཡིན་ན་མཐའ་མ་བོད་རང་ཉིད་ལ་གང་ཡང་མེད་མར་འགྱུར་ངེས་སྙམ་།
དབྱིག་གཉེན་བླ་མ་དེས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
ལུང་དང་རྟོགས་པའི་བདག་ཉིད་དོ།།
དེ་འཛིན་བྱེད་པ་སྨྲ་བྱེད་དང་།།
སྒྲུབ་པར་བྱེད་པ་ཁོ་ནའོ།། ཞེས་བསྟན་པ་ཟེར་བ་ལུང་རྟོགས་གཉིས་སུ་ཁ་ཚོན་བཅད། དེ་ལ་སྲི་ཞུའམ་བཀུར་བསྟི་དེ་སྨྲ་བ་དང་སྒྲུབ་པ་གཉིས་སུ་ཁ་ཚོད་བཅད་སོང་། དེ་རིང་བསྟན་པའི་སྲི་ཞུར་སྤེལ་བ་ཁོ་ན་ཡིན་ཟེར་ངར་ངར་བྱེད་ཀི། བཤད་སྒྲུབ་མ་ཡིན་པར་ཆོས་སྤེལ་བ་ཁོ་ན་བསྟན་པའི་སྲི་ཞུ་ཟེར་ན་དབྱིན་གཉེན་གྱི་གསུང་དེ་དང་འགལ་བ་རེད། དེ་དང་འགལ་ན་སུ་ཡིན་ནའང་འགལ་བ་རེད། ༧གོང་ས་མཆོག་འགལ་ནའང་འགལ་བ་རང་རེད། ཡང་ ༧གོང་ས་མཆོག་གིས་གསུངས་པའི་ཕྱིར་ཟེར་བ་ནག་ཁུང་དང་རྨོངས་དད་རེད་ཟེར་བཞིན་དུ་ཆོས་སྤེལ་དགོས་ཏེ་༧གོང་ས་མཆོག་གིས་གསུངས་པའི་ཕྱིར་ཞེས་རྟགས་གཡག་ལས་ཆེ་ཙམ་ཞིག་བཀོད་སོང་། ད་གང་ཤེས།
གང་ལྟར་ཆོས་སྤེལ་རིང་ལུགས་པ་དང་། ཆོས་བསྒྱུར་རིང་ལུགས་པར་ངོ་རྒོལ་ཡོད།
དྲ་གྲོགས་བན་དེ་པ་ལགས་ལ་སླར་ཡང་གསོལ་བ། ཕྲན་ལ་ད་དུང་ཡི་གེ་འཕྲོད་མི་འདུག lhakbsam@yahoo.cn འདི་ཕྱོགས་ལ་སྐབས་རེར་ཡི་གེ་མི་འཕྲོད་པའང་ལན་ཅིག་མིན། ཡང་སྐྱར་སྐུ་་ངལ་འཛེམ་མེད་ཀྱིས་གློག་རྡུལ་ཡིག་ཟམ་འདི་གཉིས་ལ་སྐུར་རོགས་ཞུ། wiseowl@163.com ཕྱག་ལས་ཆེ་སྒང་ལ་ཐུགས་སུན་བཟོས་པར་དགོངས་འགལ་མེད་པར་ཞུ་རྒྱུ་བཅས། དྲི་མེད་པས་གུས་འདུད་བཅས།
སྤྱིར་ནང་ཆོས་སྤེལ་བ་ནི་ལེགས་མོད། འོན་ཀྱང་ནང་ཆོས་སྤེལ་བ་ལ་ཁ་གཡར་ནས་ཆོས་ལུགས་མ་སྤེལ་གྲོགས། ངས་བལྟས་ན་ཚོགས་པ་དེས་ཆོས་ལུགས་སྤེལ་རྒྱུར་གཙོ་བོར་འདོན་གྱི་ཡོད་པ་འདྲ། ཆོས་ལུགས་ཟེར་ཚར་ནས་རྙོག་དྲའི་གཞི་ཞིག་རེད་འདུག། མེ་དཀར་ལགས་ཀྱིས་ཀྱང་ཆོས་སྤེལ་བ་ལ་དགག་པ་མ་རྒྱབ་རོགས། དགག་པ་རྒྱབ་ན་ཆོས་ལུགས་སྤེལ་བར་རྒྱབ་རོགས།
ངས་ལྟས་ན་ནང་བ་མ་ཡིན་པའི་ཡུལ་ཞིག་ནང་ཆོས་སྤེལ་འུ་ཐུབ་ལྟ་བ་ལས་བོད་ཡུལ་ན་ཆོས་ཉམས་ཀྱིན་ཡོད་པ་དེར་བླ་སྤྲུལ་ཚོས་འགན་འཁུར་ནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་ན་དེ་ནི་རྣམ་པ་ཚོས་འགན་འཁུར་བ་ལས་ཆོས་སྤེལ་རང་ལུགས་བ་མ་རེད་སྙམ་།
ལར་ངས་དཀྱོགས་བཤད་བྱས་འདུག་ཟེར་ས་དེ་མེ་དཀར་ལ་དམིགས་ཀྱིས་མིན་ཡང་དེ་ཁྱད་པར་མི་འདུག བསྟན་པ་འཛིན་པར་བྱེད་པ་དང་སྲི་ཞུ་བྱེད་པ་གཉིས་བརྗོད་པ་ཚིག་གི་བབ་ནི་མི་འདྲ་བ་ཡིན། འཛིན་པ་ནི་རང་ཉིད་ཀྱིས་ལག་ལེན་དུ་བྱེད་པའི་ཆ་རེད། སྲི་ཞུ་ནི་བོད་བརྒྱ་ཚིག་མཛོད་ཆེན་མོ་ལས། ༽སྲི་ཞུ། བཀུར་སྟི་དང་ཞབས་འདེགས། ༽ཞེས་གསུངས་པ་དེ་རེད། འོན་ཀྱང་དབྱིག་གཉེན་གྱི་གསུངས་པ་དག་ནི་མཁན་ཆེན་གྱི་གསུང་གི་སྒྲུབ་བྱེད་རི་འདྲ་བ་དེ་རེད། ཁོང་གིས་བསྟན་པ་སྤེལ་བ་གལ་ཆེ་བར་གསུངས་པ་ལྟར་མངོན་ལ་ལས་ཀྱང་བསྟན་པ་མེད་པའི་ཕྱོགས་སུ་མཆོད་རྟེན་བཞེས་བ་ནི་རྒྱུན་མི་འཆད་པར་འཕེལ་བའི་ཁྱད་པར་གྱི་དགེ་བའི་བྱེ་བྲག་ཏུ་ནན་བརྗོད་གནང་བ་དང་། ཁོང་གིས་བསྟན་པ་ལུང་རྟོགས་གཉིས་དང་དེ་འཛིན་པ་བཤད་སྒྲུབ་གཉིས་ཡིན་གསུངས་པ་ནི་མཁན་པོ་ཚང་གིས་ཐོས་བསམ་སྒོམ་གསུམ་གྱིས་འཛིན་དགོས་གསུངས་པ་གནད་གཅིག
ལར་བསྟན་པ་ཚུལ་བཞིན་དུ་སྤེལ་དགོས་པ་དང་སྤེལ་མཁན་ལ་ཆ་རྐྱེན་ལེགས་པོ་ཚང་དགོས་པ་སོགས་ནི་དེ་དེ་བཞིན་ལགས་མོད། གལ་ཏེ་མ་སྤེལ་ན་བསྟན་པ་ཇི་ལྟར་འཛིན།་རིམ་གྱིས་བསྟན་པའི་རྗེས་སུ་འཇུག་པ་ཉུང་བར་གྱུར་བསྟན་པ་གཅེས་པའི་བློ་ཅན་དག་ཀྱང་ཉུང་བར་གྱུར་ཏེ། ཐ་ན་བསྟན་པའི་རྗེས་སུ་འཇུག་པར་རློམ་པ་དག་གིས་ཀྱང་དབྱེ་བསལ་མེད་པར་༼དམ་པའི་ཆོས་རིན་པོ་ཆེ་སྤེལ་བ་ལ་ངོ་རྒོལ་ཡོད་༽ཅེས་མངོན་འཐོན་དུ་སྨྲ་ན། དབྱིག་གཉེན་གྱིས་སླར་ཡང་། ཀྱེ་མ་དེང་སང་ཐུབ་པའི་བསྟན་པ་ཡང་། སོགས་ཀྱི་སྡུག་སྨྲེ་འདོན་ངེས་པ་ཅན་རེད།
གནའ་སྔ་མོ་རྒྱ་གར་བས་ནང་ཆོས་བོད་ལ་སྤེལ་བའི་དབང་གིས་བོད་ཀྱི་ལོ་རྒྱུས་ཐོག་རྐྱེན་ངན་གོད་ཆགས་སྣ་ཚོགས་བཟོས་ཡོད། ད་ཆ་བོད་པས་བོད་བརྒྱུད་ནང་བསྟན་གཞན་ལ་སྤེལ་ཐབས་བྱེད་ཅིང་། བར་དེ་ནས་ཡེ་ཤུ་བ་འགས་ཡེ་ཤུའི་ཆོས་དེ་བོད་ལ་སྤེལ་རྒྱུར་བྲེལ་མོད། དོན་དངོས་ཐོག་ཆོས་ལུགས་སོ་སོས་རང་གི་སྟོབས་འབྱོར་མངའ་ཐང་རྒྱ་བསྐྱེད་ཐབས་ལ་འབད་པ་ཙམ་རེད། ཚང་མས་ཁ་ནས་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་ཡིན་ཚུལ་སྒྲོག་མོད། དོན་དངོས་ཐོག་ཡོད་ཚད་ཀྱི་ཡོད་ཚད་རང་ལྟ་མཆོག་འཛིན་དང་རང་རྒྱལ་གཞན་ཕམ་ཟེར་བ་འདི་ལས་མ་འདས་སོ།
བདག་སོགས་དེངས་ནས་འགྲོ་བ་ཇི་སྲིད་དུ། །
བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པར། །
མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །
རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པ། །
བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འཇམ་མགོན་མི་ཕམ་རིན་པོ་ཆེས་སོ།
ནང་ཆོས་མེད་སའི་གཞན་གྱི་ལུང་པར་ནང་ཆོས་དར་སྤེལ་གཏོང་ཐབས་ལས་སྔར་ནང་ཆོས་ཕ་ས་བུ་ས་ཡོད་ས་དེ་ཚོར་བདག་སྐྱོང་བྱས་ན་མི་ལེགས་སམ། ནང་ཆོས་དར་སྤེལ་གཏོང་རྒྱུའི་གྲོས་འཆར་རྫིག་པོ་དེ་འདྲ་ཡང་སེ་བྱས་ན་ཉིན་ཅིག་ལྷོ་རྒྱུད་ནང་པས་ཏག་ཏག་བཟོས་ཡོང། རྒྱ་གར་བྱང་ཕྱོགས་གར་ཤ་ནི་སྔར་ཞང་ཞང་གི་ཡུལ་ཁམས་བོན་པོ་ཡིན་ཅིང་དེ་རྗེས་རྒྱ་གར་ནས་ཡོང་བའི་བོད་རྒྱུད་ནང་ཆོས་དར་མོད། ལོ་ངོ་བཅོ་ལྔའི་གོང་དུ་རྒྱ་གར་གྱི་ས་དྷུའམ་ཨ་ཅརྱ་ཞིག་དེར་སླེབས་ཏེ་ནང་པའི་སྐུ་གསུང་ཐུགས་རྟེན་རྣམས་ཆུ་ལ་སྐྱུར་ཏེ་ཧིན་དྷུར་བསྒྱུར་བ་ཾཁྱེད་ཚོས་ལོས་མཁྱེན་དེ་ཚོ་བདག་པོ་རྒྱ་་དགོས།
དྲི་མེད་ལྷག་བསམ་ལགས་འོ་དགོངས་དག་ངས་མི་གཞན་གྱི་I phone བརྒྱུད་དེ་བཏང་མོད་ཾཁྱེད་ལ་འབྱོར་མེད་པ་འདྲ་སླར་ཡང་ད་ལྟ་ངས་གཏོང་གི་ཡིན་གཟིགས་རོགས་གནང། གལ་སྲིད་ཁྱེད་ཀྱི་གཞུགས་གནས་ཀྱི་ཁ་བྱང་སྐུར་འདོད་ཡོད་ན་ངས་དེབ་དེ་ཆ་ཚང་པར་བཤུས་བྱས་ཏེ་སྐུར་ནའང་འགྲིག་འོན་ཀྱང་ཐོག་མར་ངས་ཨི་མེལ་བརྒྱུད་ནས་བསྐུར་ཡོང།
ཆོས་ལུགས་པས་ཆོས་ཀྱི་ལྟ་གྲུབ་སྤེལ་ཚུལ་དང་སྲིད་དོན་པས་སྲིད་ཀྱི་ལྟ་གྲུབ་སྤེལ་ཚུལ་གཉིས་སྐབས་ཐོབ་ཀྱི་ཐབས་ལམ་འདྲ་མིན་ཙམ་ལས་ཁྱད་པར་ཅང་མཐོང་སྟེ། ཟམ་གདོང་བླ་མས་ནང་བསྟན་མི་ཉམས་པར་སྲུང་ཐུབ་ན་བོད་མི་རིགས་རྩ་མེད་ཕྱིན་ཀྱང་རུང་བའི་འདོད་ཚུལ་དེ་དང་མོའོ་ཙི་ཏུང་གིས་དམར་པོའི་རིང་ལུགས་དར་སྤེལ་ཐུབ་ན་རྒྱ་མི་རིགས་རྩ་མེད་ཕྱིན་ཀྱང་འགྲིག་པའི་འདོད་ཚུལ་འདི་གཉིས་ཆུ་ལ་ཆུ་དང་མར་ལ་མར་བཞག་པ་བཞིན་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་མཐོང་ངོ་།
རྫ་ཚེ་ལགས། གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ་གསུངས་བ་བཞིན་ལྷོད་ལྷོད་བྱས་ནས་བཞུགས་ན་ལགས། མ་གཏོགས་གོང་གི་དྲ་འབུ་ནག་པོ། ཁ་གད་སྙིགས་བླུག་སྣོད་ལས་གཙོག་པ། ཁོག་དུག་སྣོད་ལས་འཇིག་པའི་མི་འདི་ཚོ་ལ་དག་གསལ་དགོས་དོན་རྩ་བ་ཉིད་ནས་མེད་པ་རེད།
བོན་པོ་ལགས་ཀྱིས། (ཕར་སྦྱིན་རྒྱུ་རྐྱང་རྐྱང་མ་གཏོགས་ཚུར་ལེན་རྒྱུ་ཟེར་ན་སྣ་ཁ་གཅིག་རྐྱང་བྱུང་མྱོང་མེད་བ། ད་སྨྲ་བ་ཉུང་ན་དགའ། །)འདི་རྣ་བས་གོ་བ་ཐོག་མ་མིན། བོད་ནང་ཁུལ་གྱི་ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་ཕྲན་ལ་འདི་ལྟར་བཤད་མྱོང་། ནང་ཆོས་བོད་དུ་དར་བ་ནས་བཟུང་སྟེ་ཁ་རྗེ་དབང་ཐང་ཚང་མ་གཞན་ལ་སྦྱིན་པ་བཏང་བ་རེད་ཟེར། འདི་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ལ་མཚོན་ན་གཟི་བརྗིད་རེད། མི་བུ་དཀྱུས་མ་ཞིག་ལ་མཚོན་ན་ཕམ་ཁ་རེད། གཉིས་ཀའི་ལྟ་བར་རིན་ཐང་ཡོད་པ་རེད་སྙམ།འོན་ཀྱང་ནང་ཆོས་ནས་གཏོང་པ་ཆུང་ངུ་ནས་བློ་རིམ་གྱིས་སྦྱོང་ཚུལ་བྱང་ཆུབ་སེམས་སྡོམ་དུ་བཤད་པ་ལྟར། གང་ཟག་ཐ་མལ་བ་ཞིག་གིས་ཐོག་མ་ཉིད་ནས་གཞན་དོན་ཁོ་ན་ཞིག་ཡོང་ཐབས་མེད་པས། བདག་གཞན་མཉམ་པའི་དོན་ལ་བསམ་བློ་གཏོང་རྒྱུ་དང་། མི་ནུས་པའི་རིམ་པ་མ་འོངས་པར་ནུས་པ་ཚད་ལྡན་ཡོད་དུས་བྱེད་པར་དམ་བཅའ་བ་འདིའང་བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ་རེད། དེས་ན་སོ་སོའི་ནུས་སྟོབས་དང་བསྟུན་ནས་གཞན་ལ་ཕན་ཅི་ཐོག་བྱེད་རྒྱུ་ལས།བདག་མེད་ཀྱི་ལྟ་བ་རྒྱུད་ལ་མ་སྐྱེས་བར་སངས་རྒྱས་ཀྱི་བསྟན་ལ་འབའ་ཞིག་དང་། ཆོས་གཤའ་མ་ཞིག་དགོས་ཅེས་ཁ་ཕོ་འཐེན་སླ་ཡང་བྱེད་དཀའ་བ་ཞིག་རེད། དེ་བཞིན་ཀུན་སློང་ཡག་སྡུག་ཟེར་བ་དེའང་ལྐོག་གྱུར་ཞིག་རེད། བཀའ་རྙིང་གི་གྲྭ་བ་ཁ་ཤས་ཀྱི་ངག་ལ་རྒྱུགས་ཆེ་བ་ཆོས་པ་ཡག་པོ་ཞིག་ཟེར་དུས། ཟད་བསྒོམ། མེད་བཟླས། སྤྲང་པོའི་བརྟུལ་ཞུགས་ཅན་ལ་གོ་བ་དང་། བསྟན་པ་བཙུག་ཟེར་དུས་སྐུ་ཆེ། འཁོར་མང་། རྔ་རོལ་རྒྱས་སྤྲོས་ཅན་ལ་གོ་བ་ཡང་ཡོད། དེ་ཡང་ཡག་པོ་ཡིན་མཆི། ཕྲན་ལྟ་བུས་ནི་དཔྱད་པ་བྱེད་དཀའ་བས་ལེགས་ཉེས་ཞུ་མི་ཤེས་ཀྱང་། བྱང་ཆུབ་སེམས་དཔའི་ས་ལམ་ལ་རྒྱུས་ཅུང་ཟད་ཡོད་ན་དེ་འདྲའི་གུ་དོག་པ་ཞིག་ཀྱང་ཨེ་ཡིན་སྙམ། གང་ལྟར་ཡང་མེད་དང་། མི་ཤེས། མི་འགྲིགས། མ་བྱེད་ཅེས་དགག་ཕྱོགས་ཁོ་ན་ནས་བསམ་བློ་བཏང་ན་བྱ་བ་དང་བསམ་བློ་ཡར་རྒྱས་ནམ་ཡང་འགྲོ་མི་ནུས་པ་ཞུ་ཆོག་པ་དང་། དེ་ལས་སྐྱོན་གྱི་རྣམ་པ་ཐམས་ཅད་སངས་རྒྱས་བྱོན་ཀྱང་ཉིན་གཅིག་ལ་སྒྱུར་མི་ཐུབ་མོད། གང་ནུས་གྱིས་ཕན་ཚུན་ལ་སློབ་གསོ་དང་། བགྲོ་གླེང་བྱས། ཡང་ཡང་དྲན་གསོ་ཐེབས་པར་བྱས་ན། སྐྱོན་ཇེ་ཉུང་དང་། ཇེ་ལེགས་སུ་འགྲོ་བས། ནང་ཆོས་དང་རིག་གཞུང་བསྒྲོ་གླེང་སོགས་དང་པོ་ནས་གྲ་འགྲིགས་པ་དང་། འཐུས་སྒོ་ཚང་བ་ཞིག་དཀའ་ཡང་། བདག་ཉིད་བརྙེས་པའི་ལེ་ལོའི་དབང་དུ་མི་གཏོང་བར། རྒྱུན་བསྐྱངས་ན་ཡར་རྒྱུས་འགྲོ་བར་ངེས། རྣམ་པ་ཚོས་དཀའ་ལས་བསྐྱོན་པ་ལ་ཐུགས་རྗེ་ཆེ་ཞུ།
ཐོབ་ཤོར་ཡོངས་རྒྱུ་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད་འདུག་པས། བོད་ཡུལ་ཡེ་ཤུ་ལ་ཤོར་ནའང་འགྱོད་རྒྱུ་ཅུང་ཟད་ཀྱང་མི་འདུག་ལ། ཕྱི་གླིང་ནང་པ་རུ་འགྱུར་ཀྱང་ཡ་མཚན་སྐྱེ་དགོས་དོན་མི་འདུག་སྙམ་གྱིན་འདུག
བླ་མ་ཚད་ལྡན་ཕལ་ཆེར་བ་དགོངས་པ་གཞན་དུ་གཤེགས་རྗེས་ད་ལྟ་ཐེ་ཝན་བ་ལ་ཡོད་པའི་སྤྲུལ་སྐུ་མཁན་པོ། དགེ་བཤེས་སློབ་དཔོན། བླ་མ་གྲྭ་པ་ཡོད་ཚད་དངུལ་ཁོ་ནའི་ཆེད་དུ་རེད་མ་གཏོགས་བསྟན་པ་སྤེལ་བ་དང་འཛིན་མཁན་མེད་ཟེར་ན་ཆོག བདེན་པ་ཡིན་མིན་ཐེ་ཝན་ལ་ཡོད་མཁན་སོ་སོའི་སེམས་ནང་གསལ་ཐག་ཆོད་རེད། མདོར་ན་ཐེ་ཝན་ལ་ཆོས་བཤད་པ་ཡིན་ནའང་རེད། གོང་དུ་བཤད་པ་ནང་བཞིན་ཚོགས་འདུ་དང་བགྲོ་གླེང་ཡིན་ནའང་རེད་དངུལ་གྱི་ཆེད་དུ་རེད།
དྲི་མེད་ལྷག་བསམ་ལགས་སླར་ཡང་ད་ལྟ་ངས་ཁྱེད་ལ་མཁོ་བའི་དབུ་ནག་མིའུ་འདྲ་ཆགས་ཞེས་པ་དེ་མི་གཞན་ཞིག་གི་སྐད་སྐར་བརྒྱུད་ནས་བཏང་ཡིན། གཅིག་གཟིགས་རོགས་དེ་མིན་ན་ཁྱེད་ཀྱི་མགྱོགས་འཕྲིན་ཁ་བྱང་དེ་ལས་ཀ་མི་བྱེད་པ་འདྲ།
མཚོ་སྐྱེས་རྒྱལ་བ་པ་རྣམས་ལ། མཚོ་སྐྱེས་བསྟན་པ དེ་རྒྱས དགོས། བཀའ་བརྒྱུད་བསྟན་འཛིན་གྱི་ཚོགས་ལ། བསྒྲུབ་བརྒྱུད་བསྟན་པ་ཉིད་རྒྱས་དགོས། བརྩེ་ཆེན་ས་སྐྱ་བ་རྣམས་ལ། བརྩེ་ཆེན་རང་ལུགས་དེ་དར་དགོས། རི་བོ་དགེ་ལུགས་པ་རྣམས་ལ། ་བློ་བཟང་རྒྱལ་བསྟན་རང་རྒྱས་དགོས། ཡེ་ཤུའི་གནམ་བདག་གི་ཆོས་པས། གཙོ་བོའི་ཞལ་ཆེམས་དེ་སྒྲོགས་དགོས། དགོས་པ་སྟོང་ཕྲག་དང་ཁྲིཕྲག ཐབས་དང་ཤེས་རབ་ལ་བསྟེན་དགོས། ཕན་ཚུན་འགྲན་རྩོད་ཀྱི་ཁྲོད་ནས། གཅེས་པའི་ལུས་སྲོག་ཀྱང་གཏོང་དགོས།
མཁན་རྫ་ཚེ་ལགས་བཀའ་དྲིན་ཆེ་ཞུ་།ཡང་དྲ་འབུ་ནག་པོ་ཁ་ཤས་ཁོང་ཁྲོ་མེ་ལྟར་འབར་གི་ཡོད་ས་རེད་།རང་གིས་གང་ཡང་མ་འཇོན་པ་།གཞན་ཀྱིས་གྲུབ་མཐར་ཀྱི་བླ་སྤྲུལ་མཁན་ཆེན་སོགས་ལ་ཟུར་ཟ་དང་ཕྲག་དོག་བྱེད་ནས་།སྡིག་པ་བསག་རོགས་མ་ཏོག་གང་ཡང་ཐུབ་ཀྱི་མ་རེད་དྲ་འབུ་མགོ་ནག་ཚོ་་་་།ཚེ་འདི་ལ་དྲ་འབུ་ཁྱོད་ཚོའི་ཁོང་རྣམ་པ་ལ་གང་ཡང་ཐུབ་ཀྱི་མ་རེད་།མཐར་མཁན་ཆེན་ཚུལ་ཁྲིམས་བློས་གྲོས་མཆོག་སྐུ་ཚེ་བརྟེན་པ་སྨོན་།
