གནས་ཚུལ་ཕྱོགས་བསྡུ་མཁན། རྫ་ཚེ་རིང་བཀྲ་ཤིས།
ཁར་རྩང་། སྤྱི་ལོ་༢༠༡༤ སྤྱི་ཟླ་༤ པའི་ཚེས་༢ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཞི་པ་དེ་རྒྱལ་ས་ཐའེ་པེ་ཐའེ་ཝན་ནང་བསྟན་གཞོན་ནུའི་ཚོགས་ཁང་དུ་འཚོགས།
དེ་ཡང་། ཐོག་མར་བགྲོ་གླེང་གི་མདོ་འཛིན་པ་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་སློབ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་ཁྱབ་བསྒྲགས་གནང་རྗེས། ཞིབ་འཇུག་ཚོགས་པའི་གཙོ་འཛིན་གཞོན་པ་ལྷ་རམས་པ་ཧ་ཤིན་རིན་པོ་ཆེས་ཞིབ་འཇུག་ཚོགས་པའི་འཚམས་འདྲིའི་གསུང་བཤད་གནང་།
དེ་རྗེས་བགྲོ་གླེང་དངོས་གཞིའི་སྔ་དྲོའི་ཐུན་གཉིས་ཀྱི་རིང་། ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པས་གཙོ་བོར། ༸གོང་ས་མཆོག་གིས་ཞིབ་འཇུག་ཚོགས་པར་གནང་བའི་བཀའ་ཤོག་གི་འབྲུ་དོན་འགའ་དང་འབྲེལ་ཡོད་ཀྱི་ཐོག་ནས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དང་བོད་བརྒྱུད་གནང་བསྟན་བར་གྱི་ཐུན་མིན་གྱི་འབྲེལ་བ་དང་མདོ་སྔགས་འགལ་མེད་ཀྱི་ཉམས་ལེན། ཐའེ་ཝན་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་བར་གྱི་མིག་སྔའི་འབྲེལ་ལམ་གནས་སྟངས་དང་ལེགས་བཅོས་བྱེད་ཕྱོགས་བཅས་དོན་ཚན་གསུམ་གྱི་ཐད་བགྲོ་གླེང་གནང་ཞིང་། ་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུས་ལོ་སྔ་མའི་བགྲོ་གླེང་བརྙན་འཁོར་སྲེག་ཕབ་དང་འབྲེལ་བའི་གསལ་བཤད་བཀའ་སློབ་གནང་།
སྔ་དྲོའི་ཚོགས་ཐེངས་གཉིས་ཀྱི་མཇུག་ཏུ་ཞིབ་འཇུག་ཚོགས་པའི་ལས་ཐོག་འགན་འཛིན་དང་། སྐབས་འདིའི་བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྐར་མ་བཅུ་ལྷག་རིང་འབྲེལ་ཡོད་གཏམ་བཤད་ཁག་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས།
ཕྱི་དྲོའི་ཆར་མུ་མཐུད། ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་འགན་འཛིན་དང་ད་ལྟའི་འགན་འཛིན་རྒྱུན་ལས་ཀཿཐོག་རིག་འཛིན་ཆེན་པོས་ཞིབ་འཇུག་ཚོགས་པའི་ད་ཡོད་གནས་སྟངས་དང་འབྱུང་འགྱུར་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཞིབ་འཇུག་ཚོགས་པའི་ཡན་ལག་སྡེ་ཚན་TTBtvཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་ལག་བསྟར་འགན་འཛིན་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་གྱི་འདས་པའི་ལས་དོན་གྲུབ་འབྲས་ལ་ཕྱིར་རྟོག་དང་། འབྱུང་འགྱུར་ཡར་རྒྱས་གཏོང་ཕྱོགས་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གྲུབ་རྗེས་ཚོགས་ཞུགས་པ་ཡོངས་ཀྱིས་མུ་མཐུད་མདོ་འཛིན་པའི་ལྟ་བསྐུལ་འོག་ཕྱི་དྲོའི་བརྗོད་གཞི་ཁག་སོ་སོ་དང་འབྲེལ་བའི་གཏམ་བཤད་དང་བགྲོ་གླེང་གནང་ཞིང་། གཙོ་སྐྱོང་བས་ཀྱང་དུས་ཐོག་བགྲོ་གླེང་གི་སྙིང་དོན་ཕྱོགས་སྡོམ་བྱས།
ཚོགས་ཐེངས་ཐ་མར། ཧ་ཤན་རིན་པོ་ཆེས་ཐའེ་ཝན་བོད་བརྒྱུད་ནང་བསྟན་པའི་ངོས་ནས་གནས་དུས་དང་མཐུན་པའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་ཀྱི་སྐོར་ལ་གཏམ་བཤད་དང་འབྲེལ། འདི་ལོ་ ཞིབ་འཇུག་ཚོགས་པའི་ངོས་ནས་སྤྱི་ཟླ་ལྔ་པའི་ཚེས་བཞིར་འཚོགས་གཏན་ཁེལ་བའི་སངས་རྒྱས་འཁྲུངས་སྐར་གྱི་མཛད་སྒོའི་ལས་རིམ་ཁྱབ་བསྒྲགས་དང་། བོད་བརྒྱུད་ནང་པ་ཡོངས་ནས་དུས་ཆེན་འདིར་དམིགས་བསལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུས་རྗེས། ཚོགས་ཞུགས་པ་ཡོངས་ནས་འབྱུང་འགྱུར་ཐའེ་ཝན་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་གྱི་ཕྱོགས་བསྡུས་བསམ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ལ་ཐུན་མོང་བགྲོ་གླེང་བྱས།
བགྲོ་གླེང་གི་ཐུན་ཐ་མའི་མཇུག་ཏུ། གཙོ་སྐྱོང་བས། ཚོགས་ཞུགས་པ་ཡོངས་ཀྱི་ཉིན་ཧྲིལ་པོའི་བགྲོ་གླེང་གི་རྣམ་འགྱུར་དང་ནང་དོན་ལ་གདེངས་འཇོག་གང་ལེགས་དང་འབྲེལ། བརྗོད་དོན་ལ་དབྱེ་ཞིབ་དང་། མང་ཆེ་ཤོས་ཀྱིས་རིས་མེད་དང་འབྲེལ་བའི་བརྗོད་གཞིའི་ཐོག་ལ་གྲོས་གླེང་ཤུགས་ཆེ་ཤོས་བྱས་ཡོད་པའི་ངོས་འཛིན་བྱས་པར་མ་ཟད། གཙོ་སྐྱོང་བས། གལ་ཏེ་དོན་དམ་པའི་རིས་མེད་ཅིག་ཡོང་དགོས་ན། དེ་ནི་མཐུན་སྒྲིལ་དང་གཞན་ཕྱོགས་ཀྱི་ལེགས་ཆ་མཐོང་བ་ལ་རྟེན་ནས་ཡོང་དགོས་ཤིང་། དེ་ཡང་། གཞན་ཕྱོགས་ཀྱི་ལེགས་ཆ་དང་། དགེ་མཚན་མཐོང་བའི་བློ་སྟོབས་བཟང་པོ་ཞིག་ཡོད་རྒྱུ་ནི་མི་རེ་ངོ་རེ་སོ་སོ་རང་ངོས་ནས་ཆེས་གལ་ཆེ་ཤོས་ཀྱི་མགོ་འཛུགས་དེ་ཡིན། ཞེས་པའི་བསམ་ཚུལ་བཏོན། དེ་བཞིན། འབྱུང་འགྱུར་ཟླ་བ་འདིའི་སྤྱི་ཚེས་བཅུ་གཉིས་དགུང་མོ་ཞིབ་འཇུག་ཚོགས་པས་གོ་སྒྲིག་ཞུ་གཏན་ཁེལ་བའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་ཐའེ་ཝན་གྱི་ཐེངས་འདིའི་ཡོངས་བསྒྲགས་མཛད་རིམ་དང་པོ་བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་དང་སློབ་སྦྱོང་གི་རིམ་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་ཀྱི་ལས་རིམ་ཡང་ཁྱབ་བསྒྲགས་གནང་།
