བོད་བརྙན་དྲ་བས་མཉེན་ཆས་བོད་འགྱུར་ལས་གཞི་དངTEDབོད་འགྱུར་ལས་གཞིའི་མགོ་བརྩམས། |
སྤེལ་དུས། 2012-10-09 ཡོང་ཁུངས། བོད་བརྙན་དྲ་བ། རྩོམ་སྒྲིག་པ། པད་མ། |
ད་རེས་ཀྱི་སློབ་སྐབས་འདི་ནས་བོད་བརྙན་གྱིས་མཉེན་ཆས་བོད་འགྱུར་ལས་གཞི་དངTEDབོད་ འགྱུར་ལས་གཞི་སོགས་ལས་ཀའི་རྣམ་གྲངས་ཁ་ཤས་ཤིག་སྒྲུབ་མགོ་བརྩམས་པ་ལ། མིང་དང་བརྡ་ཆད་སོགས་གང་ཞིག་བོད་དུ་བསྒྱུར་ཡང་ཀུན་གྱི་ཐོག་མ་ལ་ལོ་ཙཱ་བའི་ལག་ ཆ་སྟེ། མིང་མཛོད་ཁ་ཚང་ཞིག་མཁོ་ཆེ་བ་ནི་ཤིན་ཏུ་ནས་ཀྱང་སྨོས་མ་དགོས་པས། Goldendictའམ་གསེར་ལྡན་མིང་མཛོད་ཟེར་བ་བོད་ཡིག་ཏུ་བསྒྱུར། དེ་ཡང་གསེར་ལྡན་མིང་མཛོད་ཅེས་པ་འདི་ནི་དེང་སྐབས་འཛམ་གླིང་ཁྱོན་ལ་སྐད་གྲགས་ཡོད་ཅིང་བྱེད་ནུས་འཐུས་ཚང་བའི་མིང་མཛོད་མཉེན་ཆས་ཤིག་སྟེ། མཉེན་ ཆས་འདི་ནི་མིང་མཛོད་ཡིག་ཆ་ཁ་འབྱེད་བྱེད་ཅིག་ཡིན་པས། ང་ཚོས་རང་ལ་མཁོ་བའི་རྒྱ་བོད་དབྱིན་གསུམ་སོགས་མིང་མཛོད་སྣ་ཚོགས་གསེར་ལྡན་ མིང་མཛོད་འདི་ལ་བརྟེན་ནས་བེད་སྤྱད་ཆོག མཉེན་ཆས་འདི་ནིUTF-8སྤྱོད་ མཁན་ཞིག་ཡིན་པས་ཡིག་རིགས་སྣ་ཚོགས་ཀྱི་མིང་མཛོད་གང་མང་དུས་གཅིག་ལ་ཁ་ཕྱེ་བ་ དང་བཤེར་འཚོལ་བྱེད་ཐུབ་པར་མ་ཟད། མིང་མཛོད་ཡིག་ཆེའི་རྣམ་གཞགBabylonཡི.BGLཡིག་ཆ། StarDictཡི.ifo/.dict/.idx/.synཡིག་ཆ། Dictdཡི.index/.dict(.dz)ཡིག་ཆ། ABBYY Lingvoཡི.dsl/.lsa/.datཡིག་ཆ་སོགས་སྣ་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ལ། དེ་མིན། ཝེ་ཁེ་རིག་མཛོད་སོགས་དྲ་བར་ཡང་འཚོལ་ཐུབ་པ་སོགས་དགེ་མཚན་ཆེན་པོ་ཡོད། དེ་ དང་སྟབས་ལེགས་པ་ཞིག་ལ། ན་ནིང་སྐུ་ཞབས་ལུག་ལགས་ཀྱིས་དབུ་མཛད་དེ་དུང་དཀར་གྱི་ལམ་བུ་ཞེས་དུང་དཀར་མིང་ མཛོད་ཆེན་མོ་གློག་ཀླད་དུ་འཇུག་པའི་ལས་གཞི་ཞིག་བརྩམས་པར་བརྟེན། མིང་མཛོད་འདི་ཆ་ཚངwordཔར་ མ་རུ་གྲུབ་ཚར(ད་ལྟ་མཐའ་མའི་ཞུ་དག་གི་སྒང་སྟེ། མིས་འདང་གི་མི་འདུག་པས་འདི་ལ་ཞུ་དག་བྱེད་རོགས་ཞུ་རྒྱུ་མཁྱེན)ནས། བོད་བརྙན་གྱི་དགེ་ལེགས་ལ་སྤྲད་དེGoldendictཡི་ མིང་མཛོད་གཞི་གྲངས་སུ་བཟོ་རྩིས་ཀྱིས་ཀུན་གྱི་སྤྱན་སྔར་འཁྱེར་བདེ་འཆར་བདེ་ ཡོང་ངེས། འོན་ཀྱང་། གསེར་ལྡན་དུ་རྒྱ་དབྱིན་གཉིས་ཀྱི་མིང་མཛོད་མི་ཉུང་མོད། བོད་ཡིག་གི་དུང་དཀར་མིང་མཛོད་གཅིག་པུ་མ་གཏོགས་མེད་ན་ལོ་ཙཱ་བའམ་སྤྱོད་མཁན་ དག་གི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་པས། དག་ཡིག་གསར་བསྒྲིགས་དང་། བོད་རྒྱ་མིང་མཛོད་ཆེན་མོ། རྒྱ་བོད་མིང་མཛོད་ཆེན་མོ། དཔེ་ཆོས་ཚིག་མཛོད། ཟློས་སྒྲའི་མིང་མཛོད། བོད་ རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད། བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་ལག་རྩལ་མིང་མཛོད། བོད་རྒྱ་དབྱིན་གསུམ་མམ་བོད་རྒྱ་གཉིས་ཀྱི་གྲངས་རིག དངོས་ལུགས། རྫས་འགྱུར། ཁྲིམས་ལུགས། དངུལ་རྩ། ནང་དོན་རིག་པ། གསོ་རིག སྤྱིར་བཏང་གི་མིང་མཛོད་སོགས་བོད་ཡིག་གི་མིང་མཛོད་གང་ཡོད་ཡོད་རྣམས་ཕྱོགས་ གཅིག་ཏུ་བསྡུས་ཏེ། ཆེད་ལས་མི་འདྲ་བའི་མི་ཐམས་ཅད་ཀྱིས་སྤྱོད་བདེ་བ་ཞིག་བཟོ་བསམ་ནའང་། ད་སྐབས་དེ་དག་གི་བཅོས་རུང་པར་མWordརྙེད་ཀྱི་མི་འདུག་པས། གལ་སྲིད་སུ་ཞིག་གི་ཕྱག་ཏུwordབཅོས་རུང་པར་ཡོད་པའམ་གྲོགས་ཉེ་དགའ་སོགས་བརྒྱུད་ནས་རག་ཐུབ་ན་ཡིན་གཅིག་མིན་གཅིག་དྲ་བ་དེར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། ། དེ་མིན། དུང་དཀར་མིང་མཛོད་ལ་མཐའ་མའི་ཞུ་དག་བྱེད་མཁན་གྱི་མིས་འདང་གི་མི་འདུག་པས། བོད་ཡིག་ཆེད་ལས་ཡིན་པ་དག་ཞུགས་པར་འབོད་སྐུལ་བྱེད་ཀྱི་འདུག འབྲེལ་བ་ཞུ་ཡུལ། gelek46@gmail.com |
དུང་དཀར་ཚིག་མཛོད་ལ་ཚ་བ་མདའ་སྨྱུག་གིས་ཞུ་དག་ཡག་པོ་ཞིག་བྱས་འདུག་པས་དེ་ལ་ཞིབ་གཟིགས་མཛོད་དང་ཕན་ངེས་རེད།
གཏམ་བཟང་གཅིག་རྗེས་ཉིས་མཐུད། བཀྲ་ཤིས་བདེ་ལེགས་ཡོད་དོ།།
མཉེན་ཆས་བོད་འགྱུར་གྱི་ལས་ཀ་འདི་ཁ་ཚ་དགོས་གཏུགས་ཅིག་རེད་འདུག་གོ ཤུགས་རྒྱོབས་ཤོག ༸ཕ་བཟང་གི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚོ།
