ཐུབ་བསྟན་ལུང་རིགས། ༼ བཀའ་ཟུར།༽
ཉེ་སྔོན་ཕྱི་ཟླ ༡༠ ཚེས ༢༠་ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གྲགས་པ་བཙུགས་པ་དང་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་”བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་བསྐྲུན་ཡག་པོ་བྱ་རྒྱུ་དེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་བཟོ་བ་དང་།དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་ཞིག་ཡིན་ལ།ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་སིམ་འཛུལ་བྱ་རྒྱུ་བཀག་འགོག་བྱེད་པའི་དགོས་མཁོའང་རེད”།ཅེས་བརྗོད་འདུག་པ་ནི་འཐབ་ཕྱོགས་གཅིག་གྱུར་རང་གིས་ནང་བསྟན་ཆོས་ལུགས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་དགོས་མཁོ་བསྐྲུན་པའི་ཆེད་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་བཙུགས་པའི་སྲིད་བྱུས་བཟུང་པའི་རང་སྐྱོན་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཁག་དཀྲི་ཞུས་པ་ལས་མ་འདས།
གལ་ཏེ་དངོས་འབྲེལ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་བཟོ་བ་དང་།དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་དོན་དམ་གྱིས་བསྐྲུན་རྒྱུ་ཡིན་ན།ད་ལྟ་ཡོད་བཞིན་པའི་བོད་ནང་གི་ཆོས་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་བོད་བརྒྱུད་ནང་བསྟན་གཏོར་བཤིག་གཏོང་བའི་ངན་བྱུས་བཤམས་ཤིང་ཟུར་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་བཙུགས་པ་སོགས་ནི།དཔེར་ན།ཆུ་བོ་ཡན་ལག་བརྒྱད་ལྡན་ཕར་ཙམ་བཞག་སྟེ་བ་ཚྭའི་ཁྲོན་པ་བསྐོ་བ་དང་ཤིན་ཏུ་མཚུངས་པ་རེད།
བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་རྣམ་རྟོག་དང་། རྨོངས་དད་ཡིན་པར་ངོས་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྲོལ་རྒྱུན་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་ཁག་དམར་པོའི་ཆབ་སྲིད་དང་། དབང་འཛིན་ལམ་ལུགས་འོག་དོ་དམ་ཤུགས་ཆེར་བྱས་ཏེ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་སློབ་གཉེར་བར་ཐེ་བྱུས་ཀྱིས་ཉིན་རེར་ཆོས་ཕྱོགས་སུ་གཏོང་དགོས་པའི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་བཟོ་བ། དགོན་པར་ཆོས་བྱེད་དགེ་འདུན་གྱི་གྲངས་ཚད་བཟོ་བ་དང་ཆོས་སྒོར་ཞུགས་སྐབས་ལོ་ཚད་གཏན་འབེབས་བཟོ་བ་སོགས་རྦད་དེ་དྲག་ཇུས་འབའ་ཞིག་གིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་དོན་ལ་བརྩི་བཀུར་མི་བྱེད་པ་དང་། དགོན་སྡེའི་སྲོལ་རྒྱུན་གྱི་རང་དབང་ལྡན་པའི་འགྲོ་ལུགས་ལ་ཚད་བཀག་བཟོ་བ་སོགས་ནི་ད་ལྟའི་རྒྱ་ནག་གཞུང་གི་ཆེས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་དག་ཡིན། དེ་ལས་དཔེ་མཚོན་གསལ་ཤོས་ཤིག་ནི་བོད་ཀྱི་ཆོས་པ་ཚོས་རང་གི་བླ་མའི་སྐུ་པར་ཙམ་ཡང་བཤམས་སྒྲིག་མི་ཆོག་པ་དང་། གསོལ་འདེབས་དང་མཆོད་འབུལ་སོགས་ཀྱང་ལྐོག་ཏུ་བྱེད་དགོས་ཐུག་གི་ཡོད། རྒྱ་ནག་གི་གནོན་བཙུར་དེ་དག་ལ་འ་ཆད་འུ་ཐུག་ནས་ལོ་འདིར་བྱུང་བའི་དགེ་འདུན་པ་མང་པོ་ཡིན་པའི་རང་ལུས་མེར་སྲེག་གི་དོན་རྐྱེན་འདི་བྱུང་བ་རེད། སྐབས་དེར་ཁོང་ཚོ་མེ་ལྕེ་ཚ་རླབས་ཀྱིས་ཡོངས་སུ་འཚིག་ནས་འགྲོ་ནའང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས་པའི་སྐད་གསེང་མཐོན་པོར་བསྒྲགས་ཡོད།