མཐར། ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་བླ་མ་ཡེ་ཤེས་རབ་རྒྱས་ནས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་འབྲེལ། ཁོང་ཉིད་ཞིབ་འཇུག་ཚོགས་པར་འབྲེལ་བ་བྱུང་བ་ནས་འཛུལ་ཞུགས་བྱས་པའི་བར་གྱི་སྔ་རྗེས་དང་། ཞིབ་འཇུག་ཚོགས་པའི་གལ་ཆེའི་རང་བཞིན། བོད་པ་སྤྱི་དང་། ཁྱད་པར་བོད་པའི་སྒྲིག་འཛུགས་དག་ལ་ཆིག་སྒྲིལ་མེད་པའི་དཀའ་ངལ་སེལ་བར་ཤུགས་རྒྱག་དགོས་ཚུལ་སོགས་ཀྱི་ཐད་གསུང་བཤད་གནང་བ་བཅས་གྲུབ་མཐར། སྐབས་འདིའི་ཚོགས་ཁང་གི་སྦྱིན་བདག་ཐའེ་ཝན་ནང་བསྟན་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཟུང་གིས་ཚོགས་པའི་ཟུང་གི་མཚན་ཐོག་ནས་ཕན་ཚུན་ཐུགས་རྗེ་ལེགས་གསོལ་འབུལ་བཞེས་གྲུབ་རྗེས་ཐེངས་འདིའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཞི་པ་རྒྱལ་ཁའི་ངང་ནས་མཇུག་དྲིལ།
དེ་ཡང་བགྲོ་གླེང་ལས་རིམ་ཧྲིལ་པོར་ཁྱོན་མཁན་སྤྲུལ་དགེ་བཤེས་བཙུན་མ། ཐའེ་ཝན་གནས་བཞུགས་བོད་རིགས་སློབ་མ་གཅིག་དང་། སྐད་སྒྱུར་ལས་དོན་བྱེད་བཞིན་པ་གཅིག་བཅས་ཐེ་བའི་ཚོགས་ཕེབས་པ་ཞལ་གྲངས་སུམ་ཅུར་ཉེ་བས་ཆ་ཤས་བླངས་ཡོད་པ་དང་། དེ་ཡང་བགྲོ་གླེང་ནང་དོན་ཁག་རགས་ཙམ་ཕྱོགས་བསྡུས་བྱས་ན།
དེ་ཡང་ཐོག་མར། (དགེ་ལུགས་སེ་ར་སྨད)ཧ་ཤིན་རིན་པོ་ཆེས། ཆོས་བརྒྱུད་བཞི་ཞེས་པ་ལས་ཆོས་ལུགས་བཞི་ཞེས་པའི་ཐ་སྙད་སྤྱོད་པ་དོན་ནས་མིན་པའི་གསམ་ཚུལ་བཏོན་གནང་ཞིང་། ཁྱད་པར་ཁོང་གིས་རིས་མེད་ཀྱི་ཕྱོགས་ལ། པན་ཆེན་བློ་བཟང་ཆོས་རྒྱན་གྱི་རིས་མེད་གནང་སྟངས་གཞན་ལུགས་ལ་སྙིང་ནས་དག་སྣང་བྱེད་པའི་སྒོ་ནས་རང་ལུགས་ཙམ་འཛིན་སྐྱོང་གཙོར་འདོན་བྱེད་པ་དང་། ལྔ་བ་ཆེན་པོ་སོགས་ཀྱིས་རིས་མེད་གནང་སྟངས་ནི། ལུགས་སོ་སོ་ཅི་བཞིན་མཉམ་ལེན་བྱས་ནས་དགོངས་པ་དབྱེར་མེད་དུ་གཟིགས་ན་ཡང་། ཕྱག་ལེན་ལ་འདེབས་དུས་ཐ་སྙད་ཕྲ་མོ་ཚུན་ཆད་མ་འདྲེས་པར་གཅེས་པར་འཛིན་པའི་སྒོ་ནས་བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་བར་ཤོག །ཅེས་པའི་ཐུགས་སྨོན་གནང་དེ་དེ་དོན་ཕྱག་བཞེས་སུ་མཛད་པ་ཞིག་ཡིན་ཚུལ་དང་། སྔ་དྲོའི་བརྗོད་གཞི་གཉིས་པ་དང་འབྲེལ་ཡོད་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པའི་ཁུངས་ནཱ་ལེནྡྲ་ལ་གཏུགས་པའི་དགོས་གལ་གསལ་བཤད་དང་། རྒྱའི་སློབ་དཔོན་དག་གིས་ཀུ་མ་ར་ཤྲིའི་ལམ་ཡིག་ལས་མི་གསལ་བ་ཙམ་རྒྱུ་མཚན་དུ་བྱས་ནས་ན་ལེན་དྲ་དུས་རབས་ལྔ་བ་ཙམ་ནས་བྱུང་བའི་འདོད་ཚུལ་ལ་དོགས་སློང་དང་། ཏ་ར་ན་ཐཱའི་རྒྱ་གར་ཆོས་འབྱུང་ལས་མྱ་ངན་མེད་ཀྱི་དུས་ནས་ནཱ་ལེནྡྲར་ནང་བསྟན་གྱི་གནས་གཞི་ཆགས་ཟིན་པར་གསུངས་པའི་ལུང་དྲངས་ཏེ་དོགས་སློང་མཛད།
(འབྲུག་པ་བཀའ་བརྒྱུད)མཁན་པོ་དབང་དགའ་མཆོག་གིས། སངས་རྒྱས་ཀྱི་དུས་ནས་རྒྱ་གར་དུ་རྒྱལ་བསྟན་མ་འཇིག་བར་གྱི་ནཱ་ལེནྡྲའི་གནས་གནས་བབ་དང་། ནཱ་ལེནྡྲ་དང་བོད་ཀྱི་འབྲེལ་བ་སོགས་ཀྱི་སྐོར་དང་། བུ་སྟོན་གྱི་རྒྱུད་སྡེ་སྤྱི་རྣམ་ལུང་དུ་དྲང་ནས་རྒྱུ་ཕ་རོལ་དུ་ཕྱིན་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཚུལ་དུ་ཤེས་པའི་སྒོ་ནས་མདོ་སྔགས་ཟུང་འབྲེལ་གྱི་གོ་དོན་འཚོལ་སྟངས་ཀྱི་ཐད་ལ་གཏམ་བཤད་གནང་།
ཞིབ་ཚོགས་འགན་འཛིན་རྒྱུན་ལས་(འབའ་རོམ་བཀའ་བརྒྱུད)ཚང་གསར་ཀུན་དགའ་རིན་པོ་ཆེས། སྔ་དྲོའི་བརྗོད་གཞི་གསུམ་པ་དང་རྗེས་འབྲེལ་དུ་རྒྱ་བརྒྱུད་ནང་བསྟན་དང་འབྲེལ་ལམ་འཛིན་སྟངས་དང་། བོད་ཀྱི་དགེ་འདུན་པ་དག་གི་ཀུན་སྤྱོད་ཕྱོགས་ལ་ཐུགས་སྣང་གནང་ཕྱོགས། དུས་དར་དྲ་ལམ་བེད་སྤྱོད་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་དགོངས་ཚུལ་བཅས་གསུངས།
(འབྲི་གུང་བཀའ་བརྒྱུད)སྒྲུབ་དཔོན་མགོན་པོ་རྡོ་རྗེ་ནས་བགྲོ་གླེང་འདུ་འཛོམ་སོགས་ཀྱི་གལ་ཆེའི་རང་བཞིན་དང་། ཁྱད་པར་བརྗོད་གཞི་དང་པོའི་ཐོག་ལ། ཆོས་བརྒྱུད་རིས་མེད་ཆགས་དགོས་ན། རིས་མེད་ཀྱི་རྒྱུ་རྐྱེན་ཚང་དགོས་ན་ཆོས་ཀྱི་ཡོན་ཏན་གྱི་ཆ་ནས་ཆོས་བྱེད་མི་སྣའི་ཆེ་ཆུང་མི་མཚོན་པར་མིང་གི་ཆ་ནས་ཆེ་ཆུང་རྩི་བའི་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས་པ་འགག་རྩ་ཡིན་པར་ནན་བརྗོད་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ངོས་ནས་རིས་མེད་ལ་ལྟ་བ་དང་། དམངས་གཙོའི་ལྟ་གྲུབ་ཀྱི་གོ་རྟོགས་དང་འབྲེལ་བའི་རིས་མེད་ཀྱི་དགོངས་ཚུལ་ཡང་གསུངས་།
(རྙིང་མ་རྣམ་གྲོལ་གླིང་) མཁན་པོ་མིག་དམར་ནས། ནཱ་ལེནྡྲའི་ཆོས་བརྒྱུད་དང་བོད་བརྒྱུད་བར་གྱི་འབྲེལ་བའི་ཐད་མཁན་ཆེན་ཞི་འཚོ་དང་བོད་བར་གྱི་ལས་སྨོན་གྱི་འབྲེལ་བ་ལས་བརྩམས་ནས་དགོངས་ཚུལ་གསུངས་ཤིང་། རིས་མེད་ཀྱི་ཐད། རང་གི་བསྟན་པར་སྲི་ཞུ་དང་། གཞན་གྱི་ཆོས་བརྒྱུད་ལ་དག་སྣང་གཉིས་ཀྱི་ཐོག་ནས་རིས་མེད་ཀྱི་གོ་དོན། མི་མང་ལ་ནང་ཆོས་ངོ་སྤྲོད་བྱེད་པའི་གལ་གནད་སོགས་གསུངས།
(དགེ་ལུགས་འབྲས་སྤུངས་སྒོ་མང་)དགེ་བཤེས་ཕྲིན་ལས་རྒྱ་མཚོས། བསྟན་པ་དང་གྲུབ་མཐའི་བར་ལ་རྩི་བཀུར་གོང་མཐོར་གཏོང་རྒྱུའི་སྐོར་ལ་ནན་བརྗོད་དང་། རིས་མེད་གླེང་སྐབས་༸གོང་ས་མཆོག་མ་གླེང་ཐབས་མེད་ཡིན་པ་དང་། དེ་ཡང་ད་ལྟའི་བོད་གཞི་ཕྱེས་གཉིས་ཆར་ནས་རིས་མེད་ཀྱི་ཕྱོགས་ལ་དོ་སྣང་བྱེད་པའི་རླབས་རྒྱུན་འདི་དག་གི་རྩ་བ་༸གོང་ས་མཆོག་གི་བཀའ་སློབ་དང་ཕྱག་ལེན་ལས་བྱུང་བ་ངོས་ཟིན་དགོས་གལ་ཆེ་བ་སོགས་ཀྱི་ཐད་གཏམ་བཤད་གནང་།
(ས་སྐྱ་)དགེ་བཤེས་བསོད་ནམས་རྡོ་རྗེ།
ཚོགས་ཞུགས་པས་བགྲོ་གླེང་བྱ་སྐབས་དམིགས་ཡུལ་གཅིག་པ་འཛིན་རྒྱུ་དང་། ཆགས་སྡང་མེད་ཅིང་། རྟོག་དཔྱོད་དང་འབྲེལ་བའི་རིས་མེད་ཅིག་བྱ་རྒྱུའི་སྐོར་ལ་གཏམ་བཤད་གནང་།
