བཀྲ་ཤིས་དོན་འགྲུབ།
སྐུ་ཞབས་མགུར་འབུམ་རྒྱལ་ལགས་ནི་བོད་མདོ་སྨད་མཚོ་སྔོན་ས་ཁུལ་དུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་རིམ་པར་འགྲིམས་མྱོང་། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། གཞུང་གི་ལས་བགོས་ལྟར་གཞུང་ཞབས་དགེ་རྒན་དང་ས་གནས་སློབ་ཁུལ་གྱི་སློབ་གསོ་ལྟ་སྐུལ་བའི་ཕྱག་ལས་གནང་བ་དང་། ༢༠༠༠ ལོར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་གྱི་ཧྲ་ཡཱང་དགེ་ཐོན་སློབ་ཆེན་དུ་འཛུལ་ཞུགས་ཀྱིས་རྒྱའི་སྐད་ཡིག་གཙོས་རྒྱ་ནག་གི་ཆབ་སྲིད་དང་ལོ་རྒྱུས་སོགས་ལ་སློབ་གཉེར་གནང་། ༢༠༠༢ ལོའི་ལོ་མཇུག་ཏུ་ཆབ་སྲིད་གནོན་ཤུགས་ཀྱི་རྐྱེན་པས་གཞུང་ཞབས་ཀྱི་ལས་གནས་གཡུགས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་།
ཕྱག་ལས་ཀྱི་རིམ་པ།
ཕྱི་ལོ་༡༩༩༨ ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། གཞུང་གི་ལས་བགོས་ལྟར་མང་ར་རྫོང་དུ་གཞུང་ཞབས་དགེ་རྒན་གྱི་ཕྱག་ལས་དང་། སློབ་གསོ་ལྟ་སྐུལ་བའི་ལས་འགན་ཁུར་ཏེ་གཞི་རིམ་སློབ་གྲྭ་ཁག་གི་སློབ་གསོའི་ལས་དོན་ཐད་རྟོགས་ཞིབ་དང་ལྟ་སྐུལ་གྱི་ཕྱག་ལས་གནང་། དེ་བཞིན། ས་གནས་སློབ་ཁུལ་དུ་རྐང་འཛིན་དགེ་རྒན་ཁྲོད་ལེགས་འདེམས་བྱུང་སྟེ། པེ་ཅིང་དང་ཁྲིན་ཏུའུ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ། སློབ་གསོ་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་གནས་བབས་རྒྱུས་ལོན་དང་ཉམས་མྱོང་བརྗེ་རེས་ཆེད་རྟོགས་ཞིབ་ལྟ་གཟིགས་དུའང་བསྐྱོད་མྱོང་ཡོད་པ་རེད།
བཙན་བྱོལ་དུ་འབྱོར་རྗེས་༢༠༠༣ ལོར་ཡིག་རྒྱུགས་ཀྱི་ལམ་ནས་ཨང་འབྲས་དང་པོ་བླངས་ཏེ། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་དུ་ལས་ཞུགས་གནང་སྟེ། འདས་པའི་ལོ་༡༡ ལྷག་གི་རིང་རྒྱ་སྐད་གསར་འགྱུར་སྙན་སྒྲོན་པ་དང་གསར་འགོད་པ། གསར་འགོད་པ་རྒན་པ་བཅས་ཀྱི་ཕྱག་ལས་རིམ་པར་གནང་ཐོག ད་ལྟའི་ཆར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པའི་འགན་བཞེས་བཞིན་ཡོད།
དེ་བཞིན། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བཞི་བའི་འབྲེལ་མཐུད་པ་དང་། ད་ལྟའི་རྒྱུན་ལས་སྐབས་ལྔ་བའི་ཚོགས་གཞོན་བཅས་ཀྱི་འགན་འཁུར་བཞིན་ཡོད།
ཕྱི་ལོ་༢༠༠༨ ལོར་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐབས། ཨ་རིར་ཆེད་བསྐྱོད་ཀྱིས་༸གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་གྱི་གསར་འགྱུར་འགྲེམས་སྤེལ་དང་། ཕྱི་ལོ་༢༠༡༣ ཟླ་༡༡ ནང་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་འཛམ་གླིང་སྐྱབས་བཅོལ་པའི་གསར་འགོད་ལྷན་ཚོགས་སྟེང་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན། ༢༠༡༣ ལོར་ཀིརྟི་བྱེས་པ་གྲྭ་ཚང་གིས་བོད་རྒྱ་དབྱིན་གསུམ་ཐོག་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དཔེ་དེབ་འགྲེམས་སྤེལ་བྱས་ཡོད་པ་ལྟར། རང་ལུས་མེར་བསྲེགས་སྐོར་གྱི་རྒྱ་ཡིག་དཔེ་དེབ་ནི་སྐུ་ཞབས་མགུར་འབུམ་རྒྱལ་ལགས་ཀྱིས་ལས་ཞོར་དུ་ངལ་བ་དང་ལེན་གྱིས་བསྡུ་སྒྲིག་དང་རྩོམ་འབྲི་གནང་ཡོད་པ་རེད།
འོས་མིར་ངོ་སྤྲོད་ཀྱི་དགོས་དོན།