དོན་དངོས་ཀྱི་གནས་བབ་འདི་ལྟའང་ཀྲུའུ་ཝེ་ཆོན་གྱིས་བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་དགེ་འདུན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཚུལ་གྱི་འུད་སྒྲོག་གང་སར་བྱེད་ནའང་། རབ་བྱུང་བ་རྣམས་འདུལ་བ་དང་དགེ་འདུན་གྱི་ནང་ཁྲིམས། དེ་བཞིན་ཡུལ་དུས་དང་བསྟུན་པའི་དགོན་པའི་སྒྲིག་སྲོལ་གཞིར་བཞག་གིས་གསོ་སྐྱོང་བྱ་རྒྱུ་ལས། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྲུང་ནན་ཧའེ་བཀའ་གསུང་ཅི་སྒྲུབ་ཀྱི་དམིགས་དོན་མངོན་འགྱུར་བྱ་ཆེད་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཆོས་བྱེད་དགེ་བཙུན་དང་བཅས་གཞོག་གཅོད་གཏུབ་གསུམ་བྱས་ན་འཛམ་གླིང་ནང་པའི་ལོ་རྒྱུས་ནང་གོང་ན་མེད་པའི་ནག་ཉེས་ཆེན་པོ་བསགས་ངེས་སྟབས། དོན་དངོས་དང་མཐུན་པའི་སྲིད་བྱུས་ལག་བསྟར་གྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་མྱུར་ཏུ་ཕྱིར་བསྡུ་བྱ་རན་འདུག
ལར་ནས་རྒྱ་ནག་གཞུང་གིས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་ཡང་དག་པའི་ལམ་སྟོན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་སྟོན་གནང་མཛད་ཡོད་པ།ད་ཆ་འཛམ་གླིང་རྒྱལ་ཁབ་གང་ས་ནས་ཚན་རིག་མཁས་ཅན་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་སྤྲོད་པ་དང་ཕན་ཚུན་སློབ་གསོ་ལེན་རེས་ཀྱི་རིམ་པ་འཕེལ་བཞིན་པ་འདི་ངོས་ལེན་བྱས་ཏེ།དངོས་འབྲེལ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་བསྐྲུན་འདོད་ན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་དགོས་ཤིང་།རྒྱབ་སྐྱོར་ཞུ་དགོས་པ་ལས་འོས་མེད་མཚན་སྨད་དང་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་མི་མཛེས་ཤིང་རྒྱ་ནག་ལྟ་བུའི་མི་འབོར་ས་ཡ་བརྒྱ་ཕྲག་ཡོད་པའི་གཞུང་ཞིག་གི་བྱེད་བབ་དེ་བས་ཀྱང་མིན་པས།འཇིག་རྟེན་པ་ཀུན་གྱིས་ཕྱག་བྱ་བའི་ཡུལ་ལ་གཟུ་བོར་གནས་པའི་ཐོག་ནས་གཏམ་བརྗོད་བྱེད་པ་གལ་ཆེན་རེད།
སྐུ་ངོ་ལུང་རིགས་མཆོག་གིས་དབྱེ་ཞིབ་གསལ་འདོན་གནང་བ་ལེགས། ཞིབ་མཇལ་ཞུས་ཟིན། བློ་སྐྱེད་གང་འཚམ་ཐོབ་པ་བྱུང་། ཐུགས་རྗེ་ཆེ།
འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྲུང་ནན་ཧའེ་བཀའ་གསུང་ཅི་སྒྲུབ་ཀྱི་དམིགས་དོན་མངོན་འགྱུར་བྱ་ཆེད་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཆོས་བྱེད་དགེ་བཙུན་དང་བཅས་གཞོག་གཅོད་གཏུབ་གསུམ་བྱས་ན་འཛམ་གླིང་ནང་པའི་ལོ་རྒྱུས་ནང་གོང་ན་མེད་པའི་ནག་ཉེས་ཆེན་པོ་བསགས་ངེས་སྟབས། དོན་དངོས་དང་མཐུན་པའི་སྲིད་བྱུས་ལག་བསྟར་གྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་མྱུར་ཏུ་ཕྱིར་བསྡུ་བྱ་རན་འདུག ཅེས་སྐུ་ཞབས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བཤད་པ་དེ་དངོས་བདེན་གྱི་གནད་བཟུང་པ་རེད། ཡང་།
དངོས་འབྲེལ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་བསྐྲུན་འདོད་ན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་དགོས་ཤིང་།རྒྱབ་སྐྱོར་ཞུ་དགོས་པ་ལས་འོས་མེད་མཚན་སྨད་དང་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་མི་མཛེས་ཤིང་རྒྱ་ནག་ལྟ་བུའི་མི་འབོར་ས་ཡ་བརྒྱ་ཕྲག་ཡོད་པའི་གཞུང་ཞིག་གི་བྱེད་བབ་དེ་བས་ཀྱང་མིན་པས།འཇིག་རྟེན་པ་ཀུན་གྱིས་ཕྱག་བྱ་བའི་ཡུལ་ལ་གཟུ་བོར་གནས་པའི་ཐོག་ནས་གཏམ་བརྗོད་བྱེད་པ་གལ་ཆེན་རེད། གསུངས་པ་དེ་དངོས་གནས་གལ་ཆེན་རེད། རྒྱབ་སྐྱོར་ཡོད།
བཀུར་བར་འོས་པའི་སྐུ་ངོ་མཆོག་གིས་རྩོམ་ཡིག་སྤེལ་བ་ཐུགས་རྗེ་ཆེ། མཛད་བྲེལ་མིན་དུས་འདི་ལྟའི་གནད་འདུས་རིགས་མང་ཙམ་ཕྱག་བྲིས་གནང་རོགས་ཞེས་སྐུལ་འདོད་བྱུང་།
བཀའ་ཟུར་ལགས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། །
འདི་ན་གསར་འགྱུར་ཞིག་འདུག
བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་བཟོ་བཀོད་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།