(རྙིང་མ་རྣམ་གྲོལ་གླིང་)མཁན་པོ་པ་སངས་མཆོག་ནས་ཞིབ་འཇུག་ཚོགས་པ་ཡར་རྒྱས་གཏོང་ཕྱོགས་ལ་འབོད་སྐུལ་གདེང་འཇོག་དང་འབྲེལ། ཐའེ་ཝན་ལྟ་བུར་མཚོན་ན་མང་པོ་ཞིག་ལ་སྐད་ཡིག་གི་ཐོག་ནས་ནང་ཆོས་དར་སྤེལ་ལ་འགོག་རྐྱེན་འཕྲད་བཞིན་པའི་སྐོར་ལ་དོ་སྣང་གནང་རྒྱུ་དང་། རིས་མེད་བྱ་བར་ཚིག་ལ་གོ་བ་ལོན་པ་ཙམ་གྱིས་མི་ཆོག་པར་བརྒྱུད་པའི་ཁུངས་འཚོལ་བ་སོགས་གལ་ཆེན་ཡིན་པ། སྤྱིར་དབང་བཤད་པ་དང་གྲོང་ཆོག་བྱེད་པ་སོགས་ལས་ཆོས་འཆད་ཉན་བྱེད་པ་གལ་ཆེ་བ་ཡིན་ཡང་། དབང་ལས་ཆོས་ཁྲིད་ལ་ཉན་མཁན་ཉུང་བ་དངོས་ཡོད་ཡིན་པའི་རྒྱུ་མཚན་ལ་རྟོག་དཔྱོད་དང་། ཕ་རོལ་གྱི་བསམ་ངོ་དང་མཐུན་ཞིང་དོན་གྱི་གནད་མ་བོར་བ་ཞིག་གི་ཕྱོགས་ལ་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་གསུངས།
(ཐའེ་ཝན་དོན་གཅོད་ཆོས་དགེ)དགེ་བཤེས་འཇམ་དཔལ་ཆོས་འཛིན་གྱིས། གྲུབ་མཐའ་རིས་མེད་དང་ནཱ་ལེནྡྲ་དང་འབྲེལ་བའི་ཆོས་བརྒྱུད་ཀྱི་བྱུང་བ་ཞིབ་ཚགས་པོས་ཞིབ་འཇུག་བྱ་རྒྱུ་གལ་ཆེན་ཡིན་པ་དང་། མིག་སྔར་ཞིབ་འཇུག་གྲུབ་དོན་གྱི་སྟོང་ཆའི་ཁ་གསབ་དགོས་པ་སོགས་ལ་དགོངས་ཚུལ་བཏོན།
(དགེ་ལུགས་སེ་ར་བྱེས)དགེ་བཤེས་དར་རྒྱས་ཀྱིས། བོད་བརྒྱུད་ནི་ནཱ་ལེནྡྲའི་ཆོས་བརྒྱུད་སྤུས་དག་པོ་ཉར་ཚགས་བྱས་པའི་ཆ་ནས་ནང་བསྟན་གྱི་ཁྱབ་ཁོངས་སུ་ཆེས་བསྔགས་འོས་སུ་ཡོད་ཚུལ་དང་། རིས་མེད་ཀྱང་སྤྱོད་ལམ་གྱི་ངོས་ནས་མིན་པ། དེ་བཞིན། ལོ་རྒྱུས་ཁྲོད་ལྟ་གྲུབ་ཐོག་དགག་བྱས་པ་དག་ཀྱང་། ཆགས་སྡང་གི་ཆེད་དུ་མིན་པར་བློ་སྐྱེད་ཀྱི་ཆེད་དུ་ཡིན་པ་སོགས་གསུངས།
༣ (དགེ་ལུགས་སེ་ར་བྱེས)དགེ་བཤེས་ཆོས་དབང་། ཁོང་ཉིད་གྲྭ་ས་ནས་མི་ལོ་ཉི་ཤུའི་རིང་གི་སློབ་སྦྱོང་གི་དུས་ཡུན་ནང་བགྲོ་གླེང་གི་ཚོགས་རར་ཞུགས་ནས་གཏམ་བཤད་བྱེད་པ་སོགས་མ་མྱོང་ཡང་། ཐའེ་ཝན་དུ་ཕེབས་རྗེས་ཞིབ་འཇུག་ཚོགས་པ་དབུ་ཚུགས་ནས་ད་བར་ཚོགས་པ་འདིའི་ལས་དོན་དང་དམིགས་ཡུལ་ལ་ངོས་འཛིན་རྒྱབ་སྐྱོར་མཚོན་ཆེད་རང་ཉིད་བགྲོ་གླེང་ཚང་མར་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ཉིད་ལ་ ཚོགས་པ་འདིས་འདས་པའི་ལོ་ལྔ་ལ་ཉེ་བའི་རིང་སྤྱི་ཚོགས་འདིར་མངོན་གསལ་དོད་པོས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ལེགས་པོ་ཐེབས་ཡོད་པའི་མྱོང་ཚོར་ཡོད་ཅེས་གསུངས་ཤིང་། ཚོགས་ཞུགས་གཞན་དག་གིས་ཀྱང་གཅིག་མཚུངས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན། དེ་བཞིན། ལུགས་གཉིས་སོ་སོར་ཕྱེས་ན་མཁས་པ་ཡིན་གྱི། གཉིས་ཀ་བསྲེ་བར་བྱས་པ་སྐད་བྱེད་པ་ནི་མི་མཁས་པ་ཡིན་ནོ།།ཞེས་པའི་རྒྱལ་ཚབ་རྗེ་གསུང་དྲངས་ནས་རིས་མེད་ནི་རང་ལུགས་ཀྱི་ཚུགས་མ་ཤོར་བའི་ཐོག་ནས་གཞན་ལུགས་ལ་དག་སྣང་མོས་གུས་ཡོད་པ་ཞིག་ལ་གོ་དགོས་པ་སོགས་གསུངས།
(བཀའ་བརྒྱུད་ཐའེ་ཝན་པ)གྲྭ་བློ་གྲོས་རིན་ཆེན་མཆོག་གིས། རྒྱ་བརྒྱུད་ཀྱིས་དོགས་སློང་བྱེད་སའི་ཡུལ་རང་གར་བསྐྱུར་རྒྱུ་མེད། སྔགས་རང་གར་སྟོན་རྒྱུ་མེད།
ཐའེ་ཝན་དང་བ་འདྲེན་ཡུལ་སྤྱིའི་ཆ་ནས་གདམ་ངག་དང་། སློབ་སྦྱོང་བྱེད་སྟངས་ཡིན་མོད། རྒྱ་ཡིག་སྦྱོང་བ་གལ་ཆེ་ན་ཡང་། ལོ་ཚད་དང་བསྟུན་ནས་རིགས་ལམ་སྦྱོང་བ་དང་། ཉམས་ལེན་བྱེད་པ་སོགས་བྱ་དགོས་པ་དང་།
ཤེས་རབ་ཀྱིས་དཔྱད་པ་དག་ཉམས་མྱོང་དང་སྦྲེལ་ཏེ་སེམས་ལ་དད་པ་བརྟན་པོ་ཡོང་བའི་རྐྱེན་དུ་གྱུར་པ་ཞིག་གི་ཐོག་ནས་གང་སྦྱང་བའི་ལྟ་གྲུབ་མི་ཚེ་དང་སྦྱོར་དགོས་ཚུལ། དུས་རབས་བདུན་པའི་སྐབས་སུ་སློབ་དཔོན་རྡོ་རྗེ་ཡེ་ཤེས་སོགས་ཀྱིས་སྤེལ་བའི་གསང་སྔགས་ཡོད་ཀྱང་། ཞོན་ཙང་སོགས་ཀྱི་ལམ་ཡིག་ཏུ་ནཱ་ལེནྡྲར་གསང་སྔགས་དར་བ་མི་གསལ་བ་རྒྱུ་མཚན་དུ་བྱས་ནས་གསང་སྔགས་ལ་དོགས་པ་བྱེད་ཀྱི་ཡོད་སོགས་ཀྱི་སྐོར་ཞིབ་བཤད་གནང་།
(རྙིང་མ་) ཀཿཐོག་རིག་འཛིན་ཆེན་པོས་ཞིབ་འཇུག་ཚོགས་པར་ད་བར་རྒྱབ་སྐྱོར་གནང་མཁན་སྤྱི་དང་བྱེ་བྲག་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུས་ཤིང་། ཁྱད་པར་ཚོགས་པ་འདིས་ད་བར་བསྟན་པ་སྤྱི་དང་ཕྱེ་བྲག་ལ་སྲི་ཞུ་སྒྲུབ་པའི་གྲུབ་འབྲས་སྐོར་སོགས་དང་། ཁྱད་པར། རིས་མེད་ཀྱི་འབྱུང་ཁུངས་ཐད། ཇོ་ནང་ཀུན་དགའ་གྲོལ་མཆོག་གི་ཇོ་ནང་ཁྲིད་བརྒྱ། འབྲི་གུང་རིན་ཆེན་ཕུན་ཚོགས། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་གསལ་དང་། ཁོང་གི་གཞུང་ལས་བཤད་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཐ་སྙད་འབྱུང་སྟངས་སོགས་ཀྱིས་མཚོན་ཏེ། རིས་མེད་ཀྱི་བྱུང་རིམ་རྒྱས་བཤད་དང་། རིས་མེད་ནི་དབང་ཆ་དང་ཐོབ་ཐང་ཁྱད་པར་ཞིག་ལ་གོ་བ་བླངས་ན་མི་འགྲིག་ཚུལ་དང་། མཚོན་བྱེད་རྟགས་ཀྱི་རྣམ་པས་རིས་མེད་མཚོན་ཚུལ་དང་མཚོན་བྱ་དོན་གྱི་སྒོ་ནས་རིས་མེད་ཉམས་སུ་ལེན་ཚུལ་གཉིས་ཡོད་པ་དང་རིས་མེད་བྱས་ན་བསྟན་པར་ཕན་པ་ཆེན་པོ་ཡོད་ཚུལ། བོད་ལ་ཆོས་བརྒྱུད་ཀྱི་དམག་འཁྲུག་བྱུང་མྱོང་མེད་ཚུལ། ཨ་ཏི་ཤ་བོད་ལ་ཕེབས་རྗེས་ཙམ་ལ་ནཱ་ལེནྡྲ་ཉམས་པ་ཡིན་ཡང་དེའི་སྐབས་ནཱ་ལེནྡྲ་སྤྱིའི་ཆ་ནས་ཧ་ཅང་དར་རྒྱས་ཡོད་པའི་སྐབས་ཡིན་པ་དང་། ནཱ་ལེནྡྲ་བློ་བུར་དུ་ཉམས་པའི་རྒྱུ་མཚན་ཁ་ཆེའི་དམག་གིས་བཅོམ་པར་འབྲེལ་བ་ལས། མ་རྒྱུད་སོགས་སྔགས་དར་བ་དང་འབྲེལ་བ་ཡོད་པའི་བཤད་ཚུལ་དོན་ལ་མི་གནས་ཚུལ་སོགས་གསུངས་ཤིང་། ཧ་ཤིན་རིན་པོ་ཆེས་དེར་ཁ་སྣོན་གྱི་ཚུལ་དུ། སྐབས་དེར་ཧིན་དུའི་ཆོས་ལུགས་ཀྱང་གཅིག་མཚུངས་ཉམས་ཆག་བྱུང་ན་ཡང་། ནང་པ་ཧིན་དུའི་ཆོས་ལུགས་བཞིན་འགྱེལ་ས་ནས་ལང་མ་ཐུབ་པའི་གནད་དོན་རྩ་བ་ནང་ཆོས་སློབ་གསོ་དགོན་པ་དང་དགེ་འདུན་གྱི་ཁྲོད་ཙམ་ལས་འདའ་མ་ཐུབ་པར་ཐུག་ཡོད་པ་དང་། དེ་ཡང་ཁ་ཆེས་ནང་པའི་དགེ་འདུན་གྱི་སྡེ་བཅོམ་ཤིང་། དགོན་པ་གཤིག་རྗེས་ནང་པའི་ཆོས་མི་མང་གི་ནང་དུ་མེད་པས་བསྐྱར་གསོ་མ་ཐུབ་པ་ཡིན་པས་མི་མང་ལ་ཆོས་ཀྱི་གོ་རྟོགས་ཡོད་པ་ཧ་ཅང་གལ་ཆེ་ལ། ཐའེ་ཝན་དུ་བོད་བརྒྱུད་དར་ནས་ལོ་འདི་ཙམ་ཕྱིན་ཡང་ད་དུང་རྐང་ཚུགས་པ་རང་ཞིག་མེད་པ་དེ་ཡང་མི་མང་ལ་ནང་ཆོས་ངོ་སྤྲོད་མཐུས་ཚང་ཞིག་མ་ཐུབ་པར་ཐུག་ཡོད་གསུངས།