དེང་གི་དུས་འདིར་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད། དོན་དམ་ཕྱག་ལས་གནང་མཁན་ལས་ཟོལ་བརྫུའི་འཁྱར་གཏམ་སྨྲ་མཁན་གྱི་མགོ་མཐོ་ཞིང་། བདེན་གཤིས་རང་ཚུགས་སྲུང་མཁན་ལས་ཕྱོགས་རིས་འཐེན་འཁྱེར་བའི་ངོ་སོ་མཐོ་བའི་གནས་བབས་ཤིག་ཆགས་ཡོད་སྟབས། བོད་མིའི་གཏམ་ལ་༼ཉིན་དཀར་ལྷ་མོར་ལྷ་བཞེངས་རོགས། མཚན་མོ་འདྲེ་མོར་ཐག་འཐག་རོགས། ༽ཞེས་པའི་དཔེ་ལྟར། དངོས་ཤུགས་བརྒྱུད་གསུམ་ནས་སེར་སྐྱ་མང་ཚོགས་ལ་མགོ་སྐོར་བསླུ་ཁྲིད་ཀྱིས། རང་དོན་ཁེ་གཉེར་བ་གཅིག་རྗེས་གཉིས་མཐུད་ཀྱིས་བརྡོལ་བཞིན་པའི་གནས་སྐབས་འདིར། སྤྱི་ཚོགས་ཁྲོད་ཁུ་སིམ་མེར་ཕྱོགས་རིས་འཐེན་འཁྱེར་མེད་པར་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་དང་། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རྣམས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེར་མཐོང་བའི་ཐོག་ནས། རང་ཚུགས་བརྟན་ལ་བྱ་བའི་ཉམས་མྱོང་ལྡན་པ་དང་། བོད་ཕྱི་ནང་གཉིས་དང་རྒྱ་ནག་གི་གནས་སྟངས་ལ་མཁྱེན་རྟོགས་ཡོད་པ། བོད་རྒྱ་སྐད་གཉིས་ཀྱི་ཤེས་ཚད་ཚད་ལྡན་ཅན་གྱི་སྐུ་ཞབས་མགུར་འབུམ་རྒྱལ་ལགས་མདོ་སྨད་སྤྱི་འཐུས་སུ་འོས་སྦྱོར་གནང་བ་ཡིན་པས། རྒྱ་ཆེ་མི་མང་རང་ངོས་ནས་བརྟག་དཔྱད་ཞིབ་འཇུག་མ་ནོར་བ་གནང་རོགས།
ཉེ་སྔོན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་གླེང་བཞིན་པའི་ནང་སྐུ་ཞབས་མགུར་འབུམ་རྒྱལ་ལགས་དང་། བལ་ཡུལ་གནས་སྡོད་པ་སྐུ་ཞབས་བཀྲིས་དོན་གྲུབ་གཉིས་ཕྱོགས་གང་ཅིའི་ཐད་ནས་ཡག་ཤོས་སུ་མཐོང་།
མགོ་ཐོགས་ཚད་སྤྱི་འཐུས་ཀྱི་འོས་གཞིར་རུང་ན་འདི་ན་ཡང་ཨ་མདོ་གསར་བུ་གསར་མོ་གང་མང་མང་འདུག་ད་་་་་་་་་
དུས་ཚོད་འཁྱོལ་ཀྱིན་མེད་ནི་རེ་ཡོད་ན་ཁོང་ཚོ་ཡང་འོས་གཞིར་བསླངས་རོགས་་་་་་
སྤྱིར་བཏང་སྤྱི་འཐུས་ནང་་ཤེས་འཇོན་གཉིས་ལྡན་ཞིག་དགོས་པ་དང་ལྷན་སྨྲ་བདེ་པོ་ཡོད་པ་མ་ཟད། རང་ཚུགས་བརྟན་པོ་ཞིག་དགོས་གལ་ཆེ། གང་ལ་ཞེ་ན་སྤྱི་འཐུས་ནི་མི་དམངས་ཀྱི་འཐུས་མི་རེད། གལ་སྲིད་གོང་འཁོད་ཀྱི་ཆ་རྐྱེན་གསུམ་མ་ལྡན་ན། སྤྱི་ཕར་ཞོག་དང་རང་འགོ་ཡང་ཐོན་དཀའ་བ་རེད།
མགུར་འབུམ་རྒྱལ། སྐུ་མཁྱེན། སོ་སོས་སོ་སོ་ཧ་གོ་ཡི་རེད་ཝ། ད་འདི་འདྲ་བྱེད་ཀྱི་མ་འདུག རྟ་རྒྱུགས་ས་བོང་བུ་རྒྱུགས་ན་ག་བ་ཡོང་གི་རེད།
ཚངས་དབྱངས་ཟེར་པ་འདྲ་བོ། བཀྲ་ཤིས་དོན་གྲུབ་ཟེར་པ་འདྲ་བོ། མགུར་འབུམ་རྒྱལ་ཟེར་པ་འདྲ་བོ། སྤྲོ་ཚེས་ཆོས་གྲགས་ཟེར་པ་འདྲ་བོ། འདི་དག་བྱིས་པའི་རྩེད་མོ་འདྲ་བོ་ཞིག་མཐོང་གི་འདུག
སྤྱི་འཐུས་ལབ་ན། ཀླུ་མཁར་དང་ཤར་ཁུག་གཉིས་ཀྱི་ནང་ནས་གཅིག་ཐོན་ན་དོན་ངོ་མར་ཚད་ལྡན་རང་རེད། ནུས་པ་ཐོན་གི་རེད། མགོ་འཚོས་ཀི་རེད།
མཇུག་ཏུ་ཨ་མདོ་བ་ཚོས་ད་ཆོ་མེད་འདི་འདྲ་བྱེད་ཀྱི་མ་འདུག་སྐུ་མཁྱེན། ང་ཉོབ་སོང།
ཁྱུང་ཆེན་གྱི་བཤད་ཚུལ་ལ་བལྟས་ན། སྤྱི་འཐུས་ཟེར་བ་ནི་བཙན་བྱོལ་གྱི་སྤྱི་ཚོགས་འཁྲབ་ཏོ་འདིའི་ནང་ནས་ཕན་ཚུན་བར་འཁྲབ་སྟོན་བྱེད་ཤེས་མཁན་ཙམ་ཞིག་ལ་གོ་གིན་ཡོད་འདྲ། དོན་ངོ་མར་ཤར་ཁུག་གིས་ཅི་ཞིག་ཤེས་སོང་ནི་རེད། ཅི་ཞིག་མགོ་ཚོས་སོང་ནི་རེད། རྒྱ་ནག་གི་གནང་སྟངས་ཤེས་སོང་ནི་རེད་ལ། རྒྱལ་སྤྱིའི་གནས་བབས་ཤེས་སོང་ནི་རེད། ཡང་ན་བཙན་བྱོལ་གྱི་འཁྲབ་སྟངས་ཙམ་ཤེས་པས་རེད། སྤྱི་འཐུས་ཚང་མ་ཤར་ཁུག་འདྲ་མ་ཡིན་རྒྱུ་ན། རྡ་ས་འདི་སྔོན་ཞིག་ནས་རུལ་སུངས་རུལ་ནག་ཏུ་གྱུར་པའི་ཀྲུང་