བསྟན་པ་ལ་བཤད་སྒྲུབ་ཀྱི་སྲི་ཞུ་མིན་པར་ཆོས་སྤེལ་བ་ཁོ་ན་སྲི་ཞུར་རློམ་པ་དག་ལ་ནི། དབྱིག་གཉེན་གྱིས། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་ཐུགས་མུག་པར་འདོན་མི་ཟའོ།།
བོད་རྒྱུད་ནང་བསྟན་དེ་ཁྱེད་རྣམ་པ་ཚོས་ཚོང་རྫས་མ་བྱེད་རོགས་ཞུ་རྣམ་ཚོ་འཇོན་པོ་དང་བོད་ཞེན་ཡོད་ན་ང་ཚོ་བོད་པ་ཚང་ལ་དགོས་པའི་ལས་དེ་ད་ལྟའི་གཞོན་སྐྱེས་རྣམས་ལ་དིང་དུས་རབས་ཉེར་གཅིག་པའི་ནང་དིང་གི་མཚན་རྩལ་གྱི་ཤེས་ཡོན་ལ་རྗེས་སུ་མི་ལུས་ཐབས་དིང་གི་ཤེས་ཡོན་དང་མཐུན་པའི་ཤེས་ཀྱི་གོ་སྐབས་སྤྲོད་ཐབས་ལ་ཁྱེད་རྣམ་པས་ནུས་ཤུགས་འདོནརོགས་ཞུ་རྒྱུ་ཡིན།
བདག་མེད་པས་ཁ་བདག་པོ་རྒྱག་ནས། ནང་པ་དང་བོད་པ། ནང་ཆོས་དང་བོད་བཅས་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད་པ་ཤེས་པར་གྱིས།
ཁོ་ཚོས་དམིགས་ཡུལ་བོད་ལ་ཕན་བདེ་བསྐུན་ཐབས་མ་རེད་དམ་ཤོད་དང་མེ་ཏོག་དཀར་པོ་ལགས།
མེ་ཏོག་དཀར་པོ་ཁྱོད་ལྟ་བུའི་དམིགས་ཡུལ་ངན་པའི་ཕུང་ཀྲོལ་བྱེད་མཁན་གྱི་དྲ་འབུ་ཡིན་རྒྱུ་་མ་རེད།
ནང་ཆོས་དར་སྤེལ་བྱེད་ཐུབ་ན་ལེགས། དེ་ལ་ངའི་ངོས་སྐྱོན་མཐོང་གི་མིན་འདུག ལྟོས་དང་ཡེ་ཤུ་དང་ཁ་ཆེ་ཚོས་ཁོ་རང་ཚོས་ཆོས་སྤེལ་ཐབས་གང་འདྲ་བྱེད་ཀྱི་འདུག ནང་པ་ཡང་དེ་དང་གཅིག་མཚུངས་ཀྱི་འགྲན་བསྡུར་བྱེད་དགོས། དེ་མིན་དེ་སྔ་ནང་པ་འཕོན་ཆེན་ཡོད་ས་ ཨབ་གྷན་དང་། པཀིསྟན། ཨིན་ཌུ་ནེ་ཤེ་ཡ་སོགས་ཉམས་དམས་སུ་འགྲོ་ཡོད། ཡིན་ནའང་ང་ཚོའི་ངོས་ནསམགོ་བསྐོར་བསླུ་འཁྲིད་དང་བཙན་དབང་གི་ཆོས་བསྒྱུར་ཟེར་གྱི་མེད།
ཁ་བཤད་ཆུ་ཡི་ལྦུ་བ།།
ལག་་ལེན་གསེར་གྱི་ཐིག་པ།།
བོད་བརྒྱུད་ནང་བསྟན་འཛིན་པའི།།
ཁྱད་ཆོས་བླ་མེད་ཡིན་ནོ།།
སྤྱིར་ནང་པ་སངས་རྒྱས་པའི་ཆོས་འདི་གནས་ལུགས་དང་ཉེ་ཞིང་དེང་དུས་སྙན་གྲགས་ཀྱི་བ་དན་ཆེ་ཆེར་གཡོ་བའི་མཚན་རིག་པ་དང་མཐུན་པར་བློ་ཕྱོགས་སུ་མ་ལྷུང་བའི་མཁས་དབང་དག་གིས་དོ་སྣང་ཆེ་ཆེར་བྱེད་ཀྱི་ཡོད་ཀྱང་ད་དུང་ཡང་མཚན་རིག་པ་དང་ལྷན་དུ་དཔུང་པ་མཉམ་ཤིབ་ཀྱིས་ངང་འགྲོ་མ་ཐུབ་པར་ང་ཚོའི་ནང་ཆོས་འདི་འདི་ལྟར་རྗེས་ལུས་ཐེབས་པ་ཅི་ཞིག་རེད།། གཅིག་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོར་ལྟ་བརྒྱ་ཐོས་བརྒྱ་མེད་པའི་ཀླད་པ་སྟོང་པ་འདིས་ང་ཚོ་འདི་ལྟར་རྗེས་སུ་ལུས་བཅུག་པ་རེད།། གཉིས་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོས་སྤྱི་ཕན་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས་རེད།། གསུམ་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོར་རྡོག་རྩ་གཅིག་སྒྲིལ་མེད་པར་ཆོས་ལུགས་ཀྱི་འཐེན་འཁྱེར་དབང་གིས་རེད།། རྙིང་མ་བས་ཕྱོགས་ནས་རྙིང་མ་ཡག་རབ་དང་།། དགེ་ལུགས་པའི་ཕྱོགས་ནས་དགེ་ལུགས་པ་ཡག་རབ་དང་།།
བཀའ་བརྒྱུད་པའི་ཕྱོགས་ནས་བཀའ་བརྒྱུད་པ་ཡག་རབ་དང་།། ས་སྐྱ་པའི་ཕྱོགས་ནས་ས་སྐྱ་ཡབ་རབ་སོགས་ཆོས་ལུགས་སོ་སོའི་ཁོངས་སུ་འབངས་མི་སེར་ཇེ་ཙམ་བསྡུ་རུབ་བྱེད་ཐུབ་པའི་ལས་ཁོ་ནར་གཉེར་ནས་ད་བར་ང་ཚོ་ནང་བ་སངས་རྒྱས་པའི་བསྟན་པ་འདི་རྗེས་ལུས་ཐེབས་པ་ཤེས་དགོས།། །།
ཆོས་ལུགས་རིས་མེད་ཀྱི་ཚོགས་པ་བཙུགས་ནས་བོད་རྒྱུད་ནང་བསྟན་དར་སྤེལ་གཏོང་བར་བསམ་ཚུལ་གཉིས་ཡོང་གི་འདུག
གཅིག། བོད་རྒྱུད་ནང་བསྟན་པ་ཚོ་ཕན་ཚུལ་འབྲེལ་བ་དམ་ཟབ་ཏུ་འགྲོ་བ་དང་། ལངས་ཕྱོགས་ལ་ཆིག་སྒྲིལ་ཡོང་བར་ཕན་པས་འདི་ཡག་པོ་རེད་སྙམས།
གཉིས། ཡང་བསམ་ཚུལ་ལ། ཐེ་ཝན་ལ་ཁོ་རང་ཚོར་ཆོས་ལུགས་མང་ཐག་ཆོད་གཅིག་འདུག་པས། དེའི་སྟེང་ལ་ཚང་ནས་གཞན་གྱི་ཆོས་ལུགས་ལ་གུས་ཞབས་མེད་པ་ལྟ་བུར་གྱུར། དཔེར་ན། ང་ཚོ་བོད་ལ་ཡེ་ཤུ་དང་ཁ་ཆེ་དར་སྤེལ་ཡོང་བར་བོད་མི་མང་ཆེ་བས་མི་དགའ་མོས། འོ་ན་ཅིའི་ཕྱིར་གཞན་གྱི་ལུང་པར་ང་ཚོའི་ཆོས་སྤེལ་བར་འགྲོ་དུས་ཡེ་ཤུ་པ་ཚོ་དང་ང་ཚོ་བྱ་སྤྱོད་གཅིག་པར་གྱུར་འདུག་པས། ང་ལ་རྒན་རྫ་བཀྲིས་ཚེ་རིང་ལ་འདྲི་བ་གཅིག་ཡོད་པས་ལན་ཞིག་གནོངས་རོགས།
ངེད་ཚོའི་ཕ་ཡུལ་རྫ་ཆུ་ཁ་དང་། སྒ་ཡུལ་ཕལ་ཆེ་བ། དེ་བཞིན་འབའ་ལ་སོགས་པར་དེང་སང་ཡེ་ཤུ་ཆོས་ལུགས་དར་སྤེལ་གཏོང་མཁན་མང་པོ་ཡོང་གི་འདུག། ཁྱེད་ཀྱི་ལྟར་ན། འདི་ལ་བསམ་ཚུལ་ཅི་ཡོད།
འདི་ད། བླ་མ་དགེ་བཤེས་རྫུན་མ་ཁ་ཤས་ཤིག་གིས། ས་ཡི་རྡོ་ལེན་རོགས་པར་དུ་། རུམ་གྱི་བྲོ་བོར་ཟེར་བ་དེ་རེད། ཆབ་སྲིད་པ་ཚོས་བོད་ཡུལ་དགྲ་ལག་ལ་འཇོག་སྟངས་དང་། ཆོས་བ་མཁས་བ་ཚོས་བོད་ཡུལ་ཡུལ་ཆོས་གཞན་ལག་ལ་འཇོག་སྟངས་གཉིས་གཅིག་པ་རེད།
རྫ་ཆུ་ཁ་སོགས་ལ་ཡེ་ཤུའི་ཆོས་སྤེལ་མཁན་སླེབས་འདུག་ཟེར། དེ་འདྲ་གདའ་ཡོད་རྒྱུ་མ་རེད་ཡ། གལ་སྲིད་ཡོད་ན་སྤེལ་མཁན་བོད་པ་ཡིན་ནམ་ཕྱི་གླིང་པ་རེད། ཡང་ན་རྒྱ་མི་རེད་དམ།
བཀྲིས་ལགས། ཆོས་ལུགས་བྱེ་བྲག་པ་གཅིག་འོག་ཆོས་བརྒྱུད་གཞན་བསྡུ་བའི་ཐབས་བླ་ན་མེད་པ་ཆོས་ལུགས་རིས་མེད་ནི་གཏན་ནས་མི་དགོས་པ་ཞིག་རེད།
སྤྱིར་ཆོས་ལུགས་བྱེ་བྲག་པ་ཞིག་གིས་འོག་ཏུ་ཆོས་བརྒྱུད་བཞན་བསྡུ་ཐབས་མི་འགྲིགས་མོད། ང་ཚོའི་ཆོས་འདི་ལྟ་བ་རྟེན་ཅིང་འབྲེལ་འབྱུང་སྤྱོད་པ་འཚེ་བ་མེད་པ་བྱམས་པ་དང་སྙིང་རྗེའི་རང་བཞིན་ཅན་ཞིག་ཡིན་པས་གཞན་གྱི་ཆོས་ལུགས་ག་ལ་འདྲ།
དེ་ལྟར་ཡིན་པ་མ་ཤེས་ན་༧གོང་ས༧ཐམས་ཅད་མཁྱེན་པའི་བཀའ་སློབ་ལ་ཡང་ཡང་ཉན་ན་བཟང་ངོ་།
དྲ་འབུ་ཚོས་བཤད་པ་ལྟར་ན་བྱམས་དང་སྙིང་རྗེའི་ཆོས་གཞན་ལ་མ་སྟོན། ཕྲག་དོག་དང་ང་རྒྱལ་ཁྱད་གསོད་ལ་མཁོ་བོ་འཁོར་ཞིག་ཅེས་བསླབ་བྱ་མཛུབ་སྟོན་བྱེད་ཀྱིན་ཡོད་པ་འདྲ། འདི་འདྲའི་བསམ་བློ་སྡུག་ཆགས་ཇི་ལྟར་བྱས་ནས་སྐྱེ་ཐུབ་པ་ཡིན་ན།
ཐུགས་རྗེ་གཟིགས། ༧གོང་ས་མཆོག་གིེ་གསུངས་པའི་ཕྱིར་ཞེས་པའི་ཀོ་ལྕགས་དེ་འཕྱར་མ་ཡོངས་རོགས།
མེ་དཀར་འདི་སྐད་ཆ་ཁ་ཤས་གོ་བ་ལོག་སྒྲུབ་བྱེད་ཀྱི་འདུག
ཡིན་ཡང་ཁྱེད་སྐད་ཆ་ཁ་ཤས་ཉན་གྲོ་པོ་དང་བདེན་པ་འདུག
ང་རང་ནི་མི་ཉམས་ཆུང་ཤེས་མེད་གླེད་མེད་ཞིང་ཡིན་ཀྱང་
བོང་མི་ས་ཡ་དྲུག་པོ
རྒྱ་ནག་ལ་རྩིས་སྤྲོད་པའི་ངན་སེམས་ཁུར་མ་སོང་ལ་སྤྲོད་པའི་དབང་ཆ་ཡང་མེད་
དགོངས་པ་དང༌། དགོངས་གཞི་གང་ལ་ཡང་བསམ་བློ་མ་བཏང་བར། ༧གོང་ས་༧མཆོག་དང༌། མཁན་ཚུལ་རྣམ་སོོགས་རང་གི་གུས་རྩི་བྱེད་འོས་པའི་མི་སྣས་བཀའ་སློབ་ཁོ་ན་ལ་གཞིས་བཅོལ་མཁན་རྣམས་ནི། ཕོར་བ་འདི་གཙང་མ་ཡིན་ཏེ། ངའི་ཨ་ཕའི་ཕོར་བ་ཡིན་པའི་ཕྱིར་ཟེར་བ་དང་མཚུངས་པ་མ་ཡིན་ནམ།
དྲ་གྲོགས་ཚོར་(འབྲོད)དང་(བྲད)ཟེར་བའི་དོན་གང་ཡིན་ནམ།
དྲ་གྲོགས་དག་གི་འགྲེལ་བཤད་ཅིག་གནང་རོགས་ཞུ།
རྫ་ཆུ་ཁ་སོགས་ལ་ཡེ་ཤུའུ་ཆོས་སྤེལ་དུ་སླེབས་པ་བདེན་སྲིད། ་མཚོ་སྔོན་གྱི་ས་ཁུལ་མང་པོར་སླེབས་ཡོད་ཚོད་རེད་ལ་དེའི་སྐོར་ལ་གླེང་་ཕྱོགསཀྱང་སྣ་ཚོགས་འོངས་བཞིན་འདུག་མོད་ཡིན་ནའང་སེམས་ཁྲལ་བྱེད་དོན་ཅང་འེ་ཡོད། ཁྱོད་ཚོས་བོད་ལ་ཆོས་སྤེལ་མི་ཆོག་ཅེས་འགོག་པའི་དབང་ཚད་ནི་སུ་ལ་མེད། མི་མང་གིས་ཆོས་དེ་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་ན་དང་ལེན་བྱེད་ཆོག་པ་རེད་ལ་མ་མཐོང་ན་འདོར་ཀྱང་ཆོག་པ་རེད། ཡང་གཅིག་བཤད་ན་བོད་ལ་ནང་ཆོས་ལས་གཞན་སྤེལ་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། དེང་གི་དུས་འདིར་ཆོས་ལུགས་པ་ཚོས་དཔལ་འབྱོར་འཚོལ་སྒྲུབ་དང་མངའ་ཐང་རྒྱ་སྐྱེད་ཆེད་རང་གི་ཆོས་ལུགས་གཞན་ལ་སྤེལ་རྒྱུ་གལ་ཆེན་པོར་བརྩི་བཞིན་པ་མིན་ནམ།
བོད་ཀྱིས་ཕྱི་རྒྱལ་ལ་བོད་ཆོས་སྤེལ། ཕྱི་རྒྱལ་བས་བོད་ལ་ཕྱི་ཆོས་སྤེལ།
བྲད་དང་འབྲད།
ཟ་ཕྲུགས་ལངས་པར། སོར་མོས་བྲད་བཞིན་པ་དང་། འབྲད་ཟིན་པ་ལྟ་བུ་མིན་ནམ། དགེ་བསམ་ལགས།
བྲད་པ་ལ། ཡུལ་སྐད་དུ། བད་བད་བཏང་ཟེར།
ནང་བསྟན་ལ་ཞིབ་འཇུག་དང་དར་སྤེལ་གྱིས་བགྲོ་གླེང་གནང་བར་བསྟན་པ་སྤྱིའི་གཟི་བརྗིད་དང་བསྟན་འཛིན་རྣམ་པའི་ཕྲིན་ལས་ཡང་དག་པ་རེད། ལྷག་པར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྩལ་བའི་དཔྱད་གཞི་དེ་རིགས་བསྟན་པ་སྤྱི་ལ་སྙིང་ནས་བརྩེ་བའི་ཞལ་གདམས་དང་སྙིང་ནོར་རེད། ཡིན་ན་ཡང་ས་སྐྱ་བདག་ཆེན་སོགས་འཁོར་འཛིན་པ་དེ་ཚོས་ད་སྔོན་མི་ཚེ་གོང་བོར་དྲན་མ་མྱོང་བར་མ་ཚད་མ་སྒྲུབ་པར་ད་གཟོད་ལྷག་བསམ་ཡོད་འདོགས་བྱེད་པ་ཞབས་འདྲེན་རེད། དེ་ལ་སོགས་པའི་སྐྱབས་མགོན་དང་ཆོས་རྗེ། གོང་ས་དང་གོང་མ་མཁན་ཆེན་སྤྲུལ་སྐུ་ཟེར་བ་ཚོ་ལ་ཡང་གྲྭ་རྐྱང་ལྷག་བསམ་ཤེས་ཡོན་ཅན་ཁྱེད་ཚོས་ལྷག་བསམ་མཚུངས་པའི་བགྲོ་གླེང་དེས་བརྡ་ལན་ཡག་པོ་ཞིག་སྤྲད་ཡོད་པར་མཐོང་། འཕགས་ཡུལ་ནས་བརྒྱུད་པའི་རྒྱལ་བསྟན་ལ་བཤད་སྒྲུབ་ལུང་རྟོགས་ཀྱིས་འཛིན་སྐྱོང་སྤེལ་བར་ནི་བསྟན་འཛིན་པའི་མཚན་ཉིད་རེད། བོན་དང་ཁ་ཆེ་འདིར་མེད་པ་དགའ་སྤྲོ་ཆེ། འགའ་ཞིག་གིས་རིས་མེད་རིས་མེད་ཟེར་ནས་བོན་པོ་དང་ཁ་ཆེ། ཡེ་ཤུ་སོགས་ཐུག་ཐུག་རིག་རིག་ལ་ཕྱག་འཚལ་དེ་དག་གི་ཞྭ་མོ་གྱོན། ལུས་འཁྱུད། ཁ་སྐྱལ། དད་གུས་ཡོད་འདོགས་བྱེད་པ་ཡང་གཡོ་སྒྱུ་དང་ཁྲམ་པ་རང་རེད། དེས་བྱམས་བརྩེ་དང་ཤེས་རབ་ཀྱང་བསྲེ་ལྷག་གིས་ལད་འགྲོ་བར་མངོན་གསལ་རེད། ཤེས་འཆལ་ཟེར་བ་དེ་ཚོ་རེད། རང་ཚུགས་ཤོར་བ། རང་ཆོས་བརླགས་པ་རེད། དེ་བས་ཁྱེད་ཚོས་སངས་རྒྱས་ཡེ་ཤེས་དྲ་བའི་བཀོད་བསྒྲིགས་བཞིན་དྲང་བདེན་གྱིས་མུ་འཐུད་དུ་ཤར་བསྐྱོད་གནང་དང་ཤིན་ཏུ་བཟང་ངོ་།
ཀརྡོ་གཉེར་ཕྱག་པ་ལགས་ཐུགས་རྗེ་ཆེ།
འདི་བེ་དཀར་ན་འདུག (བྱི་ཕག་བྲད་དང་ཆུང་མས་འབྲོད)
ཟེར་བས་འདི་ལ་འགྲེལ་ག་འདྲ་བརྒྱབ་དགོས་པ་རེད།
དྲ་གྲོགས་དག་གི་འགྲེལ་བཤད་རེ་རྒྱག་རོགས་ཞུ།
ངས་ཉེ་དུས་བོད་ཀྱི་ཆོས་སྤྱོད་དང་ཐེག་ཆེན་ཆོས་སྤྱོད་ངོ་སྤྲོད་བྱེད་པ་ན། བར་མའི་དགེ་སློང་ཞིག་གིས་ཐེག་ཆེན་གྱི་་ཕྱོགས་འགའ་ཞིག་སྐྱོན་བརྗོད་བྱེད་པ་ན། ཆོས་ཀྱི་ཚིགས་སུ་བཅད་པ།
་
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།། ཚིགས་ ༧ ལེ་ ༤
་
ཞེས་པའི་འདོན་པ་བོད་སྐད་དུ་བཏོན་ནས་བཤད་པ་འགའ་རྒྱབ་པས། དགེ་སློང་སེར་པོ་དེས་་ཅང་མི་སྨྲ་བའི་བརྟུལ་ཞུགས་བཟུང་། དེ་བཞིན་འདིར་ཡང་འདྲ་མི་འདྲ་བའི་མཆན་ཡིག་འབྲི་བ་པོ་རྣམས་ལ་ཡང་ཚིགས་བཅད་འདི་དགོས་པ་མི་འདུག་གམ།
གསར་དུ་རྙེད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེ་ཐོར་བུ། ཞེས་པ་ལས།
༼ཕྱི་རོལ་བའི་ལྟ་བ་དང་། གཞུང་དང། ཨ་ཏི་པ་དང། ཚད་མ་དང་འགལ་བའི་མ་དག་པ་རྣམས་མི་སློབ༽
པདྨའི་ཞལ་དུ་ཨ་ཏི་པ་བཙན་པོས་བཀག་པ་མཆོད་པ་ཕུལ།
རིས་མེད་ལ་དགག་ན་ཀོང་སྤྲུལ་ལ་འགོག། ཀོང་སྤྲུལ་དང་པོར་བོན་པོ་ཡིན་ཅིང་སྨན་རིའི་མཁན་པོ་བསོད་ནམས་བློ་གྲོས་ལས་རབ་ཏུ་བྱུང། ཕྱིས་སུ་བཀའ་རྙིང་ཚོས་རྐུན་མ་རྐུས། བེ་རོ་ཙ་ན་དང་པོ་བོན་པོ་ཡིན་རྗེས་སུ་བན་དེས་རྐུས། བླ་ཆེན་དགོངས་པ་རབ་གསལ་བོ་་པོ་ཡིན་ཅིང་དེ་ཡི་འདུལ་རྒྱུན་བན་དེས་རྐུན་མ་རྐུས། རོང་སྟོན་ཤེས་བྱ་ཀུན་རིགས་ཀྱང་དང་པོ་བོན་པོ་ཡི་་རྗེས་སུ་བན་དེས་རྐུན་མ་རྐུས། གཙང་པ་རྒྱས་རས་དང་པོ་བོན་པོ་ཡིན་ཕྱིས་སུ་བན་དེས་རྐུན་མ་རྐུས། ཀརྨ་པ་དུའ་གསུམ་མཁྱེན་པ་དང་པོ་བོན་ཁྱིམ་དུ་འཁྲུངས་རྗེས་སུ་བན་དེས་རྐུན་མ་རྐུས། མི་ལ་རས་པ་དང་པོ་བོན་པོ་ཡིན་རྗེས་སུ་བན་དེས་རྐུན་མ་རྐུས། པཎ་ཆེན་སྐུ་འཕྲེང་གཉིས་པ་བློ་བཟང་ཡེ་ཤེས་དང་། པཎ་ཆེན་སྐུ་འཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གཉིས་དང་པོ་བོན་ཁྱིམ་དུ་འཁྲུངས་རྗེས་སུ་བན་དེས་རྐུན་མ་རྐུས་ཏེ་བྲུ་ཚང་བོན་གྱི་གདུང་རྒྱུད་འཛིན་པའི་ཁྱིམ་གཞིས་སྟོང་པར་བཟོས། གོང་ས་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་བོན་པོར་འཁྲུངས་རྗེས་སུ་བན་དེས་རྐུན་མ་རྐུས། བོད་མི་འདི་དག་ཐོག་མར་ཐམས་ཅད་བོན་པོ་ཡིན་དེ་རྗེས་ལྐོག་དང་གཡོ་དང་བཙན་པོས་བན་དེར་བསྒྱུར། ད་དུང་མང་དུ་འདྲེན་རྒྱུ་ཡོད་པས་རྗེས་སུ་རིམ་པས་ཕུལ་ཆོག