(རྙིང་མ་)མཁན་པོ་ཆོས་ཉིད་དོན་རྟོགས། དྲ་རྒྱའི་བརྙན་ཕྲིན་ལྟ་མཁན་གྱི་ད་ལྟའི་ཁྱབ་ཁོངས་སོགས་ངོ་སྤྲོད་དང་འབྲེལ། བརྡ་འཕྲིན་གྱི་མ་ལག་འདི་དག་སྤྱད་ནས་གནས་བབ་དང་འཚམས་པའི་ལས་དོན་བྱ་རྒྱུ་ནི། ་རང་རེའི་ངོས་ནས་མ་འོངས་པར་འགན་འཁུར་སྟངས་ཤིག་ཡིན་གསུངས།
(སེ་ར་བྱེས)ར་རྒྱ་བློ་དབང་གིས།
ཆོས་བརྒྱུད་ཚང་མ་བླ་བརྒྱུད་ཀྱི་ཐོག་ནས་ཕན་ཚུན་གཅིག་ལྟོས་མེད་དུ་གནས་པ་ཞིག་མིན་པར་འདྲེས་ཏེ་ཡོད་པ་སོགས་དཔེ་མཚོན་དུ་བཀོད་དེ། བསམ་པ་རྣམ་དག་གིས་རྒྱུ་མཚན་ལྡན་པའི་རིས་མེད་ཀྱི་གོ་བ་ཞིག་རྙེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང། ལམ་རིམ་ཆེ་བ་བཞི་ལྡན་ལྟ་བུ་རིས་མེད་ཉམས་སུ་ལེན་མཁན་གྱི་ཁེ་ཕན་ཡིན་པ། སྔོན་ཀློང་ཆེན་རབ་འབྱམས་སོགས་ཀྱི་གསུང་དུ་སྐྱ་བཀའ་བརྒྱུད་ལྟ་བུའི་ཚིག་དག་དགོན་པ་དང་གདན་ས་མཚོན་པའི་ཚིག་ཙམ་ལས་ཆོས་བརྒྱུད་ཀྱི་ངོས་འཛིན་དུ་བྱས་པ་མེད་པ་ལྟ་བུའི་གཟིགས་ཚུལ་ཡོད་པ་དང་། འདི་དང་རིས་མེད་ཀྱི་བར་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་འབྲེལ་བརྗོད་བྱས།
(ས་སྐྱ་རྫོང་སར)མདོ་འཛིན་པ་སློབ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་ཀྱང་། ཚོགས་འདུའི་ལས་རིམ་ཧྲིལ་པོར་ལྟ་སྐུལ་གནང་བ་དང་འབྲེལ། ས་སྐྱའི་མཁན་ཆེནཨ་པད་རིན་པོ་ཆེའི་གསུང་སྒྲོས་ལུང་དུ་དྲངས་ནས་མ་འདྲེས་པའི་སློབ་སྦྱོང་དང་། གཞི་གཅིག་ལ་འབབ་པའི་ཉམས་ལེན་བྱེད་པ་གཉིས་ཀྱི་ཐོག་ནས་བསྟན་པ་རིས་མེད་ལ་གོ་བ་ལེན་སྟངས་སོགས་ཐད་དགོངས་ཚུལ་དང་། ཚང་མས་ཞིབ་འཇུག་ཚོགས་པའི་ལས་དོན་སྤྱི་དང་བྱེ་བྲག་ལ་ཕྱར་གྲུ་མཉམ་འདེགས་དགོས་པའི་འབོད་སྐུལ་ཀྱང་གནང་སོང་།
དེ་བཞིན་(རྙིང་མ)སློབ་དཔོན་བཀྲ་ཤིས་བདེ་ལེགས་རེས་མེད་ཀྱི་དགོས་གལ་དང་། (རྙིང་མ་)བཙུན་མ་ཤེས་རབ་བཟང་མོས་འབྱུང་འགྱུར་བཙུན་མའི་སྡེ་ཡང་སྔར་ལས་ལྷག་པའི་སྒོ་ནས་མཉམ་ཞུགས་གནང་ཐུབ་རྒྱུའི་འབོད་སྐུལ། དེ་བཞིན། ཐའེ་སྡོད་བོད་རིགས་གཞོན་སྐྱེས་ཚེ་རིང་ནོར་བུས་ནང་ཆོས་ང་སྤྲོད་མང་ཙམ་གནང་ཐུབ་ན་དགེ་མཚན་ཆེ་བ་སོགས་ཀྱི་ཐད་བསམ་ཚུལ་རེ་བསྐུལ་དང་འབྲེལ་བའི་གཏམ་བཤད་བཅས་གནང་ཡོད།
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་དབུ་ཚུགས་ཤིང་། ད་ཐེངས་རྒྱུན་ལས་སྐབས་གསུམ་པ་ཡིན་པར་མ་ཟད། ཐོག་མར་གཞི་རྩའི་རྐང་འཛིན་མཁན་སྤྲུལ་བཞི་ཡོད་པ་ནས་ད་ལྟ་ཆོས་བརྒྱུད་ཁག་ལྔའི་མཁན་སྤྲུལ་དགེ་བཤེས་བཅུ་ལས་གྲུབ་པའི་ཆོས་ཚོགས་ཁག་མཉམ་འདུས་ཀྱིས་གཉེར་སྐྱོང་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་གཉིས་ཀྱི་ལོ་ནས་ཚོགས་པ་འདིའི་ཡན་ལག་གི་ངོ་བོས་ཐོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཟེར་བ་ཞིག་ཀྱང་དབུ་འཛུགས་གནང་ནས་ད་ལྟ་ལས་ཀ་བྱེད་བཞིན་ཡོད།
ཐེངས་འདིའི་བགྲོ་གླེང། ཚོགས་པའི་ལས་དོན་ཆ་བགོས་ཀྱི་འགྲོ་སྟངས་ལྟར། ཀཿཐོག་རིག་འཛིན་ཆེན་པོ་དང་། སློབ་དཔོན་བསོད་ནམས་ཕུན་ཚོགས། མཁན་པོ་ཚུལ་རྣམ། བླ་མ་ཡེ་ཤེས་རབ་རྒྱས། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་བཅས་ཀྱིས་འགན་འཁུར་གོ་སྒྲིག་ཞུས་པ་ཡིན།
གསར་འགྱུར་བསྡུ་སྒྲིག་པ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།
རྫ་ཚེ་རིང་བཀྲ་ཤིས་ལགས།
ཁར་རྩང་། དང་། ཁ་རྩང་། ཁ་སང་། དེ་ཚོའིོ་ཁུངས་གང་དུ་ཡོད་དམ། ལགས། ཨིན་སྐད་ཡེས་ཊར་ཌེ་ལ་ན་། མདང་། ཞེས་པ་ཉིད་འཐད་དོ།།
༄། བོད་རྒྱུད་ནང་བསྟན་ཐེ་ཝན་ནང་ལ་དར་སྤེལ་བྱེད་པ་དེ་། བོད་དོན་ལ་ཕན་ལས་གནོད་ཆེར་བར་ངེས། བླ་གྲྭ་རྫུན་མ་མང་བས་དང། དངུལ་ལ་དགའ་ཆེ་བས་དང། མཛེས་མ་ལ་དགའ་ཆེ་བས་དང། རྒྱ་བླ་དེ་ཚོ་ཕྲག་དྭོག་མང་བས་དང། ཞབས་བརྟེན་དང་མོ་ལུང་མང་དྲག་བས་དང། ཐེ་མོ་དེ་ཚོ་གྲྭ་་བ་ལ་དགའ་དྲག་པས་དང། ཏ་སྦ་ཝང་མང་དྲག་པས་དང། སང་རྒྱས་སྤྲུལ་པ་མང་དྲག་པས་དང། གོང་ས་མཆོག་གི་སྤྱན་གསལ་མང་དྲག་པས་དང། སེར་སྨད་དགོན་བདག་བླ་མ་མང་དྲག་པས་དང། དེ་བཞིན་གྲ་ཚང་གཞན་གྱི་དགོན་བདག་བླ་མ་་མང་ཆེ་བས་དང། ཆོས་ལུགས་སོ་སོའི་རྡོར་རྗེ་འཆང་མང་དྲག་པས་དང། སྤྲུལ་སྐུ་མང་ཆེ་བས་དང་ དགེ་བཤེས་མང་ཆེ་བས་དང། སྒོམ་ཆེན་མང་ཆེ་བས་དང་ གྲུབ་ཐུབ་མང་དྲག་པས་དང། མངོན་ཤེས་ཅན་མང་དྲག་་པས་དང། མཁན་པ་མང་ཆེ་བས་དང། སྡ་སར་བཞུགས་་པའི་བླ་་མའི་མིང་ཅན་གྱི་བུ་ཕྲུག་བཟའ་ཟླ་ཅན་ཚོ་ཐེ་ཝན་་ལ་གྲྭ་ཆས་གྱོན་པ་མང་བས་དང། སྐུ་རྟེན་ཆོས་རྗེ་མང་དྲག་པས་དང། སྐུ་བརྟེན་མཁའ་འགྲོ་མང་བས་དང། བླ་གྲྭ་ཕན་ཚུན་ང་དང་ང་ཡིས་ཕྲག་དྭོག་མང་བ་ལ་སོགས་པས་སོ།