ནན་ཧེ་རུ་གྱུར་ཟིན་ཚོད་རེད་དོ། ལོ་ངོ་ལྔ་བཅུའི་རིང་ལ་དྲིལ་བསྒྲགས་ཙམ་ལས་དོན་འབྲས་ན་གཅིག་སྟོན་རྒྱུ་མེད་སོང་བ་དེའང་། ཤར་ཁུག་ཁུག་དང་འདྲ་བའི་ཤར་ཁུག་གིས་རྔ་མ་གཡུགས་སའི་འཁྲབ་རྒན་དེ་ཚོས་མང་ཚོགས་ལ་འཁྲབ་སྟོན་བྱས་ནས་ཉི་མ་བཏང་བའི་དབང་གིས་ལོས་ཡིན། ཁྱོད་ཀྱི་ཀླད་པ་ཀོག་ཏོ་དེའི་ནང་གི་ཚད་གཞི་དེ་ཆབ་སྲིད་ཡིན་ཚེ། དེའི་འདྲའི་ཆབ་སྲིད་ཅིག་བོད་མི་མང་ལ་དགོས་དོན་མི་འདུག་ལོ། རྒྱུ་མཚན་གནས་ལུགས་བཤད་རྒྱུ་ཡོད་ན་ཤོད་དང་འགྲིག་གི་རེད། ཁ་སྟོང་ནང་ནས་ཚིག་སྟོང་བཤད་དེ་མི་གཞན་ལ་ཟུར་ཟ་བྱེད་ཁུལ་མ་བྱེད་ལོ།
ཁྱུང་ཆེན་ལགས་ཁྱེད་རང་གཏན་ནས་ཉོབ་མི་སྙམ། ཁྱེད་རང་སྤྱི་ཚོགས་ལ་དེ་བས་ཉོབ་མི་སྙམ།གལ་སྲིད་ཁྱེད་རང་ཉོབ་ན་ཁྱེད་རང་སྡོད་གནས་བྱེད་ཡུལ་གྱི་རི་མཐོན་ཞིག་གི་སྒང་དུ་སོང་ནས་སྒོམ་རྒྱག་རོགས་ནོངས།
ཁྱེད་རང་ཉོབ་སྟངས་ལ་བལྟས་ན་ཁྱེད་རང་དང་སྤྱི་ཚོགས་ལ་དམ་འཁྱུད་ཡོད་པའི་ཕྱིར།
ཤེས་ཡོན་ཅན་དང་ཆབ་སྲིད་པ་གཉིས་ཀྱི་ཁྱད་ཕྱེ་དགོས་སམ་སྙམ།
མགུར་འབུམ་ལེ་ལེ་་་་་ཁྱོད་མི་ཚ་ན་ང་སོགས་ཁྱེད་ཀྱི་ཡུལ་ཕྱོགས་གཅིག་པ་ཚོ་ངོ་ཚ་ནས་འབར་ཐལ། རང་ངོ་རང་གིས་མི་ཤེས་པར། སུས་བདེ་སྤྱོད་བྱེད་སོང་། སུའི་ཞེ་འདོད་སྒྲུབ་ཀྱིན་ཡོད།
མགུར་འབུམ་ལེ་ལེ་་་ཁྱོད་ངོ་མི་ཚ་རུང་་ང་སོགས་ཁྱེད་ཀྱི་ཡུལ་ཕྱོགས་གཅིག་པ་ཚོ་ངོ་ཚ་ནས་འབར་ཐལ། རང་ངོ་རང་གིས་མ་ཤེས་པར། བཀོལ་སྤྱོད་འོག་ཏུ་འགྲོ་ཁུལ་འདྲ་བྱས།
མདོ་སྨད་པ་ཚང་མ་སྤྱི་འཐུས་ལ་ལངས་ཤོག དེ་ནས་ལྟད་མོ་འདུག
མཚོ་མོ་ལགས། ཆབ་སྲིད་པ་ངར་པ་ཞིག་ཡིན་ས་རེད་ལ། འོ་ན། སྤྱི་འཐུས་ཁྱེད་ལངས་བཞག་ན་ཡག་པོ་མེད་འགྲོ། ཨ་ལ་ཀུ་རེ་ཡིན། ངོ་སྤྲོད་བྱེད་འདུན་ཡོད་མཁན་ཚོས་ཁོང་ངོ་སྤྲོད་བྱས་པ་ཙམ་ལས། ཁོ་རང་ངོས་སྤྱི་འཐུས་ལངས་གི་ཡིན་ཞེས་བཤད་མི་འདུག་གཱ། གང་ལྟར་མགུར་འབུམ་རྒྱལ་སྤྱི་འཐུས་ལ་ངོ་སྤྲོད་བྱས་དེས། མཚོ་མོའི་རྣག་ཐུམ་སྟེང་ལ་ཚེར་མ་འདྲ་ཟུག་སོང་བ་འདྲ། སྙིང་རྗེ།་ ཧཧཧཧ
མི་ལ་ངོ་ཚ་མེ་ན་ཁྱི་དང་། ཁྱི་ལ་རྔ་མ་མེད་ན་འདྲེ། ཟེར་བ་བཞིན་ངྷ་རམ་ས་ལའི་ཆབ་སྲིད་པ་སྨྱོན་པ་འདི་དག་ལ་ངོ་ཟེར་ནི་ཞིག་མེད་ཐག་ཆོད་རེད། བོད་མི་མང་སྤྱི་འཐུས་ཟེར་བ་དེ་ཐ་མ་ནག་པོ་ངན་གོམས་ལ་སོང་ཡོད་པའི་ར་བཟི་བ་དག་དང་རྒྱལ་སྤྱིའི་ཆབ་སྲིད་ཕར་ཞོག་བོད་ཡིག་བོད་སྐད་གཙང་མ་ཞིག་ཀྱང་ངག་མི་འཁྲོལ་མཁན་སོགས་ཀྱིས་ཁ་གདེང་ནས་མིག་བཅེར་ས་ཞིག་ཁྱོན་ནས་ཆགས་ཡོད་པ་མ་རེད། དེ་ཤེས་དགོས་པ་རེད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་ ང་རང་སྒེར་ངོས་ནས་ཀྱང་མགུར་འབུམ་ངོ་གང་འཚམས་ཤེས་ཀྱིན་ཡོད། དབྱིན་ཡིག་ཕར་ཞོག་བོད་ཡིག་གི་ཐོག་ནས་སྐུར་ཡིག་ཡག་པོ་ཞིག་ཀྱང་ཨེ་འཁྱོང་ན་བསམ་བསམ་ཞིག་ལས་མི་འདུག
དེང་མདོ་སྨད་ཀྱི་ང་ཤེས་ཡོན་པ་ཡིན་ཟེར་མཁན་ཚོས་སོ་སོར་བསྟོད་བསྔགས་དང་། མི་འཛའ་བའི་ལས་གནས་ངོ་སྤྲོད་ཙམ་གྱིས་མདོ་སྨད་སྤྱི་འཐུས་བར་མའི་འོས་གཞིའི་ནང་སོ་སོས་སོ་སོ་འོས་སྦྱོར་འདྲ་བྱས་ནས་འཚང་ག་རྒྱག་པར་དགོད་བྲོ་བ་དང་སྐྱུགས་མེར་ཅིག་ཅར་བྱུང་བ་མ་ཟད། ངྷ་སའི་སྐབས་འཚོལ་བའི་འགོས་ནད་དེ་ཡོངས་ལ་འགོས་པ་དང་། སྨྱོན་པ་ཆགས་ནས་སྨན་ཞིག་གསར་བཟོ་བྱ་དགོས་པའི་དུས་ལ་སླེབས་འདུག་གཱ ཧཧཧཧཧཧཧཧཧཧཧཧཧ