ཨོ་བྱས་ན་བོན་པོ་ལ་སྐྱོན་ཞིག་ཡོད་པ་ངེས་གཏན་རེད། དམ་པ་དེ་དག་གིས་བོན་ཐལ་བའི་མཆིལ་མ་བཞིན་སྤངས་འདུག་པ། བན་དེས་གནས་ཚུལ་མཁོ་སྒྲུབ་གནང་བར་ཐུགས་རྗེ་ཆེ།
བོད་བརྒྱུད་ནང་བསྟན་ཟེར་བའི་གོ་དོན་ཞིག་འབྲེལ་བཤད་གནང་རོགས་ཞུ།
ནང་བའི་བསྟན་པ་བོད་བསྒྱུར་བྱས་ཕྱིན་ནས་བོད་དགེ་བླ་མས་བོད་དགེ་བླ་སློབ་ལ་བརྒྱུད་ཁྲིད་མ་ཉམ་པར་བསྐྱངས་བའི་གོ་རིམ་ནང་བསྟན་ཞིག་ལ་གོ་བ་ཨེ་ཡིན་ན། ཚིག་དོན་ལ་འདི་འདྲ་ཞིག་གོ་འི། ཆོས་ཕྱོགས་ནས་གང་འདྲ་འདྲ་ཞིག་ལ་འགྲེལ་དགོས་ནི་མི་ཤེས། བྱི་ལ་ངེད་གཉིས་ཀྱིས་ཆོས་ཤེས་ཚོད་རེད་མི་འདུག་གི་ཨ།
ད་ལྟ་ངེད་ཅག་གི་སྤྱད་པའི་ཆོས་ཀྱི་ཁུངས་དེ་རྒྱ་གར་ཡིན་མོད། བོད་ནས་བརྒྱུད་དེ་འོངས་བས་ནའོ།།
ད་དེང་སང་རྙིང་མས་ཆབ་སྲིད་བྱེད་ཀྱི་ཡིན་ཟེར་ནས་ཤོར་ཡོང་གི་འདུག། ཨ་ཞང་ཚང་ཡར་རྒྱས་ཡག་པོ་འགྲོ་བའི་སྐབས་འདིར་རྒྱུ་ནོར་དཔལ་འབྱོར་ཏོག་ཙམ་གྲོགས་རམ་རགས་ཀྱི་ཡོད་ཚོད་རེད། དེ་འདྲ་ཡིན་དུས་བོན་པོ་གྲལ་དུ་མ་བཞག་ནས་ད་ཡིན་ན་ལས་ཀ་ཞིག་ལས་རྒྱུ་འདུག་བསམས་ཀྱི་ཡོད་པ་འདྲ། ཁྱེད་ཚོས་བོད་མི་རིགས་ཀྱི་སྤྱི་དོན་ཞིག་བྱེད་ཀྱི་མེད་པ་ནི་ཐག་ཆོད། སྒེར་དོན་ཁོ་ན་ཡིན་པ་མིག་མཐོང་ལག་ཟིན་རེད། བོད་མི་རིགས་ཀྱི་སྤྱི་དོན་ཡིན་ན་དེ་ལ་དགོས་པའི་མ་ཐའི་ཆ་རྐྱེན་དོ་ཚོ་ཚང་དགོས་པ་རེད་དེ་མ་ཚང་ན་སྤྱི་དོན་ག་བ་ནས་ཡོང་། རྩ་བའི་ཆ་ནས་ཁྱེད་ཚོའི་ཚོགས་པ་དེའི་དམིགས་ཡུལ་དེ་བོད་བརྒྱུད་ནང་བསྟན་ལ་ལོག་བཤད་བརྒྱབ་མཁན་གྱི་རྒྱ་རིགས་དེ་ཚོ་ལ་བདེན་དོན་ངོ་སྤྲོད་བྱེད་རྒྱུའི་ཆེད་དུ་་ཡིན་ཟེར་ནས་བཤད་ཡོད་བ། དེ་འདྲ་ཡིན་དུས་ཚོགས་པ་དེའི་མིང་མཐའ་དེ་ལ་་་་ཞིབ་འཇུག་་་ཟེར་བ་ཞིག་བཏགས་ཡོད་པ་རེད། ད་ཁྱེད་རང་ཚོའི་ཁ་གཏད་ཚོགས་པ་དེ་ཚོ་ངོ་ཡག་པོ་ཤེས་པའི་ཐོག་ནས་དེབ་དང་ཡིག་ཆ་དྲ་རྒྱ་བཅས་ཀྱི་འཐབ་རྩོད་ལེགས་པར་སྤེལ་ཤོག་ཨ། བོན་པོ་ཁྱེད་ཚོའི་གྲལ་དུ་མེད་དུས་ལྟ་ནས་སྡོད་རྒྱུ་རེད་མ་གཏོགས་གཞན་ཅི་བྱེད། བོན་པོས་འཐབ་རྩོད་བྱེད་དགོས་དོན་ཡང་མེད་ལ། ངོ་སྤྲོད་ཀྱང་བྱེད་དགོས་དོན་མེད། གསལ་བཤད་ཀྱང་དེ་བས་བྱེད་དགོས་དོན་ག་ལ་ཡོད། སེམས་འཕྲལ་དང་སྡུག་བསྔལ་མེད་པར་བག་ཕེབས་ངང་བསྡད་ཡོད་ཞུ་རྒྱུ་ཡིན་ནོ། ཡང་ཁྱེད་རང་ཚོ་ལ་རོགས་དན་འདྲ་དགོས་ཀྱི་ཡོད་ན་ནི་ང་ཚོས་ལོས་བྱེད། ཨ་ཕས་བུ་ལ་རོགས་པ་བྱེད་པ་དང་གཅིག་པ་ཡིན་ཞུ་རྒྱུ་ཡིན། །
ད་ཚང་མས་མཆན་མང་པོ་རྒྱབ་འདུག ཚང་མར་འཚམས་འདྲི་ཞུ།
ཡིན་ན་ཡང་། རྣམ་རྟོག་ཉི་ཚེ་བ་ཙམ་དང་བསམ་བཞིན་འཁྱོགས་བརྗོད་བྱས་པ་ལས་གནས་ལུགས་ཀྱི་སྐད་ཆ་དང་གཟུར་གནས་ཀྱི་སྐད་ཆ་ཧ་ཅང་ཉུང་གི
ལན་འདེབས་དགོས་པ་ནི་ཆེར་མ་མཐོང་།
ནང་བསྟན་ཞིབ་འཇུག་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། རང་དོན་ཡིན་ནའང་ལེགས། བོད་མི་ཞིག་གི་རང་མགོ་ཐོན་པ་རེད། དེ་ལ་ཕྲག་དོག་དགོས་དོན་མེད། གཞན་དོན་ཡིན་ནའང་ལེགས། ནང་པ་ཞིག་གིས་ལས་འགན་སྒྲུབ་པ་རེད། དེ་ལ་རྗེས་སུ་ཡི་རང་ཞུ། བདག་མེད་རྟོགས་པ་ཤ་སྟག་ཡིན་པའི་ཁས་ལེན་ནི་མི་འདུག ལས་དང་པོ་བར་བདག་འཛིན་ཅུང་ཟད་ཡོད་ཀྱང་འོས་པ་རེད། མདོར་ན་བོད་མི་ཞིག་གིས་བོད་མིང་མིང་ཁུར་བ་འོས་ཤིང་འཚམ་པ་ཞིག་རེད། རྒྱལ་ཁབ་འགའ་ཞིག་གི་ས་མིང་རེ་འདོགས་སྟང་དང་པོ་སུ་ཡིན་ལ་རྩོད་ན། བོད་པས་བོད་མིང་འདོགས་མི་ཆོག་པ་ག་ལ་ཡོད། བོད་བརྒྱུད་ནང་བསྟན་ཚོགས་པ་རྒྱལ་བར་གྱུར་ཅིག ས་གནས་རེ་ནས་བོད་མི་རེའི་འགན་རེ་ཁྱེར་དགོས། ནང་པ་རེ་ནས་རང་ངོས་ནས་ཆོས་ལུགས་སྤེལ་དགོས། ཆོས་པས་ཆོས་ལུགས་སྤེལ་བ་ཤིན་རུ་རན། ཕྲག་དོག་མཁན་ཚོའི་ཁ་ལ་ཉན་རྒྱུ་མེད། རང་ངོས་ནས་འདི་བྱས་མེད་པར་གཞན་ལ་ཁ་གཏོང་མཁན་ཚོ་སྙིང་རྗེ་བའི་གནས་སུ་ཞོག བླ་སྤྲུལ་དགེ་བཤེས་ཚོ། ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་ཅིག
རྫ་སེམས་དཔའ་ཆེན་པོ། ཁྱོད་ཚོ་སེམས་དཔའ་དག་གི་མཛད་པ་དབང་རྟུལ་ཞིག་གི་བློ་དང་འཚམས་པ་ཞིག་ཡོང་དཀའ། དེ་ལས་ཁྱོད་ཚོས་རང་དོན་མི་གཉེར་བར། དང་པོ་དམ་བཅས་པ་བཞིན། བློ་སྟོབས་བསྐྱེད་དེ། ཞུམ་མེད་ཀྱིས། མདུན་བསྐྱོད་ཀྱིས། བོད་ཕྱི་ནང་ཀུན་ན་ཁྱོད་ཚོར་རེ་བ་རྒྱག་མཁན་ཤིན་ཏུ་མང་། དེང་དུས་བོད་ཀྱི་ལོག་ལྟ་མཁན། དགྲ་བོའི་རྒྱུགས་ཁྱི་ཚོས་ནང་ཆོས་ལ་སྐུར་འདེབས་བོད་ཕྱི་ནང་ཀུན་ན་ཡོང་གི་ཡོད། དེ་བཞིན་དྲ་ཐོག་འདིར་ཡང་ཆོས་སྤངས་ཀྱི་ལས་ལ་འཇུག་པ་ཤིན་ཏུ་མང་། དེ་ཚོར་ཁ་ཡ་མ་བྱེད། ནང་པ་ཞིག་ཡིན་ན་ཁྱོད་ཚོར་རྒྱབ་སྐྱོར་ངེས་པར་བྱེད། ཆོས་མེད་དང་། མུ་སྟེགས་པ་ཚོས་ཁ་གཏོང་བ་ཁྱོད་ཚོའི་ཕྲིན་ལས་རྒྱ་ཆེ་བས་སོ༎ ཆོས་ཟབ་སར་བདུད་ཟབ་པའི་གཏམ་འདི་ཡོངས་ཁྱབ་རེད་དོ། །
བོན་དེ་བ་ལགས་ཁྱེད་ཀྱིས་ཧམ་བཤད་མ་བྱེད་་སྔོན་གྱིས་བྲིས་པའི་ལོ་རྒྱུས་ཁ་ཤས་ནང་བོད་ལ་བོན་བྲིས་སྲོལ་ཡོད་པ་
རེད་དེ་མ་ཏོག་བོན་པོས་བོན་ལ་གོ་གི་མ་རེད་སྔོན་མ་ལོ་རྒྱུས་བྲིས་མཁན་དེ་ཡང་ནོར་སྲིད་པ་རེད་་བོན་དང་བོད་གཉིས་འདྲ་པོ་
ཡོད་རེད་་་་
ཀརྨའི་རྒྱུད་འཛིན་ཡིན་ན་ཀཾ་ཚང་ཞེས་པའི་ཆོ་རབས་ལ་ལྟོས་ཏེ་སྐད་ཆ་ཤོད་ལོ་རྒྱུས་ཀྱི་བདེན་དཔང་གསལ་བར་ཡོད་པས་བོད་དང་བོན་གཉིས་ནོར་དྭོགས་མེད། ངས་གོང་དུ་བཤད་པ་རྣམས་མིན་ན་མིན་ཚུལ་གྱི་ལུང་རིགས་ཀྱིས་དགག་པ་གྱིས། ངས་བན་དེ་བ་རང་གིས་བྲིས་པའི་ལོ་རྒྱུས་ལས་ཤོད་ཀྱི་ཡོད། བོན་པོའི་ལོ་རྒྱུས་གཅིག་པོ་ལས་ཤོད་ཀྱི་མེད། ཀོང་སྤྲུལ་གྱི་རྣམ་ཐར་་་༡༩༩༧ལོར་སི་ཁྲོན་ནས་པར་སྐྲུན་གནང་བར་གཟིགས། གོང་ས་སྐུ་འཕྲེང་གསུམ་པའི་རྣམ་ཐར་དུ་གཟིགས། མདའ་དང་འཕང་ཞེས་པ་དང་གོང་གསལ་གྱི་པཎ་ཆེན་གྱི་རྣམ་ཐར་དུ་གཟིགས། དེ་བཞིན་རེ་རེ་ནས་མིག་ངོར་འགྲེམ་རྒྱུ་ཡོད་རེད་མ་གཏོགས་གཡག་ཞར་གྱི་རྩ་ཟ་ཚུལ་གྱི་སྐད་ཆ་བཤད་མེད། མ་དགའ་ན་བྱེད་རྒྱུ་ཡོད་པ་མ་རེད་དེ་ལོ་རྒྱུས་ཀྱི་དན་རྟགས་རེད།
ང་ལ་མཚར་སྣང་ཡོང་ས་དེ་ནི་ཚོགས་འདི་ཆེར་མ་ཡིན་པར་འདིའི་སྐོར་ལ་བསམ་ཚུལ་ཤོད་མདོག་མང་པོ་ཡོང་བ་འདི་རེད། ཏན་ཏན་ཚོགས་འདུ་འདི་འདྲ་ཞག་འཚོགས་ཚུལ་ཐོས་དུས་མི་མང་པོ་ཞིག་གི་སེམས་ལ་ན་ཚ་བསླངས་སོང་། ཕྲག་དོག འཁོན་སེམས། རློམ་སེམས་ལ་སོགས་པ་གང་ཞིག་ཡིན་མིན་མི་ཤེས། མི་མང་པོ་ཞིག་ལ་ན་ཚ་བསླངས་ཡོང་སྟངས་ལས་ཀྱང་ཚོགས་འདུ་འདི་ནུས་པ་ཅན་ཞིག་ཡིན་པ་ཤེས་ཡོང་གི་འདུག དེ་མིན་ཚོགས་བཟང་ངན་སྐོར་གྱི་བསམ་ཚུལ་སྐབས་འདིར་མི་བཤད།
རྙིང་མས་ཆབ་སྲིད་ཚོ་མི་ཤེས་དེ། བོན་པོ་ཚོས་རྐུ་རྒྱག་ནི་རེད། རིས་མེད་ཆོས་བརྒྱུད་ཁག་གི་གཟོབས་ཤིག ཧཧཧཧཧཧཧཧཧཧཧཧཧཧཧ
བོན་པོ་ཚོས་རྐུ་རྒྱག་གི་ཡོད་མེད་མི་ཤེས། ཡིན་ནའང་བན་དེ་ཁྱེད་ཚོས་ཡོད་ཚང་མ་རྒྱ་གར་ནས་རྐུ་མ་བརྒྱབ་ནས་ཁྱེར་ཡོང་བ་ཡིན་ཟེར་དྲང་པོ་ཤོད་ཀྱི་འདུག་བ་དེ་ཡག་པོ་རེད། ད་ཉིན་མ་གཅིག་རྒྱ་གར་གྱིས་ཕར་ཁྱེར་ཤོག་ལབ་ཀྱི་རེད། དེ་དུས་འདི་ཚོ་བོན་པོའི་རེད་ཟེར་ནས་ལབ་དགོས་ཐུག་ཡོང་། ཧཧཧཧཧཧཧཧ
སྡེ་སྲིད་བེེ་དཀར་ལས།
ཉི་མ་མིག་དམར་མེ་ཡི་ཁམས། །
ཟླ་བ་ལྷག་པ་ཆུ་རུ་འདོད། །
ཕུར་བུ་སྒྲ་གཅན་རླུང་ཡིན་ལ། །
པ་སངས་སྤེན་པ་ས་ཡི་ཁམས། །
དྲི་མེད་ལྷག་བསམ་ལགས་ཀྱི་མཆན་གྲངས་༣༥་པ་དེ་ཆ་ཚང་བཀླགས་ཡོད་ཞུ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་སྟངས་ཧ་ལས་པའི་ཡག་པོ་རེད་བཀའ་དྲིན་ཆེ། ཞུ་དགོས་པ་ཁ་ཤས་ཤིག་ཡོད་ཀྱང་ད་མང་པོ་མི་ལབ། མི་ཚོས་ཕྲག་དོག་དང་འཁོན་སེམས་རློམ་སེམས་བཅང་གི་འདུག་ཟེར་ནས་ངར་ངར་བྱེད་ཀྱི་འདུག། ང་ལ་ནི་བོད་བརྒྱུད་ནང་བསྟན་དར་ཞིང་རྒྱས་ན་དགའ་ཚོར་ཡོད་མ་གཏོགས་སྡུག་ཚོར་ཅང་མེད། རང་ཉིད་ཀྱི་གནས་སྟངས་ལ་བསམ་བློ་མི་གཏོང་བར། བོན་དང་བོན་པོ་ལ་ཐུབ་ཚོད་དང་དབང་ཡོད་ཀྱིས་བཤད་པ་མང་པོ་བྱེད་པའི་ལུགས་སྲོལ་ངན་པ་དེ་རྩ་བཞིན་དོར་ན་དགའ་ཡོང་། བོན་པོའི་དཀའ་དྲིན་ལ་བརྟེན་ནས་ཁྱེད་ཚོ་སྣུམ་རིལ་རིལ་ཞིག་ཆགས་པ་རེད། ཐེ་ཝན་ཕྱོགས་ལ་རྒྱ་མི་མགོ་སྐོར་གཏོང་བྱེད་ཚང་མ་་་རྩིས་བསྐོར་རྒྱུ་་་མོ་རྒྱག་རྒྱུ་་སྐུ་རིམ་ཞབས་བརྟན་བཅའ་རྒྱུ་་་གཏོ་ཟློག་གླུད་གཏོང་བྱེད་རྒྱུ་དེ་ཚོ་རྐྱང་རྐྱང་ཡིན་པ་སྐད་ཆ་དྲང་པོ་ཡིན། གཞན་བོད་ཀྱི་བླ་སྤྲུལ་འདུས་པའི་ཚོགས་སྡེ་ཞིག་གིས་རང་གིས་ཉམས་སུ་ལེན་བཞིན་པའི་ཆོས་ལུགས་དེ་ལ་ཐེ་ཝན་ལུང་པར་སླེབས་དུས་གཞི་ནས་ཞིབ་འཇུག་བྱེད་དགོས་དོན་མི་འདུག་བ། རྒྱ་རིགས་མང་པོས་བོད་བརྒྱུད་ནང་བསྟན་ཟེར་བ་དེར་ཁ་བརྡུང་དྲག་པོ་་བཏང་ཡོང་བའི་སྐབས་སུ། གཞི་ནས་རང་གི་ཐུགས་དམ་ཉམས་ལེན་དེ་ལའང་རང་གིས་ཡིད་མི་ཆེས་པར་ཞིབ་འཇུག་བྱེད་དགོས་པའི་དུས་ལ་སླེབས་ཀྱི་ཡོད་པ་རེད། ད་ཡང་ལྟོས་ཨ་སྦྱིན་རྒྱུ་ཞིག་མ་གཏོགས་ལེན་རྒྱུ་ཞིག་མེད་པ་ཐག་ཆོད། ཁ་ནས་རང་ཚུགས་བཤད་དོན་ལ་རང་ཚུགས་ཤོར་ནས་གཞན་ལ་ཕར་སྦྱར་སྦྱར་ཁོ་ན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཁྱེད་རྣམ་པའི་ལྷག་བསམ་དཀར་པོ་དཀར་རྐྱང་དེ་ལ་ངས་འདི་ནས་གུས་བཀུར་ཡོད། ཐུགས་རྗེས་གཟིགས་ད་ག་ལེར་ག་ལེར་བོད་ལུགས་ཀྱི་རྣམ་པ་དང་ངོ་བོ་ཏོག་ཙམ་ལྡན་པ་དེ་ཡང་མེད་པར་མ་བཟོ་རོགས། ཁྱེད་ཚོ་ཨ་གསར་ལང་ཡོང་དུས་་བྱེད་རྒྱུ་འབེལ་པོ་ཡོད་ད། མཐའ་དོན་བོད་པ་ཡིན་པར་གྱུར་བའི་བོན་པོ་ཁ་ཆེ་ཡེ་ཤུ་ཧིན་རྡུ་བན་དེ་སུ་ཡིན་ནའང་ཚང་མ་འཇིགས་རྟེན་འདིར་གནས་སྐབས་བདེན་པའི་ངང་དུ། མཉམ་གནས་མཉམ་འགྲོ་མཉམ་མཐུན་བྱས་ནས་འཚོ་སྡོད་བྱེད་དགོས་པ་ནི་དུས་རབས་གསར་པའི་གཤིས་ལུགས་སུ་གྲུབ་པ་ཡིན་པར་རང་གཞན་ཀུན་གྱིས་ལེགས་པར་ཤེས་དགོས་སོ། ། བཀྲ་ཤེས་བདེ་ལེགས། །
ཨོ་ཉི་འདིས་ཅི་བཤད་ཀྱི་ཡོད་དམ་གཏམ་ཨ་ཕས་བཤད་རྒྱུ་་་ཨ་མས་བཤད་ཀྱི་འདུག་ག ཁྱོད་རང་གི་ལུང་པ་བྲག་མགོ་ནས་བོན་པོའི་བུ་དང་བུ་མོ་ག་ཚོད་མང་པོ་སེར་རྟ་ལ་རྐུས་ནས་ཁྱེར་མེད་དམ། ཨ་ནི་གྲ་བར་བཟོས་ཏེ་རྙིང་མར་བསྒྱུར་དང་བསྒྱུར་བཞིན་པ་མ་རེད་དམ། དེང་སང་ཅུང་བོན་པོ་ཚོས་ཧ་གོ་བཞིན་འདུག་རྙིང་མས་བསྒྱུར་གྱི་ཡོད་པ་གཅིག། མཁན་པོ་ཚུལ་བློས་བོན་ལ་སྡང་ཟུག་བྱེད་སྟངས་དང་གཉིས། ཨོ་ཉི་ལས་སོགས་རྙིང་རྒན་འདི་ཚོས་བོན་ལ་སྡང་ཟུག་བྱེད་སྟངས་ལས་སིགས་ཀྱིས་རྐྱེན་བྱས་ཏེ་བོན་པོ་ཚོས་རྙིང་མར་བལྟ་ཚུལ་རིམ་པས་ཇེ་སྡུག་ལ་འགྲོ་བཞིན་འདུག དེ་རྐྱེན་ངན་གྲོགས་སུ་གྱུར་འདུག ད་དུང་ཁྱེད་ཚོས་བོར་སྐུར་འདེབས
མང་ཙམ་བྱེད་རོགས་དེ་ཡིས་བོན་པོ་ཚོར་ཕན་པ་ལས་གནོད་པ་མི་འདུག ཤུགས་རྒྱོབ་ཨ་ཨོ་ཉི་དང་སྤོབས་མཐའ་ཀས་སོགས་ཀྱིས།
གསོལ་འདེབས་བར་ཆད་ལམ་སེལ་ལས། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཞེས་གསུངས་སོ།།
བསྲུང་བཟློག་བསད་གསུམ་ནང་ནས། དུན་ཙེ་པར་བུའི་མགོ་ཅན་བཟློག་དུ་གསོལ། མ་འོངས་ལུང་བསྟན་ནང་ནས། དེ་དུས་བན་དེ་ནང་ཁུལ་ཁྲག་ལྟར་འཁྲུགས་པ་ཡོང། ཞེས་གསུང་འདུག
བླ་རི་གངས་དཀར་ཏི་སེ་ཡིན། བླ་མཚོ་མ་པང་གཡུ་མཚོ་ཡིན། བླ་བྲག་སྟ་སྒོ་བྲག་བཙན་ཡིན།
ཏི་སེ་བོན་གྱི་བླ་རི་ཡིན། བུ་ངན་ཚ་ངན་བླ་རི་རྒྱབ་ཏུ་དོར། ཏི་སེའི་གོ་དོན་མ་ཤེས་ནས། ཏི་སེའི་ཆོས་ལ་སྐུར་བ་འདེབས། དེ་ཕྱིར་ཏི་སེའི་མིང་ཅན་དོར་ན་ལེགས།