༢༠༠༨ལོའི་ཟླ་༡༠ཚེས་༡༨ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་
འཛུགས་སྐྲུན་འགོ་བརྩམས་པ།
དུས་ཡུན་ལོ་གསུམ་གྱི་འཛུགས་སྐྲུན་བྱས་པ་བརྒྱུད། ཟླ་༩ཚེས་༡༡ཉིན་གྱི་སྔ་དྲོ་བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་བཟོ་བཀོད་ལེགས་འགྲུབ་བྱུང་ཞིང་མི་འགྱངས་བར་ཐོག་དང་པོའི་སློབ་མ་གསར་བ་བསྡུ་འཆར་ཡོད་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞིའམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་འགོ་གཙོ་མཁའ་འགྲོ་ཐུབ་བསྟན་མཁས་གྲུབ་ལགས་ཞིབ་བཤེར་རྩིས་ལེན་ཚོགས་འདུར་ཞུགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བསོད་ནམས་རིག་འཛིན་གྱིས་བཤད་རྒྱུར། ནང་བསྟན་སློབ་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་འདིས་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་བོད་བརྒྱུད་ནང་བསྟན་རིག་གནས་རྒྱུན་འཛིན་དང་། བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་མདོ་སྔགས་རིག་གནས་སྒྲུབ་སྦྱོང་ལ་བྱང་ཆ་ལྡན་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གསོ་སྦྱོང་བྱེད་པར་དོན་སྙིང་ཆེན་པོ་ལྡན་གྱི་ཡོད། ༢༠༠༨ལོའི་ཟླ་༡༠བར་འཛུགས་སྐྲུན་འགོ་བརྩམས་པ་ནས་བཟུང་འབྲེལ་ཡོད་སྡེ་ཁག་སོ་སོས་དཀའ་ངལ་ཁྱད་བསད་དང་རྡོག་རྩ་གཅིག་སྒྲིལ་སྒོས་ད་སྔ་བཟོ་བཀོད་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་མི་འགྱངས་བར་སློབ་མ་གསར་བ་བསྡུ་རྒྱུ་ཡིན་པ་རེད།
བོད་ལྗོངས་ནང་བསྟན་སློབ་གླིང་ཇུས་འགོད་པར་རིས།
སྤྱིའི་འཛུགས་སྐྲུན་བཟོ་བཀོད་ཀྱི་ཆ་ནས་བལྟས་ན་ནང་བསྟན་སློབ་གླིང་གི་མི་རིགས་ཁྱད་ཆོས་དང་དེང་རབས་འཛུགས་སྐྲུན་གྱི་རྣམ་པ་མངོན་ཡོད་ཅིང་། བོད་ལྗོངས་ནང་བསྟན་སློབ་གླིང་འདི་དོན་དངོས་སུ་བོད་བརྒྱུད་ནང་བསྟན་མཐོ་རིམ་མི་སྣའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གླིང་ཞིག་ཏུ་འགྱུར་རྒྱུ་དང་བོད་བརྒྱུད་ནང་བསྟན་ཐུན་མིན་རིག་གནས་རྒྱུན་འཛིན་བྱེད་པའི་མི་སྣ་གཟེངས་སུ་ཐོན་པ་གསོ་སྐྱོང་བྱེད་སའི་གནས་ཤིག་ཏུ་འགྱུར་བར་རེ་སྨོན་བྱེད་པ་ཡིན་ཟེར།
བོད་ལྗོངས་ནང་བསྟན་སློབ་གླིང་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཡུལ་ཚོའི་མིང་དུ་གྲགས་པའི་གནའ་དགོན་ཏེ་ར་སྟོད་དགོན་པའི་འགྲམ་དུ་ཆགས་ཤིང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༢༧དང་། རྒྱལ་ལམ་༣༡༨དང་བར་ཐག་སྨི་༨༥༠ཡོད་ལ། བཟོ་བཀོད་ཀྱི་ས་ཁྱོན་ལ་སྤྱི་ཆིང་༡༧.༥དང་ཤར་ནུབ་རིང་ཚད་སྨི་༥༠༠དང་། ལྷོ་བྱང་ཁོད་ལ་སྨི་༣༠༠ཡོད་དེ། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་རིམ་གྲས་ཀྱི་བོད་བརྒྱུད་ནང་བསྟན་ཕྱོགས་བསྡུས་སློབ་གླིང་ཞིག་ཡིན་པ་རེད།
http://www.tibetology.ac.cn/za/2009-07-03-11-38-25/hzcd/6196-2011-09-14-05-20-22?view=article&id=6196%3A2011-09-14-05-20-22&catid=109%3Axgxw
སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལས་ཐོག་པ་དཔལྡན་ཤེས་རིག་བཀའ་ཟུར་ཐུབ་
བསྟན་ལུང་རིགས་མཆོག་ནས་དུས་དང་འཚམས་པའི་བོད་ནང་གི་གནད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།།
ཡིན་ན་ཡང་རྩོམ་བྱང་དུ་༼བོད་རྒྱུད་ནང་བསྟན་སློབ་གླིང་ཟེར་བ་དག་གིས་ཁུངས་འཁྱོལ་གྱི་མེད༽ཅེས་པའི་མཚན་བྱང་དེ་ཅུང་ཐལ་དྲགས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་
ངང་གིས་སླེབ་སོང་། གང་ཡིན་ཟེར་ན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་༼བོད་བརྒྱུད་ནང་བསྟན་སློབ་གླིང་༽ཞེས་པའི་མཚན་བྱང་འདི་བེད་སྤྱད་ནས་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་