མགུར་འབུམ་རྒྱལ་ཟེར་བ་འདིས་གསར་འགྱུར་ཡིན་མིན་རྫུན་མ་སྣ་ཚོགས་བཟོས་ནས་ཧིན་སྒོར་ཁ་ཤས་རག་ནས་རྡ་ས་ན་རླངས་འཁོར་རྙིང་བ་ཞིག་གི་ཉོས་ནས་ཀླད་སྟོང་ཁོག་སྟོང་ངང་འཁྱམ་ནས་སྡོད་ཡོད་པ་ཤེས་པ་ལས། མི་འདི་ཚོ་སྤྱི་འཐུས་ལ་ལངས་པ་དེ་ཚོ་ངོ་མ་གད་མོ་ཤོར་སོང་། སྤྱི་འཐུས་ནི་རྩེད་མོ་རྩེད་ས་ལྟ་བུར་མཐོང་གི་ཡོད་པ་དེ་ངོ་ཚ།
གོང་དུ་མགུར་འབུམ་རྒྱལ་ངོ་སྤྲོད་བྱེད་སྐབས། “༢༠༠༢ ལོའི་ལོ་མཇུག་ཏུ་ཆབ་སྲིད་གནོན་ཤུགས་ཀྱི་རྐྱེན་པས་གཞུང་ཞབས་ཀྱི་ལས་གནས་གཡུགས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་།” ཞེས་བཀོད་འདུག འདི་མགུར་འབུམ་རྒྱལ་ངོ་མི་ཤེས་མཁན་ཞིག་གིས་བྲིས་པ་ཡིན་ས་འདུག མགུར་འབུམ་སྐོར་ངས་གསལ་བོར་ཤེས། ང་ཙམ་མ་རེད་རྒྱ་གར་ལ་ཡོང་རོགས་མི་སུམ་བཅུ་བཞི་བཅུ་ཞིག་ཡོད་པ་ཚང་མས་གསལ་བོ་གསལ་རྐྱང་ཤེས་ཀྱི་ཡོད་རེད། ་་་་་་་་་་་་་་་་
སྤྱི་འཐུས་ནི་རྩེད་ཆས་མ་རེད། མི་འདི་ཚོར་ངོ་ཚ་ཞིག་མེད་ཀི། སང་ཉིན་ང་རང་ཡང་སྤྱི་འཐུས་ལ་ལངས་རྒྱུ་ཡིན། མགུར་འབུམ་རྒྱལ་ལགས་ད་ནི་ངས་ཁྱེད་ཀྱི་ཧམ་པ་རི་འདྲ་བ་དེ་ཤེས་སོང་།
ཁྱུང་སྟོད་ལ། ངས་སྐད་ཆ་དྲང་མོ་བཤད་པ་ཡིན། ཤར་ཁུག་དང་ཀླུ་མཁར་ལྟ་བུའི་མི་ལངས་ས་ཞིག་ཏུ་མགུར་འབུམ་རྒྱལ་ལྟ་བུ་སླེབས་ན་རང་ཚོད་མ་ཟིན་པ་རང་མ་རེད་དམ། ཨ་མདོའི་སྐད་དུ། བུ་ཧྲ་ན་ཤར་ཁུག་གིས་ཁ་སང་བྲིས་པའི་༼ ལོ་རྒྱུས་ལ་འགན་ཁུར་ཆེད་སྐད་ཆ་འདི་བཤད་འདོད་བྱུང་༽ལྟ་བུ་ཕྲིས་དང། ང་ཚོས་བལྟས་ཆོག མདོ་སྨད་སྤྱི་འཐུས་འོས་མི་ཟེར་པ་དེ་ཚོའི་ནང་སུ་གང་གིས་དེ་འདྲ་འབྲི་ཤེས་ཀི་མ་རེད་ལ། སྐྱེས་པ་ཕྱི་མར་ཀླད་པའི་ནང་དེ་འདྲ་འཁོར་གྱི་ཡོད་ན་ཨེན་ཙམ་རེད། ཡིན་ནའང། ཀླུ་མཁར་གྱིས་ཚོག་སྦྱོར་དང་དག་ཆ་ནས་དེ་ལྟར་མིན་ཡོང་སྲིད་ཀྱང། དོན་དག་དེ་འདྲ་རེ་འབྲི་སྲིད་པ་རེད་བསམས། དེའི་རྐྱེན། ངས་ཁོང་གཉིས་ཆབ་སྲིད་དང་མགོ་འཚོས་ཕྱོགས་གང་གི་ཆ་ནས་སྟག་གཟིག་གནམ་དུ་འགྱིང་བ་གཉིས་ལ་ངོས་འཛིན་ཞུ་ཡི་ཡོད་དོ། སྤྱི་འཐུས་ནི་རྩེད་མོ་རྩེས་ས་མ་རེད་གསུངས་པ་ལྟར། དྲ་གྲོགས་ཀུན་གྱི་ཁ་ལ་ཉན་ནས་རང་ཚོད་ཟིན་ན་དགའ།།
རང་གིས་རང་ལ་གདེང་འཇོག་དང་སྤྱི་སེམས་བཅངས་ཏེ་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་པར་ཡི་རང་ཞུ། སྤྱི་འབངས་སུ་ཞིག་ཡིན་ཡང་སྤྱི་འཐུས་ལ་ཞུགས་དབང་ཡོད་པ་རེད། འདི་ཡང་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། དེ་ལ་དམའ་འབེབས་བྱེད་མི་འོས། སུ་འདེམས་མིན་དེ་ཡང་རང་རང་ལ་ཁོག་རྩིས་མ་ནོར་བ་རེ་དགོས།
ཡང་སྤྱི་འཐུས་འོས་མི་གསར་པ་ཞིག་འོས་སྦྱོར་བྱས་སོང་། ངོ་མ། མདོ་སྨད་མགོ་ནག་མིའི་ཆོལ་ཁ་ཡིན་ཁོ་ན་ཐག་རེད་ཡ།
མ་འོངས་པའི་སྤྱི་འཐུས་འོས་མིར་གཞོན་སྐྱེས་གསར་བུ་ཕུགས་རེ་ཡོད་པ་ཤ་སྟག་ཡོང་རེ་ཆེ། ད་རེས་ཀྱི་སྤྱི་འཐུས་ཀྱི་རྐུབ་སྟེགས་སུར་འཐོབ་ནའང་ཐང་། མ་འོངས་པར་ཤར་ཁུག ཀླུ་བྱམས། སྤྲོ་ཚིགས་སོགས་གཅིག་ཤོར་གཉིས་ཤོར་ཡོང་བ་འདུག
ད་དུང་ན་ཆུང་བྱིས་པ་ཨ་རིག་འགྱུར་མེད་ཟེར་བ་འདྲ་འདྲ། རྔ་བ་ཤེས་རབ་འདྲ་འདྲ། ད་དུང་་་་་་་་་(སོ་སོའི་མིང་བཀོད་རོགས་)ཡོང་སྲིད། ཧཧཧ