༈ ལོ་རྒྱུས་དང་རིག་གནས་ལ་བོན་པོ་ཚོ་མཁས་ཤོས་རེད། མཆན་༣༥་ཅན་དྲི་མེད་ལྷག་བསམ་ཡང་བན་བོན་སུ་ཡིན་བཤད་དཀའ། མདོར་ན། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཉེ་དུས་འདིར་ཤཱཀྱའི་ནང་བསྟན་ལ་ཕན་པ་ཆེ་ཤོས་ཤིག་ཡིན་ཚུལ་ཐོས། མཁན་པོ་བསོད་དར་རྒྱས་དཔོན་སློབ་ཀྱིས་བྲིས་པའི་ནང་བསྟན་ལ་རྒོལ་བའི་རྩོད་ཡིག་དེབ་ཆེན་གསུམ། དེབ་ཆུང་སྣ་ཚོགས་པར་ཏུ་བསྐྲུན་ནས་རྒྱ་ཡུལ་དུ་རྒྱ་ཆེར་སྤེལ། དོགས་སེལ་ལ་ནུས་པ་ཚད་ལྡན་ཐོན་འདུག་ཟེར། ད་རེས་བོན་པོ་ཁ་ཤས་ཀྱིས་སྐྱོན་བརྗོད་བྱེད་དོན། ཞིབ་འཇུག་ཚོགས་པའི་གྲ་སྒྲིགས་པ་བླ་རུང་ཆོས་ཚོགས་དང་དབང་སྟོད་སྤྲུལ་སྐུ་ཡིན་པ། ཞིབ་འཇུག་གི་གླེང་གཞི་གཅིག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་ཡིན་པས་རེད་ཟེར། སྤྱིར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་བོན་པོ་ལ་སྡང་མཁན་ཞིག་གཏན་ནས་མིན་ཀྱང་། རང་རེའི་བོད་པའི་སྤྱི་ཚོགས་སུ་བོན་ལ་ཆེད་དུ་སྤྱོད་པའི་ཚིག་ངན་རེ་ཡོད་པ་ཐུགས་ཉམས་མ་བཞག་པར་བཤད་པས་བོན་པོ་རྣམས་མ་དགའ་བ་འདྲ། དཔེར་ན་ལམ་རིམ་ཏུ་བོན་དང་མུ་སྟེགས་ཟེར་བ་ལྟ་བུ། ནང་པ་དང་བོན་པོ་ཟེར་བ་ལྟ་བུ། ཉམས་འཇོག་མ་བྱས་དུས་བཤད་ཤོར་ཆོག་པ་ཞིག་རེད། དེ་བཞིན་བན་དེ་རྣམས་ཀྱིས་བན་བོན་ཀྱི་ཁྱད་པར་འཇོག་ཚུལ་སོགས། བོན་ལ་སྡང་བའི་སྐད་ཆ་མང་པོ་ཡོད། དེ་དག་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསར་ཏུ་བཞག་པ་འགའ་ཡང་མེད། མཁན་པོ་ལ་དྲི་མ་བགོ་བ་བོན་པོ་རྣམས་ཀྱི་ནོར་འཁྲུལ་ཡིན་པ་འདྲ། མཁན་པོས་གང་བཤད་པ་ལོ་རྒྱུས་དང་ཆོས་གཞུང་ལ་ཡོངས་སུ་གྲགས་པ་ཞིག་རེད། འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ལ་གཞིག་ནས་བསྒྱུར་བཅོས་གཏོང་དགོས་པའང་སྐབས་སུ་བབས་པ་ཞིག་རེད། ཆོས་ལུགས་ཕན་ཚུན་གུས་ཞབས་བྱེད་རྒྱུ་གལ་ཆེ་བས་མ་འོངས་པར་ཆོས་བཤད་མཁན་ཀུན་གྱིས་གཟབ་པར་འཚལ།
མཆན་འདེབས་མཁན་དྲ་འབུ་འདི་ཚོས་དོན་མེད་རྙོག་དྲ་ཞིག་སློང་གིན་འདུག ༧གོང་ས་མཆོག་ལ་ཟུར་ཟ་་སོགས་མ་གནང་རོགས།
༼ འགའ་ཞིག་གིས་རིས་མེད་རིས་མེད་ཟེར་ནས་བོན་པོ་དང་ཁ་ཆེ། ཡེ་ཤུ་སོགས་ཐུག་ཐུག་རིག་རིག་ལ་ཕྱག་འཚལ་དེ་དག་གི་ཞྭ་མོ་གྱོན། ལུས་འཁྱུད། ༽
མཆན་༦༢་པ་འབྲི་མཁན་པད་མིང་དེ་ཡིས་ཅི་ཞིག་བྲིས་མི་འདུག་གམ དེ་བོན་པོ་ལ་མ་རེད་ཡེ་ཤུ་དང་ཁ་ཆེ་ལའང་ཟེར་བ་མ་རེད། མི་གོ་བ་ཅན་ལ་ཚིག་གཅིག རྟ་འགྲོས་པ་གཅིག་ལ་ལྕག་གཅིག ཟེར་བ་ལྟར་ཧ་མི་གོ་བ་མེད། ༧གོང་ས་མཆོག་ནི་ཕྱི་ནང་དགྲ་གཉེན་གཉིས་སུ་མི་ཕྱེ་བའི་བོད་ཀྱི་ལོ་རྒྱུས་ནང་གི་རིས་མེད་ཀྱི་རྡོ་རིང་གཅིག་པོ་དེ་རེད། དེ་ལ་ཟུར་ཟ་བྱེད་པ་ནི་བསོད་ཟད་རེད། ཚིག་པ་ཕ་ལ་ཟ་ནས། འགྲམ་ལྕག་བུ་ལ་རྒྱབ་ཀྱི་ཡོད་པ་རེད། ཐབས་སྡུག་རེད།
བན་དེས་བཤད་པ་ལ་གོ་རྒྱུ་འདུག དེང་དུས་ཆོས་ལུགས་དད་པ་མི་དགོས་པ་སེམས་ཁམས་རིག་པའི་ཕྱོགས་སུ་འགྲེལ་བ་དང་། ཐེག་དམན་དང་བསྟུན་ཅི་ཐུབ་ཀྱིས་ཐེག་པ་ཆེན་པོ་དང་རྡོ་རྗེ་ཐེག་པ་འདོར་བ་དང་། བོད་ཀྱི་གསར་སྐྱེས་མང་པོར་དམར་ཕྱོགས་ཀྱི་ལྟ་བ་ཤུགས་ཆེ་བས་ནང་ཆོས་མི་རིགས་ཀྱི་ཁུར་བོ་འདོད་མཁན་པའང་ཡོད། དེ་བཞིན་ཇོ་བོན་གཉིས་ལ་བོད་བརྒྱུད་ནང་བསྟན་ཁྲོད་བརྩི་མཐོང་ཅུང་ཟད་ཆུང་བར་འདུག དེ་ཡང་ཕྱོགས་གཅིག་ཁོ་ནའི་སྐྱོན་མིན་པར་གཉིས་ཀས་བསམ་བློ་གཏོང་དགོས་པར་འདུག དྲི་མེད་ལྷག་བསམ་ཟེར་བ་དེ་དང་པོ་བན་བོན་རིང་ལུགས་སོ་སོ་སྐྱོང་དགོས་ཟེར་མཁན་གྲས་རེད། ད་ལྟ་བོན་གྱི་རྒྱབ་རྩ་བྱེད་པ་འདྲ། ཨོ་ཉིས་བོན་ན་དམོད་མོ་བརྒྱ་ཕྲག་བཏབ་ཡོད། ཉིན་གཅིག་རང་དབང་མེད་པར་བོན་ལ་དད་སྲིད། དེ་དག་ཞིབ་འཇུག་བྱས་པའི་འབྲས་བུ་རེད། ད་ལྟ་བོན་ཀྱི་སློབ་གྲྭ་བ་མང་པོ་ཞིག་གིས། བོད་རང་གི་ཆོས་ལུགས་བོན་སྦྱོང་དགོས་ཟེར་ནས་འུར་ལང་ནས་ཡོད། དེ་ཡང་དུས་རབས་ཀྱི་འཕོ་འགྱུར་ཞིག་རེད། བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ་རྣམས་ཤཱཀྱའི་ཆོས་ལུགས་རེད། ཁོ་རང་ཚོའི་རིང་ལུགས་སྲུང་སྐྱོབས་སྤེལ་གསུམ་གནང་པ་ཁོ་རང་ཚོའི་ལས་འགན་རེད། ནང་པའི་བསྟན་ལ་ལྷག་བསམ་ཅན་ཞིག་ཡིན་ཚེ་རྒྱབ་སྐྱོར་བྱེད་འོས་པ་ཞིག་རེད། ང་བོད་ཀྱི་བླ་གྲྭ་མང་པོར་ཐུག་པ་ཡིན། དེ་དག་གིས་ཚོགས་པ་འདིར་རེ་བ་ཆེན་པོ་གནང་གི་འདུག དེ་བཞིན་ཐེ་ཝན་གྱི་སྐད་བསྒྱུར་ཞིག་ལ་ཐུག་སོང་། དེས་ཀྱང་ཚོགས་པ་འདི་དེང་དུས་ཐེ་ཝན་དུ་མཐོང་ཆེ་ཤོས་དང་་། བོད་པའི་ཆོས་རྒྱུན་མཉམ་འབྲེལ་གྱི་ངོ་བོ་མཚོན་པ་ཞིག་རེད་ཟེར། དེས་ན་ཚོགས་པ་འདིར་རང་རེ་བོད་པ་ས་གནས་དེར་སྡོད་མཁན་ཚོས་ཕྲག་དོག་མི་བྱེད་པར། མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་ཞུ། །རྒྱབ་སྐྱོར་བྱས་པ་ཙམ་གྱིས་བསམ་འཆར་འདོན་མི་ཆོག་པ་མ་རེད། རེ་བ་ཅི་ཡོད་ནང་ལུགས་སུ་བཤད་དགོས། དེ་བཞིན་འགྱུར་བ་གཏོང་སྟངས་ཞུ་ཆོག བོད་ལ་རྐང་འཛུག་སའི་ཚོག་པ་ཞིག་ངེས་པར་དགོས། རྒྱལ་ཁབ་རེ་ལ་དེ་ཙམ་རེ་འཛུག་ཐུབ་པའི་སྨོན་པ་ཡོད། །
དྲ་གྲོགས་བན་དེ་ལགས། wiseowl@163.com གློག་རྡུལ་ཡིག་ཟམ་འདི་ངའི་ཧོང་ཀོང་གི་གྲོགས་པོ་ཞིག་གི་ཞལ་བྱང་ཡིན། ད་བར་མི་འཕྲོད་པ་གཏན་ནས་བྱུང་མི་འདུག ཉེ་དུས་ཚོད་ལྟ་ལན་མང་བྱས་པ་ཡིན་ཏེ་སྐྱོན་ཡོད་པར་མ་མཐོང་། སླར་ཡང་སྐུ་ངལ་འཛེམས་མེད་ཀྱིས་ལན་གཅིག་གནང་བར་ཞུ། དེས་ཀྱང་མ་འཕྲོད་ན་ཉིད་ལ་སྐུ་ངལ་ཆེན་པོ་ཞིག་གཏོད་པར་སྒུག་སྡོད་པ་ལས་འོས་མེད། ཐུགས་རྗེ་ཆེ།
བོད་རང་གི་ཆོས་ལུགས་བོན་སྦྱོང་དགོས་ཟེར་ནས་འུར་ལང་པ་ནི་འུར་རང་རེད། དོན་ལ་བོན་འདི་བོད་ཀྱི་མིན་པར་ཞང་ཞུང་གི་རེད་འདུག་པ།
ཡིན་ནའང་བོད་ལ་བོན་སྔ་མ་དང་ནང་པ་ཕྱི་མ་བྱས་ཏེ་དར་བ་བདེན་པ་རེད།
བོན་གྱིས་བན་ལས་བརྐུས་པའམ། །བན་དེས་བོན་ལས་བརྐུས་ཀྱང་རུང་།།ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞི། །ལྡན་ན་དེ་ཡིས་མ་འཐུས་མེད། །ཤཱཀ་ཐུབ་དང་ནི་གཤེན་རབ་ཆེ། །གང་གི་རྗེས་འཇུག་ཡིན་ཡང་རུང་།།ཉོན་མོངས་ཞི་བྱེད་སྨན་གྱི་ཕུལ། །ཤེས་རབ་སྙིང་རྗེ་ཡ་མ་བྲལ། །སུ་ལ་ཡོད་ན་དེ་ལ་གུས། །དོན་ལ་རྟོན་གྱི་གྲགས་པས་མིན། །
གོང་གི་མཆན་མང་པོ་ཞིག་ལ་གསལ་བཤད་བྱེད་དགོས་པ་འདུག་སྟེ། རེ་ཞིག་དུས་ཚོད་མ་བྱུང་བས་རང་སར་འཇོག ཞིབ་འཇུག་ཚོགས་པ་ཞིག་ཡིན་ཕྱིན། ཞིབ་འཇུག་དགོས་པ་གྲངས་མེད་པ་ཡོད། མཐའ་གཅིག་ཏུ་དད་པ་ཡོད་མེད་དང་། ཆོས་ལུགས་སྤེལ་དགོས་མིན་ཡིན་མི་དགོས། བོད་ཀྱི་ས་གནས་སོ་སོར་འཆར་གཞི་ལྡན་པའི་ཚོགས་པ་འདི་ལྟ་བུ་ཞིག་ངེས་པར་གལ་ཆེ། འདིར་ཞུགས་པའི་བླ་སྤྲུལ་སུ་ཡིན་ཀྱང་། བོད་ཡུལ་གྱི་དགོན་སྡེ། སློབ་གྲྭ། ཕྱག་དེབ་རྩོམ་གནང་བ་སོགས་དུས་དང་བསྟུན་པའི་་བསྟན་པ་ལ་ཞབས་ཞུ་བྱེད་པར་རྗེས་སུ་ཡི་རང་ཞུ། །
གནས་རི་གངས་དཀར་ཏི་སེ་ཡིན། །འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན། །མཚོ་ཆེན་མ་ཕམ་གཡུ་མཚོ་དེ། །རྡོ་རྗེ་ཕག་མོའི་བླ་མཚོ་ཡིན། །ཏི་སེ་ནང་པའི་གནས་ཆེན་ཡིན། །དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་དེ། །མི་ལ་རས་པར་ཐོབ་པ་ཡིན། །དེ་ཡི་རྗེས་མཇུག་བཀའ་བརྒྱུད་པས། །གནས་དེ་བདག་ཏུ་བཟུང་བ་ཡིན། །གནས་དེར་སྐྱེས་པའི་མི་བུར་ཡང༌། །རི་རྒྱལ་ཏི་སེར་བཏགས་པ་ཡིན། །གོ་ན་རྩོམ་འདིའི་དགའ་སྟོན་མཛོད། །མ་གོ་མཆན་འདིར་འབྲེལ་བ་མེད།།
འུར་ལང་ནས་ཐག་གཅོད་བཟང་པོ་འབྱུང་མི་སྲིད། བསམ་བློ་ལེགས་པོར་བཏང་ནས་བོན་སྤངས་ནས་ནང་པར་ཞུགས་པའི་དཔྱོད་ལྡན་མང་དུ་འདུག་པ་དེ་ཚོར་གཞིག་ན་གོ་རྒྱུ་ངེས་གཏན་ཞིག་འདུག དེའི་ཚུལ་མཆན་བུ ༦༥ ནང་གཟིགས།
༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་འདི་རྙིང་གོག་ཞིག་རེད། འདི་དང་སྤྲུལ་སྐུ་དབང་ཆེན། ཨ་རྡུ་མན། ཀརྨ་བསྐལ་བཟང་། རིག་པའི་བུ་སོགས་སྡེ་ཚན་གཅིག་རེད། འདི་ཚོ་གང་ཞིག་གིས་བློ་ཁ་མ་ཁེངས་པ་ཡིན་ནམ། ཅི་ཞིག་གིས་༧གོང་ས་མཆོག་ལ་སྡང་བ་དེ་ང་ཚོས་ཤེས་ཐུབ་མ་སོང་།
རིན་ཆེན་དར་རྒྱས་འདིས་གྱ་ཚོམ་དུ་འདྲ་མི་འདྲ་བཤད་གི་འདུག བོན་པོ་མི་ལེགས། ནང་པ་ལེགས་ཞེས བཤད་དགོས་མེད། དོན་ལ་བོན་དང་ནང་པ་སྟོན་པ་ཐ་དད་པའི་ཆོས་རེད། དེ་ཤེས་པར་གྱིས། བཟང་མི་བཟང་ནི་སུས་ཀྱང་རང་གི་བཟང་བར་ཁས་ལེན། དེ་མི་ཆོག་ཟེར་ན་ཆོ་མེད་རེད།
ད་ལྟ་རྒྱུ་ཞིག་ལ་བོན་དང་ནང་པ་གཉིས་ལ་འདྲ་ས་ཧ་ཅང་མང་། ཡང་ན་སྟེས་དབང་གིས་གཅིག་པ་ཆགས་སོང་བ་རེད། ཡང་ན་ཤུས་པ་ཡིན་འདྲོ། ཕྱི་མ་འདི་ཡིན་ན་སུས་སུའི་ཤུས་དཔྱད་དགོས། དེ་ནས་བལྟད་མོ་ཡོད།
མེ་དཀར་ལགས། ༼ཡང་ན་ཤུས་པ་ཡིན་འདྲོ། ཕྱི་མ་འདི་ཡིན་ན་སུས་སུའི་ཤུས་དཔྱད་དགོས། ༽ཟེར་ན་ག་རེ་གསུང་གི་ཡོད་རེད། གསལ་བཤད་ཅིག་གནང་རོགས།
གངས་དཀར་ཏི་སེ་ཞང་སྐད་ཡིན་པས་བོན་གྱི་བླ་རི་ཡིན། དེ་མི་ལར་ཐོབ་ཤོར་སྐད་ཆ་མེད་ཅིང་སྲིད་པའི་གངས་དཀར་ཡིན། དེང་སང་ཆགས་པའི་བ་མོ་མིན། མ་པང་གཡུ་་མཚོ་ཞང་སྐད་ཡིན་པས་བོན་གྱི་བླ་མཚོ་ཡིན། དེ་མི་ལར་ཐོབ་ཤོར་སྐད་ཆ་མེད་ཅིང་སྲིད་པ་ཆགས་པའི་བླ་མཚོ་ཡིན་པ་ལས། མདང་དེང་སང་ཆགས་པའི་བ་མོ་མིན། མ་པང་ཚིག་འདི་ལོ་ངོ་སྟོང་ཕྲག་གོང་དུ་ཆགས་ཀྱང་མི་ལས་བཅོས་ཏེ་་་མ་ཕམ་ཞེས་པའི་མིང་བསྒྱུར་བྱས་ཏེ་ལོ་རྒྱུས་རྫུན་མ་བཟོས། མི་ལ་གྲུབ་ཐོབ་ཆགས་བྲལ་ཡིན་ན་གཉེན་སྤུན་མཐུ་ཡིས་རྡུལ་རློག་སྙིང་རྗེ་མེད་པའི་རྟགས།
རིན་དར། ཕན་ཚུན་དཔེ་ཤུས་པ་ཡིན་ན། ནང་པས་བོན་ཤུས་སམ། བོན་པོས་ནང་ཆོས་ཤུས་བལྟ་དགོས། དེ་ར་འཕྲོད་སོང་བ་བལྟད་མོ་ཡོད།
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ལ་ངས་ཞིབ་འཇུག་ཅིག་བྱས་པ་ཡིན། མི་མང་པོ་ལ་ཁ་པར་བརྒྱབ། དྲ་རྒྱ་མི་ཉུང་པར་བལྟས། ལེགས་ཆ་ཅི་ཡོད་སྡོམ་གཅིག་རྒྱག་རྒྱུ་ཡིན། དང་པོ་ཚོགས་མི། ༡༽ རྫ་ཚེ་རིང་བཀྲ་ཤིས། ཕ་ཡུལ་རྫ་ཆུ་ཁ། བླ་མ་བྱ་བྲལ་བ་མཁན་པོ་ཆོས་ཁྱབ། ཨ་རིག་པདྨ་ཚེ་དབང་། རྫོང་སར་མཁན་པོ་ཀུན་དགའ་དབང་ཕྱུག་སོགས་རེད། སློབ་སྦྱོང་མཁན་པོ་ཐོན་ཡོད། རྒྱ་ཡིག་བོད་ཡིག་གཉིས་ཀ་ཤེས། ཕྱག་ལས་བོད་ཀྱི་ཆོས་དང་རིག་གཞུང་ཆེད་དེབ་བྲིས་ཏེ་རྒྱ་ནག་དུ་ལོ་གསུམ་ལ་བཙོན་ཁང་དུ་སྡོད་མྱོང་། གསུང་རྩོམ་དུས་ཐོག་ཆར་བ་ནི་སྐད་གྲགས་ཆེ་བའི་ཟིན་བྲིས་ཞིག་ཏུ་ངོས་འཛིན་ཆོག ཆུང་ངུའི་དུས་ནས་བློ་གྲོས་གསལ་བའི་ཚད་དུ་བརྩི་ཟེར། ༢༽མཁན་པོ་ཆོས་ཉིད་དོན་རྟོགས། ཕ་ཡུལ་རྫ་ཆུ་ཁ། བླ་མ་མཁན་པོ་ཆོས་ཁྱབ། གདུང་སྲས་ཕྲིན་ལས་ནོར་བུ།ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་རེད། སློབ་སྦྱོང་མཁན་པོ་ཐོབ་ཡོད། རྒྱ་བོད་ཡིག་རིག་གཉིས་ཀ་ཤེས། ཕྱག་ལས་ལོ་ཉི་ཤུའི་བར་དྲེལ་དཀར་དགོན་པ་ཉམས་གསོ། དགོན་པའི་ལྷ་ཁང་། རྟེན་གསུམ། སློབ་གྲྭ་གསར་འཛུག་སོགས་གནང་ཡོད། སེམས་ཉིད་ངལ་གསོ་རྒྱ་ཡིག་ཐོག་པར་ནས་མང་པོ་བཀྲམ་འདུག རྒྱ་བོད་གཉིས་ཀར་སྤྱི་དོན་ལ་ལྷག་བསམ་ཅན་དང་། གཞུང་དྲང་ཡིན་ཚུལ་གླེང་རྒྱུ་འདུག ༣༽དབང་སྟོད་སྤྲུལ་སྐུ་ཐུབ་ནོར། ཕ་ཡུལ་མགོ་ལོག་དབང་ཆེན་འབུམ་པ། བླ་མ་མཁན་པོ་མུན་སེལ་དང་། ཨ་སྐྱ་མཁན་པོ་དཀར་ཆོས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་རེད། སློབ་སྦྱོང་བླ་རུང་ནས་ལོ་དགུ་ཙམ་བྱས་པས་མཁན་པོའི་སར་སླེབས་ཡོད། ཕྱག་ལས་སྙན་དགོན་སྒྲུབ་སྡེ་གསར་བཞེངས། དབང་ཆེན་དཔོན་སྐོར་བཤད་གྲྭ་གསར་འཛུག སེང་ཕྲུག་སྟག་རྩེའི་དྭ་ཕྲུག་སློབ་མ་གསར་བཞེངས། ཐེ་ཝན་བླ་རུང་ཆོས་ཚོགས་གསར་འཛུག བླ་རུང་ནས་བསྒྱུར་བའི་ཤེས་རབ་འོད་སྣང་བྱ་བ་དེབ་དྲུག་ཅུ་ཙམ་ཞིག་པར་ཏུ་བསྐྲུན་པས་གྲགས་ཆེ། རྒྱུན་དུ་ཉམས་ཆུང་སྤྲོས་མེད་ཀྱིས་བཞུགས་མཁན་ཞིག་ཡིན་ཟེར། གསུང་རྩོམ་ཡང་མི་ཉུང་པ་ཡོད་ཟེར། ༤༽མཁན་པོ་ཚུལ་ཁྲིམས་རྣམ་དག ཕ་ཡུལ་ཁམས་ནང་ཆེན། བླ་མ་ཨ་རིག་མཁན་པོ་པད་མ་ཚེ་དབང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་རེད། སློབ་སྦྱོང་མཁན་པོའི་གོ་གནས་ཐོབ་ཡོད། ཕྱག་ལས་ཕ་ཡུལ་དགོན་པ་གསར་བཞེངས། སློབ་གྲྭ་གསར་འཛུག