གོམས་གཤིས་ལུགས་དང་བཅས་པ་གཡངས་ས་ནས་ཟིན་དང་འཛིན་མུས་ལགས་ཤིང་མདོ་དབུས་ཁམས་གསུམ་གྱི་སློབ་གླིང་དེ་དག་ལས་མཐར་ཕྱིན་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་པ་དང་མཁས་དབང་མང་པོས་བོད་ཕྱི་ནང་གང་སར་ལེགས་སྐྱེས་འབུལ་བཞིན་པ་མ་
ལགས་སམ། གཞན་ཡང་ད་ཆ་གཞིས་ཀྱི་གདན་ས་གསུམ་པོ་དང་བཅས་པའི་དཔེ་འཁྲིད་དགེ་རྒན་དང་རྐང་འཛིན་པ་མང་ཆེ་བ་དེ་སྔོན་ནང་བསྟན་སློབ་གླིང་ནས་ཐོན་པའི་དགེ་འདུན་པ་ཡིན་པས་ང་ཚོས་བྱ་མ་འདྲོགས་པར་སྒོ་ང་ལེན་ཐབས་བྱེད་དགོས་པ་ལས་འབོལ་གདན་སྟེང་གི་རྐྱལ་རྒྱག་མི་ཉན། གང་ཡིན་ཟེར་ན་ང་ཚོར་ཇི་ཙམ་གྱི་སུན་བཙིར་བཟོས་པ་དེ་ཙམ་གྱི་མི་རིགས་ཀྱི་ཞེན་ཁོག་ཇེ་ཆེར་འགྲོ་བ་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཤེས་ཐུབ་པའི་ཕྱིར།།
སྔར་གྱི་དུས་སུའང་རྒྱ་གཞུང་གི་འདོད་པ་འམ་དམིགས་ཡུལ་ལས་ལྡོག་ཏེ་བོད་པའི་ཆོས་སྲིད་
གཉིས་ཐད་ལ་ཕན་འབྲས་ཆེན་པོ་ཐོབ་པ་ཀུན་གྱི་མཁྱེན་གསལ་ཡིན་ནོ།།
དེ་ལས་ར་པོའི་འུར་རྡོ་ར་ལ་རྒྱག་རྒྱུ་གལ་ཆེ་བ་ཡིན་པས་དེ་ལ་ང་ཚོས་གྲ་སྒྲིག་ཨང་
གསར་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་བསམ་བློའི་སློབ་གསོར་འབད་བརྩོན་བྱ་དགོས་སོ། གཞན་ཡང་ཡིག་ནོར་ཞིག་ནི། ངན་བྱུས་མ་རེད་ངན་ཇུས་རེད།།
སྐུ་ངོ་ལགས་ཀྱི་གསུང་བ་ལ་མངོན་པར་བསྟོད་དོ།
དེ་ནས་སྣྲོན་ངག་ཁྲི་ཟེར་བས་འགོ་མ་ཚོས་པའི་སྐད་ཆ་བཤད་ཀྱི་འདུག བོད་བརྒྱུད་ནང་བསྟན་༧ཀུན་གཟིགས་མཆོག་བཞུགས་དུས་དང་མི་བཞུགས་དུས་ཁྱོན་ནས་མི་འདྲ་བ་དེ་གནས་སྟངས་གཅིག་རེད། གང་ལྟར་རྩོམ་འདིར་བོད་བརྒྱུད་ནང་བསྟན་སློབ་གྲྭར་སུ་ཐོན་མིན་གྱི་སྐད་ཆ་མིན་པར། སྐུ་ངོ་མཆོག་གིས་ཟུར་དུ་བོད་བརྒྱུད་ནང་བསྟན་ཟེར་བ་ཞིག་འཛུགས་དགོས་དོན་ཁོ་རང་དམིགས་ཡུལ་ངན་པ་རེད་ཅེས་དབྱེ་ཞིབ་བྱས་འདུག དེ་ད་དུང་འཐབ་ཕྱོགས་གཅིག་གྱུར་གྱི་ནང་པ་སངས་རྒྱས་པའི་ཆོས་ལ་ཤ་ཚ་བའི་བྱེད་ཕྱོགས་ཤིག་མིན་པ་གསལ་འདོན་བྱས་འདུག དེ་བས་ཀློག་པ་པོ་ཚོས་འབྲི་མི་ཤེས་ཀྱང་ཀློག་ཤེས་པ་གནང་དགོས་ཀྱི་རེད།
ངན་བྱུས་ཟེར་བ་དེ་ཡིག་ནོར་མ་རེད། ཇུས་དང་དོན་གཅིག་ཅེས་ཚིག་མཛོད་དག་ན་འདུག་བསམས་སོང་། དང་པོ་མིག་གིས་ལྟོས། གཉིས་པ་སྐད་ཆ་ཤོད། དེ་ཙམ་ཡིན།
བརྩེ་བའི་དྲཱ་གྲོགས་ཟླ་བ་བཀྲིས་ཕུན་ཁང་ལགས།
སྔོན་ལ་ཁྱེད་རང་གིས་ང་རྒྱལ་སྤང་སྟེ་བློ་གཟུ་བོར་གནས་པའི་ཐོག་ནས་ངའི་མཆན་དེ་ཡང་བསྐྱར་ཐེངས་ཤིག་ཀློག་གནང་དང་། ངས་བརྗོད་བྱི་སྐོར་ནས་ཞུ་གི་མེད་ལ་བརྗོད་བྱེད་ཀྱི་ཐད་ནས་དེ་བས་ཞུ་གི་མེད།
ངས་བརྗོད་འདོད་པ་ནི་རྩོམ་བྱང་དང་བརྗོད་བྱའི་དོན་སྙིང་བར་གྱི་འབྲེལ་བ་དང་། རྩོམ་བྱང་དེ་ལྟར་འདོགས་པ་རིག་པའི་གཞུང་ལུགས་ཀྱི་དོན་དངོས་དང་འཚམ་པོ་ཡོད་མིན་གྱི་སྒོ་ནས་ཞུ་གི་ཡོད།
གཞན་ཡང་སློབ་གྲཱ་ཆེ་འབྲིང་ཆུང་གསུམ་དང་སྤྱི་ཚོགས་ཁྲོད་རྩོམ་གྱི་འགྲན་བསྡུར་སོགས་ཀྱི་གང་གི་སྐབས་སུའང་རྩོམ་ཡིག་གང་ཞིག་བརྗོད་བྱའི་དོན་སྙིང་དང་ཁ་བྲལ་ན་ཕྱོགས་ཙམ་གྱིས་བརྒྱ་ཆ་འམ་ཐོབ་སྐར་མི་སྟེར་བའི་རྒྱུ་མཚན་ཡང་ཤེས་དགོས་པ་གལ་ཆེ་།།
དེ་མིན་ངས་རྩོམ་གྱི་བརྗོད་བྱ་དངོས་ལ་མངོན་པར་བསྟོད་པ་སྔོན་དུ་སོང་ཟིན་པས་ཕན་
ཚུན་ངར་དགོས་དོན་གང་ཡང་མེད་ལ་ང་ཚོ་ནང་ཁུལ་ངར་ནས་ཕན་ལས་གནོད་ཆེ་བ་
ཡིན་པ་མཁྱེན་པར་མཛོད་ལ་
༢༽བོད་བརྒྱུད་ནང་བསྟན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཞུགས་དུས་དང་མི་བཞུགས་པའི་དུས་སུ་ཁྱོན་ནས་མི་འདྲ་ཚུལ་ཞིག་གསུངས་རོགས་གནང་།། ང་བསམ་པར་བོད་བརྒྱུད་ནང་བསྟན་ལ་རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྟངས་གཅིག་པ་རེད་བསམ་གྱིན་ཡོད། འོན་ཀྱང་རྣམ་འགྱུར་སྟོན་སྟངས་དང་བེད་སྤྱོད་གཏོང་སྟངས་ཅུང་མི་འདྲ་བ་ཡོད་རེད་དེ་ནི་རྗེ་ཤེས་རབ་རྒྱ་མཚོ་འམ་རྡོ་སྦིས་དགེ་བཤེས་ཚང་གི་བཀའ་དྲིན་ཡིན་ཟེར་མཁན་ཡང་