ཨ་ཁུ་མགུར་འབུམ་ལགས། དྲིན་ཆེན་པོ། ཁྱོད་སྤྱི་འཐུས་ཟིག་ག་མཛའ་ནི་མ་རེད། ཁྱོའི་གཤིས་ཀ་འུ་ཚོས་ཤེས་ནི་རེད། མི་དགའ་སར་དྲག་སྤྱོད་སྤེལ་རྒྱུ་ཟེར་ནི་དེ་ཾཁྱོད་རེད། ཆང་ཁ་ནས་ཁྱོད་སྨྱོས་བཏང་ནོ་འུ་ཚོས་ཤེས་ནི་རེད། སྤྱི་འཐུས་ཟིག་ཡིན་ན། རྟ་རྒྱུགས་ས་དང་འབྲོང་བཤར་ས་གཉིས་ཀ་དགོས་ནི་རེད། ཁྱོས་ཆབ་སྲིད་པར་བསྙད་པ་གླེན་པ་དེ་ཚོའི་ཁར་མ་མ་ཉན། ཁྱོད་དཀའ་སར་ཐུག་དུས་ཁྱོད་གཅིག་གོ་ལྷག་ངེས་ལ། དེའི་བར་དུ་ཁྱོད་བེད་སྤྱོད་གཏོང་ངེས། ཁྱོད་ལ་དེ་མཛའ་ནི་མ་རེད།
ད་ཡང་ཆབ་སྲིད་བཙོན་པ་རྫུན་མ་ཞིག སྤྱི་འཐུས་འོས་མི་གྲས་ལ་བཏོན་འདུག ཤེས་ཡོན་དང་གཞན་དག་རྒྱུས་མེད། བོད་ནང་ཆབ་སྲིད་ལས་ཀ་ལས་ཚུལ་རྫུན་མ་རང་རེད་དོ།།
མཚོ་མོ་ལགས།ཁྱོད་ར་བཟི་ཡོད་པ།མི་སུ་ཡིན་ན་འང་དམའ་འབེབས་དང་ཐོང་ཆུང་མ་བྱེད་ན་བཟང།རང་ཉིད་ལ་སྐྱོན་ཀ་ཚོད་ཡོད
སྤྱི་འཐུས་ཀྱི་བསྡུར་རྟགས་ཤིག
སུ་ཞིག་སྤྱི་འཐུས་ལ་འོས་དང་མི་འོས་ཀྱི་བསྡུར་རྟགས་ལས་སླ་ཤོས་ནི། ད་ཡོད་སྤྱི་འཐུས་ལས་ཐོག་པ་རྣམ་པའོ།
སུ་ཞིག་དེ་དག་གང་རུང་ལས་ལྷག་ན་བཤད་ཅི་དགོས་ཏེ། སུ་ཞིག་དེ་དག་གང་རུང་དང་འདྲ་བ་ཙམ་གྱིས་ཀྱང་ཡིག་ཚད་ལོངས་པའོ།
ཨ་རོ་ཆབ་བྲག་ཕོ་ཉ་ལགས། ད་ཁྱེད་ཀྱིས་ངའི་ཁ་མ་སྔོགས་ན་དགའ།
གཞན་རྣམ་རྒྱལ་ཟེར་པ་དེས་ཁྱད་མཚར་དེ་འདྲ་ལབ་ཀྱི་འདུག སྤྱི་འཐུས་ལ་རན་མི་རན་བཤད་ཀྱི་ཡོད་སར་ཆོ་མེད་དེ་འདྲ་མ་བཤད་རོགས། ཕལ་ཆེར་ཁྱེད་ཀྱིས་རྫུན་བཤད་ཀི་མེད་འགྲོ བརྩེ་དུང་གི་སྐྱབས་བཅོལ་བ་ལབ་ན་ག་རེ་རེད། རྒྱ་ནག་གཞུང་གིས་ཆང་ས་རྒྱག་གི་མ་བཅུག་པ་རེད་ཝེ།
འདི་ཚང་མས་རྩོད་ཀྱིན་པ་ནི་སུ་ཞིག་སྤྱི་འཐུས་ཀྱི་འོས་མི་ལ་འོས་མིན་དང་ཚད་གཞི་ལོངས་མིན། མི་བཟང་མིན་སོགས་བསམ་ཚུལ་གང་མང་ཞིག་ཡོང་གི་འདུག དེ་བས་བདག་གིས་བདག་གི་རྒྱུགས་རྟའི་རྟ་དཔྱད་དེ་སྔོན་ནས་བཏང་ཚར་བ་ཡིན། ཡིན་ན་ཡང་རྒྱུགས་རྟ་གཞན་དག་འགོག་རྒྱུའི་བསམ་བློ་དེ་རིགས་ལ་ང་མོས་མཐུན་རྩ་བ་ནས་མེད། དེ་བས་འདིར་སྤྱིར་བཏང་གི་ལས་སླ་ཤོས་སམ་སྟབས་བདེ་ཤོས་ཀྱི་སྡུར་རྟགས་ཤིག་བཀོད་པ་ཡིན། སུ་དང་གང་དག་གི་ཐུགས་ལ་ཕོག་ན་བཟོད་པར་གསོལ་ལོ།
བརྩེ་དུང་གི་སྐྱབས་བཅོལ་བ་ཟེར་བའི་སྐད་ཆ་ངའི་སྣང་བར་ཡང་ཕྱིན་མ་སོང། ་་དེ་འདྲ་བཤད་ན་ལག་དམར་སོགས་ཉེན་ཡོལ་སྐྱབས་བཅོལ་བ་དང། གཞན་ཡིག་རྨོངས་སྐྱབས་བཅོལ་བ་སོགས་མང། ལྷག་པར་དུ་དེང་སང་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ཧ་ཅང་མང་བ་འདི་དག་ཅི། དེ་བས་རྐྱེན་མི་འདྲ་བ་རེ་ཡོད་ན་ཡང་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་གཞུང་གི་ཆ་སྲིད་དབང་སྒྱུར་ལ་ཐུག་ཡོད་པ་ཚང་མ་གཅིག་པ་ལོས་ཡིན།
ངས་ཤེས་ཡ་ལ། ལོ་དེར་མང་རྫོང་ངམ་ཀོས་ནན་ཟེར་བ་ནས་རྒོད་པོ་སྐོརཞིག་རྡོ་ལ་རྡར་ལིང་ཧྲན་རི་བོར་སྐྱབས་བཅོལ་ལ་འབྱོར་སྐད། དེ་དག་ནི་ཨེ་རླུང་ཚང་གི་ཀེ་ཐོ། ནོར་ཝེ་ཚང་གི་མགུར་འབུམ། སྤྱི་འཐུས་རྒྱལ་རིག་ཐར། འགྲོ་བ་མིའི་ཐོབ་ཐང་གི་ཚེ་རིང་རྒྱ། ད་དུང་འོས་བསྡུའི་འགན་འཛིན་གཡང་ཁོ་རྒྱལ་བཅས་རེད། འདི་ཚོས་རྒྱ་ནག་གིས་སྤྲད་པའི་ཟས་ཕོར་གཡུག་ནས་ད་ལྟའང་མུ་མཐུད་སོ་སོའི་འཇོན་ནུས་ལ་བརྟེན་ཏེ་རང་གཞུང་ལ་སྲི་ཞུ་སྒྲུབ་བཞིན་པ་དེ་མངོན་སུམ་རེད། དེ་བས་འོས་འཕེན་མིན་སོ་སོས་འདོད་པ་རེད། ལུང་བ་ཅིག་འགོར་བཞག་ནས་མི་གཞི་ལ་དམའ་འབེབས་བྱས་ན་ཡག་པོ་ཁྱོན་ནས་མི་འདུག ད་དུང་ཡིན་མདོག་མདོག་བྱེད་མཁན་ཚོར་ཞུ་རྒྱུར་གལ་སྲིད་ཁྱོད་ལ་ཁོ་ཚོ་ལས་ལྷག་པའི་་འཇོན་ནུས་ཡོད་ན་བོད་གཞུང་ལ་ས་མིག་སྟོང་པ་མང་པོ་ཡོད་ཡོད་པ་རེད།