ཆོས་ཚོགས་གསུམ་བཞི་ཞིག་ཡོད། ཕྱག་དེབ་རྒྱ་ཡིག་ཏུ་བསྒྱུར་བ་མི་ཉུང་པ་དང་བོད་ཡིག་ཏུ་སྒྲོལ་མའི་འགྲེལ་བ་སོགས་བཞུགས་ཟེར། བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོ་ཅན་ཞིག་ཡིན་པ་ཀུན་ལ་གྲགས། ༥༽ཀཿཐོག་རིག་འཛིན་ཆེན་པོ། ཕ་ཡུལ་མགོ་ལོག་ཨ་སྐྱོང་འབུམ། བླ་མ་ཁམས་གཙང་སྨན་པ་འབྲུག་རྒྱས། ཨ་ལག་གླིང་རྒྱ་ཚང་། བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས། སློབ་སྦྱོང་སློབ་གྲྭ་ཆེན་མོའི་ཆེ་བསྟོད་གཟེངས་རྟགས་ཡོད། ཕྱག་ལས་ལོ་བཅུ་དྲུག་སྐབས་བོད་ཀྱི་སློབ་གྲྭའི་རེ་འབོད་ཀན་ལྷོའི་ཚག་པར་ཏུ་བཀོད་པས་བྱིས་པ་བསམ་བློ་ཅན་དུ་གྲགས། མུ་ར་དགོན་པའི་ལྷ་ཁང་། སྒྲུབ་གྲྭ། སྨན་ཁང་། སློབ་གྲྭ་སོགས་གསར་བཞེངས། ཕྱག་རྩོམ་པོད་བཅུ་ལྷག་པར་བསྐྲུན་བྱས་འདུག སྐད་ཡིག་དུ་མ་ཤེས། ཁོའི་ཕ་ཡུལ་གྱི་མིས་བཤད་པ་ལྟར་ན་ཁོང་ནི་སློབ་སྦྱོང་ལ་ཆེར་མ་ལྟོས་པར་རང་བྱུང་སྐྱེས་སྟོབས་ཀྱིས་དགོངས་པ་ཀློང་རྡོལ་ཞིག་དང་། བཅུ་ཕྲག་རིག་པའི་གནས་གང་ཡང་མཁྱེན་ཟེར། སྨན་རྩིས་གཉིས་ལ་མཁས་པ་ཡིན་ཚུལ་གསུང་རྩོམ་ལས་ཤེས་ཐུབ། མདོར་ན། ཁོང་ཚོ་ལྷག་བསམ་དང་། དཔལ་འབྱོར། ཉམས་མྱོང་། འཇོན་ཐང་། ཤེས་ཡོན་གང་གི་ཆ་ནས་ཡིན་ཀྱང་བོད་མི་རིགས་ཀྱི་རྩེ་གྲས་མིན་ཡང་། ཨང་གཉིས་གསུམ་ཞིག་གི་གྲས་ལ་འགྲོ་ཚོད་རེད། ཁོང་ཚོར་ནུས་པ་མེད་ས་ལ་རེ་བ་ཆེ་ཞིག་བྱེད་རྒྱུ་མེད་ཀྱང་། ནུས་པ་ཡོད་ས་ལ་ལ་སྐྱོན་ཀྱི་ཆ་ནས་ཐུགས་སུན་མི་བཟོ་བར་རེ་བ་བྱེད་ཆོག གཉིས་པ། ཕྱག་ལས་ནི། ཐེ་ཝན་དུ་བཞུགས་པའི་དགེ་འདུན་མཉམ་འཛོམས་དང་། རྒྱུས་ལོན། མཐུན་སྒྲིལ། ཕྱག་ལས་ལྷན་ཅིག་གནང་པ་བོད་པའི་གཟི་བརྗིད་དུ་བརྩི་ཆོག ད་བར་དོགས་སེལ་དགག་ཡིག་དུ་མ་ཡིག་ངག གློག་ལམ་ཀུན་ནས་དངོས་དང་བརྒྱུད་དེ་སྤེལ་བ་དང་། ད་དུང་གྲྭ་བརྙན་གསར་འགྱུར་ཞིག་གི་ཆེད་དུ་དཀའ་ལས་རྒྱག་བཞིན་པ་ཁོང་ཚོའི་དྲྭ་རྒྱར་བལྟས་པས་ཤེས་ན། དངོས་གནས་བཀའ་དྲིན་ཆེ་ཞུ་འོས་པ་ཞིག་རེད། འདི་ལྟ་བུའི་ཕྱག་ལས་ནར་མར་གནང་ཐུབ་ན་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པ་རླབས་ཆེན་འབྱུང་བར་གདོད་མི་ཟའོ། ། གསུམ་པ། དྲ་གྲོགས་རྣམས་ཀྱིས་སྐྱོན་བརྗོད་ཐལ་དྲག་པ་མིན་ནམ། ཚོགས་པ་ཞིག་འཚོགས་མ་ཐག་དེ་དངུལ་གྱི་ཆེད་རེད། རང་འདོད་རེད། སྐྱོན་ཅན་རེད་ཅེས་རང་ཉིད་ཚོགས་མི་དེའི་ནང་གི་རྒྱུས་ཡོད་ཀྱི་མི་ཞིག་ཡིན་པ་ལྟར། མཁས་མདོག་དང་ཤེས་མདོག་གི་ཀུ་ཅོ་ཁྱི་ཚོགས་ཀྱི་སྐད་ལྟར་སྒྲོགས་པ་འདིས་མཐུན་ལམ་ལ་ཕན་ནམ་གཏོར་བཤིག་ལ་ཕན། རང་འདོད་ཡིན་ནམ་གཞན་གྱིས་བསླབས། རྒྱུས་ཡོད་ནས་བཤད་དམ་ཚོར་བ་དབང་བཙན་བྱས་ནས་བཤད། མ་བརྟགས་པར་བཤད་དམ་བབ་བཅོལ་དུ་སྨྲས། ཕྲག་དོག་ཡིན་ནམ་ཕན་སེམས་ཡིན། གཞན་ལ་གནོད་སྐྱེལ་བའི་ཆེད་ཡིན་ནམ་གྲོགས་བྱེད་པའི་ཆེད་ཡིན། རང་ཉིད་ཀྱིས་དེ་ལས་ལྷག་ཞིག་འཇོན་ཡོད་དམ་མི་ཐོག་ལ་ཁ་ཆེ་ནས་བཤད། ལེགས་པར་བརྟགས་དགོས་པར་སེམས། ལས་ཀ་མགོ་བརྩམས་མ་ཐག་མཇུག་འབྲས་ཐག་གཅོད་པ་ནི་བླུན་པོའི་རང་བཞིན་ལས་མ་འདས་པས་ཤེས་དགོས། བྱ་བ་གང་ཡིན་ཡང་ཆག་སྒོ་དང་ལམ་འགྲོའི་ཕྲེང་བརྒྱུད་དགོས་ལ། མི་ཚེ་གང་ཡིན་ཡང་བཟང་ངན་གྱི་གྲགས་པ་གཉིས་ཀྱི་བར་འགྲིམས་དགོས་པ་སྤྱི་ལུགས་རེད། བོད་ཀྱི་ཆོས་དང་རིག་གཞུང་སོགས་སྤྱི་བའི་དོན་ཅུང་ཟད་ཅིག་བྱེད་མཁན་བྱུང་ན་དེ་ལ་འཕྲལ་དུ་གནོད་ཅིག་བྱེད་ཨེ་ཐུབ། ཡང་ན་ངན་བཤད་ཅིག་བྱེད་ཨེ་ཐུབ་བལྟས་བསྡད་ན་བོད་ལ་ཡར་རྒྱས་མི་འབྱུང་ལ། མཐུན་སྒྲིལ་ཡང་ག་ལ་སྲིད། དེ་ལྟར་བྱེད་པ་རྒྱལ་འགོང་ཁོག་ཞུགས་སམ། ཡང་ན་དགྲ་བོའི་ཕྱོགས་འཛིན་ཞིག་ཏུ་བྱ་བ་བྱེད་པའི་རིགས་པས་གྲུབ། སྤྱི་དོན་གཉེར་བའི་ཚོགས་པ་འདི་སྤྱི་ཚོགས་སུ་མགོ་འབུས་པ་ཙམ་གྱིས་ལམ་ཁ་མ་འགོག བར་ཆད་མ་རྩོམས། འདི་དག་བོད་མི་རིགས་ཀྱི་པད་ཚལ་ནང་གི་ཆ་ཤས་ཞིག་ཡིན། དེ་ལ་རྐང་བརྫིས་གཏང་ན་རང་གི་མཛེས་ཆ་ལ་གནོད། ངའི་རེ་འབོད་ནི། བོད་པ་ཚང་གི་ཤེས་ཡོན་ཅན། བཤད་ལ་དགའ་བ། འབྲི་ལ་བྲེལ་བ་ཚོ། སྐྱོན་བརྗོད་ཁོ་ནས་སྐྱོན་ཆ་མི་སེལ་བས། བྱ་བ་བྱེད་སྟངས་ལ་དགོངས་འཆར་ཡོད་ན་ཡི་གེ་བྲིས་ཏེ་ཁོང་ཚོར་སྐུར། བོད་པ་ཚང་ལ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་པ་ལས་སྐྱོན་འདོགས་དང་དགག་ཡིག་བཀྲམ། རྒོལ་བ་བྱས་ནས་ཐག་གཅོད་པའི་མ་རྩ་ཁོ་རང་མེད། མཐུན་སྒྲིལ་ལ་འབོད་ཅིག་ཅེས་ཞུའོ། །
མཆན་བརྒྱ་པ་མེ་ཏོག་ངས་སྒོ་དམུ་རྒོད་ཀྱིས་བཤད་པ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
མཆན་༨༥་བས་དྲི་མེད་བན་བོན་སུ་ཡིན་བཤད་དཀའ་ཟེར། བོད་ཀྱི་མི་རིགས་ཀྱི་མེས་པོ་རྣམས་བོན་པོ་ཡིན་པས་ཕྲན་ལ་དེའི་ཁྲག་རྒྱུན་ཕྲན་བུ་ཡོད་པས་མ་རྒྱུད་བོན་རིགས་ཅེས་བཤད་ཀྱང་ཆོག སྐྱེ་བ་འདི་ལ་ནི་བོན་སྦྱང་མ་མྱོང་ལ། བོན་ཀྱི་གྲུབ་མཐར་མ་ཞུགས་པས་ཤཱཀྱའི་ནང་ཆོས་ཁོ་ནར་དད་པ་བྱེད། འོན་ཀྱང་རང་གི་མེས་པོའི་ཆོས་ལུགས་ལ་སྡང་སེམས་མེད་པར་མ་ཟད། དེ་ལ་དགའ་ཞེན་དང་། བརྩི་བཀུར་བྱེད་མཁན་ཞིག་ལགས། མཆན་༨༨་པས།དྲི་མེད་ཀྱིས་ཞིབ་འཇུག་བྱས་ནས་བོན་གྱི་རྒྱབ་རྩ་བྱས་འདུག་ཟེར་ན་ཡིན་ཡང་སྲིད། འོན་ཀྱང་ཕྲན་གྱིས་དད་སྡོམ་དང་། གུས་པ་བྱེད་ཚུལ་སོ་སོར་འབྱེད། བོན་ལུགས་ལ་དུང་ཞེན་ཡོད་པས་བོན་པོར་མི་འགྱུར། གཅིག་བྱས་ན་བོན་བོར་ཞིབ་འཇུག་བྱས་ནས་ཡག་པོ་ཞིག་ཡིན་ན་དེ་སྦྱོང་མི་ཆོག་པའང་མེད། ངའི་མ་ཎི་ཆོས་ལུགས་ལ་རོབ་ཙམ་ཞིབ་འཇུག་བྱས་པ་ཡིན། དེ་བོན་དང་འདྲ་ས་མང་། གཅིག་བྱས་ན་དེའང་བོན་ལས་བྱུང་བ་ཡིན་སྲིད། ད་དུང་ཐག་ཆོད་པོ་བྱུང་མ་སོང་། བསམ་བློ་ཞིབ་པར་བཏང་ཚེ་བོད་ཀྱི་གོམས་གཤིས་མང་པོ་ཞིག་བོན་ལུགས་ཡིན་པ་སྙོན་དུ་མེད། དེའི་ལེགས་པའི་ཆ་ལ་གུས་པ་དང་བརྩི་བཀུར་བྱེད་དགོས། བན་བོན་གཉིས་ཀྱི་རིང་ལུགས་སོ་སོར་གཙང་མར་འཛིན་དགོས་པ་ད་དུང་ངའི་འདོད་པ་ཡིན། རིས་མེད་ཡིན་ཅེས་ར་མ་ལུག་ཏུ་བསྒྱུར་ན་གཉིས་ཀ་ཉམས་པའི་སྐྱོན་ཡོད། དེ་བཞིན་གྲུབ་མཐའི་རྐང་འཛིན་པ་རྣམས་ཀྱིས་རིང་ལུགས་གཙང་མར་འཛིན་པ་དང་། ཆོས་རྒྱུན་གཞན་གྱི་ལེགས་ཆ་ལ་གུས་གུས་པ། གང་ཟག་ལ་གུས་པ། དགོན་སྡེ་ལ་གུས་པ། གནས་ལ་གུས་པ། གནའ་རྫས་ལ་གུས་པ། འདྲ་ས་ནས་མཉམ་ལས། དགོས་ས་ནས་མཉམ་འབྲེལ། རིག་གནས་ཤུལ་བཞག་ལ་མཉམ་འབྲེལ་གྱིས་སྲུང་སྐྱོབས་དགོས་པའང་ངའི་རེ་བ་དང་ལྟ་བ་ཡིན། །
ཏི་སེ་དང་ནི་མ་ཕམ་གཉིས། །ཞང་སྐད་ཡིན་པའི་རྒྱུ་མཚན་ཅི། །མི་ལ་བོན་ཆུང་ཐོབ་ཤོར་དེ། །མི་ལའི་མགུར་འབུམ་ནང་དུ་ལྟོས། །ནང་པའི་ལོ་ཁྲི་ཁྲག་གི །ལོ་རྒྱུས་བདེ་མཆོག་རྒྱུད་དུ་ལྟོས།།
ནང་པའི་མི་ལོ་ཁྲི་ཕྲག་གི །ཞེས་འདོན་རོག
སྒོ་དམུ་རྒོད་ནས་བསམ་འཆར་ཡག་པོ་བཤད་སོང་ངོས་ལན་ཡོད།
ཤེས་དགོས་པ་ཞིག་ལ་ངས་༧གོང་ས་མཆོག་ལ་དམིགས་བསལ་ཞུས་པ་ཞིག་ཅི་ཡང་མེད། སུ་ཞིག་ལ་ཕོག་ན་སོ་སོས་སུ་ཞིག་ལ་ངོས་འཛིན་ན་དེའི་ངོར་དེ་ཡིན་ནོ།། གཙོ་བོ་ནང་བསྟན་ལ་ནང་བསྟན་འཛིན་པ་ཚོས་ཞིབ་འཇུག་དགོས་ན་མགོ་ནས་མཇུག་ཏུ་ཞིབ་འཇུག་དགོས་རེད། དར་སྤེལ་གྱིས་བགྲོ་གླེང་གནང་བ་ཤིན་ཏུ་གལ་ཆེན་རེད།
༡ བསྟན་པ་ལ་ཞིབ་འཇུག ༢ བསྟན་འཛིན་ལ་དག་ཐེར། ༣ བསྟན་བཤིག་གི་བཀའ་ཆད་དགོས། དེ་མིན་མིང་དང་ཐོབ་ཆེན། རྒྱུ་དང་དཔལ་འབྱོར་ལ་ངོ་སོ་སྟོན་ནས་ཁྲབ་སྟོན་ལྟ་བུ་ཆགས་སོང་ན་ཞབས་འདྲེན་རེད་ཞུས་པ་དེ་ཡིན། རྒྱལ་ཕྱི་ནང་གི་འགྲོ་བ་མི་རིགས་ཡོངས་ལ་གཡོ་སྒྱུས་རང་དོན་ཕུག་ཏུ་གཉེར། ལྷག་བསམ་ཁ་ལ་ཁྱེར་ནས་བསྟན་པ་ཁ་ལ་ཁྱེར་ནས་སྟོན་པར་ཕྱོགས་འཐེན། དགེ་སྡིག་གི་ཆོས་ལུགས་བསྲེས་ནས་ལོག་པར་སུ་ཞིག་གིས་སྤྱོད་ན་ཆེ་ཆུང་དང་མཐོ་དམན་དེ་དག་ལགས་སོ།། ཧིན་དང་། བོན་པོ་དང་ཡེ་ཤུ ཁ་ཆེ་སོགས་ནང་ཆོས་ལ་རིས་མེད་དགོས་ན་ལྟ་གྲུབ་ཟེར་བ་མེད་པར་བཟོ་ཙར་བ་རེད། ་ནས་ཟ་དགའ་འཐུང་སྐྱིད་ཀྱིས་དང་། ལས་འབྲས་དོན་མེད་ཀྱི་ཚོར་བ་ཁོ་ནར་རྩོད་པ་ཉུང་ཉུང་རེད། བསྟན་པ་སྤྱིའི་གཟི་བརྗིད་དང་བསྟན་འཛིན་རྣམ་པའི་ཕྲིན་ལས་ཡང་དག་ཅིག་དགོས་ནས་བཟུང་སྟེ་རང་ཆོས་ལ་ངེས་ཤེས་དང་གཞན་ཆོས་ཀྱི་སྐྱོན་ཡོན་ངོས་ཟིན་དགོས། ད་བསྟན་པ་ནང་འཁོར་ནས་ཆིག་སྒྲིལ་གྱིས་ས་དགེ་བཀའ་ཇོ་ཚང་མ་གཅིག་མཐུན། འཆམ་འཐུན་བྱས་ན་དེ་ཀ་རེད། དེ་མིན་མི་ཚེ་གོང་བོར་གཞན་མགོ་སྐོར་སྐོར་ནས་གཟོད་ལྷག་བསམ་ཡོད་འདོགས་བྱེད་པ་བསྟན་པ་ལ་ཞབས་ཞུ་ལས་ཞབས་འདྲེན་རེད། བན་བོན་གྱི་རྩོད་པ་ཡང་བདེན་རྫུན་ཞིག་བརྩོད་པ་རེད། རྫུན་ལ་དག་སྣང་དགོས་རེད་བཤད་ན་ཁ་ཙམ་ལས་དངོས་ཡོད་དང་མི་མཐུན་པ་རེད། ཚང་མ་གཅིག་འདྲ་དང་རིས་མེད་ཟེར་ན་ནང་ཆོས་ལ་གོ་ཚོད་ཡོད་པར་ཕྱི་ལ་སྟོན་པ་རེད། དེ་ལ་སོགས་པའི་སྐྱབས་མགོན་དང་ཆོས་རྗེ། གོ་ས་ཆེ་ཆུང་ཡང་བླ་མ་དང་མཁན་ཆེན་སྤྲུལ་སྐུ་ཟེར་བ་ཚོ་མིང་ཙམ་དུ་མ་སོང་བར་གོ་ས་དེ་དག་ཀྱང་བརྗེ་བོ་རྒྱབ་དགོས་མིན་ལ་ཞིབ་འཇུག་དགོས་ངེས་པར་རེད་ཞུ་བ་དེ་ཡིན།
བོད་བརྒྱུད་ནང་ཆོས་དར་སྤེལ་གཏོང་ཕྱོགས་ཐད་ལ་གྲོས་ཐག་ཆོད་པ་ག་རེ་བྱུང་སོང་། དེ་འགྲེལ་བཤད་ཅིག་གནང་རོགས་གནང་། དེ་ནས་བོད་བརྒྱུད་ནང་ཆོས་དར་སྤེལ་གཏོང་ཕྱོགས་དེས། རང་རེ་བོད་པ་ཚང་གཙོ་བོར་གྱུར་པའི་འགྲོ་བ་དག་ལ་ཕན་ཐོག་ཡོད་པ་ཞིག་དང་མེད་པ་ཞིག་རེད་ཧ་གོ་ངེས་རེད།
རྫོང་གསར་མཁྱེན་བརྩེའི་དེབ་༼ཁྱེད་རང་ནང་པ་མ་ཡིན་པར་གང་གིས་བཟོས་༽ཞེས་པའི་དེབ་ཏུ་ནང་པའི་རྒྱལ་ཁབ་དང་ནང་པའི་མི་རིགས་སུ་སྐྱེས་པས་ནང་པ་མི་ཆགས་ཟེར་གསུངས་འདུག། བོན་པོ་ནི་བོན་པོའི་མི་རིགས་སྐུ་སྐྱེས་པ་ཙམ་གྱིས་བོན་པོར་ཆགས་འགྲོ་གི་ཡོད་ས་རེད། བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་བོན་གྱི་སྡོམ་རྒྱུན་ཡིན་པ་ནི་དེ་རིང་གསར་དུ་ཐོས། སོ་ཐར་སྡོམ་རྒྱུན་རྣམས་སུ་དེ་ལྟར་བྲིས་པ་ཞིག་མཐོང་བ་མི་དྲན།
པདྨས་༧གོང་ས་མཆོག་ལ་དམིགས་ཏེ་ཚིག་ངན་སྨྲ་མེད་གསུངས་པར་ཧ་ཅང་དགའ་པོ་བྱུང་། ཡིན་ནའང་༼འགའ་ཞིག་གིས་རིས་མེད་རིས་མེད་ཟེར་ནས་བོན་པོ་དང་ཁ་ཆེ། ཡེ་ཤུ་སོགས་ཐུག་ཐུག་རིག་རིག་ལ་ཕྱག་འཚལ་དེ་དག་གི་ཞྭ་མོ་གྱོན། ལུས་འཁྱུད། ཁ་སྐྱལ། དད་གུས་ཡོད་འདོགས་བྱེད་པ་ཡང་གཡོ་སྒྱུ་དང་ཁྲམ་པ་རང་རེད༽འདིའི་མཚན་གཞི་རེ་ཡོད་ན་འཇོག་དང་དོགས་པ་གཙང་སེལ་ཡོང་བ་འདུག
བརྩེ་བའི་གཡུ་འབྲུག་དཀར་པོ་འདིའི་རིགས་པ་རྣོ་ལུགས་ལ་ཨ།
བོན་པོ་ཚོས་ན་ནིང་རྒྱུགས་ཁྲོད་མ་སོང་། ནམ་མཁའ་ནོར་བུས་རྫ་ཚེ་རིང་བཀྲ་ཤིས་ལ་ཁོ་རང་རྙིང་མ་ཡིན་བཤད་པ་རེད། སྔོན་གྱི་བོན་པོ་དང་དེང་གི་བོན་ཟེར་ ཧ ཧ ནས་འདོ་ཚང་མ་ཤོར་འདུག
མེ་དཀར་ལགས། ང་རིགས་པ་རྣོ་པོ་ཆགས་འདུག་ཨེ། ཁ་བརྡའི་སྟེང་ནས་ཚད་མ་རིགས་པ་སྦྱངས་པའི་གྲུབ་འབྲས་བྱུང་བ་ཡིན་འགྲོ།
མེ་དཀར་གྱིས་གསུངས་པ་དེས་ཏག་ཏག་པདྨ་ལ་འཁེལ་སོང་ད། ངས་ཀྱང་ཁ་ཆེ་དང་ཧིན་དུའི་བླ་མ་མཉམ་དུ་ཐུག་རེག་གནང་ཞིང་ཁ་ཆེའི་ཞྭ་མོ་གྱོན་པ་རྒྱལ་བ་རིན་པོ་ཆེ་མ་གཏོགས་གཞན་མཇལ་མ་སོང་། པདྨ་་མཚན་གཞི་གཞན་འཇོག་རྒྱུ་ཡོད་ན་འཇོག་རན་འདུག། དངོས་ནས་བྱས་ན་ནང་པ་གཙང་མ་བྱེད་པ་ལ་ཆོས་ལུགས་གཞན་དང་གཏན་ནས་འདྲེས་མི་རུང་བ་ཞིག་ཨེ་ཡིན་ན་བསམ། ང་ཚོས་ནམ་རྒྱུན་སངས་རྒྱས་དག་ལ་སྐྱབས་སོང་ན། །ལྷ་གཞན་དག་ལ་ཕྱག་མི་བྱ། །ཟེར་འདོན་གྱི་ཡོད་ཀྱང་ཇོ་བོའི་གསུང་ཡིན་པའི་སྐྱབས་འགྲོའི་དཔེ་ཞིག་གི་ནང་དུ་སངས་རྒྱས་དག་ལ་སྐྱབས་སོང་ན། །གནོད་སྦྱིན་དག་ལ་ཕྱག་མི་བྱ། །ཞེས་གསུངས་པ་ལས་ལྷ་གཞན་དག་ལ་ཟེར་བ་མ་མཐོང་། གལ་ཏེ་སངས་རྒྱས་ལ་སྐྱབས་སོང་ཚར་ནས་ལྷ་གཞན་དག་ལ་ཕྱག་བྱ་མི་རུང་བ་ཏན་ཏན་ཡིན་ན་རྙིང་མ་དག་ཚར་སོང་བསམ་གྱི་འདུག། ག་རེ་ཟེར་ན་རྙིང་མ་པས་འདོག་ཆོག་སོགས་འདོན་དུས་ཐོག་མར་བཀྲ་ཤིས་བརྒྱད་པ་ཟེར་བ་ཞིག་འདོན་གྱི་འདུག་ལ་དེའི་ནང་དུ། འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །ཟེར་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་འདུག་པས་སོ། །མ་ཟད་རྙིང་མ་པའི་བཀྲ་ཤིས་བརྒྱད་པ་དེ་འཕགས་པ་བཀྲ་ཤིས་བརྒྱད་པའི་མདོ་ཟེར་བ་ཞིག་བཏུས་པ་རེད་འདུག་པས་མདོ་དེ་ཡང་ནང་པའི་མདོ་མ་ཡིན་པར་འགྱུར་ཉེན་འདུག་གོ། ཡང་ཞི་བ་ལྷས་སྤྱོད་འཇུག་ཏུ་སེམས་ཅན་ཐམས་ཅད་ལ་ཕྱག་འཚལ་རུང་བར་གསུངས་ཡོད་ཚུལ་ཞིག་ཀྱང་ཐོས་པས་གལ་ཏེ་དེ་བདེན་ན་སྤྱོད་འཇུག་དེ་སྤྱོད་པའི་ཆ་གཙོ་བོར་སྟོན་པ་ཡིན་ཅིང་ཕྱག་འཚལ་རུང་མི་རུང་དེ་ཡང་སྤྱོད་པའི་ཆ་ཡིན་པས་སྤྱོད་འཇུག་དེ་ལ་ཆ་འཇོག་དགོས་དྲན་གྱི་འདུག།