༄། ཤེས་བྱ་ཆོས་ཅན་། ། བོད་རྒྱུན་ནང་བསྟན་ཐེ་ཝན་་ལ་སྤེལ་ཆེ་དྲག་ན་ཕན་ལས་གནོད་ཆེ་ཏེ། བླ་རྫུན་མང་བས་དང། དངུལ་ལ་དགའ་ཆེ་བས་དང། མཛེས་མ་ལ་དུང་ཆེ་བས་དང། ཝེ་མོ་དེ་ཚོ་བླ་གྲ་ལ་ཆགས་དྲག་པས་དང་། སངས་རྒྱས་སྤྲུལ་པ་མང་བས་དང། རྡོར་རྗེ་འཆང་མང་བས་དང། ( ཏ་སྦ་ཝང)ཆོས་ཀྱི་རྒྱལ་པོ་མང་བས་དང། ཞབས་བརྟེན་མང་བས་དང། མོ་ལུང་མང་དྲག་པས་དང། དགེ་བཤེས་ལྷ་རམ་པ་མང་བས་དང་ སྐྱེ་ཕྲེང་མང་བས་སྐྲུལ་པ་མང་པས་དང། གྲུབ་ཐོབ་མང་བས་དང། མངོན་ཤེས་ཅན་མང་བས་དང། གོང་ས་མཆོག་གི་སྤྱན་གསལ་མང་བས་དང། སེར་སྨད་དགོན་བདག་མང་བས་དང། དེ་བཞིན་གྲྭ་ཚང་གཞན་གྱི་བདག་པོ་མང་བས་དང། སྐུ་བརྟེན་ཕ་མང་བས་དང། སྐུ་བརྟེན་མ་མང་བས་དང། སྤྲུལ་མིང་སྤྱན་གསལ་འཛིན་པའི་བུ་ཕྲུག་བཟའ་ཟླ་ཅན་ཚོས་ཐེ་ཝན་་ལ་གྲ་ཆས་གྱོན་པ་མང་བས་དང། རྒྱ་གར་དང་ཡུལ་གཞན་ལ་སེམས་ཅན་ཡིན་པ་ལ་ཐེ་ཝན་ལ་འབྱོར་སྐབས་སངས་རྒྱས་སུ་འཕོས་པ་མང་བས་དང། བླ་གྲྭ་ཕན་ཚུན་ང་དང་ང་ཡི་བདག་འཛིན་དང་ཕྲག་དྭོགས་མང་བས་ལ་སོགས་པའི་ཕྱིར་རོ།
༸གོང་ས་མཆོག་གིས་གཟའ་འཁོར་འདི་ཡི་ནང་གི་སྨན་ལྷའི་རྗེས་གནང་གནང་དུས། ཕྱི་རྒྱལ་ཆོས་ཚོགས་ཚོས་དངུལ་གྱི་ཆེད་དུ་ཆོས་བཤད་བྱེད་པ་ནི་ཞབས་འདྲེན་རེད། གསུངས་འདུག
དོ་སྣང་ཡོད་འདིར་བསྣུན་ནས་གཟིགས་རོགས།
http://gyalwarinpoche.com/node/323
ཤར་པས་དམར་རྗེན་བཤད་འདུག དེ་ག་རང་རེད། རྒྱ་གར་བལ་ཡུལ་འབྲུག་ཏུ་ཡོད་དུས་སྐྱ་ཆས་དང་ཟ་ཚང་གི་ཟ་དཔོན་། ཐེ་ཝན་མ་ལ་ཤའི་སིང་ག་པོར་དུ་ཡོད་རྒྱུགས་དུས་གྲྭ་ཆས་བསྣུམ་ཤིག་ཤིག་གྱོན་ནསནསངས་རྒྱས་དང་། སྤྲུལ་སྐུ། མཁན་པོ། སློབ་དཔོན། དགོན་བདག་ སྒྲུབ་ཁང་བདག་པོ། རྒན་གསོ་ཡོད་རབས། ད་ཕྲུག་གསོ་སྐྱོང་ཁང་ཡོད་རབས། དགོན་རྙིང་མཆོད་རྟེན་ཞིག་གསོས་བྱེད་རབས། མི་མངས་ལ་རོགས་པ་བྱེད་རབས་ཀྱི་ལུང་པ་བཅོ་བརྒྱད་བཤད་ནས་ཤོག་ཆག་དམར་པོའི་སྟེང་དུ་རི་མོ
སྣ་ཚོགས་བྲིས་པ་ལག་བེད་གང་ཁྱེར་ནས་ཚུར་ཡོང་ནས་བཟའ་ཁང་རྫིག་གྲལ་དང་མི་དམངས་འདུན་སར་ཕྱུག་རབས་ཀྱིས
ངོམ་རྐྱེན་བྱེད་མཁན་གྱི་ཟོག་བརྫུས་ཀྱི་བཟོ་གྲྭ་ཆེ་ཤོས་དེ་ཐེ་ཝན་ཡིན་རབས་བཤད་པ་དེར་ཡིད་ཆེས་དང་བདེན་པར་བསམ་བཞིན་ཡོད།
མཁན་པོ་རྫ་ཚེས་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐའེ་ཝན་དུ་ཚུགས་ཚུལ་གསར་འགྱུར་སྤེལ་བ་ལེགས་བྱུང་། དེ་ནི་གོང་ས་མཆོག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་མཁས་གྲུབ་ཚད་མའི་སྐྱེས་བུས་ངོས་ལེན་ཐོབ་པའི་འཚོགས་འདུ་རེད། དེ་ལ་ཁ་ངན་བརྗོད་རུང་རང་སྐྱོན་རེད། དེ་མིན་ཨ་རིར་དམངས་ཁྲོད་ཁ་བརྡ་དང་བོན་པོས་རྫོགས་ཆེན་ཚོང་འདུ་དང་གཏན་ནས་འདྲ་ས་མ་རེད། དེས་ན་ཡི་རང་ཡོད། མུ་འཐུད་རོགས་ཞུ།།
ཤར་བ་ལགས་ཀྱི་གསུངས་པ་འདི་ཕྱོགས་གཅིག་དང་ཟུར་གཅིག་ལ་བལྟ་ནས་སྡིག་པ་མིག་བཙུམ་བྱས་ནས་བཤད་འདུག ཁྱོད་ལ་བདེན་དཔང་ཡོད་ན་སུ་དང་སུ་རེད་མིང་དག་འདྲ་དཔར་བཅས་གནང་དང་། ཚང་མ་ཡིན་གྱི་མ་རེད།
སྔགས་དེ་སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་ཡིན་ཚུལ་ཤུགས་ཆེན་པོས་མ་བཤད་རོགས། ནང་པ་སངས་རྒྱས་པའི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྟངས་དེ་གལ་ཆེན་པོ་རེད། སྔགས་སྤྱི་དང་ལྷག་པར་ཡང་བླ་མེད་ཀྱི་རྒྱུད་སྡེ་འདི་དག་སྟོན་པ་ཤཱཀྱ་ཐུབ་པའི་གསུངས་ཡིན་པའི་སྒྲུབ་བྱེད་མི་འདུག ལོ་རྒྱུས་སྤྱི་ཁོགས་ལ་ཏག་ཏག་བསྡད་གི་མི་འདུག སྔགས་ཀྱི་རྒྱུད་སྡེ་འོག་མའི་ནང་གི་མཛེས་རིས་དང་ལྷ་སྐུ་སོགས་སྒྱུ་རྩལ་གྱི་སྐོར་ལ་རིན་ཐང་འདུག ཡིན་ན་ཡང་། སྔགས་བླ་མེད་ཀྱི་ལྷའི་སྐུ་འདྲ་སོགས་ནི་ཆགས་པ་དང་ཞེད་སྣང་སློང་སྤྱད་ལྟ་བུ་འདི་རིགས་ཉིན་ཞིག་སྲིད་གཞུང་གིས་ཁྲིམས་ཐོག་ནས་ཀྱང་འགོག་འོངས་པ་རེད། རང་རེའི་བཀའ་འགྱུར་བསྟན་འགྱུར་གྱི་ནང་གི་སྔགས་ཀྱི་ཕྱོགས་མང་པོ་ཞིག་གནའ་བོའི་རྩོམ་རིག་ཅིག་ཡིན་པ་ཙམ་མ་གཏོགས་དགོས་ནུས་ཕན་ཐོགས་མེད་པ་ཤ་སྟག་རེད། འདི་སྔ་གཞུག་མེད་པར་རྐུབ་འབུད་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད། དེ་ལ་བལྟས་ན་ཐེག་པ་ཆེན་པོ་མདོ་ཡི་ཕྱོགས་འདི་སྟོན་པ་ཐུགས་རྗེ་ཅན་གྱི་གཞི་རྩའི་བཀའ་སློབ་དང་ཐག་ཉེ་བ་འདུག ཐེག་པ་ཐུན་མོང་བའི་སྡེ་སྣོད་གསུམ་པོ་དེ་གཞི་རྩའི་ལྟ་གྲུབ་ཏུ་བཟུང་ནས་གླེང་ཐུབ་ན་རིས་མེད་ངོ་མ་ཡང་དེ་རེད།
བློ་ཁ་རྒྱ་དཀྱེལ་དང་ཕུགས་ཀྱི་བསམ་བློ་བཏང་ན། ཐེ་ཝན་གྱི་རིས་མེད་ནང་ཆོས་ཞིབ་འཇུག་ཚོགས་པ་དེ་ང་ཚོའི་མ་འོངས་པའི་ལོ་ཉི་ཤུ་སུམ་ཅུ་ནང་གི་ཁ་ཕྱོགས་ལེགས་པ་དེ་རེད། རྫ་བཀྲིས་ཚེ་རིང་གཙོས་པའི་མི་རབས་གསར་པའི་བླ་གྲྭ་མཁན་གསུམ་ལ་ཐུགས་རྗེ་ཆེ། དཀའ་ངལ་ལ་གདོང་ལེན་གྱིས་ལས་འགུལ་དེ་རྒྱ་ནག་བརྒྱུད་བོད་ལ་བསླེབས་པ་དང་། དེ་ནས་རྒྱ་གར་དང་ཨ་རིར་ཡོང་ཐུབ་པ་བྱེད་རོགས། དཔལ་འབྱོར་ལ་སེམས་ཁྲལ་མ་བྱེད། རྒད་པོ་ངས་སྒྲོ་ལར་ས་ཡ་ཕྱེད་ཀ་ཙམ་ཞལ་འདེབས་བརྒྱབ་ཐུབ།
ཁ་སྟབས་སྡུག་ཤོས་ནི་ད་ལྟ་ཨ་རིའི་ནང་ལ་ཆོས་རྒྱུད་ཁ་ལ་འཁྱེར་ནས་འཐེན་འཁྱེར་ཤུགས་ཆེར་གནས་པས། ཁྱེད་ཚོ་ཐེ་ཝན་པའི་བོད་པའི་ནང་པ་དང་བསྡུར་ན་གནས་སྟངས་ཤིན་དུ་སྐྱོ།
མ་འོངས་པར་ཁྱེད་ཚོ་ལྟ་བུའི་མི་རབས་གསར་པའི་དགེ་འདུན་པ་སློབ་གསོ་དང་ཐོས་པ་གཉིས་ཀ་ཡོད་པའི་ཆོས་པའི་དཔུང་ཞིག་འདིར་བསླེབས་ནས་བོད་ཀྱི་རིས་སུ་མ་ཆད་པའི་ཁྲག་རྒྱུད་གཅིག་དང་ཆོས་རྒྱུད་གཅིག་གི་མི་བུ་ཚོས་བོད་རྒྱུད་ནང་པའི་གློ་སྙིང་མཆིན་གསུམ་ཁོག་གཅིག་ལ་ལྟོས་ནས་བདག་སྐྱོང་ཡོང་བའི་སྨོན་ལམ་ཞུའོ།