བོད་པའི་གསར་འགོད་པ་ཡོངས་ལས་ང་རང་དགའ་ཤོས་དེ་ཨ་རིའི་ཀུན་གླེང་ཚང་གི་རྡོ་རྗེ་ཚེ་བརྟན་དང་། བོད་ཀྱི་དུས་བབ་ཚང་གི་དོན་འགྲུབ་བཀྲ་ཤིས། ཨེ་ཤ་ཡ་ཚང་གི་དགའ་ལྡན་བློ་གྲོས་གསུམ་རེད་ལགས། ཁོང་གསུམ་གྱིས་ཆབ་སྲིད་ཀྱི་གནད་འགག་མཁྱེན་པ་མ་ཚད་གནས་ཚུལ་གང་དང་གང་ཡིན་ཡང་ཧ་ཅང་ཁ་གསལ་བོ་དང་ཁུངས་དག་མོའི་ཐོག་ནས་གསན་མཁན་ཚོར་གོ་བ་བདེ་ལེགས་ངང་སྤྲོད་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་པ་འདུག དེས་ན་ངས་བསམ་བློ་བཏང་ན་ད་རེས་མདོ་སྨད་ཀྱི་སྤྱི་འཐུས་གཅིག་གི་ས་མིག་ཐོག་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ཧ་ཅང་ལེགས་པོ་འདུག ངས་འདི་ནས་དྲ་གྲོགས་ཡོངས་ལ་ཁོ་རང་ངོ་སྤྲོད་ཅིག་བྱེད་བསམ་ཡང་ཁོ་རང་གི་ལོ་རྒྱུས་སྐོར་ལ་ང་ལ་རྒྱུས་མངའ་མེད་པས་ངོ་སྤྲོད་བྱེད་ཐུབ་མ་སོང་ངོ།།
ཧཧ བློ་དགའ་ལ་ལྟོས་དང་། ད་རེས་མདོ་སྨད་ཀྱི་སྤྱི་འཐུས་གཅིག་གི་ས་མིག་ཐོག་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ཧ་ཅང་ལེགས་པོ་འདུག་ཟེར་བ་དང་། ངས་འདི་ནས་དྲ་གྲོགས་ཡོངས་ལ་ཁོ་རང་ངོ་སྤྲོད་ཅིག་བྱེད་བསམ་ཡང་ཁོ་རང་གི་ལོ་རྒྱུས་སྐོར་ལ་ང་ལ་རྒྱུས་མངའ་མེད་པས་ཟེར་གཉིས་ལ་འགལ་འདུ་གནམ་གྱི་མི་ཤོང་བ་ཞིག ཧཧཧཧཧཧཧ
བློ་དགའ་ལགས་ཀྱི་སྐད་ཆ་འདི་ལ་ང་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ་་་་་་་་་་་་་་་་
སྤྱིར་བཏང་དེང་སྐབས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་ལངས་བཞིན་པའི་རྡ་རམ་ས་ལ་ཁུལ་གྱི་རྩོམ་པ་པོ་དང་དགེ་རྒན། སྙན་ངག་ཐན་ཐུན་འབྲི་མཁན་དེ་དག་དང་བསྡུར་ན་གསར་འགོད་པ་ཟེར་བ་འདི་ཕྱོགས་གང་ཐད་ནས་གོ་རྟོགས་མཁྱེན་བརྒྱ་ཡངས་པ་དང་། ཤེས་ཡོན་བསམ་བློ་སོགས་ཕྱོགས་གང་ཐད་ནས་འགྲན་ཟླ་ཡོད་པ་མ་རེད། ང་རང་གིས་ཀྱང་དུས་བབ་རྩོམ་སྒྲིག་པ་ངོ་གསལ་བོ་ཤེས་ཀྱི་མེད་ཀྱང་། ཁོང་གི་རྩོམ་ཡིག་དང་གསར་འགྱུར་མང་པོ་ཀློག་མྱོང་ཡོད། ལྷག་པར་དུ་ཆབ་སྲིད་པ་དང་ལས་འགུལ་པ་དག་ལ་བཅར་འདྲི་ཞུས་པ་མང་པོ་ཞིག་ཀློག་མྱོང་ཡོད། གལ་སྲིད་དུས་བབ་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལ་རྒྱུས་མངའ་རྐང་གཅིག་མེད་མཁན་ཞིག་ཡིན་ན་ཡང་སྡིག་པ་མིག་བཙུམ་བྱས་ཏེ་འོས་ཤོག་འཕངས་པ་ཡིན་ཡང་ནོར་འཁྲུལ་ཤོར་ཡོད་མ་རེད་ཅེས་ངས་ཞུ་ཐུབ།
ཡང་བསྐྱར་ཧཧཧཧཧཧཧ། འཁྲབ་སྟོན་ཡག་པོ་བྱེད་དགོས་སྐུ་ངོ་རྣམ་པས་གསོལ་རས་གནང་རྒྱུ་རེད་ལ། ཆབ་བྲག་ལགས་བརྩེ་དུང་གི་སྐྱབས་བཅོལ་ཟེར་བ་སྣང་བ་མི་འགྲོ་བའི་རྒྱུ་མཚན་ཤོག་རོགས།
སྤྱིར་བཏང་བྱས་ན་བོད་ནས་བྲོས་བྱོལ་ལ་ཡོང་བ་ཚང་མར་རྐྱེན་མི་འདྲ་བ་རེ་ཡོད་པ་ལས་རྒྱུ་ནི་གཅིག་པ་ཡིན་པར་འདོད། འདི་བོད་སྤྱིའི་ཆབ་སྲིད་གནས་བབ་དབང་གིས་བཤད་པ་ཡིན། གང་ལྟར་ད་ལྟའི་སྐབས་སུ་ང་ཚོས་འདི་ལྟར་ཤོད་འོས་པ་ཞིག་རེད།
གཉིས་ནས་མི་དེ་དེ་སྔོན་མ་གང་འདྲ་ཞིག་ཡིན་མིན་ལས་དེང་སང་གང་འདྲ་ཞིག་ཡིན་མིན་དེ་གལ་ཆེ་ཤོས་རེད། ཅི་ཞིག་བཤད་པ་ལས་ཇི་ལྟར་བྱེད་ཀྱིན་པ་གལ་ཆེན་པོ་རེད།
མདོར་ན་ལིང་ཧྲན་རི་བོར་ལྷན་ཕེབས་ཀྱི་དཔའ་རྒོད་ལྔ་བོ་སྤྱིར་བཏང་ཞིག་མིན་ཡ།