འདུག་ཀྱང་དེ་ནི་ཅུང་མི་བདེན་པ་ཞིག་རེད་སྙམ།
བོད་སྐྱོབ་དགོས་ན་ཐོག་མཐའ་བར་གསུམ་དུ་བོད་ཡིག་ལ་སྐྱབས་བཅོལ་དགོས། སུ་ཞིག་བོད་ཡིག་ལ་སྐྱབས་ན་དེ་ནམ་ཡང་གཞན་དུ་མི་འགྱུར། ཆེས་གལ་ཆེ་བ་དེ་མི་རིགས་ཀྱི་རིག་གཞུང་ཡིན། རིག་གཞུང་དེ་མི་རིགས་ཀྱི་སྲོག་རྩ་ཡིན། ས་ཆ་ཤོར་ན་ཡང་རིག་གཞུང་མ་ཤོར་བ་བྱེད་དགོས། བོད་མི་རེ་རེའི་ལུས་ངག་ཡིད་གསུམ་ལ་རང་གི་རིག་གཞུང་ཡོད་ན། ད་གཟོད་བོད་མི་རིགས་ཟེར་བ་དེ་ནམ་ཡང་འཆི་མེད་རྒས་མེད་ཀྱི་འཛམ་གླིང་མི་རིགས་ཀྱི་གཙུག་རྒྱན་དུ་གནས་ཐུབ། དེས་ན་དགོན་སྡེ་དང་སློབ་གྲྭ་ཁག་ནི་ང་ཚོས་ཆེས་གལ་ཆེར་འཛིན་དགོས་པ་དེ་ཡིན། དེ་བས་བཀའ་མོལ་འདི་རིགས་ཧ་ཅང་བཟང་གི
སྐུ་ངོ་བཀའ་ཟུར་མཆོག་གིས་ལས་བྲེལ་བར་ནས་རྩོམ་ཡིག་འདི་འདྲ་སྤེལ་བ་དངོས་ནས་དགའ་བསུ་ཞུ་འོས་པ་རེད། རྗེས་ཕྱོགས་མུ་མཐུད་སྤེལ་གནང་ཡོད་པ་ཞུ། གུས་བཅས།
ར་ཡི་འུར་རྡོ་ར་ལ་ཕོག་དགོས་ན། བོད་བརྒྱུད་ནང་བསྟན་བཙུགས་པར་སྨད་མི་རུང་། རྒྱ་གཞུང་གིས་བོད་པ་ནང་ཁུལ་ཁ་གཏད་གཅོག་ཆེད་བཙུགས་པའི་ལས་དོན་མང་ཆེ་བ་རའི་འུར་རྡོ་ར་ལ་ཕོག་ཡོད།
རའི་འུར་རྡོ་ར་ལ་ཕོག་དགོས་ན། བོད་བརྒྱུད་ནང་བསྟན་བཙུགས་པར་སྨད་མི་རུང་། རྒྱ་གཞུང་གིས་བོད་པ་ནང་ཁུལ་ཁ་གཏད་གཅོག་ཆེད་བཙུགས་པའི་ལས་དོན་མང་ཆེ་བ་རའི་འུར་རྡོ་ར་ལ་ཕོག་ཡོད།
བོད་རྒྱུད་ནང་བསྟན་སློབ་གླིང་ཟེར་བ་དག་གིས་ཁུངས་འཁྱོལ་གྱི་མེད་ཟེར་བ་ཅུང་ཟད་ཐལ་དྲགས་པ་མིན་ནམ་སྙམ། འདི་འདྲ་བཙུགས་ནས་ཆབ་སྲིད་ཀྱི་དགོས་བ་ནམ་ཡང་འགྲུབ་སྲིད་ཀྱི་མ་རེད། གནའ་ནས་ད་བར་ཆབ་སྲིད་ཀྱིས་མིའི་སེམས་ཁམས་ཁ་ལོ་བསྒྱུར་བའི་ལོ་རྒྱུས་ཤིག་བརྙེད་མི་སྲིད། མིའི་སེམས་ཁམས་ཁ་ལོ་སྒྱུར་མཁན་ངོ་མ་ནི་ནང་བསྟན་གཞུང་ལུགས་རེད། རྡོ་ཡེ་དགེ་བཤེས་ཀྱིས་དམར་བོའི་ལྟ་བ་ལ་མགོ་མ་སྒུར་བ་དེས་ཀྱང་ཤེས་ཐུབ།
ལོ་རབས་བརྒྱད་ཅུ་བའི་ལོ་མགོ་ནས་དམར་བོའི་གཞུང་གིས་མཐུན་རྐྱེན་སྦྱར་ནས་དགོན་པ་སླར་གསོ་དང་བོད་ཀྱི་ཤེས་རིག་གོང་འཕེལ་ལ་རམ་འདེགས་མི་ཉུང་བ་བྱས་ཡོད་པ་རེད། ང་ཚོས་སྐྱོན་རྐྱང་རྐྱང་གི་ངོས་ནས་མི་བལྟ་བར་ད་བར་བོད་ནང་དུ་བོད་ཡིག་གི་དཔེ་ཆ་ག་ཚོད་ཅིག་དཔར་བསྐྲུན་བྱས་ཡོད་པ་རེད། བོད་ཀྱི་ཤེས་ལྡན་མི་སྣ་ག་ཚོད་ཅིག་སྐྱེད་སྲིང་བྱས་པ་རེད། དེའི་མཐུན་རྐྱེན་གང་ལ་གང་དགོས་སྦྱར་ནས་བོད་ཀྱི་དགོན་པ་དང་སློབ་གྲྭ་ག་ཚོད་ཅིག་བཙུགས་པ་རེད། གལ་ཏེ་ཅི་ཡང་མི་འཇོན་པའི་དབུལ་ཕོངས་ཤིག་ཡིན་ན་བོད་ཀྱི་ཤེས་རིག་གོང་འཕེལ་གཏོང་རྒྱུ་ཕར་ཞོག །ཐ་ན་རང་ཡང་འཚོ་གནས་མི་ཐུབ་པར་འགྱུར་ངེས་རེད། འགྲོ་བ་མིའི་འཚོ་གནས་ཆེད་དུ་དཔལ་འབྱོར་གྱི་རྒྱབ་རྩ་མེད་ན་ཚང་མ་འཆི་ལམ་དུ་འགྲོ་བ་ལས་སེམས་ཤུགས་ཡོད་ཀྱང་ཅིས་ཕན།
བཀའ་ཟུར་ལགས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད།
འོན་ཀྱང་རྒྱ་མིས་བོད་ལ་ཁང་པ་རྒྱབ་ཚད་བོད་མིར་གནོད་པ་བརྩིས་པ་ཡང་ཅུང་ཟད་མི་འོས་སྙམ། དང་པོ་བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་བསྐྲུན་ཡག་པོ་བྱེད་དུ་བཅུག སློབ་གསོ་ཡག་པོ་བྱེད་རྒྱུ་མེད་པར་ཁོང་ཚོས་ཁ་ནས་ཤོད་པ་ལྟར།
ང་ཚོ་བོད་རིགས་ངོས་ནས་ཀྱང་དངོས་ཤུགས་བརྒྱད་གསུམ་ནས་སློབ་གསོ་ཡག་པོར་མ་བཅོས་རང་བཅོས་ཐུག་དགོས་པ་བོད་པ་རང་ཉིད་ནས་གཟབ་གཟབ་བྱས་བཟོ་དགོས་པ་མི་འདུག་གམ། མཐའ་དོན་ཕྱི་ལོགས་ཡར་རྒྱས་གཏོང་དུ་ཆུགས། ནང་ལོགས་ག་ལེར་བཟོ་བཅོས་མི་འགྲོ་རང་འགྲོ་རེད་སྙམ་ལགས། བོད་བརྒྱུད་ནང་བསྟན་སློབ་གླིང་དེ་བོད་རྒྱ་གཉིས་ཀར་ཕན་ཐོགས་ཅན་དུ་འགྱུར་བར་ཤོག །