༄། འོ་ཡ་། སྤོ་ལགས། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང། བོང་བུས་མ་བགྲོད་ལམ་ཕྲང་མང། ཞེས་པ་ལྟར་གསང་སྔགས་དེ་སངས་རྒྱས་ཀྱི་བཀའ་ཡིན་པར་མ་གོ་བ་དེ་ལྟར་བསོད་སྐམ་པ་ཞིག་ལོས་ཡིན། ཁྱོད་ནི་རྣམ་པར་གྲོལ་བའི་ལམ་མི་ཤེས་བཞིན་དུ་ཤེས་པར་རློམ་པའི་ངལ་རྒྱལ་གྱི་དུག་ཆུ་ཁོག་ཏུ་སོང་བའི་ཆོས་འདི་པ་ལས་ཕྱི་རོལ་ཏུ་གནས་པའི་སོ་སྐྱེ་ཐ་ཤལ་བ་ཞིག་གོ། རྒྱ་གར་གྱི་པན་གྲུབ་། མགོན་པོ་ཀླུ་སྒྲུབ་དང། འཕགས་པ་ལྷ་དང་། ན་རོ་པན་ཆེན་སོགས་གསང་སྔགས་ཉམས་ལེན་པ་ཡིན་པར་དེ་དག་གིས་མཛད་པའི་ལེགས་བཤད་ལས་ཤེས་ལ། བོད་འདིར་མར་པ་ལོ་ཙ་བ་དང་ རྗེ་མི་ལ་རས་པ་དང་ རྗེ་བླ་ོ་བཟང་གྲགས་པའི་ཞབས་ལ་སོགས་པའི་ཐུགས་དམ་ཉམས་བཞེས་དང་དེ་དག་གིས་མཛད་པའི་ལེགས་བཤད་ཤེས་པར་བྱོས་ལ། ལྷག་པར་སེམས་ཕྲ་རག་གི་ཁྱད་པར་ དང་། དེ་དག་གནད་དུ་རྣུན་ནས་སྟོང་པ་ཉིད་ལ་སེམས་འཛིན་ཚུལ་སོགས་གཞི་དངོས་པོ་དང་ཉམས་མྱོང་དང་་མཐུན་པའི་ཟབ་ཆད་མང་པོ་ཡོད་པར་་མ་གོ་བ་ནི་། མཁས་པ་མཁས་པའི་ནང་ན་མཛེས། བླུན་པོས་མཁས་པ་ཇི་ལྟར་གོ། ་ཙན་དན་གསིལ་བའི་དངོས་པ་དེ། བླུན་པོས་སོལ་བ་བྱེད་ལ་བལྟོས་། ཞེས་པ་ལྟར་ཡིན་པས་དེ་ཙམ་མི་སྤྲོའོ།
གོང་དུ་་་དེ་ཙམ་ལས་ལས་ལས་ལས་མི་སྤྲོ་ཞེ་པའོ།
་་་་་་ སྔགས་སྤྱི་དང་ལྷག་པར་ཡང་བླ་མེད་ཀྱི་རྒྱུད་སྡེ་འདི་དག་སྟོན་པ་ཤཱཀྱ་ཐུབ་པའི་གསུངས་ཡིན་པའི་སྒྲུབ་བྱེད་མི་འདུག ལོ་རྒྱུས་སྤྱི་ཁོགས་ལ་ཏག་ཏག་བསྡད་གི་མི་འདུག སྔགས་ཀྱི་རྒྱུད་སྡེ་འོག་མའི་ནང་གི་མཛེས་རིས་དང་ལྷ་སྐུ་སོགས་སྒྱུ་རྩལ་གྱི་སྐོར་ལ་རིན་ཐང་འདུག ཡིན་ན་ཡང་། སྔགས་བླ་མེད་ཀྱི་ལྷའི་སྐུ་འདྲ་སོགས་ནི་ཆགས་པ་དང་ཞེད་སྣང་སློང་སྤྱད་ལྟ་བུ་འདི་རིགས་ཉིན་ཞིག་སྲིད་གཞུང་གིས་ཁྲིམས་ཐོག་ནས་ཀྱང་འགོག་འོངས་པ་རེད། ་་་་་་
མཁས་དབང་སྤོབས་མཐའ་ལགས།
རང་ཉིད་གསང་སྔགས་སྐོར་ལ་སྦྱངས་པ་མེད་པས་མི་ཤེས་པ་་དང་། དེ་ལ་དད་མོས་མེ་ད་ན། ནང་པའི་སྔགས་ཀྱི་སྐོར་ལ་མ་གསུངས་ན། མཛེས་པ་མིན་ནམ། ལགས།
་་་་་་ དེ་ལ་ཁ་ངན་བརྗོད་རུང་རང་སྐྱོན་རེད། དེ་མིན་ཨ་རིར་དམངས་ཁྲོད་ཁ་བརྡ་དང་བོན་པོས་རྫོགས་ཆེན་ཚོང་འདུ་དང་གཏན་ནས་འདྲ་ས་མ་རེད། ་་་་་
་་་་་་ རྒྱ་གར་གྱི་པན་གྲུབ་། མགོན་པོ་ཀླུ་སྒྲུབ་དང། འཕགས་པ་ལྷ་དང་། ན་རོ་པན་ཆེན་སོགས་གསང་སྔགས་ཉམས་ལེན་པ་ཡིན་པར་དེ་དག་གིས་མཛད་པའི་ལེགས་བཤད་ལས་ཤེས་ལ། བོད་འདིར་མར་པ་ལོ་ཙ་བ་དང་ རྗེ་མི་ལ་རས་པ་དང་ རྗེ་བླ་ོ་བཟང་གྲགས་པའི་ཞབས་ལ་སོགས་པའི་ཐུགས་དམ་ཉམས་བཞེས་དང་དེ་དག་གིས་མཛད་པའི་ལེགས་བཤད་ཤེས་པར་བྱོས་་་་་་་་་
# 8 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
April 3rd, 2014 at 9:05 PM
སྔགས་དེ་སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་ཡིན་ཚུལ་ཤུགས་ཆེན་པོས་མ་བཤད་རོགས། ནང་པ་སངས་རྒྱས་པའི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྟངས་དེ་གལ་ཆེན་པོ་རེད། ་་་་་
སྤོབས་མཐའ་འདི་ལ་སྤོབས་པ་ཆེ་ས་ཡོད། ད་ལན་ཀྱང་སྤོབས་པ་ཆེན་པོས་གཅིག་བྲིས་ཤག དེ་འགྲིག་གི་འདུག རེད་རེད་ཉིན་ཅིག་རྐུབ་བརྡོལ་རྒྱུ་ཉག་གཅིག་རེད་དེ་ལས་སྔོན་ཚུད་ནས་སྦས་གསང་བྱེད་ན་ལེགས། སྤོབས་མཐའ་ཡིན་དྷ། ཁྱེད་རང་ནམ་རྒྱུན་གང་བཤད་པར་ཁུངས་བསྐྱེལ་དགོས་ཟེར་མཁན་ཅིག་ཡིན་་་་དེ་ཡིན་དུས་ད་ལན་གྱིས་བཤད་པ་དེ་ལའང་ཁྱེད་རང་གིས་ཁུངས་བསྐྱེལ་གྲ་མ་ཞིག་གནང་ཐུབ་ན་ངོ་མ་་་་ཨ་མ་ཚ་ནའང་ཚ་གོ་ཆོད་པའི་བུ་ཞིག་ལ་ངོས་འཛིན་ཞུ་ངེས་ཡིན།
སྟོན་པ་ཤྰཀྱ་ཐུབ་པས། དབུ་ཡི་གཙུག་གཏོར་ནས། གདུགས་དཀར་དང་། གསང་སྔགས་འགའ་ཤས་ཙམ་སྤྲུལ་སྐུ་དགེ་སློང་གི་རྣམ་པས་གསུངས་པ་ཡང་ཡོད། འོནད་ཀྱང། ཕལ་ཆེ་བ་རྒྱལ་བ་རྡོ་རྗེ་ཆང་ངམ། ལོངས་སྐུའི་རྣམ་པའམ། ལྷའི་རྣམ་པར་བཞེངས་ནས་གསུངས་པ་ཤ་སྟགས་ཡིན་པ་དང་། ནང་པའི་གསང་སྔགས་ཡིན་ན། སྟོན་པ་སངས་རྒྱས་གོ་ཏ་མ་ཤྰཀྱ་ཐུབ་རང་གི་གསུང་། ཡིན་པས་ཁྱབ་པ་ཡང་མེད་པས། འདི་ལ་སབྱོངས་དགོས་པ་ཤིན་ཏུ་མང་ངོ་། དེ་རིང་འདི་ཙམ་གྱིས་འཐུས་པར་བྱས།
སྤོབས་མཐའ་འདི་ལ་སྤོབས་པ་ཆེ་ཚད་ཡོད། ད་ལན་ཀྱང་སྤོབས་པ་ཆེན་པོས་གཅིག་བྲིས་ཤག དེ་འགྲིག་གི་འདུག རེད་རེད་ཉིན་ཅིག་རྐུབ་བརྡོལ་རྒྱུ་ཉག་གཅིག་རེད་དེ་ལས་སྔོན་ཚུད་ནས་སྦས་གསང་བྱེད་ན་ལེགས། སྤོབས་མཐའ་ཡིན་དྷ། ཁྱེད་རང་ནམ་རྒྱུན་གང་བཤད་པར་ཁུངས་བསྐྱེལ་དགོས་ཟེར་མཁན་ཅིག་ཡིན་་་་དེ་ཡིན་དུས་ད་ལན་གྱིས་བཤད་པ་དེ་ལའང་ཁྱེད་རང་གིས་ཁུངས་བསྐྱེལ་གྲ་མ་ཞིག་གནང་ཐུབ་ན་ངོ་མ་་་་ཨ་མ་ཚ་ནའང་ཚ་གོ་ཆོད་པའི་བུ་ཞིག་ལ་ངོས་འཛིན་ཞུ་ངེས་ཡིན།
དྲ་གྲོགས་ཀརྡོས་དག་སྣང་གི་སྐོར་ནས་གཅིག་གསུང་ཞག་ཡིན་ནའང་དེ་ལ་སྤོབས་མཐས་ངོས་ལན་བྱེད་མདོག་ཁ་བོ་མ་རེད། ཁོས་ཚན་རིག་དང་མཐུན་པའི་ལན་འཁྱེར་ཤོག་ཟེར་སོང་དེ་ལ་ཐབས་ཤེས་གནང་ན་མ་གཏོགས་དག་སྣང་གི་སྐད་ཆས་ཕ་རོལ་པོ་འགོག་ཐུབ་མ་རེད་དོ།
དྲ་གྲོགས་ཀརྡོས་དག་སྣང་གི་སྐོར་ནས་གཅིག་གསུང་ཞག་ཡིན་ནའང་དེ་ལ་སྤོབས་མཐས་ངོས་ལན་བྱེད་མདོག་ཁ་བོ་མ་རེད། ཁོས་ཚན་རིག་དང་མཐུན་པའི་ལན་འཁྱེར་ཤོག་ཟེར་སོང་དེ་ལ་ཐབས་ཤེས་གནང་ན་མ་གཏོགས་དག་སྣང་གི་སྐད་ཆས་ཕ་རོལ་པོ་འགོག་ཐུབ་ས་མ་རེད་དོ།