དྲ་གྲོགས་རྣམ་པ་ཚོས་མདོ་སྨད་སྤྱི་འཐུས་འོས་མི་རེ་རེ་བཞིན་ཞིབ་འཇུག་གནང་བ་དགའ་བསུ་ཡོད། གུར་བུམ་རྒྱལ་ཡང་དེའི་ནང་གི་གཅིག་རེད་། འོས་མི་མཚམས་སྦྱོར་བས་ཁོའི་སྐོར་འགྲེལ་བཤད་རྒྱབ་པ་དེ་དག་ནས་ཁོ་རང་རྒྱུས་ཡོད་ཀྱི་མི་ཚོ་ཧངས་སུ་བཅུག་ཡོད་པ་རེད།་་ཁོ་རང་ཡང་ངོ་མི་ཚ་དེ་དེ་བས་ཧངས་སངས་པ་རེད་་ང་རང་ཡང་དེའི་ནང་གི་གཅིག་ཡིན། ཁོའི་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་ང་ལ་ཡོད་། ་ཡིན་ན་དགོས་པ་ཆེ་བ་མཐོང་གི་མེད་གི།
དྲ་མིང་གི་ཡོ་བའི་འོག་ན་ཚང་མ་ང་ཡིན་ཁོ་ཡིན་ཟེར་ནི་རེད་དེ། ངོ་གཏུག་ནས་སོ་སོ་སྐད་ཆར་འགན་འཁུར་ཏེ་བདེན་པ་གླེང་དགོས་འཁེལ་བ་ཡིན་ན། ཧ་ལམ་ཚང་མ་འཁུམ་འཁུམ་ཞིག་མི་འགྲོ། ཧཧཧཧ། གང་ལྟར་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐུག་པ་ཟེར་བ་ལྟར། དོན་མེད་ཉོག་གཏམ་རིགས་ཏོག་ཙམ་ཉུང་ལེགས་པ་འདྲ་འོ་
ད་ཡིན་ན། མདོ་སྨད་ཚང་ལ་མི་རྫོགས་ཡོད་པ་འདྲ། ད་བར་གྱི་དང་བླངས་འོས་མི་ཁྲོད་གཅིག་ཀྱང་སྣང་བ་འགྲོ་མ་སོང་།
ཆབ་རྒན་གྱིས་རྒྱུགས་རྟ་ཟེར་བའི་ཐ་སྙད་འདི་བློས་གཏོང་ཁ་མི་ཉན་པའི་ཚུལ་ལ་བལྟས་ན་ད་ཐེངས་ཁོས་ཆེས་སྒྱུ་རྩལ་ལྡན་པའི་སྐད་ཆ་ཞིག་བཤད་ཡོད་བསམ་པ་འདྲ། མ་གཞི་ཁྱོད་ཀྱི་སྙན་ངག་ཏུ་འབོད་པ་དག་དེ་ག་རང་རེད།
སྤྱི་འཐུས་འོས་མིའི་ཁོངས་སུ་སླེབས་པ་ལ་འདས་བའི་མི་ཚེའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་མ་རེད་ཟེར་ན་ཁྱོས་རྦད་དེ་མགོ་ཆག་ཉོས་པ་རེད། ཁ་སང་གི་ཁྱོད་ཀྱི་ལོ་རྒྱུས་ནི་དེ་རིང་གི་ཁྱོད་ཀྱི་བསམ་བློ་འམ་མི་གཞིའི་རྨང་གཞི་རེད།
ཉེ་སྔོན་ཤར་ཁུག་གིས་འོས་ཐོབ་ཆེད་ཁ་ཕོད་ཅིག་བསྒྲགས་ཡོད་པ་དེ་ཚོ་ཁྱོད་ཀྱིས་ཅིག་རེད་འདོད་ཀྱི་ཡོད་ན་ཁྱོད་སྤྱི་འཐུས་རྐུབ་སྟེགས་སུ་བསྡད་པ་ཆུད་ཟོས་རེད། ཆུད་ཟོས་རེད་ཟེར་དོན་ཐ་ན་ཁྱོད་ཀྱིས་སྤྱི་འཐུས་ཤིག་གི་དབང་ཚད་དང་ཁྱབ་ཚད་ཅི་གང་མ་ཤེས་བར་མདོ་སྨད་པའི་འཐུས་ཚབ་ཅིག་གི་འགན་མ་འཁུར་བ་གསལ་སྟོན་བྱེད་པ་རེད།
སྤྱི་འཐུས་དང་བཀའ་ཁྲིའི་དབང་ཚད་ཀྱི་ཆེ་ཆུང་དང་དེའི་འགྲོ་སྟངས་ཙམ་ཡང་ཁྱོད་ཀྱིས་ཤེས་ཀྱི་མེད་པ་ཐག་ཆོད་པོ་རེད།
ཐོབ་ཐང་ཡོད་ཚད་པོ་སྤྱི་འཐུས་འོས་མིའི་ཁྲོད་ལངས་བ་ཡིན་ན་ད་གཟོད་ཁྱོད་ཀྱིས་མང་གཙོ་དང་ཐོབ་ཐང་ཟེར་བ་དེ་ལོངས་སྤྱད་འདོད་པ་ཡིན་ནམ།
འགུར་འབུམ་རྒྱལ་ལ་འདྲིས་ཆ་ཆེན་པོ་མེད་དེ། ངོ་ཤེས་ཀྱི་ཡོད། ཡར་མར་འདྲ་མིན་མི་བྱེད་མཁན། མི་བརྟན་པོ་ད་ན་མ་ན་རྡོ་འདྲ་བ་ཞིག་ཡིན། བོད་རྒྱ་གཉིས་ཀྱི་ཤེས་ཚད་ཀྱང་ལེགས་པོ་ཡོད་པ་མ་ཟད། ལྷག་བསམ་རྣམ་དག་གིས་སོ་སོའི་ལས་དོན་ལ་ཧུར་ཐག་འབད་གནང་མཁན་ཞིག་རེད། དེང་སྐབས་བཙན་བྱོལ་ནང་རྒྱ་ཡིག་གི་ཤེས་ཚད་ཚད་ལྡན་ཅན་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དེ་བས་ཀྱང་ཤིན་ཏུ་དཀོན་ནོ། ནམ་རྒྱུན་ཐེ་ཝན་དང་ཧོང་ཀོང་གི་རྒྱ་རིགས་རྣམས་ཚུར་འབྲེལ་བ་འཛུགས་པར་གངས་སྐྱིད་དུ་ཡོང་དུས། སྤྱི་འཐུས་གྲོས་ཚོགས་ཀྱིས་འབའ་བ་སྐལ་བཟང་གཅིག་པུར་མིག་ཅེར་ནས་འདུག་དགོས་བྱུང་གི་ཡོད་པ་འདྲ། དེར་བརྟེན། རྒྱ་ཡིག་ཡག་པོ་ཤེས་མཁན་སྤྱི་འཐུས་ཀྱང་ཡོད་ན་ཡག་ཐོག་ཡག་བརྩེགས་ཅིས་མ་ཡིན། ཡིན་ནའང་། མི་སྒེར་སོ་སོའི་འོས་ཤོག་སོ་སོ་ལ་དབང་སྟབས། མི་མང་སོ་སོས་རང་ཉིད་ཀྱིས་འོས་མིར་འདོད་མཁན་ལ་འོས་བླུགས་ཡོང་གི་རེད། དེ་མི་མང་གི་སོ་སོའི་ཐོབ་ཐང་རེད།