མིག’བརྒྱད’པ’ལགས། ཁྱེད’ཀྱིས’རྒྱ’དམར’གཞུང’གིས’བོད’ཀིྱ’དགོན’པ’སླར’གསོ
དང’ཤེས’ལྡན’མི’སྣ’སྐྱེད’སྲིང’དང’དཔེ’ཆ’མང’བོ’དཔར’སྐྲུན’བྱས’ཡོད’ཚུལ’
སོགས’བཤད’ནས’བོད’ཀྱི’ཤེས’རིག’གོང’འཕེལ’དུབཏང’ཡོད’ཚུལ’བསྒྲུབ’ཀྱིན’ཡོད’པ’
འཐད’པར’མི’སེམས’ཏེ།བོད’ཀྱི’ཤེས’རིག’མཐར’གཏུགས’ན’བོད’བརྒྱུད’ནང’བསྟན
ལ’ཐུག’འདུག’པས། གོང’འཕེལ’ཏུ’བཏང’ཡོད’ན’དེ’གཏོང’དགོས’པས’སོ། དེ’མེད’པ
ནི’དེང’སང’བོད’ནང’གི’དགོན’པ’མང’ཆེ’བ’དཔེ’ཁྲིད’བྱས’མཁན’དགེ’རྒན’མ’རག
‘པའི’དཀའ’ངལ’སོགས’མང’བོ’འཕྲེད’ཀྱིན’ཡོད’པའི’རྒྱུ’མཚན’གང’ཡིན’ནམ།
སེམས་དཔའ་ལགས། བོད་ནང་དུ་དགོན་པ་མང་པོར་དཔེ་ཁྲིད་རྒན་མ་རེག་པ་ནི་བོད་པ་རང་གིས་མ་འཇོན་པ་རེད། ནང་བསྟན་གཞུང་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་ན་རྒྱུ་མཚན་དང་གནས་ལུགས་ཀྱི་རྗེས་སུ་འབྲངས་དགོས། ནང་བསྟན་དང་དམར་བོའི་ལྟ་བ་བར་ལ་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གཉིས་ཀ་ཡོད་པ་རེད། ང་ཚོས་ག་དུས་ཡིན་ཡང་གནས་ཚུལ་གང་འདྲ་ཡིན་རུང་སྐྱོན་རྐྱང་རྐྱང་གི་ངོས་ནས་བལྟ་མི་རུང་བ་སྤྱོད་འཇུག་ལས་གསུངས། ། གོང་ས་མཆོག་གིས་ངའི་མི་ཚེའི་ཕྱེད་ཀ་དམར་ཕྱོགས་པ་ཡིན་གསུངས་པ་ལྟར་དངོས་ཡོད་དང་མཐུན་པ་དེ་དག་ངེས་བར་ཁས་བླངས་དགོས་པ་རེད། དངོས་ཡོད་དང་མི་མཐུན་པ་ཆབ་སྲིད་ནོར་འཁྲུལ་ཅན་ལ་སྐྱོན་བརྗོད་གནང་བ་ལྟ་བུ་རེད། དངོས་ཡོད་ལ་ལྟ་ཤེས་བ། བླང་དོར་འབྱེད་ཤེས་བ། སྐྱོན་ཡོན་གཉིས་ཆ་ནས་ལྟ་དགོས་པ་སོགས་ནི་གནས་ལུགས་རྟོགས་པའི་སྔོན་འགྲོ་ཡིན་པར་སངས་རྒྱས་ཀྱི་དགོངས་པ་རེད། །རྗེ་ཙོང་ཁ་བས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན་འཁོར་བ་ལས་མི་ཐར་བར་གསུངས་པ་ལྟ་བུ་རེད།
ཧཧཧ མིག’བརྒྱད’པ’ཁྱེད’རང’དེ’འདྲ’ལྐུག’པ’ལགས། ལྔ’བརྒྱད’དང’རིགས’གནས
གསར’བརྗེའི’སྐབས’སྐྱེ’བུ’དམ’པ’མང’བོ’དམར’གསོད’བཏང’བ’སོགས’བྱས’
མེད’ན’དེང’སྐབས’དཔེ’ཁྲིད’རྒན’གྱི’དཀའ’ངལ’འཕྲེད’སྟངས’ཡོད’མ’རེད།
ཨ’མདོ’བླ’བྲང’ལྟ’བུར’དགེ’རྒན’ཅུང’ཙམ’བཞུགས’ཡོད’པ’དེ’རིགས’གསར’བརྗེའི’
སྐབས’ལ’གསང’ཁོག’ན’རྒན’མང’བོ’ཞིག’ལྐོག’ཏུ’བཞུགས’པའི’བཀའ’དྲིན’རེད’
ཞེས’ཚང’མས’གསུངས’ཀྱིན’འདུག ཁྱེད’རང’དེ’ཙམ’ཡང’ཧ’མ’གོ’བ’ ད’རུང
‘མཁས’འདོགས’འདོགས’དངོས’ཡོད’གནས’ཚུལ’བླང’དོར’འབྱེད’ཤེས’པ’ཞེས
ཟེར’ཕོད’དམ།དེང’སྐབས’བླུན’པོ’མཁས’གཟུགས’འཛིན’པ’མང’བོ’ཞིག’གིས’
བོད’ཀྱི’ཆོས’སྲིད’གཉིས’ཆ’རྩ’མེད’དུ’གཏོང’འདོད’མཁན’རྒྱ’དམར’གཞུང’གིས’
བོད’ལ’ཤེས’ལྡན’མི’སྣ’སྐྱེད’སྲིང’དང’ཤེས’རིག’ཡར’རྒྱས’བཏང’ཡོད’རབས’བཤད
ནས’ད’རུང’བཀའ’དིྲན’ཆེན’པོ’ཡིན’པར’བསམ’འདུག མིག’བརྒྱད’པ’ཁྱེད’རང’ལ’
མིག’བརྒྱད’མ’བསྒོ’མིག’གཅིག’ཡང’ཐང’ཐང’ཞིག’མེད’པ’ཐག’ཆོད’རེད། མིག’ཡང
དང’ཡང’དུ’ཕྱིས’ལ’ལྟོས’ཤིག ད’ལྟ’ཁྱེད’རང’གཉིད’ཁུལ’འདུག སྤྱོད’འཇུག’དང’
རྗེ’བཙོང’ཁ’བའི’ལུང’འདྲེན’པའི’དུས’ལ’བསླེབས’མི’འདུག
སེམས་དཔའ་ལགས། འུར་བརྒྱབ་པ་ཙམ་གྱིས་གོ་ཆོད་ཀྱིས་མ་རེད། རྒྱལ་སྤྱིའི་གནས་བབས་དང་ཕྱོགས་གང་ཐད་ནས་བལྟ་དགོས་པ་རེད། མིའི་ཚེ་ཟེར་བ་རྟག་བརྟན་ཞིག་མ་རེད། གདན་ས་གཙོ་བའི་བོད་ཀྱི་གྲྭ་བཙུན་དག་གིས་ནང་བསྟན་གཞུང་ལུགས་རྒྱུན་འཛིན་བྱས་ནས་ཡོང་བ་རེད། དེང་སང་གི་བར་དུ་ནང་བསྟན་གཞུང་ལུགས་ཆ་ཚང་བ་ཞིག་གནས་ཐུབ་པ་འདི་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་བརྒྱུད་སྤྲོད་བྱས་ནས་ཡོང་བ་རེད། རྒྱལ་པོ་གླང་དར་གྱིས་སྡེ་སྣོད་གསུམ་གྱི་གླེགས་བམ་རྣམས་མེར་བསྲེགས་ཆུར་བསྐྱུར་གྱིས་ལོ་ངོ་བདུན་ཅུའི་རིང་བསྟན་པའི་མིང་ཙམ་ཡང་མེད་པར་བཟོས་བ་རེད། དེ་ནས་སླར་ཡང་རྒྱུན་མཐུད་པ་རེད། རིག་གསར་སྐབས་ཉེས་མེད་དམ་པ་མང་པོ་དམར་བསད་བཏང་ནས་མི་ལོ་ཉེར་ལྔ་རིང་ཆོས་སྒོ་བརྒྱབ་པ་རེད། དེ་ནས་སླར་ཡང་རྒྱུན་མཐུད་ནས་ཡོང་བ་རེད། གཞན་ཞིག་ལ་ལེ་འདེད་བྱས་ནས་ཡོང་རྒྱུ་ཅི་ཡང་ཡོད་པ་མ་རེད། གཙོ་བོར་བོད་པ་རང་གིས་མ་འཇོན་པའམ་ལེ་ཤོར་དབང་གིས་རེད་ལ། དེ་ལ་ལེ་འདེད་བྱས་ན་འོས་འཚམས་རེད། ཕ་དམ་པས། རྐྱེན་རྩ་རང་ལ་ཡོད་དོ་དིང་རི་བ།།ཞེས་གསུངས་པ་ལྟར་མ་ཡིན་ནམ།