ཀ་རྡོ་ལགས། ངས་སྔགས་ཀྱི་སྐོར་ལ་ཅུང་ཙམ་རེ་སྦྱངས་མྱོང་། སྔགས་ཟེར་དུས་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོ་རེད། མོས་པ་ཡོད་ས་མེད་ས་ཅི་རིགས་པ་ཡིན། ཡིན་ན་ཡང་སྟོན་པ་ཤཱཀྱ་ཐུབ་པས་རྒྱུད་སྡེ་གསུངས་པའི་ཁུངས་སྐྱེལ་མི་འདུག
བན་དེ་བ་ལགས། ཕེབས་པར་བཟང་བྱུང་། ཡང་བསྐྱར་རྗེས་སུ་མཇལ་འོངས།
སྤོབས་མཐའ་ལགས།
སྟོན་པས་བྱ་རྒོད་ཕུང་པོ་རིར་འཁོར་ལོ་གཉིས་པ་བསྐོར་དུས། དེ་དང་དུས་མཉམ་དུ་རྒྱ་གར་ཨ་མ་ཝརྟི་འབྲས་སྤུངས་མཆོད་རྟེན་ཡོད་སར། ཤམ་བྷ་ལའི་རྒྱལ་པོར་དུས་འཁོར་ཡང་། གསུངས་པ་ཡང་གསུངས་འདུག འདི་སྤོབས་མཐའ་ཁྱེད་ཀྱི་དད་པའི་བུག་པར་ཚུད་ཨ་འོངས། ང་ཡང་འདི་ནས་འཇིགས་ཤིང་ངང་ལ་ཁྱེད་ལ་ཤོད་བཞིན་པོད་པས་་་་་་་
སྟོན་པས་བྱ་རྒོད་ཕུང་པོའི་རིར་འཁོར་ལོ་གཉིས་པ་ཟེར་བ་ཞིག་བསྐོར་མེད་ལ། ཨམྲ་ཝཏིར་དུས་འཁོར་ཞེས་པ་ཞིག་ནི་དེ་བས་ཀྱང་གསུངས་མེད། དེ་ངའི་དམ་བཅའ་ཡིན།
སྤོབས་མཐའ་ཁོ་ཆོས་མི་ཤེས་ཁོ་ཐག་རེད། འཇིག་རྟེན་འགྲོ་ལུགས་ཀྱི་སྐོར་ལ་ཕྱོགས་འཐེན་གྱི་རྩོམ་ཉོག་མང་པོ་བྲི་ཡི་འདུག
སྟོན་པས་བྱ་རྒོད་ཕུང་པོ་རུ།།
ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན།།
མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ།།
དེ་བཞིན་གསང་སྔགས་ཚུལ་གསུངས་པ།།
ཞེས་པ་དེ་གང་གི་ཚིག་ཡིན་ནམ།
# 25 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
April 4th, 2014 at 1:24 AM
སྟོན་པས་བྱ་རྒོད་ཕུང་པོའི་རིར་འཁོར་ལོ་གཉིས་པ་ཟེར་བ་ཞིག་བསྐོར་མེད་ལ། ཨམྲ་ཝཏིར་དུས་འཁོར་ཞེས་པ་ཞིག་ནི་དེ་བས་ཀྱང་གསུངས་མེད། དེ་ངའི་དམ་བཅའ་ཡིན།
འོ་ན།
ཤེས་རབ་སྙིང་པོ་དང་། བརྒྱད་སྟོང་པ་སོགས་སུས་གསུངས་པ་རེད། དེ་བཞིན་རྒྱུད་སྡེ་བཞི་དང་། ལྷག་པར་དུས་འཁོར་སུས་གསུངས་པ་རེད། སུས་བྲིས་པ་རེད། ཡང་ན། མུ་སྟེགས་པའི་གསང་སྔགས་ཡིན་ནམ། ཡང་ན། སྤོབས་མཐའ་ཁྱེད་རང་གསང་སྔགས་ལ་མི་མོས་པ་ཅིག་ཡིན་ནམ། ལགས། སྤོབས་མཐའ་ལགས།
ཚ་བ་མདའ་སྨྱུག་གིས།
རྗེ་རེད་མདའ་བས། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས་པ་དེ་ཉིད་འཕངས་པ་ནི་དུས་ཀྱི་འཁོར་ལོ་སྒེར་གྱི་ཐོག་ཏུ་འཕངས་པ་ཡིན་ཀྱང་ཕོག་པ་ནི་རྒྱུད་སྡེ་སྤྱི་ཡི་སྣ་ལ་ཕོག།
ཀ་རྡོ་ལགས། ངས་གོང་དུ་ཞུས་ཡོད། སྔགས་ཟེར་བ་དེ་རྒྱ་ཆེན་པོ་རེད། སྤྱིར་ན་སྔགས་ཟེར་བ་དེ་མནྟྲ་ཞེས་པའི་སྒྲ་ལས་དྲངས་ན་ལག་ཆ་ཞེས་པར་འཇུག དེ་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོ་ཡིན་སྟབས་ང་དེ་ལ་མོས་ས་དང་མི་མོས་ས་ཅི་རིགས་པ་ཡོད། ང་ལ་མོས་པ་ཡོད་པ་ཙམ་གྱིས་དེ་སྟོན་པ་སངས་རྒྱས་ཀྱི་གསུངས་རེད་ཅེས་ལབ་ག་ལ་ནུས། རྒྱུད་སྡེ་འདི་རིགས་སངས་རྒྱས་ཀྱིས་གསུངས་པ་མིན་པ་ནི་བཀའ་བསྡུ་བའི་ལོ་རྒྱུས་དང་། ཡོངས་གྲགས་ཀྱི་ནང་པ་སྤྱིའི་ལོ་རྒྱུས་དང་བསྡུར་ནས་བལྟས་དུས་སངས་རྒྱས་ཀྱི་གསུངས་མིན་པར་ལ་སླ་པོས་ར་འཕྲོད་ནུས་པ་ཞིག་རེད།
དེ་འདྲ་ཡིན་ན་་་རྫོགས་ཆེན་་་ཟེར་བ་དེ་ཡང་ཅི་བྱ་རྒྱུ་ཡིན་ནམ། མདོ་སྔགས་ཟུང་འབྲེལ་ཟེར་ནས་བཤད་ཡོང་དུས་རྫོགས་ཆེན་དེ་སྔགས་ཀྱི་ནང་དུ་བསྡུས་ནས་བསྟན་པ་རེད་ཟེར་བ་ཐོས། ད་ཁྱེད་ལྟར་བྱས་ན་སྔགས་དོར་བ་ལྷན་དུ་རྫོགས་ཆེན་དེ་ཡང་ཤུགས་ཀྱིས་དོར་བ་ཡིན་པ་ཐག་ཆོད། དེ་འདྲ་ཡིན་ནམ་ལགས། །
ངས་རྒྱུན་དུ་འདི་ལྟར་སེམས། བདེན་པ་ནི་ཇི་འདྲའི་ལྐོག་འགྱུར། དམར་བརྗེན། དངོས། ཤུགས། བརྒྱུད། དྲང་པོ། ངེས་དོན། དཀར་པོ། ནག་པོ། སྐྱེ་བ། སྐྱེ་མེད། བཏགས་པ། རང་བྱུང་། ཆད་པ། རྫོགས་པ།
དེ་བཞིན་སྤོབས་པ་ལགས་ཀྱིས་སྔགས་ལ་ཡང་འདི་ལྟར་སེམས་ཆོག གནས་ལུགས་བཙལ་དུས་ཆ་སྟོང་ཕྲག་མང་པོ་ཡོད་པ་དག་རེ་རེ་བཞིན་བཙལ་ནས་མཐུད་ཐུབ་ན་རྒྱུ་མཚན་ཆེ། དེ་མིན་ཡོད་དང་མེད་ལྟ་བུའི་ཁ་ཕྱོགས་གཉིས་གཅིག་པོ་འདེད་ནས་བདེན་པ་བཙལ་ན། ཁྱེད་ཀྱིས་ཤེས། ང་ཚོས་གོ་མྱོང་། ཡོད་པ་དང་མེད་པའི་བར་ལ་དངོས་པོ་དང་བྱ་བ་སྟོང་ཕྲག་མང་པོ་ཡོད་པ་དག་ང་ཚོས་མཐོང་མི་ཐུབ། རྒྱུ་མཚན་འདི་ལ་བརྟེན་ནས། གོང་ལ་བདེན་པ་ཞེས་པར་འདི་འདྲའི་ཁྱད་ཆོས་མང་པོ་ཐོན།
དཔེར་ན། མིག་གིས་བལྟས་ན་ལེབ་ལེབ། རྣ་བས་ཐོས་ན་རིང་པོ། ལུས་པོར་འཚོར་ན་ཐུང་ཐུང་། དེ་ལྟར་རེད།
དེ་བཞིན་སྔགས་དེ་སྟོན་པས་གསུང་མ་གསུང་ལ་ཚིག་མཚོན་གཅོད་ཐུབ་པའི་ཉིན་མོ་དེར་སྤོབས་པ་ལགས་ཁ་བརྡ་ལ་མི་ཕེབས་ལ། གནས་ཚུལ་མང་པོ་ཞིག་ལ་ལྟ་སྟངས་འགྱུར་བར་བྱེད། མདོར་ན། ངས་ཤེས་ཟེར་བའི་མི་དེར་ང་ཡིད་མ་ཆེས་ལ། ངས་མི་ཤེས་ཟེར་བའི་མི་དེ་ངས་ལྐུགས་པར་མི་འཛིན།
ཁ་སང་། ༼ཁ་རྩང་ཟེར་བ་ཚིག་མཛོད་ལ་མིན་འདུག༽གཟའ་འཁོར་འགའ་ཤས་གོང་ལ་མ་ལེར་ཤི་ཡའི་གནམ་གྲུ་ཆུ་ནང་ལྷུངས་ནས་མིག་སྟོང་དང་། གོ་ལའི་རྣམ་དཔྱོད་དང་འཕྲུལ་འཁོར་ཡོད་དོ་ཅོག་གིས་བཙལ་ནས་མ་བརྙེད་པར། ལོ་ངོ་སྟོང་གི་གོང་ལ་སངས་རྒྱས་ཀྱིས་སྔགས་གསུང་མེད་པ་ང་ལྟར་འདྲ་བར་མི་ཚེ་ཕྱེད་ཀ་དགོན་པ་དང་བོད་པའི་སློབ་གྲྭར་འདས། དེ་ནས་བཙན་བྱོལ་ནང་ལ་འདས་ནས། Yདང་Xགཉིས་ཀྱི་འབྲེལ་བ་མ་ཤེས་མཁན། དེ་བཞིན་ཟ་མ་བཟས་ནས་ཇི་ལྟར་ཁོག་ནང་བཞུར་སྟངས་ལྟ་བུའི་རང་ལུས་ལ་དངོས་སུ་མྱོང་བའི་ཤེས་བྱ་མ་ཤེས་མཁན་ཞིག་གིས་མེད་པར་ཐག་བཅད་པ་ནི། ཨ་བྲའི་དཔོན་པོ་རྫ་བྲ། དགྲ་ཝ་མོ་ཡོང་ན་མཉམ་བྲོས་ཟེར་བ་མ་རེད་དམ།