མཚོ་ལགས་ཁྱོད་ཀྱིས་བཤད་ཡས་ལ་་་་་་་འགུར་འབུམ་རྒྱལ་ལ་འདྲིས་ཆ་ཆེན་པོ་མེད་དེ། ངོ་ཤེས་ཀྱི་ཡོད། ཡར་མར་འདྲ་མིན་མི་བྱེད་མཁན། མི་བརྟན་པོ་ད་ན་མ་ན་རྡོ་འདྲ་བ་ཞིག་ཡིན། བོད་རྒྱ་གཉིས་ཀྱི་ཤེས་ཚད་ཀྱང་ལེགས་པོ་ཡོད་པ་མ་ཟད། ལྷག་བསམ་རྣམ་དག་གིས་སོ་སོའི་ལས་དོན་ལ་ཧུར་ཐག་འབད་གནང་མཁན་ཞིག་རེད། གུར་བུམ་ལ་དྲིས་ཆ་ཆེན་པོ་མེད་ན་ཁོའོ་ཡོན་ཏན་དེ་དག་གསལ་པོ་ཤེས་ཐབས་ཡོད་པ་མ་རེད། བྱས་ཙང་ཁྱེད་རང་ཁོ་ལ་རྒྱུས་ཆ་དེ་དམ་མེད་པ་ཞིག་ནས་གསལ་པོ་དེ་འདྲ་ཇི་ལྟར་ཤེས་པ་རེད་དམ། དེའི་ཐོག་ནས་བོད་ཀྱི་གཏམ་དཔེར། རྫུན་ཁུངས་རང་རྡོལ། རྡོ་ཡར་བཀྱག་ཏེ་རང་གི་རྐང་པར་བཞུས་ཟེར།།ཧཧཧ་ད་ཡིན་ན་བསྟོད་མི་ཤེས་པས་བསྟོད་པས་བླ་མ་ཟོག་པར་བཏང་ཟེར་བ་ཅིས་མི་བདེན།།
ངའི་འོས་ཤོག་གཅིག་པུ་དེ་རྔ་བའི་ཨ་ཁུ་ཆོས་འབྱོར་ལགས་སུ་འབུལ་རྒྱུ་ཡིན།
ངས་དེ་སྔོན་ནས་ནོར་ལྦེ་རླུང་འཕྲིན་རྒྱ་སྐད་བོད་སྐད་གཉིས་ཀ་ཉན་གྱི་ཡོད། རྗེས་སུ་རླུང་འཕྲིན་ཁང་དེའི་ནང་ལས་བྱེད་བརྫེ་སྤོར་ཕྱིན་འདུག དེང་སང་་རྒྱ་སྐད་གསར་འགྱུར་དང་དྲ་བའི་ཡིག་ཐོག་གསར་འགྱུར་ནང་ཡིག་ནོར་མང་པོ་ཐོན་གྱི་འདུག རྒྱ་སྐད་ནང་ད་བར་གུར་བུམ་རྒྱལ་གྱིས་སྙན་སྒྲོན་ཞུས་པའི་གསར་འགྱུར་གཅིག་ཀྱང་གོ་མ་མྱོང་། གོ་ཐོས་བྱས་ན་ཁོ་ནི་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཞིག་རེད་ཟེར། ལྷག་པར་རང་དོན་སྒྲུབ་རྒྱུར་མཁས་པོ་ཡོད་པ་དང་། རང་གིས་ཐུབ་སར་ཁྱད་གསོད་མཐོང་ཆུང་བྱེད་མཁན་དྲང་ཚུགས་མེད་མཁན་ཞིག་རེད་ཟེར།།
མགུར་འབུམ་ལོ་ལོ། ཀྱཱོག་སློང་གི་མི་འདུག རང་གིས་གཞན་ལ་ཀུ་རེ་རྩེད་གཞན་གྱིས་རང་ཉིད་རྩེད་སྤྱད་བྱས། དེ་ཡག་པོ་མ་རེད། བོད་མི་མང་སྤྱི་འཐུས་ཟེར་བའི་སྐུབ་སྟེགས་ལ་མཐོང་ཆུང་དང་ལྟ་ཚུལ་དམའ་དྲག་ན་ཡག་པོ་ཡོད་པ་མ་རེད། སྔོན་ཆད་རྒྱ་རི་བུ་ཕྲུག་དང་བསྟན་འཛིན་ཆོས་ལྡན། སྲེས་མཁས་གྲུབ་སོགས་བོད་ཡིག་ཕར་ཞོག་བོད་སྐད་ཡང་ཡག་པོ་མི་ཤེས་མཁན་སྐོར་ཞིག་དང་། བུ་ཡོན་ཏན་དང་ཨོ་རྒྱན་བསྟན་འཛིན་ཀིརྟི་སྒྲོལ་དཀར་ལྷ་མོ་སོགས་བོད་སྤྱི་དོན་ཕར་ཞོག་རང་གི་འགྲོ་སྟངས་ཀྱང་མི་ཤེས་མཁན་མང་པོ་ཞིག་གྲོས་ཚོགས་ནང་བསླེབས་ཡོད་པ་རེད། འོན་ཀྱང་དེང་སྐབས་སྐབས་དེ་དུས་དང་འདྲ་གི་མ་རེད། དེ་ཤེས་དགོས་པ་རེད་སྔོན་ཆད་ཡག་པོ་མེད་པ་དེ་ལ་བལྟས་ཏེ་སོ་སོའང་དེའི་ནང་དུ་འཛུལ་ཡོང་གི་བསམ་པའི་འཁྲུལ་སྣང་ཤར་བ་ཡིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་རེད། སོ་སོ་རང་ཉིད་ལ་རྩེད་མོ་རྩེད་པ་རེད། དེ་ནས་ཆབ་སྲིད་སྐྱབས་བཅོལ་བ་མིན་པར་བརྩེ་དུང་གི་སྐྱབས་བཅོལ་དུ་ཡོང་བ་དངོས་ཡོད་གནས་ཚུལ་རེད། རྗེས་སུ་ཆབ་སྲིད་བཙོན་པའི་ནང་ཐོ་བརྒྱབ་ནས་ཨོ་སི་ཊོ་ལེ་ཡའི་རྒྱན་ཁོངས་སུ་འཚང་ཁག་རྒྱག་གི་ཡོད་པ་དེ་ག་འདྲ་སེ་ཆགས་པ་ངས་ཤེས་ཐུབ་མ་སོང་། ཁ་སང་དེ་རིང་ཁྱེད་རང་གི་ཁྱབ་བསྒྲགས་ཡར་མར་སྦྱར་མ་ཐག་སྤྱི་ཚོགས་ནང་དེའི་སྐོར་གསལ་གསལ་ཐང་ཐང་གླེང་ནས་ཡོང་གི་འདུག དངོས་གནས་བྱས་ན་བྱེད་སྟངས་འདི་གཅིག་པོའི་ཐོག་ནས་ཀྱང་བོད་སྤྱི་བར་ལྷག་བསམ་ཡོད་མེད་དང་། ལྷག་པར་དུ་མདོ་སྨད་མི་མང་ལ་ཤ་ཚ་དྲང་སྙོམ་བྱེད་མཁན་ཞིག་ཡིན་མིན་གསལ་བོ་ཞེ་དྲག་རེད་དོ།།།
ཚེ་རྒྱལ། སོ་སོའི་སྐད་ཆར་ཏོག་ཙམ་བདག་པོ་རྒྱག་ན་ཡག་པོ་མི་འདུག་གམ། ཁྱོད་ཀྱི་སྐད་ཆ་སྤྱི་འཐུས་འོས་མིའི་དཔྱད་བསྡུར་ལས་ཆེས་ཆེར་བརྒལ་ཏེ། གང་ཟག་སྒེར་ལ་སྙོན་འདོགས་དང་། སྒེར་གྱི་ན་ཚའི་སྐད་ཆ་རྐྱང་དུ་འགྱུར་གྱིན་་མི་འདུག་གམ།