དཔལྡན་བཀའ་ཟུར་མཆོག་གི་རྩོམ་ཡིག་༼བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་
དག་གིས་ཁུངས་འཁྱོལ་གྱི་མེད་༽ཅེས་པའི་ནང་རྒྱ་གཞུང་གི་དམིགས་ཡུལ་ངོ་མའི་་གྲས་
གཞན་ཞིག་གསལ་བཤད་གནང་མ་ཐུབ་པ་འདི་ལྟ་སྟེ།། དབུས་གཙང་དག་པའི་ཞིང་མཆོག་ན་གདན་ས་གསུམ་གྱིས་གཙོས་པའི་ཆོས་བརྒྱུད་
ཁག་གི་སྲོལ་རྒྱུན་སློབ་གསོའི་སྟི་གནས་སམ་བོད་ཀྱི་རིག་གཞུང་གཙང་མ། མི་ཉམས་རྒྱུན་འཛིན་བྱ་ཡུལ་གྱི་དགོན་སྡེ་དེ་དག་ཡུལ་འཁོར་སྤྲོ་འཆམ་བྱ་ཡུལ་གྱི་གནའ་ཤུལ་ཙམ་མམ་མཛེས་ལྗོངས་འབའ་ཞིག་ཏུ་བསྒྱུར་སྟེ་འཛིན་སྐྱོང་དང་། དེ་དག་ལས་བྱུང་བའི་འབུལ་རྫས། ས་གླ་འམ་འཛིན་བྱང་བཙོང་པའི་རིན་འབབ་ལས་བྱུང་བའི་ཡོང་འབབ་རྣམས་ཆ་ཚང་རྒྱ་གཞུང་གིས་བདག་གཉེར་བྱ་བདེ་བཅས་ཀྱི་ཆེད་དུའང་ཡིན་པ་ཟུར་ཙམ་ཡང་གླེང་གནང་མི་འདུག་ཀྱང་། གལ་སྲིད་བོད་བརྒྱུད་ནང་བསྟན་སློབ་གླིང་ཞེས་ཟེར་བ་དེ་དག་གིས་དགོན་སྡེའི་སློབ་གསོ་
འམ་སྲོལ་རྒྱུན་སློབ་གསོ་ཆ་ཚང་གི་ཚབ་བྱེད་ཐུབ་པའི་གྲཱ་བཙུན་སྔགས་གསུམ་དང་།དགེ་བསྙེན་ཁྱིམ་པ་ཕོ་མོ་སོགས་ཡོངས་རྫོགས་འདུས་་པའི་མིང་དོན་མཚུངས་པའི་ནང་བསྟན་སློབ་
གླིང་ཞིག་ཏུ་བསྒྱུར་ཐུབ་ཚེ་ང་ཚོ་བོད་མི་རིགས་ལ་ཁེ་མ་གཏོགས་གྱོང་གང་ཡང་མེད་པ་དེ་ཡང་མཁྱེན་དགོས་ངེས་ཡིན་། གང་ཡིན་ཟེར་ན་ང་ཚོར་དགོས་པའི་ནང་བསྟན་སྲུང་སྐྱོབ་དེ་ཁྲ་ཁྲ་སིལ་སིལ་དང་
ཕྱི་རྫིག་ནང་སྟོང་དང་། རང་ཡུལ་མུན་ནག་སྟོང་པར་བཞགས་ནས་མི་ཡུལ་དཀར་གསལ་འོད་ཀྱིས་བཀངས་པ་དེ་
མ་ཡིན་པར་དོན་ངོ་མའི་ཐོག་ནས་མང་ཚོགས་ཁྲོད་ཁྱབ་པའི་ཁ་ཡོད་ལག་ཡོད་ཀྱི་བོད་
བརྒྱུད་ནང་བསྟན་ཞིག་འཛིན་སྐྱོང་བྱ་དགོས་པས་སོ།།།
མིག’བརྒྱད’པ’ལགས། ཁྱེད’བྱང’ཐང’ལ’མ’རྒྱུག གླང’དར’མས’བོད’ཀྱི’ཆོས’ནུབ’པ
རེད’མ’གཏོགས’བོད’ཀྱི’སྲིད’ནུབ’འདོད’ཡོད’མ’རེད།ཆོས’ནུབ’པ’ཡང’གཙོ’བོ’སྲིད’
ཡར’རྒྱས’གཏོང’འདོད’ནས’རེད། གུང’ཁྲན’གྱིས’བོད’ཀྱི’སྲིད’རྩ’མེད’དུ’བཟོ’འདོད
‘ནས’ཆོས’ནུབ’ཀྱིན’ཡོད’རེད’གུང’ཁྲན’དང’བསྡུར’ཐབས’ཡོད’མ’རེད།འདི’ནི’ཞོར’
འཕྲོས’ཡིན། ངས’ཁྱོད’ལ’དགག’རྒྱག’བྱ’སའི’གཙོ’བོ’ནི’ཁྱེད’ཀྱིས’གུང’ཁྲན’གྱིས’
བོད’ཀྱི’ཤེས’རིག’ཡར’རྒྱས’བཏང’རབས’སོགས’བཤད’པ’འདི’ཡིན། བོད’ཀྱི’ཤེས’
རིག’མཐར’གཏུགས’ན’ནང’ཆོས’རེད།དེ’ཡང’དེ’འཛིན’མཁན’གཙོ’བོ’དགོན’སྡེ’
ཁག’རེད།གུང’ཁྲན’ལ’བོད’ཀྱི’ནང’ཆོས’ཡར’རྒྱས’གཏོང’འདོད’ཡོད’ན’དགོན’པ’
སྟོང’ཕྲག’མང’བོ’གཏོར’ཞིག’བཏང’དགོས’བའི’རྒྱུ’མཚན’གང’ཡིན’ནམ’ དགོན’པའི
གྲྭ’བ’ཚོར’སྤྲོད’དགོས’ཡ’ནང’ཆོས’ཀྱི’སློབ’སྦྱོང’མི’སྤྲོད’ལ’མི’དགོས’ཡ’རྒྱལ’གཅེས
ཆོས’གཅེས’ཟེར’བ’དེ’སྤྲོད’དགོས’པའི’རྒྱུ’མཚན’གང’ཡིན’ནམ། གྲྭ’ཤག’ལ
བརྙན’འཕྲིན’འཛུགས’དགོས’པ’གང’ཡིན’ནམ། གྲྭ’བས’ཚོང’བརྒྱབ’ན’ཁྲལ’ཆུང’
ངུ’གཏོང’དགོས’པ’གང’ཡིན’ནམ། བོད’ཀྱི’གདན’ས’ཆེན’པོ’སེ’འབྲས’དགེ’གསུམ’
ལྟ’བུ’ལ’གྲྭ’བ’ཉུང’ངུ’ལས’བཞུགས’མི’ཆོག’པ’གང’ཡིན’ནམ།རང’གི’བླ’མའི’དྲུང’ནས
‘གསུང’ཆོས’ཞུ’མི’ཆོག’པ’གང’ཡིན’ནམ།
ལྷ’ལྡན’སྨོན’ལམ’
ཆེན’པོ’ཚོགས’མི’ཆོག’པ’ཅི’ཡིན’ནམ། བོད’ཀྱི’ནང’ཆོས’ཡར’རྒྱས’བཏང’ཡོད’ན’
གང’དང’གང’བཏང’བ’རེད། དྲ’གྲོགས’གཉིད’མ’སད’ལགས། ད’ཤོད’ཅིག
གཉིད’མ’ཁུལ’ཞིག འདི’དག’གུང’ཁྲན’གྱིས’བོད’ཀྱི’རིག’གཞུང’ནུབ’བྱེད’ཀྱི’ཇུས’