གསང་སྔགས་ཕར་ཞོག སྤོབས་པ་ལགས་ཀྱིས་རང་གི་ཆུང་མར་རྒྱོ་དུས། ཆུང་མའི་སེམས་ལ་རྒྱོ་མཁན་དེ་ཁྱེད་ཡིན་བསམ་གྱི་ཡོད་དམ། ཁོ་རང་གི་དགའ་ཤོས་བྱེད་པའི་ཕོ་གསར་གཞན་པ་ཞིག་ཡིན་པ་མོས་ཀྱི་ཡོད་དམ། དེ་ལ་རྒྱུ་མཚན་ཡོད། ང་ཚོས་བསམ་པ་དང་གཞན་གྱི་བསམ་པའི་དབར་ལ་ཁྱད་པར་ཆེན་པོ་ཡོད། དེ་བཞིན་སངས་རྒྱས་ཀྱིས་སྔགས་གསུང་མ་སོང་མཉམ་པའི་ཁྱེད་ཀྱི་བློ་དེ་དང་། དོན་དངོས་སངས་རྒྱས་ཀྱིས་གསུངས་པའི་གནས་ལུགས་དབར་ལ་ཁྱད་པར་ཡོད་དོ།
དད་པ་དག་སྣང་དང་མ་འབྲེལ་བ་ལོ་རྒྱུས་རིག་པ་གཞིར་བཞག་བྱས་བཤད་ན་སྔཌ་མ་ཚད་མདོ་ཡང་སངས་རྒྱས་ཤཀྱ་ཐུབ་པའི་གསུང་ཡིན་པའི་དཔང་རྟགས་རྙེད་ཁག་པོ་རེད་འདུག
བོད་པ་ཆོས་གྲོགས་ཚོ།་རང་མགོ་རང་གིས་མ་སྐོར་རོགས། བདག་ཅག་གི་སྟོན་པས་ནི་བཀའ་སློབ་རྣམས་བརྗོད་བྱ་བསླབ་པ་གསུམ་སྡེ་སྣོད་གསུམ་དུ་བསྡུས་ནས་གསུངས་ཡོད། སྟོན་པས་མངོན་པའི་བཀའ་ཆོས་གནང་བ་ཟུར་དུ་མེད་ན་ཡང་། འདུལ་བ་དང་མདོ་སྡེ་གཉིས་ཀྱི་ནང་དུ་བསྟན་པའི་ལྟ་གྲུབ་གནད་འགག་ཅན་རྣམས་ཁོང་གི་སློབ་མ་ཚོས་དཔྱད་ཞིབ་དང་དབྱེ་བསྡུའི་རིམ་པས་གཏན་ལ་ཕབ་ནས་ཟུར་དུ་སྡེ་སྣོད་གཅིག་བྱས་པ་ཡིན་པར་འདོད་མཁན་ཡང་མང་། དེ་དག་ནི་སྟོན་པ་འདས་རྗེས་སུ་སྟོན་པའི་ཞལ་སློབ་གང་ཆེ་གང་གཉན་རྣམས་འདུས་ནས་བཀའ་ཡི་བསྡུ་བ་བྱས་ནས་གཏན་འབེབས་བྱས་ཡོད། དེ་ནི་རྒྱལ་ཡོངས་རང་བཞིན་གྱི་ནང་པ་སངས་རྒྱས་པའི་ཚོགས་ཆེན་ཞིག་ཡིན། དེ་ནས་རིམ་པས་ནང་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དང་གསུམ་པ་སོགས་འཚོགས་ནས་བཀའ་བསྡུ་ཕྱི་མ་གཉིས་བྱས་ནས་སྔོན་ཆད་མ་འདུས་པ་རྣམས་བསྡུ་བ་དང་འདུས་པ་རྣམས་ལ་དག་ཐེར་བྱས་ཡོད། དེ་དག་ཚང་མ་སྟོན་པ་འདས་ནས་ལོ་བརྒྱ་ཕྲག་རེ་ཟུང་གི་ནང་དུ་བྱུང་བ་ཡིན་པས་སྟོན་པས་གང་གསུངས་དང་གང་མ་གསུངས་ལ་ཆ་རྒྱུས་མེད་མཁན་ག་ལ་ཡིན། རྩོད་པ་བྱུང་ནས་སྡེ་ཁག་མང་པོར་གྱེས་པ་དེ་དག་ཀྱང་ལྟ་གྲུབ་ཀྱི་ཆ་ནས་མི་མཐུན་པ་ཆེར་མེད་པ་རྣམས་སངས་རྒྱས་ཀྱི་གསུངས་དུ་ངོས་ལེན་གྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས་ཡོད། སྟོན་པའི་རྗེས་འཇུག་རྣམས་སྡེ་པ་བཅོ་བརྒྱད་དང་ཉེར་བཞི་སོགས་ཚོ་ཁག་མང་པོར་གྱེས་ནས་སྟོན་པས་འདི་གསུངས་དང་འདི་མ་གསུངས་ཞེས་རྩོད་པ་བགྲོ་གླེང་ལོ་བཅུ་ཕྲག་མང་པོར་བྱས་མོད་སྐབས་དེར་སྟོན་པས་སྔགས་ཀྱི་རྒྱུད་སྡེ་གསུངས་ཚུལ་ཞིག་ཚིག་ཟུར་ཞིག་ཀྱང་གླེང་མཁན་བྱུང་མི་འདུག དེ་ནི་འཛམ་གླིང་གི་ནང་པ་ཡོངས་རྫོགས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཁས་ལེན་པ་ཡིན། སྔགས་ཀྱི་རྒྱུད་སྡེ་རྣམས་སྟོན་པས་གསུངས་ཡོད་ན་བཀའ་བསྡུ་བ་རིམ་པ་གསུམ་གྱི་ནང་དུ་རྒྱུ་མཚན་གང་གིས་མ་ཚུད་པ་རེད། རང་རེ་བོད་ཀྱི་ཆོས་འབྱུང་མཁན་པོ་ཚོས་ཀྱང་བཀའ་བསྡུ་བ་རིམ་པ་གསུམ་གྱི་ནང་ལ་སྔགས་ཀྱི་རྒྱུད་སྡེ་ཤོག་ལྡེབས་གཅིག་ཀྱང་མེད་པ་ཁས་ལེན། བཀའ་བསྡུ་བ་ཞེས་པ་དེ་ནི་ནང་པའི་རྒྱལ་ཡོངས་འཐུས་མི་འདུས་པའི་ཚོགས་ཆེན་འཚོགས་ནས་སྟོན་པའི་གསུངས་ཡོད་ཚད་ཕྱོགས་བསྡུ་བྱས་པའི་དོན་རེད་མ་གཏོགས་ཕྱོགས་གཅིག་བསྡུས་ལ་ཕྱོགས་གཅིག་མ་བསྡུས་པ་ཞིག་ག་ལ་ཡིན།
བཀའ་མཐའ་མ་ངེས་དོན་རྣམ་པར་རོལ་པའི་ཆོས་འཁོར་དེ་གསང་བསྔགས་ཀྱི་ཆོས་སྟོན་པ་ལ་གོ་དགོས་མ་རེད་དམ།
# 33 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
April 4th, 2014 at 9:37 PM
ཁ་སང་། ༼ཁ་རྩང་ཟེར་བ་ཚིག་མཛོད་ལ་མིན་འདུག༽ ་་་་་་་་
སྤོབས་མཐའ་ལགས།
ཐེག་ཆེན་ཤེར་སྙིང་སུས་གསུངས་པ་རེད། དྲི་བ་འདི་ལ་ལན་བཏབ་མ་བྱུང་ཞིང་། ད་དྲི་བ་གསར་པ་ཅིག་ཡོད་པ་ནི། ནང་པའི་གསང་སྔགས་འཇམ་དཔལ་མཚན་བརྗོད་འདི་སུས་གསུངས་པ་རེད་དམ། ལགས།
ཡང་།
ཁྱེད་ཀྱིས་མོས་པའི་གསང་སྔགས་དང། ཁྱེད་ཀྱིས་མི་མོས་པའི་གསང་སྔགས་གཉིས་ཀྱི་དཔེ་མཚོན་རེར་སོས་སོར་འདིར་བཀོད་ཐུབ་ན། དེ་ནས་གཞི་ནས་རྩོད་ཆོག་བགྱིད་རེད་དོ།། །།
སྤོབས་མཐའ་འདི་ལ་ཞལ་གསུམ་ཕྱག་དྲུག་དང་ལྡན་ཡོད། རྗེས་མར་དབུ་དགུ་ཕྱག་བཅོ་བརྒྱད་ཀྱང་མི་འབྱུང་བའི་ངེས་པ་མི་འདུག
གང་ལྟར་ཁོང་ནི་བན་བོན་གཉིས་དབར་ལ་རྩོད་པ་བྱེད་དུས་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་བའི་རྣམ་པ་ཤུགས་ཆེན་པོ་བྱུང་སོང་དེ་མིན་རྣམ་དཔྱོད་ཅན་གྱི་སྐད་ཆའང་མི་ཉུང་བར་བཤད་ཀྱི་འདུག གང་ལྟར་གསང་སྔགས་ཟུར་དུ་བཞག་ནས་་་་་ཐེག་ཆེན་གྱི་བཀའ་དེ་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་མ་གསུང་གི་དམར་ཐག་ཆོད་པ་ཞིག་བྱུང་བ་ཡིན་ན་གསང་སྔགས་དེའི་ཞོར་འཕྲོས་རེད། གང་ལྟར་སྤོབས་མཐས་ཁུངས་བསྐྱེལ་ད་དུང་མང་ཙམ་གནང་ཐུབ་ན་གཞི་ནས་བལྟ་རྒྱུ་འདུག ཁྱེད་ཀྱིས་དེ་ལྟར་བསྒྲུབ་ཐུབ་ན་དེ་ནས་བོད་བླ་མའི་ཆོས་ལུགས་ཟེར་བ་ཤུགས་ཀྱིས་སྒྲུབ་པ་རེད།
སྤོབས་ཅིག་ཅིག་ཟེར་མི་ལགས། ཁྱེད་ཀྱིས་གནད་མ་ཤེས་པའི་སྐད་ཆ་མ་བཤད་རོགས། གལ་སྲིད་སྔགས་བླ་མེད་སངས་རྒྱས་པའི་ཆོས་མ་ཡིན་ན་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་སངས་རྒྱས་པའི་ཆོས་མ་ཡིན་པར་འགྱུར་གྱི་རེད། བོད་ཀྱི་ས་དགེ་བཀའ་རྙིང་ཐམས་ཅད་ཀྱི་མཐར་ཐུག་གི་ཉམས་ལེན་སྔགས་བླ་མེད་ཡིན་པ་མ་ཤེས་སམ། དེས་ན་བོད་ཆོས་སྐོར་ལ་མ་ཤེས་ཤེས་མདོག་མ་བྱེད་ཨང་།
སྔགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་པའི་ཡིག་ཆ་སྤོབས་པ་ཁྱེད་ཀྱིས་ཁས་ལེན་པ་བཞིན་གྲངས་མེད་ཡོད་པ་རྣམས་ཚང་མ་ཀློག་མ་ཐུབ་རུང་ཉུང་ཤས་ཅིག་ཀློགས་དང་།
ཐེག་པ་ཆེན་པོའི་ཆོས་དེ་ཁྱེད་ཀྱིས་ཁས་ལེན་གྱི་ཡོད་དམ།