སྒོ་དམུ་རྒོད་ལགས། ཁྱེད་ཀྱིས་བྲིས་པ་དང་གསུངས་པ་རྣམས་ལེགས་བྱུང་། འོན་ཀྱང་འདི་ནས་བསམ་ཚུལ་རེ་གཉིས་ཅིག་གླེང་བར་སྤྲོ། མཆན་༨༥་དེའི་ནང་དུ་ཁྱེད་ཀྱིས་༼རང་རེའི་བོད་པའི་སྤྱི་ཚོགས་སུ་བོན་ལ་ཆེད་དུ་སྤྱོད་པའི་ཚིག་ངན་རེ་ཡོད་པ་ཐུགས་ཉམས་མ་བཞག་པར་བཤད་པས་བོན་པོ་རྣམས་མ་དགའ་བ་འདྲ་༽ གསུངས་པ་ལ་བོད་པའི་སྤྱི་ཚོགས་མ་རེད་་་བན་དེ་རང་ཁ་མའི་་སྤྱི་ཚོགས་ཟེར་ནས་བཅོ་ན་དོན་དང་མཐུན། ད་དུང་ཁྱེད་ཀྱིས་༼མཁན་པོ་ལ་དྲི་མ་བགོ་བ་བོན་པོ་རྣམས་ཀྱི་ནོར་འཁྲུལ་ཡིན་པ་འདྲ༽གསུངས་པ་ལ་ངས་གོ་བ་ལྟར་བྱས་ན་མཁན་པོ་ཁོངགིས་རྒྱ་རིགས་མང་པོ་ཞིག་ལ་བོན་ལ་དད་པ་བྱེད་མི་ཉན་རབས་གསུངས་པ་ཞིག་གོ་སོང་། བོན་པོའི་ཆོས་ལུགས་གཅིག་གཅིག་རེད་ཉོག་ཉོག་རེད་ཟེར་ནས་རྒྱ་ཡིག་ཐོག་ལའང་ཡིག་ཆ་མང་པོ་ཞིག་སྤེལ་ཡོད་རབས་ཐོས། དེ་ཚོ་ངོ་མ་བོན་ཆོས་ལ་བརྙས་བཅོས་དང་མི་རིགས་ཀྱི་དཀྲུགས་ཤིང་ཟེར་བ་དེ་རེད། འདས་ཟིན་པའི་ཆོས་དཔེ་ཁག་གི་ནང་གཟིགས་ན་ཆོས་ལུགས་ཀྱི་རྙོག་གཏམ་ལུང་པ་གང་བྲིས་ཡོད་པ་རེད། དེས་སྤྱི་ཚོགས་ལ་ཕན་གྱི་འདུག་གམ་གནོད་ཀྱི་འདུག་ཁོང་ཐམས་བཅད་མཁྱེན་པས་ལོས་མཁྱེན། ད་དུང་བོན་ལ་ངན་སྨྲས་བྱེད་རྒྱུ་དེ་མཚམས་མི་འཇོག་གམ། རང་ཉིད་དོན་གྱི་ཆ་ནས་བོན་ལུགས་དང་འབྲེལ་བ་ཆེ་ཤོས་ཀྱི་ཆོས་ལུགས་པ་ཞིག་ཡིན་བཞིན་དུ། ད་དུང་བོན་པོར་མེད་མེད་མུག་མུག་མང་པོ་བཤད་པ་ཡིན་ན་ནོར་འཁྲུལ་བཟོ་མཁན་ཐོག་མ་དེ་སུ་ཡིན་པ་ཁྱེད་ཚོས་ཤེས་དགོས། བོན་པོས་ནོར་འཁྲུལ་གང་ཡང་བྱས་མེད་ཟེར་ཞུ་ཆོག། ཅིས་ན་བཤད་རྒྱུ་གླེང་རྒྱུ་ང་ཚོས་ཐོག་མར་མགོ་བཙུགས་མེད་དོ། འོན་ཀྱང་ང་ཚོ་ཁས་ཞན་ཉམ་ཆུང་རང་གནས་སུ་བསྡོད་སྐབས་ཁྱེད་ཚོ་སྟོབས་ཆེན་དཔུང་ཆེན་ཚོས་རྒྱ་མི་རིགས་དང་བཅས་པར་བོན་ལ་དད་པ་བྱེད་མི་ཉན་རབས་དང་ཉམས་ལེན་བྱེད་མི་ཉན་རབས། དངོས་ཤུགས་བརྒྱུད་གསུམ་ནས་བཤད་ཡོང་དུས་འོ་ལགས་སོ་སྐྱབས་སུ་མཆི་ཟེར་ནས་སུ་ཡིན་ནའང་འགུར་ཐུབ་ཀྱི་མ་རེད་བ་དེ་ཐུགས་ལ་འཇོག་རོགས་གནོངས། མ་འོངས་པར་སྐྱེ་འགྲོ་སྤྱི་དང་བོད་མི་རིགས་སྤྱི་ལ་བསམ་ནས་དེ་ལྟར་ཡང་ནས་ཡང་དུ་མི་ཡོང་བའི་འགན་ཡོད་པ་ཞིག་གནང་རོགས། ནོར་འཁྲུལ་ཟེར་བ་སུ་ལའང་ཡོང་སྲིད། ཡིན་ནའང་ཡོ་བཅོས་བྱེད་རྒྱུ་ཡོད་པ་རེད། དཔེར་ན་མིག་དཔེ་བལྟ་འོས་པའི་དགེ་ལུགས་པའི་དགེ་བཤེས་ཤིག་གིས་ཀྱང་དེ་ལྟར་གནང་སོང། ད་ཁྱེད་རང་ཚོ་བསམ་བློ་ཡག་པོ་ཐོངས་ཤིག། །
མི་ལ་རས་པའི་རྣམ་ཐར་ནང་དུ་ཡོད་པའི་ཕྱིར་ཟེར་ན། བོན་གྱི་རྒྱལ་རབས་ལོ་རྒྱུས་ནང་དུ་མི་ལ་དང་ན་རོ་བོན་ཆུང་ཟེར་བ་གཉིས་རྩལ་འགྲན་རབས་གངས་ཏི་སེ་སུ་ལ་ཐོབ་ཚུལ་གྱི་སྒྲུང་དེ་ནི། མོ་ཤམ་བུ་དང་མཐུ་རྩལ་འགྲན་རབས་བཤད་པ་རེད་ཅེས་གསུངས་པའི་ཕྱིར་ཁྱབ་པ་ཀུ་རུ་འགྲིག ན་རོ་བོན་ཆུང་ཟེར་བ་བོན་གྱི་ལོ་རྒྱུས་དང་རྣམ་ཐར་ཆོ་ག་སོགས་གང་ནས་མིང་ཙམ་ཀྱང་མ་གསལ་བ་ཞིག མི་ལ་གྲུབ་ཐོབ་དེ་འདྲ་ལ་མཐུ་རྩལ་འགྲན་མཁན་ཞིག་ཡིན་ན་ཅིས་ཕྱིར་མི་གསལ་དགོས་པ་རེད། ཏི་སེ་དང་མ་པང་ཞེས་པ་ཞང་སྐད་མིན་ན་འོ་ན་གང་གི་སྐད་ཡིན་ནམ། འགྲེལ་བཤད་རྒྱོབ་དང། རང་མིང་ལ་འགྲེལ་བཤད་རྒྱབ་མི་ཤེས་མཁན་་་ཏི་སེ་ཧཧཧཧཧཧིཧིཧིཧུཧུཧུ
བླ་ཆེན་དགོངས་པ་རབ་གསལ་བོན་པོ་ཡིན་མིན་འདུལ་རྒྱུད་ལ་ལྟོས་ལ་ཤོད། བལྟ་རྒྱ་མཐོང་རྒྱ་གང་ཡང་མེད་པར་ཁྱི་ཐོང་ནམ་མཁའི་བྱ་འདེད་ཚུལ་ངོ་མི་ཚ་ནི།
དཀོན་མཆོག་གསུམ་ལ་སྐྱས་སུ་སོང་ཕྱིན། འཇིག་རྟེན་པའི་ལྷ་གཞན་ལ་སྐྱབས་འགྲོ་ན། མི་འགྲིག་པ་ལས། ཕྱག་འཚལ་བ་ཙམ་ལ་ནི། གུས་དུད་ཀྱང་ཡོད་པས། མི་འདྲ་སྙམ་ལགས།
གྲོགས་དྲི་མེད་ལགས་ངས་ཁྱེད་ལ་དབུ་ནག་མིའུ་འདྲ་ཆགས་ཞེས་པའི་དཔེ་དེ་ཡི་འདྲ་བཤུས་ཤིག་སྐུར་ཡོད་ཁྱེད་ལ་འབྱོར་བའི་རེ་བ་ཡོད། གལ་ཏེ་འབྱོར་ན་འདི་གར་ལ་་འཇོག་རོགས་གནང། བཀྲ་ཤིས་བདེ་ལེགས།
བོན་ལོ་ལགས། ཉིད་ནས་གསུང་པ་ལྟར་བོན་ལ་ངན་པ་བཤད་མཁན་ཚོ་བན་དེ་བ་བྱས་ཀྱང་མི་རུང་བ་མེད། ལོ་རྒྱུས་དང་གཞུང་ཀུན་ན་ཚིག་ཟུར་ཡོད་པ་བདེན་པ་རེད། དེ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མིན་ཚད་གཞན་གྱིས་ཀྱང་རྗེས་བཟློས་རྐྱང་པ་བྱས་པའང་བདེན་པ་རེད། མཁན་པོའི་བྲིས་པའི་ལོ་ཤས་སྔོན་གྱི་རྒྱ་ཡིག་གི་དེབ་དུ་བོན་ནང་པ་མ་རེད་ཅེས་དང་། ཕྱི་རོལ་བ་དང་བོན་པོ། མུ་སྟེགས་པ་སོགས་ལ་སྐྱབས་ཡང་དག་མེད་ཟེར་བ་སོགས་གསུང་ཡོད་པ་འདྲ། དེ་བན་དེ་ཚང་གི་ཁྲིད་ཡིག་མང་པོར་བྲིས་འདུག སྔོན་རྒྱ་ནག་ལ་ཆོས་སྤེལ་མཁན་ལྕང་སྐྱ་ཚང་དང་། མགར་བ་ཧུ་ཐོག་ཐུ། སོག་པོའི་སུམ་པ་པཎ་ཆེན་སོགས་ཀྱིས་དེ་ལྟར་བྲིས་འདུག དེ་གོམས་སྲོལ་ངན་པ་ཞིག་ཡིན་པ་ངས་ངོས་ལེན་ཞུ་ཆོག མཁན་པོས་གསར་ཏུ་བཟོས་པ་ཞིག་མ་རེད། རྗེས་བཟློས་བྱས་པ་ཞིག་རེད། དེ་འདྲའི་རིགས་ང་ཚོས་སྒྱུར་ཅི་ཐུབ་དང་། ཕྱིན་ཆད་དོ་སྣང་ལོས་བྱེད། འཛམ་གླིང་གི་གྲུབ་མཐའ་གང་ཡིན་ཡང་རང་གི་ལྷ་དེ་ལས་གཞན་ལ་སྐྱབས་སུ་མི་འགྲོ་བ་སྤྱི་ལུགས་རེད། དེ་ལ་ཉིད་ཀྱིས་ཐུགས་བསམ་བཞེས་རོགས། རྒྱ་ནག་གི་དགེ་སློང་ཡ་ཆེན་སྒར་ནས་ལོ་མང་སྡོད་མྱོང་ཞིང་བོད་སྐད་ཤེས་མཁན་ཞིག་གིས་བརྗོད་དོན། དེང་དུས་མཁན་པོ་ཚུལ་ཁྲིམས་བློ་གྲོས་གྲགས་ཆེ་བས་དེའི་གཤོག་པ་ལ་འཇུས་ནས་རང་ཉིད་སྐད་གྲགས་འགྲོ་འདོད་ཀྱིས། བན་དེ་རྣམས་ཀྱིས་བསྟོད་པ་བརྩམས། བོན་པོ་རྣམས་ཀྱིས་དགག་པ་བྱས་པ་རེད་ཟེར། ལོ་རྒྱུས་སྟེང་ནས་ནོར་འཁྲུལ་སུས་ཐོག་མར་བཟོས་ང་ལ་རྩོད་པ་བྱེད་འདོད་མེད། ཐུགས་ལ་མི་འཕྲོད་པ་ཡོད་ཚེ་དགོངས་དག་ཞུ་རྒྱུ་ལས་ཐབས་ཟད།
ཕ་བླ་མས་མཁྱེན་ནོ། བན་བོན་རྨེ་བ་བཟློག་པར་བྱིན་གྱིས་རློབས།
བན་བོན་གཉིས་ཕ་མ་གཅིག་གི་ཕུ་ནུ་ཆོས་ལུགས་ལ་མ་མཐུན་པར་གསོད་རེས་བྱེད་པ་འདི། ཁྱིམ་ཚང་ཞིག་ལ་མཚོན་ན། ཆག་སྒོ་ཆེན་པོ་རེད།
བན་པོ་རྒྱ་གར་བའི་ཆོས་རེད། བོན་པོ་ཞང་ཞུང་བའི་ཆོས་རེད། གཙོ་བོ་ཁྱེད་གཉིས་ཀྱི་ཁྲག་དང་རུས་པ་བོད་པ་རེད། འདི་ལ་དོ་སྣང་ཏོག་ཙམ་གནོངས་རོགས
བན་དེ་ལགས་དེ་ཙམ་ཁོང་ཁྲོས་དགོས་པ་མེད། ངས་སོར་སྡོམ་འདུལ་རྒྱུན་གྱི་རྣམ་ཐར་ལ་བལྟ་ངེས་ཡིན། སྔ་མ་ཡང་ཐེངས་གཅིག་བལྟས་པ་ཡིན་ཏེ་ད་ལྟ་གང་ཡང་དྲན་གྱི་མི་འདུག། འོན་ཀྱང་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་དེ་བོན་པོའི་སྡོམ་རྒྱུན་ཡིན་པ་ཞིག་གཏན་ནས་བཤད་མེད་བསམ། ཁོང་བོན་གྱི་རིགས་སུ་སྐྱེས་ཡོད་ཟེར་དེ་ནི་བདེན་སྲིད། འོན་ཀྱང་བོན་གྱི་རིགས་སུ་སྐྱེས་པ་ཙམ་གྱིས་བོན་པོ་ཨེ་འགྱུར་བསམ་གྱི་ཡོད་ལ་དེ་བས་ཀྱང་བོན་གྱི་རིགས་སུ་སྐྱེས་པའི་གང་ཟག་ལས་བརྒྱུད་པའི་སྡོམ་རྒྱུན་ལ་བོན་པོའི་སྡོམ་རྒྱུན་དུ་ངོས་གཟུང་དགོས་ན་ཧ་ཅང་ཐལ་མི་ཆེའམ།
ལྷག་བསམ་ཟླ་མེད་བན་དེ་ལགས་ལ་གསོལ་བ། ཉིད་ཀྱིས་བསྐུར་བའི་ཡི་གེ་འཕྲོད་འདུག་ཟེར། ངའི་ཡིག་ཟམ་དུ་པར་དང་ཡི་གེ་མང་པོ་ཞིག་འཕྲོད་དཀའ་བར་འདུག་པས་གྲོགས་པོ་ཞིག་གིས་ཁུར་དེ་ང་ལ་ཉིན་གསུམ་ནང་འབྱོར་ཐབས་བྱེད་ཟེར། དེ་སྐབས་གསལ་བོ་མེད་ས་རེ་ཡོད་ན་སླར་ཡང་སྐུ་ངལ་གཏད་དགོས་ཆེ། ཐུགས་རྗེ་ཆེ་ཞུ། བཀྲ་ཤིས་བདེ་ལེགས།
བོན་པོའི་ནང་དུ་ན་བོན་ཆུང་ཟེར་བ་ཞིག་བྱུང་ཡོད་པའི་དཔང་རྟགས་ནི། གངས་རིན་པོ་ཆེའི་སྐོར་ལམ་དུ་རྗེ་བཙུན་དང་རྫུ་འཕྲུལ་འདྲན་པའི་བྲག་རྡོ་རྣམས་སུ་གསལ་པོར་མངོན་ཞིང༌། བོན་གྱི་ལོ་རྒྱུས་རྣམས་སུ་ཁོའི་སྐོར་གྱི་རྣམ་ཐར་དང་ཆོ་ག་སོགས་མིང་ཙམ་ཡང་མ་གསལ་བ་ནི། རྫུ་འཕྲུལ་ཕམ་སོང་བའི་རྒྱུ་མཚན་ལ་བརྟེན་ནས་ནག་བསུབ་གཏང་སོང་བ་དེ་པའི་བྱེད་སྟངས་ཞིག་ཡིན་ལ།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ༼ལེགས༽ གངས་རི། ཏི་སེ་གངས་རི། ཞེས་བྲིས་འདུག་པས་སོ།།
འདི་ལ་ཡག་པོ་གཟིགས་དང་།
སྔོན་མ་རྒྱ་ནག་གི་གློག་བརྙན་ཞིག་ཡོད། དེའི་ནང་ལ། ཁྱིམ་ཚང་ཕུ་ནུ་གསུམ་ཏེ། བུ་གཉིས་དང་བུ་མོ་གཅིག་མཉམ་དུ་སྡོད། ཕ་མ་སྔར་ནས་གཤེགས། བུ་རྒན་པ་དེས། དཀའ་ངལ་མང་པོར་གདོང་ལེན་བྱས་ནས་རང་གི་གཅུང་པོ་དང་གཅུང་མོ་གསོས། གཅུང་པོ་དང་གཅུང་མོ་སློབ་གྲྭར་བཏང་། རྗེས་མ་རིག་གསར་འཐབ་རྩོད་ལངས་ནས། གཅུང་པོ་དེ་ཁོ་པའི་སློབ་གྲྭའི་དཀའ་ལྟར་འགྱེན་ལོག་གྱི་ཕྱོགས་སུ་ཞུགས། གཅུང་མོ་དེས་དེའི་ཁ་གཏད་མཉམ་འབྲེལ་གྱི་ཕྱོགས་སུ་ཞུགས།
ཁོང་གཉིས་སློབ་གྲྭའི་མགོ་སྐོར་འོག་ལ་ཡོངས་སུ་རྨོངས་ནས། ཁྱིམ་ལ་ལོག་སྐབས། གཅུང་པོ་དང་གཅུང་མོ་ལྟ་བ་ལ་མ་འཆམ་པར་དང་ཐོག་རྩོད་པ་བརྒྱབ། རྗེས་མ་འཁོན་འཛིན་ཆེ་རུ་སོང་།
ཉིན་ཞིག་གཅུང་མོའི་སློབ་གྲའི་ནང་ལ་མཉམ་འབྲེལ་བ་མི་བཅུ་ཤས་ཀྱིས་གོ་མཚོན་འཁུར་ནས་ཡོང་། གཅུང་མོའི་སློབ་གྲོགས་མང་པོར་རྡུང་རྡེག་དང་འགའ་ཤས་བསད། ཉིན་ཤས་རྗེས་ལ། གཅུང་མོའི་སློབ་གྲྭར་རྒྱབ་སྐྱོར་བ་མང་པོ་ཡོང་ནས། དགྲ་ཤ་ལེན་དགོས་པའི་ངར་བསླངས། གཅུང་མོའི་གྲོགས་མོ་ཞིག་གིས། གཅུང་མོར་མཛུབ་མོ་བཙུགས་ནས། མོའི་གཅེན་པོ་མཉམ་འབྲེལ་བ་རེད། ཁོ་ད་ལྟ་ཁྱིམ་ལ་ཡོད་པས་བརྡུང་དུ་འགྲོ་ཟེར། གཅུང་མོ་ནི་སྔོན་མ་ནས་ཡོངས་སུ་ལྟ་བར་ལ་རྒྱ་ཇེ་ཆེར་སོང་སྟབས། ཁོང་ཁྲོ་ཆེན་པོས། རང་གི་སློབ་གྲོགས་མི་བཅུ་གྲངས་ཁྲིད་ནས། ཁྱིམ་དུ་སོང་། གཅུང་པོ་དང་གཅེན་པོ་བཟའ་མ་བཟོ་བཞིན་པའི་སྟེང་། སྐད་ཆ་བཤད་ལོང་དང་བྱ་ལོང་མེད་པར་སློབ་གྲོགས་ཚོས་ཁོང་གཉིས་ཀ་བརྡུང་། གཅེན་པོས་གཅུང་མོར་ཞུ་བ་ནན་པོ་འཐེན་པའི་མཐར་ཁོང་གཉིས་ཀྱི་ལག་པ་རེ་རེ་བཏུབ་རྗེས་སྲོག་མི་ལེན་རྒྱུ་བྱས།
རྗེས་མ་ལོ་བཞི་བཅུའི་རྗེས་ལ། གཅེན་པོ་དང་གཅུང་པོ་ལག་པ་ཤོར་བ་གཉིས་ལ་དངོས་སུ་བཅའ་འདྲི་བྱས་པའི་དངོས་བྱུང་གློག་བརྙན་དེ་རེད། གཅུང་མོ་དེ་རྗེས་མ་འགྱོད་པ་སྐྱེས་ནས་རང་ཤི་བརྒྱབ་སོང་ཟེར། གཟིགས་དང་། ཁྱིམ་ཚང་དེའི་ཆག་སྒོ།
ཚུལ་བློས་བོན་ནང་པ་མ་རེད་གསུངས་པ་ལ་བོན་པོ་ཁྲོས་ན་སྡུག་གྱོང་རེད། སྟོན་པ་ཐ་དད་པ་རེད། ཡག་སྡུག་སྐད་ཆ་མིན།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་ཨ་མདོ་རྔ་བ་དང་ཁམས་ཕྱོགས་ཀྱི་བོན་དགོན་དུ་མའི་མཁན་སྤྲུལ་དགེ་བཤེས་དུ་མ་ཕན་ཚུན་གུས་འདུད་བཅས་མཇལ་འཕྲད་གནང་ཞིང་དག་སེལ་བྱས་པས་ཐུགས་ནང་འོ་ཆུ་བཞིན་དུ་འདྲེས་བཞིན་ཡོད་པ་ཐོས། ད་ང་ཚོ་ཕྱི་ལོག་ན་ཡོད་པ་དག་གིས་ཀྱང་འུར་འགྲོག་གིས་བན་བོན་དབྱེན་ལ་མི་སྦྱོར་བར་མཐུན་སྒྲིལ་མཉམ་གནས་ལ་བརྩོན་དགོས་པར་སྙིང་ནས་སེམས་སོ།
རེད་གཡུ་འབྲུག་ལགས་ཁོང་ཁྲོ་ལང་དགོས་པ་མེད། བླ་ཆེན་དགོངས་པ་རབ་གསལ་བོན་ཕྲུག་རེད་ཅེས་བན་དེ་བ་ཚོས་བཤད། དགོངས་པ་རབ་གསལ་གྱིས་དབུས་གཙང་གི་བན་དེས་སྡོམ་པ་ཞུ་དུས་ ང་མི་བརྗེད་པའི་རྟགས་བཞི་ཙམ་ཁས་ལེན་དུ་བཅུག་ཡོད། དེར་བརྟེན་ས་སྐྱ་པཎ་ཌི་ཏས་ཨ་ཁུ་གྲགས་པ་རྒྱལ་མཚན་མི་མཉེས་བཞིན་དུ་ཁ་ཆེའི་པཎཌི་ལས་འདུལ་སྡོམ་ཞུས་འདུག་གང་ཡིན་ཟེར་ན་ཆོས་པའི་སྨད་འདུལ་དེ་ཉིད་བོན་ལ་ཐུག་པའི་རྒྱུ་མཚན་གྱིས་ཡིན་ཟེར། མ་གཞི་ནས་ཁྱེད་ཚོས་རྙིང་མའི་གཏེར་སྟོན་གྲགས་ཆེ་བ་རྣམས་བོན་ཕྲུག་གམ་བོན་རྒྱུད་ཡིན་པ་ལས་བོན་པོ་མིན་པར་བཤད་ཀྱི་རེད། དཔེར་ན། ལྕང་སྐྱའི་རྣམ་ཐར་ལས།༼ ཕྱི་ལོ་ཀླུ་མེས་ཀྱང་བོད་དུ་ཆས་ཏེ། ཕེབས་ཁར་བླ་ཆེན་ལ་མཆོད་གནས་ཞིག་ཞུ་པས་པར། བོན་ཞྭ་འོབ་ཞུ་ས་སེར་གྱིས་ཁ་བསྒྱུར་བ་གསོལ་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས། ༽འདི་བན་དེ་བས་བཤད་པ་རེད། དེ་ལ་ལེགས་པར་སོམ་དང་ལམ་སང་རྣམ་རྟོག་མི་ཟ་བར་ལོ་རྒྱུས་ནི་ལོ་རྒྱུས་རེད།