ངན’ཡིན’པ’ཁྱེད’རང’སེམས’ལྡན’ཞིག’ཡིན’ན’ཧ’གོ’ཚོད’རེད།
སེམས་དཔའ་ལགས། ཆོས་དང་སྲིད་རྦད་དེ་ལོགས་ཀ་ཞིག་ཡིན་པར་བསམ་བློ་ཐོངས། རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད།།དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད།།ཟེར་མཁན་བོད་པ་དབུལ་བོ་དེ་ཚོ་རེད་མ་གཏོགས་རྒྱ་མི་མ་རེད། མི་བཞིའི་ཤོག་ཁག་རྩ་མེད་བཏང་བའི་རྗེས་སུ་བོད་ལ་བཅོས་བསྒྱུར་དང་སྒོ་འབྱེད་མང་པོ་ཞིག་བྱས་ཡོད་པ་དེས་བོད་ལ་ཕན་པ་ལས་གནོད་བསྐྱལ་ཡོད་པ་མ་རེད། ད་ཆ་བོད་ནང་དུ་དགོན་པ་ག་ཚོད་ཅིག་གསར་བསྐྲུན་བྱས་ཡོད་པ་རེད། སློབ་གྲྭ་ག་ཚོད་ཅིག་ལ་རོགས་སྐྱོར་བྱས་ཡོད་པ་རེད། འདི་དངོས་པོའི་གནས་ཚུལ་རེད། བོད་ནང་གི་བོད་པ་ཚོ་ལ་སྐད་ཆ་དྲིས་ན་ཤེས་ཚོད་རེད། བོད་ཀྱི་ནང་བསྟན་ལ་ཕྱོགས་གང་ས་ནས་ཕྱོགས་གང་ཐད་ནས་ཡར་རྒྱས་བཏང་ཡོད་པ་ཡང་དངོས་པོའི་གནས་ཚུལ་རེད། འདི་ཁྱོད་ཀྱིས་ཁས་མ་བླངས་ཐབས་མེད་རེད།
རིག་གསར་སྐབས་དང་དེའི་རྗེས་ཀྱི་གནས་ཚུལ་རྣམས་ལོགས་ཀ་ཞིག་རེད། རྒྱ་དམར་གྱིས་བོད་ཀྱི་ནང་ཆོས་ལ་དད་ནས་དགོན་པ་ཉམས་གསོ་བྱེད་པ་མ་རེད། བོད་རིགས་མི་དམངས་ཀྱི་འདོད་བློ་དང་བསྟུན་པའམ་ཆབ་སྲིད་ཀྱི་དགོས་མཁོ་ཡིན་རྒྱུ་རེད། དེས་བོད་ཀྱི་ནང་ཆོས་འཕེལ་རྒྱས་ལ་མཐུན་རྐྱེན་དུ་སོང་ཡོད་པ་ལས་གནོད་རྐྱེན་དུ་སོང་ཡོད་པ་མ་རེད། དེ་ཤེས་དགོས་པའི་གནད་ཅིག་རེད། ཡིན་ཡང་རྒྱ་གཞུང་གི་ཆབ་སྲིད་ནོར་འཁྲུལ་གཅིག་ནི། བོད་མིས་གོང་ས་མཆོག་ལ་བཅངས་བའི་དད་སེམས་ལ་འགྱུར་བ་གཏོང་འདོད་པ་དེ་རེད། འགྱུར་བ་གཏོང་མི་ཐུབ་པ་ཤེས་བཞིན་དུ་བཙན་པོ་དབང་ཡོད་ཀྱིས་གནའ་གནོན་དང་བསུན་གཙེར་བྱེད་བཞིན་པ་འདིས་བོད་མིའི་དད་སེམས་ཆེ་རུ་འགྲོ་རྒྱུ་ལས་ཉུང་དུ་འགྲོ་རྒྱུ་མ་རེད། ད་ཆ་བོད་པ་ཕལ་ཆེ་བ་གཉིད་སད་ཡོད་པ་རེད། བོད་ཀྱི་ནང་ཆོས་ཟེར་ན་བོད་པའི་སྙིང་ལ་སིམ་པ་ཡིན་སྟབས་སེམས་གཏིང་གི་གཅེས་ནོར་གཅིག་བུ་དེ་རེད། ད་ཆ་གོང་ས་མཆོག་ནི་འཛམ་གླིང་སྤྱི་དང་བྱེ་བྲག་བོད་གངས་ཅན་པའི་ཆོས་ཀྱི་དབུ་ཁྲིད་བླ་ན་མེད་པ་གཅིག་བུ་དེ་ཡིན་སྟབས་བོད་པ་ཚང་མས་ཤེས་གསལ་རེད་ལ། འདི་བོད་པ་ཚང་མས་ནམ་ཡང་བློས་གཏོང་གི་མ་རེད། དེ་གནད་འགག་ཅིག་རེད། བདེན་པ་རྒྱལ་བར་སྨོན།
ང་ཚོ་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་དགོས་པ་དང་། རྒྱ་མི་དང་ཞི་འགྲིག་དགོས་ན། རྒྱ་མིར་སྐྱོན་བརྗོད་བྱེད་དགོས་ལ། རྒྱ་མིས་བོད་ནང་ཡར་རྒྱས་བཏང་བ་རྣམས་ཁས་ལེན་ཐུབ་པའི་བློ་སྟོབས་དགོས། བཙན་བྱོལ་དུ་རྒྱ་མིས་བོད་མི་བསད་རབས་དང་། བོད་རྩ་སྟོར་ལས་ཡར་རྒྱས་མ་བཏང་ཚུལ། ཁོར་ཡུག་སྟོར་གཤིག་གཏོང་བ་ལས་སྲུང་སྐྱོབ་རྩ་བ་ནས་མེད་ཚུལ་རྐྱང་བསྒྲགས་ན། རི་ཁུག་ཆུང་ངུ་འདིར་ཡ་ང་ཞིང་སྙིང་རྗེ་བའི་མི་སེར་དཀྱུས་མ་འགའ་ཞིག་མགོ་གདུགས་ལྟར་འཁོར་ཞིང་། ཁོང་ཚོའི་རྨོངས་པའི་དགའ་བསུ་ཐོབ་ངེས་ཀྱང་། ཡུན་ནས་ཡུན་དུ། མི་རབས་ནས་མི་རབས་བཙན་བྱོལ་དུ་གཏན་པོར་གནས་རྒྱུ་རེད། ཡ་ང་ན། སྙིང་རྗེ་ན། མི་སེར་དཀྱུས་མ་རྣམས། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ། འཚོ་བས་མནར་བའི་སྡུག་བསྔལ། གཞན་ཡུལ་དུ་ཡུད་ཅང་ཅང་།
གོང་ས་མཆོག་གིས་གསུངས་པ་ལྟར་ང་ཚོས་དུས་ནམ་ཡང་སྐད་ཆ་དྲང་མོར་བཤད་རྒྱུ་གལ་ཆེན་པོ་རེད། སྐད་ཆ་དྲང་མོ་བཤད་རྒྱུའི་ཐོབ་ཐང་ང་ཚོར་ཡོད་པ་རེད། བོད་པ་ཁག་ཅིག་གིས་རྒྱ་གར་དུ་ཡོང་ནས་རྒྱ་མི་སྡུག་རབས་བཤད། བོད་ནང་དུ་ལོག་ནས་བཙན་བྱོལ་སྡུག་རབས་བཤད་མཁན་ཡང་མང་པོ་ཡོད་པ་རེད། དེ་བདེན་པ་མ་རེད་ཅེས་ཟེར་ག་ལ་ཕོད། ཡིན་ཡང་། ཐབས་ལ་མཁས་པའི་སྤྱོད་པ་ལ།།གཡོ་སྒྱུར་ཐུབ་པས་གསུངས་པ་མེད།།ཅེས་གསུངས་པ་ལྟར་མཚམས་རེར་སྐད་ཆ་དྲང་མོར་བཤད་མི་ཉན་པ་ཡང་ཡོད་པ་རེད། དེ་ཤེས་དགོས།