དེ་ནི་ཧ་ཅང་ལེགས་པའི་ལས་གཞི་ཞིག་ཡིན་པས་དགེགས་བར་གང་ཡང་མེད་པར་ཤོག
ཤིན་ཏུ་ལེགས།
དེ་ནི་ཁ་བའི་རི་སུལ་ན་འོད་འཕྲོ་བའི་ཞབས་རྗེས་ཤེག་གདབས་པ་ཅི་ལ་མིན།
འདི་ནི་སྨོན་ལམ་ཀུན་བཏུས་ཚིག་མཛོད་ལས་གཞི་དང་འབྲེལ་བ་མེད་ཀྱང་། ལས་དོན་མང་པོ་ཞིག་ཟློས་སྐྱོན་ཆགས་ཀྱི་མ་རེད་དམ། ཅི་སྟེ་ཚིག་མཛོད་ཁག་གི་པར་རྩ་དགོས་ན་ཨ་ཁུ་སྨོན་ལམ་ལགས་སུ་སྐྱབས་འཇུག་ཞུས་ན་ཁོང་ལ་ཡོད་ངེས་རེད། ལྷག་པར་ལས་གཞི་འདི་རིགས་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན། གང་ལྟར་བོད་མི་རིགས་ཀྱི་སྐད་ཡིག་ལ་ཕན་པའི་བྱ་གཞག་འདི་རིགས་ཚགས་ཚུད་དང་ལེགས་གྲུབ་ཡོང་བའི་རེ་སྨོན་འདེབས། །
བཟོ་མ་ཚང་གོང་ནས་བཟོ་ཡོང་གི་ཡོད་ཟེར་ན་ཡག་པོ་རེད་ཟེར་བ་ཙམ་ལས་གཞན་བརྗོད་རྒྱུ་ཅང་མེད།
དངོས་གནས་གཏམ་བཟང་ཞིག་རེད། ལས་དོན་དེའི་ཐོག་སྐུ་ལས་སྐྱོན་གནང་མཁན་ཚོར་རྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ། འོན་ཀྱང་ང་རང་སྒེར་ངོས་ནས་བསམ་ཚུལ་ཅུང་ཞིག་ཞུ་འདོད་བྱུང། ངའི་རེ་བ་ལ་བོད་ནང་ཡོད་པའི་བློ་བཟང་གློག་རྡུལ་ཚིག་མཛོད་བཟོས་གནང་མཁན་བློ་བཟང་ལགས་དང་། བཙན་བྱོལ་ནང་ཡོད་པའི་སྨོན་ལམ་བོད་ཡིག་དང་སྨོན་ལམ་ཚིག་མཛོད་གློག་ཀླད་དུ་འཇུག་གནང་མཁན་སྐུ་ཞབས་བློ་བཟང་སྨོན་ལམ་སོགས་དེང་དུས་དུས་ཀྱི་འཕོ་འགྱུར་ལ་རྗེས་སྙེག་ཐུབ་མཁན་མང་དག་ཅིག་ཡོད་པ་རྣམས་དང་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་གོ་སྡུར་གི་ལམ་ནས་ལས་གཞི་དེར་ཤུགས་སྣོན་ཞིག་གནང་ཐུབ་ན་ཡག་ཐོག་ཡག་རྩེག་དང་མ་འོང་པར་དེ་འདྲ་གཉེན་ཆས་རིགས་གསར་བཟོ་བྱེད་པར་རྨང་གཞི་ཞིག་ཀྱང་ཆག་ངེས་རེད། དེ་མིན་དགེ་མཚན་གཞན་ཞིག་ནི་བོད་ཕྱི་ནང་གང་སར་ཐ་སྙད་གཅིག་མཐུན་ཡོང་ཐབས་ལ་ནུས་པ་མི་སྨན་པ་ཞིག་འདོན་ཐུབ་ངེས་ཡིན།
ལས་གཞི་དེར་བདག་སྒེར་ངོས་ནས་ཞབས་ཕྱི་གང་ཐུབ་ཞུ་འདོད་ཡོད་ཀྱང་ཤེས་རྒྱ་ཁབ་མིག་ལས་དོག་པས་ཕན་རེ་ཆུང་། འོན་ཀྱང་དགོས་མཁོ་མཆིས་ཚེ་གང་ཐུབ་ཞབས་ཕྱི་ཞུ་ངེས་ཡིན།