འོ་དྲ་གྲོགས་དྲི་མེད་ལགས་ལན་གནང་བར་ཐུགས་རྗེ་ཆེ། ཡིན་ད་ཡིན་རྗེས་མར་ངོས་ཕྱོགས་ནས་ཐུགས་ཕན་གསོ་བ་ཡོད་ན་མངགས་རྐྱང་གནང་རོགས།
རི་རྒྱལ་ཏི་སེ་ཧཧཧཧ་རང་མིང་ལ་འགྲེལ་བཤད་ཙམ་ཀྱང་བྱེད་མི་ཐུབ་པར་ད་དུང་་་་་་རི་རྒྱལ་ཏི་སེ་་་ཞེས་བཤད་པ་ནི་་་བོད་ཀྱི་གཏམ་དཔེར། མི་ངན་མིང་ཆེ་ན། འབོད་མཁན་ངོ་ཚ་་་ཟེར་བ་ལྟར་རེད། ཡུལ་ཁམས་ཞང་ཞུང་མངའ་རིས་ཡིན། ས་དེར་གནས་པའི་བླ་རི་གངས་དཀར་ཏི་སེ་ཡིན། གནས་དེར་འཁྱིལ་བའི་མཚོ་ཆེན་མ་པང་བླ་མཚོ་ཡིན། ཁྱོད་ཨ་ཙ་ར་གཅེར་ཀོག་རྒྱ་གར་ཡུལ་དུ་ལོག འདི་ཁོལ་མོ་འབྲོང་དང་ཁ་དཀར་རྐྱང་གི་ཕ་ས་ཡིན། ཁྱོད་མ་ཧེ་གཅེར་ཀོག་ཚ་བའི་གཏིང་ལ་ལོག འདི་ཕ་ཆོས་གཡུང་དྲུང་བོན་གྱི་གྲུབ་མཐའ་ཡིན། ཁྱོད་ཕོ་མཚན་སྐྱབས་ཡུལ་བསྟེན་མཁན་ལམ་སྲང་མདོ་རུ་ལོག
མེ་དཀར་གྱི་ནང་པའི་ཚིག་དོན་དང་། དེ་ལ་རིག་གནས་པས་གོ་བ་ལེན་ཚུལ། དེ་ལ་བོན་གྱིས་གོ་བ་ལེན་ཚུལ། ཤཱཀྱཱའི་རྗེས་འབྲང་ཚོས་གོ་བ་ལེན་ཚུལ་སོ་སོར་ཅིག་གསུངས་ཐུབ་ན་ཡག་པོ་འདུག
ནང་པ་ཟེར་བའི་ཚིག་འདི་ཤཀ་ཐུབ་རིང་ལུགས་པའི་སྒེར་མིང་གང་ཡང་མ་རེད། བོན་པོས་རང་ལ་ནང་པ་འབོད་ཆོག་ལ་ཁ་ཆེས་རང་ལ་ནང་པ་ཞེས་འབོད་ཆོག འདི་ནི་ལྟོས་ས་ལྟོས་འཇོག་གི་ཚིག་གཅིག་རེད།
ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་ཟེར་འོང་དུས། སྟོན་པ་ཤཀྱ་ཐུབ་པ་སྐྱབས་གནས་ཡང་དག་ཏུ་འཛིན་མི་འཛིན་ལ་གོ་དགོས་ཀྱི། དེ་མིན་སྐྱབས་སུ་འགྲོ་བ་ཙམ་ལ་བྱ་ན། ཕྱི་རོལ་པ་ལའང་དབང་ཕྱུག་སོགས་ལ་སྐྱབས་སུ་འགྲོ་བ་ཡོད་ན། ཕྱི་ནང་གི་སྐྱབས་འགྲོས་ཁྱད་ཅེས་པ་དོན་མེད་དུ་ཐལ་ལོ། །
ཨོ་ཉི་ལགས། འོ་ན་སངས་རྒྱས་འོད་སྲུངས་ཆོས་ཅན། ནང་པ་མིན་པར་ཐལ། རྟགས་དེའི་ཕྱིར། རྟགས་འོས་མེད་ཀྱིས་གྲུབ། ཁྱབ་པ་ཁས་བླངས་ཀྱིས་གྲུབ།
མེ་དཀར་ལགས་་་་ཨོ་ཉི་ལ་རྟགས་གསལ་བཏང་ནས་མགོ་ན་མ་འཇུག་རོགས།
སྒོ་དམུ་རྒོད་ལགས། ཉིད་ཀྱིས་་བློ་གྲོས་དཀྱེལ་ཡངས་ཀྱི་འདུན་མ་དེང་འདིར་ལེགས་པར་སྤེལ་བར་དགའ་ཡོད། འོན་ཏེ་མཆིད་ཚིག་གང་ཞིག་འགན་འཁུར་དེ་ཙམ་མེད་པའི་བཟོ་འདྲ་ཁུམས། དཔེར་ན་་་མཁན་པོས་གསར་ཏུ་བཟོས་པ་ཞིག་མ་རེད། རྗེས་བཟློས་བྱས་པ་ཞིག་རེད་་་ཟེར་ནས་གཡོལ་བར་ཕྱོགས་པའི་སྟ་གོན་ལ་བྲེལ་བ་དང་། མ་གཞི་ཉིད་ཀྱི་གསུངས་པ་ལྟར་མཁན་པོ་ལགས་དེ་འདྲ་མི་མཁྱེན་མཁན་ཞིག་རྩ་བ་ཉིད་ནས་ཡིན་ས་མ་རེད། ཐམས་བཅད་མཁྱེན་པ་ཡིན་པར་སྣང་ངོ། ད་དུང་ཁྱེད་ཀྱིས་་་་ལོ་རྒྱུས་སྟེང་ནས་ནོར་འཁྲུལ་སུས་ཐོག་མར་བཟོས་ང་ལ་རྩོད་པ་བྱེད་འདོད་མེད་་་་ཟེར་བ་སོགས་ནི་འགན་ལེན་མེད་པའི་སྐད་ཆ་ཕར་རོལ་པོ་སྣང་མེད་དང་བརྩིས་མེད་དུ་བཏང་ནས་རང་ཉིད་གང་འདོད་འདོད་ཀྱི་ལམ་བུ་དེར་སླར་ཡང་སྐྱོད་པར་བྱེད་པའི་ཐབས་ལ་འབད་པ་མ་ཡིན་ནམ། ད་དུང་ཁྱེད་ཀྱིས་བོན་པོ་རྣམས་ཀྱིས་དགག་པ་བྱས་ནས་མིང་ཆེན་རགས་འདོད་བྱེད་པའི་ཚུལ་སོགས་གཏམ་པར་ཡིད་ཁར་དེ་ཙམ་འགྲོ་མ་སོང་ངོ་། དེ་ལྟ་བུའི་མིང་སྐམ་ཞིག་ང་ཚོར་དུས་ནམ་ཡང་མི་དགོས། འོན་ཏེ་མཐོང་ཆུང་དང་བརྙས་བཅོས་ལ་ར་སྤྲོད་ཏོག་ཙམ་བྱེད་་རྒྱུ་དེ་དུས་ཀྱི་རང་མདངས་རེད་ང་ཚོས་ཆེད་དུ་བཟོས་པ་མ་ཡིན་ནོ། །
སྐྱབས་འགྲོས་ཕྱི་ནང་དབྱེ་མི་ཐུབ། ནང་པ་ལ་སྐྱབས་འགྲོ་ཡོད་པ་བཞིན་ཕྱི་པ་ལ་ཡང་སྐྱབས་འགྲོ་ཡོད། ཕྱི་ནང་དབྱེ་ས་གཙོ་བོ་ལྟ་བ་ཡིན། དེ་ཡང་ནང་པའི་ལྟ་བ་སྟོང་ཉིད་དང་བདག་མེད་ཀྱི་ལྟ་བ་དེས་ཡེ་ཤུ་པ་དང་ཁ་ཆེ་བ་ལས་ཤིན་དུ་ལོགས་སུ་འགྱེར། ཕྱིས་མ་དེ་གཉིས་འཇིག་རྟེན་བཀོད་པ་པོ་དང་བདེན་འཛིན་འདོད་པའི་ཕྱིར།
ད་རྙོག་འདྲ་འདི་བོན་པོ་དང་ཐུག་ཡོད། བོན་པོས་ཡང་སྟོང་པ་ཉིད་དང་བདག་མེད་འདོད་དམ། འདོད་ན་བན་བོན་ཕྱི་ནང་ལ་དབྱེ་མི་ཐུབ།
བན་དེ་ལགས་དང་bonpoགཉིས་ལ་འདྲི་བ་ཞིག་ཡོད་པ་ནི། བོན་པོའི་ལྟ་བ་ལ་བདག་ཁས་ལེན་ནམ་མི་ལེན།
བོན་པོ་ལགས། ཐུགས་ལ་མི་འགྲོ་བ་གང་ཡོད་དགོངས་དགལ་མེད་པར་ཞུ་རྒྱུ། ཕྱིས་སུ་བོན་གྲངས་ཉུང་ཆོས་ལུགས་སུ་གྱུར་བས་ཁ་ཟེར་སྣ་ཟེར་ཡོད་པ་དངོས་གནས་རེད། དེ་ལ་བན་དེ་བ་རྣམས་ཀྱིས་བསྒྱུར་བཅོས་གང་ལེགས་གསནང་བའི་འབོ་བསྐུལ་ཞུ་རྒྱུ། །དེ་བཞིན་མཁན་ཚུལ་ཁྲིམས་བློ་གྲོས་དང་མཇལ་ནའང་སྙན་གསལ་འབུལ་ངེས་ཡིན། ཐུགས་ཉམས་མ་བཞག་པའི་རྗེས་བཟློས་ཡིན་ཚུལ་དཔེར་མཚོན་ཞུ་ན། སྔོན་ཆད་ཕྲན་ལ་གྲོགས་པོ་ཞིག་གིས་འདི་ལྟར་བརྗོད་མྱོང་། ཨ་མདོ་མཛོད་དགེ་ན་སྨན་པ་སྟན་ཁོ་ཟེར་བའི་གྲགས་ཅན་ཞིག་ཡོད། དེ་ལ་སློབ་མ་དྲི་མེད་ཟེར་བའི་བོན་པོ་མཁས་པ་ཞིག་ཡོད། ཉིན་ཅིག་སྨན་པ་སྟན་ཁོས་རྒྱུད་བཞི་བཀའ་ཡིན་པར་སྒྲུབ་དུས་བོན་པོར་ཕོག་ཐུག་འགྲོ་བའི་ཚིག་མང་པོ་གསུང་བའི་རྗེས་མར། ་ཤར་པ་དྲི་མེད་ལ་ཕོག་ཡོད་ན་ཅི་ཤེས། ཐུགས་ཁྲོ་མ་ལང་། མུ་སྟེགས་པ་བཤད་ཚེ་དེའི་ལྟ་བ་གླེང་དགོས་པ་དང་། སྙན་ངག་བཤད་དུས་དགེ་སློང་གིས་ཀྱང་ཆགས་གཏམ་སྨྲ་དགོས་པ་གཞུང་བཤད་ཀྱི་འགྲོ་ལུགས་ཞིག་རེད། ཚུལ་མཐུན་ཞིག་མ་རེད་དེ་ཚིག་སྒྲོས་བཤད་རྒྱུན་མ་ཉམས་པ་དགོས་དུས་མི་བཤད་ཀ་མེད་རེད་ཟེར། བོན་པོ་དྲི་མེད་ཀྱིས། དགེ་རྒན་ཚང་ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུ་ཞིག་ཡིན་མོད། དེ་རིང་ང་ཚོ་བོན་ལ་ཅུང་ཟད་སྡིག་མོ་བཏང་སོང་ཟེར་། དགེ་སློབ་གཉིས་ཀ་མཉམ་དུ་བཞད། སྨན་པ་སྟན་ཁོས་རྗེས་མ་བློ་ལ་མི་འབབ་ས་རེ་ཡོད་དུས་ང་ལ་དྲན་གསོ་གྱིས་ཟེར། དེ་ལྟ་བུ་རེད། ལོ་རྒྱུས་དཀྲུགས་ནས་བསྡད་ནས་བན་བོན་གཉིས་ཀས་ཕན་ཚུན་འཁོན་ལན་སློང་རེས་བྱས་པ་གྲངས་མེད་པས་ཁོང་ཁྲོ་སྐྱེ་རོགས་རེད། འདས་པའི་ཆག་སྒོའི་ནང་དུ་འཛུལ་ནས་བསྡད་ན་ཉེས་པ་སྐྱར་ལོག་འབྱུང་བས་གླེང་འདོད་མེད་པ་དེ་ཡིན། མཁན་པོ་ལ་དགག་པ་མིང་ཆེན་རག་པའི་ཆེད་རེད་ཟེར་མཁན་རྒྱ་བོད་གཉིས་ན་གྲངས་མང་འདུག དེ་ངའི་ཁ་ངན་འདིས་དྲ་ཐོག་ཏུ་བསྐྱལ་བ་ང་ལ་ཉེས་པ་ཡོད་པས། དེ་ལྟར་མིན་པའི་རེ་བ་ཡོད། སླར་ཡང་དགོངས་དག་ཞུ། ཕྱིན་ཆད་ཚིག་འདི་ངག་སྒོ་ནས་མི་ཐོན་པར་བྱེད། བན་བོན་གཉིས་ཀས་མཉམ་ལས། གཉིས་ཕན་འབྱུང་བའི་རེ་བ་ཡོད།
བསམ་ཤེས་ལགས་དྲི་བ་བཏོན་པར་ཡག་བྱུང། འོན་ཀྱང་བོན་པོ་བ་ལྟ་བ་བཀར་རྟགས་ཕྱག་རྒྱའི་མདོ་བཞི་སྟོན་པའི་གཞུང་ལུགས་བརྒྱ་ཕྲག་བརྒལ་བར་ཡོད་ཅིང་ནང་དོན་རིག་པའི་གཞུང་ལུགས་བན་བོན་གཉིས་བསྡུར་བ་ཡིན་ན་བོན་པོར་མང་བ་མེད་ནའང་ཉུང་བ་མེད། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོང་ཞིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག ཅེས་བོན་འཁོར་ཚིག་བཞི་འདི་གཅིག་པོར་དཔྱད་པ་ཡིན་ནའང་མི་ཤེས་པ་མེད། བོན་པོ་ནང་པ་ཡིན་ཚུལ། ནང་པའི་གོ་དོན་ཇི་ལྟར་ཡིན་ཚུལ། དེ་དག་ལུང་རིགས་ཀྱིས་བཅུ་ཕྲག་མང་པོར་སྒྲུབ་ཟིན་མོད། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན། ཟེར་བ་ལྟར་དེ་རིགས་ལ་གོ་བརྡ་སྤྲོད་འདོད་མེད། མ་གཞི་ནས་དེང་སང་དཔེ་མཛོད་ཆེ་ཾག་རྣམས་ལ་བོན་གྱི་དཔེ་རིགས་ཡོད་པ་དང། དེ་བཞིན་དྲ་རྒྱ་འདྲ་མིན་ནང་དུ་བོ་་དཔེ་གླེགས་བམ་བརྒྱ་ཕྲག་རིན་མེད་དུ་གཟིགས་རྒྱུ་འདུག་པས་ཅུང་ཙམ་བློ་རྒྱ་རིག་པ་རྒྱ་བསྐྱེད་གནང་སྟེ་རང་གཞན་གྱི་གཞུང་ལུགས་ཀུན་ལ་མཐོང་རྒྱ་ཆེ་ཙམ་གནང་བ་ཡིན་ན། གཟོད་དགག་སྒྲུབ་ཀྱི་གནད་ལ་རྩོད་པ་བྱེད་ན་གོ་རྒྱུ་འདུག་དེ་མིན། ཕ་ཡིན་ན་ང་ཡི་ཕ་ཡིན་དགོས། ལྷ་ཡིན་ན་ང་ཡི་ལྷ་ཡིན་དགོས། བཟང་རི་བཟང་ཚད་ང་ཡི་ཡིན་དགོས། འདྲེ་ཡིན་ན་ཁྱོད་ཀྱི་ཡིན་དགོས། ངན་དགུ་ཐན་དགུ་ཐམས་ཅད་ཁྱོད་ཀྱི་ཡིན། དེ་འདྲ་སྨྲ་མཁན་ཚོ་ལ་བཤད་འདོད་མེད། ངེད་ཅག་ཀུན་བོད་རིགས་སུ་སྐྱེས་ཤིང་ངེད་ཅག་བོད་མིའི་ཡབ་མྱེས་ཀུན་བོན་པོ་ཡིན་ཅིང་བྱས་ཙང་སོ་སོའོ་ཡབ་མྱེས་ཀྱི་རིག་གཞུང་བདག་པོ་རྒྱབ་རྒྱུ་ང་ཚོའི་ལས་འགན་མ་རེད་དམ། དེ་ལ་དམའ་འབེབས་བྱེད་པ་བུ་ངན་ཚ་ངན་སྐྱེས་པ་མ་རེད་དམ། ཨ་མའི་ཕོར་གོག་བདག་པོ་རྒྱབ་དགོས་དེ་འདྲ་ལ་ཟེར་བ་མ་རེད་དམ། ད་ལྟ་བོད་མིས་རྒྱ་ནག་ལ་རྩོད་པ་བྱེད་པ་དེ་སོ་སོའི་ཆོས་ལུགས་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཟེར་བ་མ་རེད་དམ། བོན་པོ་མེད་པར་བཟོ་འདོད་ཀྱི་བློ་ཅན་རྒྱ་ནག་པོ་ཡིན་ནའང་འདྲ། བོད་གདོང་དམར་ཡིན་ནའང་འདྲ་དེ་ཚོར་མཐའ་གཅིག་ཏུ་དགག་པ་ཡོད། ཡང་མིན་ན། བོད་དོན་ཅེས་པ་དེ། ཤྭཀྱའི་བསྟན་པ་གཅིག་པོར་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ནམ། དེ་ཡིན་ན་བོད་རིགས་དམར་པོ་བ་དང། ཡེ་ཤུ་པ་དང། ཁ་ཆེ་བ་ཚོས་ཅི་ཞིག་བསམ་དགོས་པ་ཡིན་ནམ།
བསམ་བློ་སྔ་འདང་ཕྱི་འདང་གཉིས་ཀར་གཏོང་དགོས་པ་འདུག
ཏི་སེ་ཞེས་པའི་མཚན་དེ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ༼ལེགས༽་ཞེས་པ་ལེགས་སྦྱར་གྱི་སྐད་དུ། གངས་རི།⁽179b⁾ཏི་སེ་གངས་རི། ཞེས་བྲིས་འདུག་པར་བརྟེན། ཁྱེད་རང་གི་རྐང་རྗེས་ལས། ང་ཡི་ཕོང་རྗེས་མང་བའི་གནས་ཆེན་དེའི་བཏགས་མིང་ཁོ་བོ་སྦྱར་བ་ནི་ཤིན་ཏུ་ནས་ཀྱང་ཐད་ལྡན་དུ་འོས་སོ།།
ང་ཡི་འཕོངས་རྗེས་ ཞེས་པར་བསྒྱུར་རོག
མ་གཞི་བོན་པོ་ཚོ་ལ་ག་རེ་འགྲིག་གི་མེད་རེད་དམ། ནང་ཆོས་དེ་བོན་རེད་ཟེར་རམ། ཡང་ན་ནང་པས་བོན་ཆོས་རྐུས་ཟེར་རམ། ཕན་ཚུན་རྐུས་པ་ཡིན་ན་སྟོན་པ་ཐ་དད་པ་དེ་ག་ནས་འོངས་བ་རེད། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་བོན་སྟོན་གི་གསུངས་པ་ཡིན་ན་རྩིཟ་ནས་ཚར་རྒྱུ་མེད་པའི་ལོ་མང་པོ་ཞིག་གོང་ནས་གསུངས་ཚར་པ་ཞིག་འདོད། དེ་ཕལ་ཆེར་གོོའུ་ཏམ་མས་སྤེལ་བ་དེ་འདྲ་མིན་ནམ།
མ་གཞི་བོན་དང་ནང་པ་འདྲ་ཆེ་ས་ལ་གཞིག་ན་བོན་པོའམ་ནང་པ་གང་རུང་ཞིག་འཛམ་གླིང་ནང་གི་རྐུན་མ་ཨང་ཀི་དང་པོ་ཞིག་ལ་ངོས་བཟུང་ཆོག་པ་འདུག གཅིག་བདེན་ལ་གཅིག་རྫུན་པ་ལས་གཉིས་ཀ་བདེན་མི་སྲིད། དངོས་གནས་འདི་ལ་ཞིབ་འཇུག་དགོས་འདུག གལ་ཏེ་ནང་པས་བོན་རྐུས་པ་ར་འཕྲོད་ན་ང་ནི་ཆོས་མེད་སྨྲ་བ་བྱ་རྒྱུ་ཡིན།
བན་དེ་ལགས། ལན་ཐུང་ངུ་ཞིག་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་། བོན་གྱི་ལྟ་བ་དེ་གཅིག་པུ་ཅུང་གསལ་རུ་བཏང་ནས་འགྲེལ་བཤད་ཅིག་སྐྱོན་རོགས། བློ་རྒྱ་སྐྱེད་ཆེད་ཡིན།
ངའི་ལྟ་བ་ནི། བོན་དེ་བོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཐོག་མ་དེ་རེད། ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ལ། ང་ཚོས་ཤེས་པ་བྱ་དགོས། དེ་བཞིན་ནང་ཆོས་དེ་ཡང་ངེད་ཚོའི་ཆོས་ལུགས་ཅིག་ཡིན་སྟབས། དེ་ཡང་སྲུང་དགོས། གཙོ་བོ་དེ་ཆོས་ལུགས་ཚང་མ་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདྲ་མཉམ་ཁས་ལེན་ནས་ང་ཚོ་རང་རང་གི་ཁྱད་ཆོས་བཤད་ན་སྐྱོན་མིན་འདུག
གྲོགས་བསམ་ཤེས་ལགས། བོན་ལུགས་ལ་ཐེག་པ་རིམ་དགུ་ཡོད། དེ་རེ་རེ་ལའང་རྟོགས་པའི་ལྟ་བ་དང། སྲུང་བའི་དམ་ཚིག སྒོམ་པའི་རིམ་པ། སྒྲུབ་པའི་ཐབས། སྤྱོད་པའི་འཕྲིན་ལས། གྲུབ་པའི་འབྲས་བུ། གོང་འོག་ཐེག་པའི་ཤན་དབྱེ་བ་བ ས་སྤྱི་དོན་རྣམ་པ་བདུན་རེ་བསྟན་ཡོད། དེ་ཡང་བསྡུ་ན་མདོ་ཡི་ཐེག་པ་དང། སྔགས་ཀྱི་ཐེག་པ་དང། རྫོགས་ཆེན་གྱི་ཐེག་པ་བཅས་གསུམ་དུ་འདུས། མདོ་ཡི་ཐེག་པོ་མཐོ་ཤོས་ནི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་ཞེས་པ་དེ་རེད། དེ་ཡི་ལྟ་བ་ནི་བོན་རྣམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བ་ཞིག་ལ་བཤད་ཅིང་མཐའ་བརྒྱད་རྣམ་པར་གྲོལ་བའི་ལྟ་བ་ཞིག་ཡིན། སྔགས་ལ་ཕྱི་རྒྱུད་དང་ནང་རྒྱུད་གཉིས་སུ་ཡོད་ཅིང། ལྟ་བའང་སོ་སོ་ནས་རེད། སྔགས་ཕྱི་བའི་ལྟ་བ་མདོ་ལུགས་དང་ཅུང་མཐུན་ཤས་ཆེ་བ་དང་། སྔགས་ནང་པའི་ལྟ་བ་ཅུང་རྫོགས་ཆེན་གྱི་ལྟ་བ་དང་མཐུན་ཤས་ཆེ་འོན་ཀྱང་ལྟ་བ་སོ་སོར་ཡོད། རྫོགས་ཆེན་གྱི་ལྟ་བ་ནི། སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང། ཟད་ཤོར་འཆལ་ཆད་སྐྱོན་བཞིས་གོས་པར་འདོད། ཅེས་མདོ་སྔགས་ཀྱི་ལྟ་བར་དགག་པ་བྱས་ཏེ་རང་ཉིད་ཀྱི་ལྟ་བ་ཁྱད་དུ་འཕགས་ཚུལ་བསྟན་ཡོད། མ་གཞི་ནས་རྫོགས་ཆེན་གྱི་ལྟ་བའི་ངོ་སྤྲོད་ནི་ཤིན་ཏུ་གསང་ཤིང་སྔོན་འགྲོ་འབུམ་དགུ་ལས་སོགས་ཀྱི་བསག་སྦྱོང་སྔོན་སོང་ལ་མ་གཏོགས་ཤོད་སྲོལ་མེད། ལྷག་པར་དུ་དྲ་རྒྱ་འདི་ཡི་ནང་དུ་མི་ངན་མང་ཙམ་ཡོད་པས་དེ་བས་ཀྱང་བཤད་ཕོད་པ་མེད་པས། དགོངས་འགལ་མེད་པ་ཞུ།
བསམ་ཤེས་ལགས། ཞང་ཞུང་དང་བོད་གཉིས་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་ཡོད་སྟངས་ཅི་འདྲ་རེད། མེད་ན་མེད་ཚུལ་ཤོད་དང་།
སྒོ་དམུ་རྒོད་ལགས། སྐུ་ཉིད་ཀྱིས་ལེགས་བཤད་བྱིན་རླབས་ཅན་འདི་དག་ངས་སེམས་གཏིང་དུ་ལེགས་པར་ཉར་ཡོད་ཞུ། བོད་ནང་ལོགས་སུ་བཞུགས་པའི་བསྟན་འཛིན་གྱི་སྐྱེ་བུ་རྣམས་ཐུགས་མཐུན་དམ་གཙང་ངང་བོད་ཁམས་ཞི་བའི་ངང་འཚོ་བའི་སྨོན་ལམ་ཡོད། གཅིག་གིས་གཅིག་ལ་ཕན་ཆེན་པོ་ཐོག་རྒྱུ་མེད་ནའང་། གནོད་ཕྲ་མོ་ནས་བསྐྱལ་རྒྱུའི་འདུན་པ་མ་གཏོང་། དེ་རྒྱལ་བའི་དགོངས་པའང་རེད། ། སྐུ་ཚེ་རིང་། །
རྒན་བན་དེ་ལགས།
བོན་གཞུང་གི་ལྟ་བ་ལ། གང་ཟག་རྫས་ཡོད་ལ་འདོད་དམ། དེ་བཞིན་བདག་ཁས་ལེན་ནམ་མི་ལེན།
མེ་དཀར། ཁྱོད་ཏོག་ཙམ་སྒུག་ཨང་། ངས་ཝི་ཀི་ཕི་ཀྲི་ཡ་དང་གུ་གལ་ལ་བལྟས་ནས་ལན་བརྒྱབ་ཡོང་། ཧཧ
བོན་པོ་མིན་པས་མི་ངན་དུ་འགྲོ་ཨ་ཡོང་། བོན་པོའི་རིགས་པ་རྣོ་ལུགས་ལ་ལྟོས་དང་།
བསམ་ཤེས་ཁྱོད་ཀྱིས་དེ་ཙམ་བསམ་ཤེས་བྱེད་མ་ཐུབ་པར་བོན་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་རེད་ཟེར་ཚིག་ཐག་བཅད་སོང་ང་། ཡིན་རྒྱུ་བོན་འདི་ཞང་ཞུང་ཡིན་ན་གཅིག་གི་རེད་ཅེས་ཁོང་རང་ཚོས་ཡང་ཡང་གསུངས་གི་འདུག་པ་མ་ཐོས་སམ།
བསམ་ཤེས་ལགས་་་ཁྱེད་རང་ངོ་ཐོག་གི་བོན་གྱི་ལྟ་གྲུབ་སྐོར་མཁྱེན་འདོད་ཡོད་ན་ངས་བོན་དཔེ་ཁ་ཤས་སྐུར་ཆོག་གི་རེད།
གང་ཟག་གི་བདག་དང། བོན་གཡི་བདག་དང། དེ་བཞིན་རྟག་གཅིག་རང་དབང་ཅན་གྱི་བདག་དང། གང་ཟག་རང་རྐྱ་ཐུབ་པའི་བདག་དང། གང་ཟག་རྫས་ཡོད་དུ་གྲུབ་པའི་བདག་ལས་སོགས་ཐེག་པ་གོང་མས་ནམ་ཡང་འདོད་ཀྱི་མེད།
ཡིན་ནའང་འདི་མི་ངན་འགས་བོན་ལ་སྒྲོས་སྐུར་འདེབས་རྒྱུར་སྒུགས་འདུག་པས་ངས་གསལ་འགྲེལ་བྱས་པ་ཡིན་ན་ཕན་འདོགས་མི་འདུག མི་འདི་དག་དང་སྐྱེ་བ་ཀུན་ནས་ཀུན་ཏུ་ཁ་ལག་མི་འདྲེས་པའི་སྨོན་ལམ་འདེབས་བཞིན་ཡོད།
བན་དེའི་སྨོན་ལམ་དེ་ངེས་པར་འགྲུབ་པར་ཤོག
མཆན་༡༤༤། བོན་པོ་ལགས། རིགས་པ་སྨྲ་བ་རེད། སྒོ་དམུ་རྒོད་ཀྱི་རེ་འབོད་ལ་གསན་སོང་། འོན་ཀྱང་ཉིད་ཀྱིས། གཅིག་གིས་གཅིག་ལ་ཕན་ཆེན་པོ་ཐོག་རྒྱུ་མེད་ནའང་། ཟེར་བ་ལ་ཅུང་དཔྱད་དགོས། ངའི་བསམ་ཚུལ་ལྟར་ན་སོ་སོའི་དད་པ་བྱེད་ཡུལ་དང་ཉམས་ལེན་སོ་ཡིན་པ་ལས། རིག་གནས་དང་ཤེས་བྱ་བ་བརྗེ་རེས་བྱས་ན་ཕན་པ་ཐོགས་ཐག་ཆོད་ཡིན། ཁ་ཆེ་དང་བན་དེས་ཚོང་འབྲེལ་བྱས་ན་ཁེ་བཟང་བྱུང་བ་ཡང་མི་ཉུང་བ་ཡོད། བན་བོན་མི་རིགས་གཅིག་སྨྲ་མི་དགོས། ངའི་གོ་ཚོད་ལྟར་ན། ཨ་མདོའི་་ཕྱོགས་སུ་བན་བོན་གཉིས་ཕན་ཚུལ་སློབ་སྦྱོང་བྱེད་རེས་གནང་གིས་ཡོད། དཔེར་ན་ཞར་ཤུལ་ཚང་སློབ་མ་སྣང་ཞིག་གི་མཁས་པ་མང་པོ་ཡོད། དེ་བཞིན་ཞར་ཤུལ་ཚང་སློབ་བརྒྱུད་མང་པོ་ཞིག་གིས་སྣང་ཞིག་ཏུ་རིག་གནས་སྦྱོང་། ཨ་ལག་བོན་རྒྱ། སྤྲུལ་སྐུ་དྲི་མེད་སོགས་ཀྱིས་སློབ་སྦྱོང་གནང་ས་བན་དེའི་དགེ་བཤེས་མང་པོ་ཡོད། དེ་གཉིས་ལའང་སློབ་མ་བན་དེ་མི་ཉུང་པ་ཡོད། མི་ཞིག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ལས་ཕན་ཐོགས་ཆེན་པོ་མེད་སྙམ། ངས་དགེ་རྒན་བཀའ་དྲིན་ཅན་ནམ་ཡིན་ཡང་དྲན་པ་དེའང་ཁོང་གིས་ང་ལ་བོད་ཡིག་འདོན་འབྲི་ཤེས་ཙམ་འདི་བསླབས་པའི་རྐྱེན་ཡིན། ད་ལྟ་བན་དེའི་ནང་དུ་སློབ་སྦྱོང་བྱེད་པའི་བོན་པོ་རྣམས་ཀྱང་ཉིན་གཅིག་ཕ་ཆོས་ཀྱི་རྗེས་སུ་འབྲངས་ཡོང་། སྔོན་ཆད་ཨ་ལག་བོན་རྒྱ་ཡང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་རེད། ད་ལྟ་བོན་གྱི་བསྟན་འཛིན་ཟླ་མེད་རེད། བོད་ཀྱི་མཁས་དབང་རེད། བོད་པ་ཚང་གི་ནོར་བུ་རེད། ཁྱོད་ལ་ཐུགས་གསོ་ཙམ་དང་། སྤྲོ་བ་བསྐྱེད་པའི་གཏམ་ཡིན། སྐྱོན་བརྗོད་མིན། སྐུ་ཚེ་རིང་།
དྲི་མེད་ལྷག་བསམ་གྱི་ཁ་སྣོན་ལ། འཛམ་གླིང་ནང་གི་བོད་རིག་པའི་མཁས་དབང་ཡང་རྩེར་གསོན་པ་མཁར་རྨེའུ་བསམ་གཏན་ཞུ་བ་སྔོན་མ་འབྲས་སྤྲུངས་ལ་ཕྱག་དཔེ་གཟིགས་པ་དང་། བན་ཆོས་གཙོ་བོར་གཉེར་བཞིན་པ་ཁོང་རྗེས་སུ་བོན་ཆོས་ལ་གྱུར་ནས། ད་ལྟ་བོན་གྱི་བསྟན་པའི་མཁས་དབང་གཙོ་བོ་ཞིག་ཏུ་སྣང་།
རེད་མཀར་རྨེའུ་བསམ་གཏན་ནི་བོན་པོ་ཡིན་ཅིང་རྗེས་སུ་འབྲས་སྤུངས་སྒོ་མང་གྲ་ཚང་དུ་སློབ་གཉེར་བྱས་མྱོང་དེ་བཞིན་ཾཁོང་བོན་གྱི་གདན་ས་རབ་ལེགས་གཡུང་དྲུང་གླིང་གི་དགེ་བཤེས་རེད། ཁོང་བོན་པོར་གྱུར་བ་མིན་པར་བོན་པོ་ཡིན། འོན་ཀྱང་སློབ་དགེ་ལུགས་སར་ལོ་ངོ་ཁ་ཤས་ཤིག་སྦྱང་བ་རེད། དེ་བཞིན་ད་ལྟའང་ལྷོ་ཕྱོགས་སེ་འབྲས་དགའ་གསུམ་སོགས་སུ་བོན་པོའི་སློབ་གཉེར་བ་ཡོད། དེ་ཡི་ནང་ནས་ལྷ་རམས་པ་ཐོན་པའང་ཡོད། འོན་ཀྱང་འགའ་ཞིག་དེ་ག་རང་དུ་བཞུགས་ཏེ་དགེ་རྒན་བྱེད་ཀྱི་ཡོད། བོན་པོ་བྱེད་ཀྱི་མེད། དེ་ཚོ་སོ་སོའི་རང་དབང་རེད་ཆོས་གང་བྱེད་ཀྱང། མཐུན་བསྒྲིལ་ལོས་དགོས། འོན་ཀྱང་བན་དེ་བ་འགས་བོན་པོ་ནི་སྤུན་ཟླ་མི་རིགས་ཤིག་ཏུ་མི་བརྩི་བར་བསྟན་དགྲ་རྒྱ་དམར་ལས་ཀྱང་དགྲ་རུ་བལྟ་བ་དེ་ཡིས་འགྲིག་པ་འདུག་གམ ཁ་ཆེ་དང་བོན་པོ་གཉིས་ཚོང་འབྲེལ་བྱས་པ་རེད་ཟེར་བ་དེ་ཚོ་གང་ཤེས་ངས་ནི་གོ་བ་མེད། ལྕང་སྐྱས་རྒྱ་དམག་གདན་འདྲེན་ཞུས་ཏེ་རྒྱལ་རོང་བོན་གྱི་རྒྱལ་པོ་གསོན་བསྲེགས་བཏང། བོན་དགོན་མང་པོ་ཞིག་དགེ
ལུགས་སུ་བསྒྱར་བ་རེད། དེར་རྟེན་བོན་པོ་རྣམས་ཀྱི་སེམས་ལ་ན་ཟུག་གཅིག་གཏན་གཏན་འདུག ཡིན་ནའང་ང་ཚོས་འདས་པའི་རྐྱེན་ངན་དེ་རིགས་མི་གླེང་བར་ད་ལྟ་དང་མ་འོངས་པའི་མདུན་ལམ་ལ་བསམ་བློ་ཕན་ཚུན་གཉིས་ཀས་གཏོང་བའི་དུས་ཡིན།
རེད། བན་དེ་ཁྱེད་ཀྱི་བཤད་པ་བཞིན། འདས་ཟིན་པ་འདས་ཟིན། ད་མ་འོངས་པ་ན་ཚང་མར་གཉིས་ཕན་གྱི་ལམ་ཞིག་ལ་འགྲོ་ཐུབ་ན་བཟང་།
རྙོག་འདྲ་གཙོ་བོ་འདི་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་། རང་གི་འདི་འགྲིགས་སྡད་པ་ཞིག་དང་གཞན་གྱི་འདི་སྐྱོན་ཤོར་བའི་རྣམ་འགྱུར་འདིས་འགྲིགས་ཀྱི་མིན་འདུག ང་ལ་མཚོན་ན། བཀའ་གདམས་པའི་མེས་པོ་འདི་ཚོ་ངོ་མ་རླབས་ཆེན་རེད། རང་གི་ཆོས་གནད་ལ་སྨིན་པ་དེ་ལག་ལེན་བསྟར། གཞན་ཚང་མར་བཀའ་དྲིན་ཅན་ལ་སྒོམས་པ་འདི་རེད།
བན་བོན་མི་རྩོད་འབྲས་བུ་རྩོད།
ཆོས་ལུགས་མི་རྩོད་ལྟ་བ་རྩོད།
རྒྱུད་པ་མི་རྩོད་ཡོན་ཏན་རྩོད།
དེ་གསུམ་འཛོམས་ན་རིས་མེད་འོང་།
བོན་པོའི་བསྟན་འཛིན་འགའ་ཤས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནང་པའི་ཐེག་ཆེན་པ་གསང་སྔགས་མཐོན་པོར་གཤེགས་པའི་གྲུབ་ཐོབ་དེ་ཚོ་དང་ཁྱད་མེད་ཡིན་པ་འདུག ཇི་ལྟར་ཟེར་ན། ཁོང་ཚོའི་གསུང་མཇལ་མྱོང་། ཧ་ལས་པའི་ལྟ་བ་གསལ་བ་ཟབ་པ་དང་། ཉམས་ལེན་མཐོན་པོ་འདི་འདྲ་རེད་འདུག
དྲ་གྲོགས་ཚོས་ནང་པའི་ཞིབ་འཇུག་ཚོགས་པ་ལས་གྱེས་ནས་གླེང་མོ་མང་པོ་བྱུང་བ་རེད། ང་ཚོ་ཚང་མས་ཞིབ་འཇུག་ཚོགས་ལ་ཆེད་དུ་སྐྱོན་བརྗོད་མ་ཡིན་པར། ཞིབ་འཇུག་བྱེད་སྟང་། ཁ་ཕྱོགས། དོགས་འཛེམས་བྱེད་ས་ཅི་ཡོད་བཤད་ན་ལེགས་པར་མཐོང་། རྣམ་དཔྱོད་ལྡན་ལ་རྣམས་ཀྱིས་ཐུགས་ལ་ངེས་པར་ཞུ། ངས་ནི་ཁོང་ཚོའི་ཁ་བྱང་སྟེང་དུ་ཡི་གེ་སྐུར་འཆར་ཡིན།
བོད་ཀྱི་ཚོགས་པ་སུ་ཡིན་ཡང་། བསམ་འཆར་འདོན་པ་བོད་མི་ཞིག་ཡིན་པ་དང་། ཆོས་རྒྱུན་ལ་དད་མོས་བྱེད་མཁན་ཡིན་པས་འགན་ཁུར་བ་རེད། བསམ་འཆར་ཡིན་ཚད་ངོས་ལེན་བྱེད་པའི་ཏག་རེ་བ་བྱེད་རྒྱུ་ཡང་མེད། བསམ་འཆར་ནི་ཁོང་ཚོར་དྲན་གསོ་དང་། ལེགས་པའི་ཁ་སྣོན་ཡོང་ན་འགྲིག ཐག་གཅོད་ཅི་འདྲ་བྱེད་ཁོང་ཚོའི་ལས་འགན་རེད། ཅུང་ཟད་ཕན་ཐོགས་ན་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་སོང་བ་རེད།
བོན་བན་མ་རྩོད།
དྲི་མེད་ལྷག་བསམ་ལགས། །
སྐུ་ཉིད་ཀྱི་མཆན་གྲངས་༡༥༡པ་དེ་ཆ་ཚང་བཀླགས་ཡོད་ཞུ། བཀའ་དྲིན་ཆེ། ། དོན་ལ་གནས་སོ། དེ་ལྟར་ལོས་ཡིན། །
གོང་དུ་བན་བོན་མཁས་དབང་རྣམས་ཀྱིས་གསུང་ལ་རྒྱུ་མཚན་ཚད་ལྡན་འདུག རང་རེའི་བོད་སྤྱི་ལ་ཕན་པའི་བློས་ཞིབ་འཇུག་ཚོགས་པ་ལ་རེ་བ་ཤུགས་ཆེན་གནང་དགོས། རེ་བ་གནང་ཚུལ་ཡང་ཆོས་རྒྱུན་ཡོངས་རྫོགས་དང་རིག་གནས་ཀྱི་བགྲོ་གླེང་བྱེད་ཚེ་བོན་པོ་ཡང་ངེས་པར་ཞུགས་ཐབས་བྱེད་དགོས། ཤཱཀྱའི་ཆོས་ལུགས་ཁོ་ན་བགྲོ་གླེང་བྱེད་ཚེ་ཁོ་རང་ཚོའི་འདོད་པ་གཙོ་བོར་གནང་རྒྱུ། དེ་བཞིན་ཁྱབ་བསྒྲགས། ཡིག་ཆ། ཚོགས་ཞུགས་མི་སྣ་གང་ཡིན་ཡིན་ཀྱང་འདྲ་མཉམ་དང་། དྲང་བདེན། མངོན་གསལ་ཡིན་པའི་རེ་བ་བཅོལ་རྒྱུ། ཞིབ་འཇུག་པ་ཞིག་ཡིན་ཚེ་སྐྱོན་དང་ཡོན་ཏན་གཉིས་གར་དཔྱད་པ་གནང་རྒྱུ་ལས་ཡོན་ཏན་ཁོ་ན་གཙོ་བོར་འདོན་མི་རུང་། སྐྱོན་བརྗོད་བཤགས་སྡོམ་ནང་ནས་བྱས་ན་གཞན་ལ་སྐྱོན་མི་འགོ། ཡོན་ཏན་སྤྱི་ལ་བསྟན་ན་གཞན་ལ་ཕན་ཐོགས། འོན་ཀྱང་ཆོས་ལུགས་ཕན་ཚུལ་ལ་སྐྱོན་བརྗོད་མི་ཆོག་པའི་ཁྲིམས་བཟོ་དགོས། རང་རེ་ལ་སྐྱོན་བརྗོད་བྱེད་པའི་མ་རྩ་མེད། ཐམས་ཅད་ཁ་འཐོར་དུ་ཡོད་པའི་སྐབས་འདིར་མཐུན་སྒྲིལ་གཙོ་བོར་གནང་དགོས། མཐུན་སྒྲིལ་གྱི་རྨིང་གཞི་ལྷག་བསམ། གུས་ཞབས། འདྲ་མཉམ་གནང་རྒྱུ་ཡིན། དེ་ལྟར་རིམ་བཞིན་ཞིབ་འཇུག་ཚོགས་པར་སྙན་གསལ་འབུལ་ཆོག ཐུགས་བསམ་བཞེས་རོགས་ཞུ། །
སྒོ་དམུ་རྒོད་ལགས་ཀྱི་མཆན་གྲངས་༡༦༠དེ་ཆ་ཚང་བཀླགས་ཡིན་ངོ་མའི་དྲང་བདེན་དང་བློ་གཟུ་བོར་གནས་པའི་སྐད་ཆ་རེད། རེད་ངོ་མ་བྱེད་ན་ད་ལྟའི་དུའ་རབས་ནི་ཕན་ཚུན་གོ་སྡུར་དང་སྦྱང་བཤད་བྱས་ཏེ་ཕན་ཚུན་གྱི་ལྟ་གྲུབ་ལ་བསམ་ཤེས་དང་བློ་སྒོ་ཡངས་ཙམ་བྱས་པ་ཡིན་ན་དེ་ནི་བོད་མི་རིགས་ཡིན་ནའང་འདྲ་ཆོས་ལུགས་ཐམས་ཅད་གླིང་ཆེན་པོ་འདིར་ཞི་བདེ་མཉམ་གནས་ཐུབ
ད་ལྟ་ནི་དུས་རབས་གསར་པའི་ནང་ནས་གསར་པའི་དུས་ཞིག་ཡིན་ཅིང་འཛམ་གླིང་རྒྱལ་ཁབ་ཕན་ཚུན་ཡིན་ནའང་མི་མཐུན་པའི་རིགས་ཕན་ཚུན་སྐད་ཆ་བཤད་རེས་ཀྱིས་སེལ་གྱི་ཡོད་པ་མ་གཏོགས། དབང་ཆེན་དབང་ཆུང་གི་གནས་སྟང་ཤིག་མིན། ད་ལྟ་བོད་མི་རིགས་ཀྱི་གནས་སྟངས་ཛ་དྲག་གི་དུས་འདུར་དེ་བས་ཀྱང་ནང་ཁུལ་ཆམ་མཐུན་བྱུང་ན་ཕུགས་ཀྱི་བསམ་འདུན་བསྒྲུབ་རྒྱུར་ནུས་པ་ཆེན་པོ་སྨྲ་མི་དགོས། དེ་མིན་མཐུན་ལམ་ཆིག་བསྒྲིལ་དགོས་ཟེར་བ་དེ་དག་ཁ་ཙམ་ལས་དོན་གྱི་ཆམ་མཐུན་ཆིག་བསྒྲིལ་ཞིག་འབྱུང་མི་སྲིད། ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ། ངས་དྲ་རྒྱ་འདིར་མཆན་བུ་འགོད་མཁན་དང་རྩོམ་འབྲི་མཁན་ཡོངས་ལ་དཔྱད་པ་བྱས་ཡིན། དེ་ཡི་ནང་ནས་བློ་གཟུ་བོར་གནས་ཤིང་ཐོས་རྒྱ་དང་མཐོང་རྒྱ་ལས་སོགས་མི་བུ་ཤེས་རིག་དང་ལྡན་པ་རེ་བཟུང་ཞིག་མཐོང་བྱུང་དེ་ནི་གཅིག་ནི་་་་་་དྲི་མེད་ལྷག་བསམ་ཡིན་་་་གཉིས་པ་དེ་་་་སྒོ་དམུ་རྒོད་ཡིན་་་་དེ་མིན་ང་རང་ཉིད་ཀྱིས་གཙོས་པའི་དྲ་འབུ་རྣམས་ནི་དྲ་འབུ་རང་རེད།་དུག་སྦྲུལ་གྱི་ཁ་ནས་ནོར་བུ་སྐྱུག་མི་སྲིད། འོན་ཀྱང་ཀུན་ལ་ཞུས་མེད་དེ་ཡི་ནང་ནས་་་་ཆབ་སྲིད་ཀྱི་གནད་དོན་རྒྱུས་མངའ་དང་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་་་་་ཅོ་རི་ཉི་མ་ལྟ་བུ་རེད།
ཨོ་ཧོ་ད་དུང་ཆོས་བརྒྱུད་ཁག་གི་རྩོད་རྙོག་མཚམས་བཞག་མེད་ག ངེས་ལྟོས་ན་དེ་མཇུགས་རྫོགས་རན་རེད། དྲ་གྲོགས་ཚོ།
བོད་རྒྱུད་ནང་བརྟེན་དར་སྤེལ་སྐོར་བགྲོད་གླིང་། མིང་ཆེ་གི་ར་བགྲོད་གླིང་བྱེད་མཁན་ནང་དུ་དགེ་ལུགས་རྒྱུགས་སྤྲོད་སྐབས་སྐད་གྲགས་འཇོག་མཁན་ར་ཡོད་ཚོད་འདུག ཧ་ཧ་ཧ་ཧ