གནས་ཚུལ་མཁོ་འདོན་པ། བསོད་ནམས།
ད་ནངས་བོད་ནས་འབྱོར་བའི་གནས་ཚུལ། རྒྱ་དམར་སྲིད་གཞུང་གིས་ད་ལྟའི་བར་བོད་མི་རིགས་དང་བོད་ཀྱི་རིག་གཞུང་སོགས་རྩ་མེད་དུ་བཟོས་དང་བཟོ་བཞིན་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་དག་མ་བཟོད་པར་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གི་ཚད་མཐོའི་ཞི་བའི་ངོ་རྒོལ་བྱས་དང་བྱེད་བཞིན་པ་ལྟར། བོད་མདོ་སྨད་ལྷོ་རྒྱུད་ཀྱི་ཤེས་རིག་འབར་བའི་ཞིང་ཁམས་སུ་གྲགས་པའི་བསང་ཆུ་རྫོང་བླ་བྲང་དགོན་པའི་སྟོན་ཆོས་ཆོས་གྲྭའི་རྒྱབ་ལོགས་སུ། དེ་རིང་བོད་ནང་གི་ཞོགས་པའི་ཆུ་ཚོད་༧དང་༣༠ཡས་མས་སམ། ཡང་ན་ཆུ་ཚོད་༩དང་སྐར་མ་༤༧སྟེང་། ཧོར་ཁ་གྱའི་དོན་གྲུབ་ཟེར་བའི་རྒྱལ་གཅེས་དཔའ་བོ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་དེ་མ་ཐག་ཏུ་སྐུ་གྲོངས་འདུག སྐབས་དེར་སྐོར་བ་འགྲོ་མཁན་མང་བོ་ཞིག་གིས་ཁོང་གི་སྐུ་ཕུང་གི་མཐའ་བསྐོར་ཏེ་ཉེན་རྟོག་པ་ཚོར་འཁྱེར་དུ་མ་བཅུག་པར་ཡོད་པའི་སྐབས་དེར། དགོན་པའི་དོ་དམ་མི་སྣ་འབྱོར་ཏེ་ལམ་སེང་སྨན་ཁང་དུ་ཁྱེར་ཀྱང་མེ་འབར་ཡུན་རིང་བ་དང་འབར་ཤུགས་ཆེ་བས་སྐུ་གྲོངས་ཡོད་འདུག འདིའི་རྗེས་ཀྱི་གནས་ཚུལ་ས་གནས་དེར་ནམ་རྒྱུན་དམ་དྲག་བྱས་ཡོད་པས་བར་སྐབས་རིང་ལེན་ཐུབ་མ་སོང་།
འདས་པོ་ཁོང་བསང་ཆུ་རྫོང་ཁོངས་ཀྱི་མདའ་སྨད་ཞང་གི་མི་ཡིན་པ་དང་། ད་ལོ་རང་ལོ་༦༡དང་ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་མ་མཚོ་ཟེར་ཞིང་། ཁོང་གཉིས་ལ་བྱིས་པ་མེད་ཀྱང་གཉེན་ཚན་ཞིག་ནས་བུ་སྐལ་ཞིག་བླངས་འདུག དེའི་མིང་ལ་རིག་འཛིན་ཆོས་འཕེལ་ཟེར་ཞིང་ཁོའི་བཟའ་ཟླའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད་འདུག ཁོང་གཉིས་ལ་བྱིས་པ་གཅིག་ཡོད་པའི་མིང་ལ་སྟོབས་ལྡན་ཟེར། ད་ནངས་ནས་ད་ལྟའི་བར་འབྱོར་བའི་གནས་ཚུལ་འདི་ག་ཙམ་ཡིན། རྗེས་སུ་གནས་ཚུལ་གསལ་བོ་རེག་ན་དུས་ལྟར་བརྒྱུད་ལམ་ཁག་ཏུ་མཁོ་སྤྲོད་བྱ་ངེས་ཡིན།
བསོད་ནམས་ཀྱིས།
དཔའ་བོ་ཁོང་རྒྱལ་གྱུར་ཅིག
ཨ་གནམ་རྒན་མ།
དཀོན་མཆོག་མཁྱེན། འདི་གང་ཡིན་ནམ། གནས་ཚུལ་གཏོང་མཁན་པས་གནས་ཚུལ་མང་ཙམ་རྠེས་ལོན་བྱེད་ཐུབ་ན་ཡག་པོ་འདུག
རང་བསྲེགས་ངོ་རྒོལ་གནང་མཁན་ལ་སེམས་གཏིང་ནས་བརྩི་བཀུར་ཞུ། འདིའི་སྔོན་ཙམ་ནས་བཟུང་འདས་པོ་རྣམས་ཀྱིས་སྐད་འབོད་གནང་བའི་གནས་ཚུལ་དང་། སྐད་འབོད་སྐབས་ཅི་ཞིག་བཤད་མིན། ཁ་ཆེམས་ཡི་གེ་དེ་འདྲ་ཐོན་གྱི་མི་འདུག འདིའི་སྐོར་ནས་ཁ་གསལ་རེ་ཡོད་དམ། དྲ་གྲོགས་ལྷན་རྒྱས་ལགས།
ཡིད་སྐྱོ་ཀི་ཡ་ཡིད་སྐྱོ་ཀི་ད་འདིའི་ན་ཟུག་ལ་བསམ་ན།
ཀྱེ་མ་ཟློག་མེད་ལས་དབང་བཙན་པོ་འདི་ནི་སུ་ཡིས་བོད་དུ་འཕངས།
ཀྱེ་མ་ཟློག་མེད་སྦ་བ་བཞིན་འཁུར་བོད་མིའི་མི་འབྲལ་སྡུག་བསྔལ་འདི།
ཀྱེ་མ་ཟློག་མེད་རྒྱ་དམར་འདི་ཡང་བོད་མིས་རྟག་ཏུ་མཆོད་པའི་ཡུལ།
ལྷ་དང་སྲུང་མས་བྱེད་ཐབ་་འབྲལ་འདི་བོད་མིའི་ལས་འདི་གང་ནས་བྱུང་།
དཔའ་བོ་ཁྱེད་ལ་གུས་འདུད་ཞུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཤུ་་་་་་་་་་་་་་་་་་་་་་་བོད་པ། དཔྲལ་བའི་རི་མོ་ཐུར་ལ་བྲིས་པའི་ང་ཚོ་བོད་པ། དཔའ་བོའི་ཁྱུ་མཆོག་འདི་འདྲ་བོད་ལ་འཛོམས་ཀྱང་། འཐབ་ཡ་དེ་འདྲ་ཞིག་འཁེལ་རྒྱུ་ལ། འཛམ་གླིང་ང་ཚོས་དབང་སྒྱུར་མདོག་བྱེད་མཁན་དེ་ཚོ་ཡང་ཁོའི་སྦར་མཐིལ་ན་འདུག ད་གང་བྱེད་དངཅི་བྱེད་མནོ་བསམ་ཞིབ་ཏུ་གཏོང་བའི་དུས་ལས་འཕྱིས་གྲབས་འདུག དེ་ཙུག་མུ་འཐུད་ན་གང་དྲག
དཔའ་བོ་ཁོང་གི་སྙིང་སྟོབས་ལ་གུས་བཀུར་ཞུ།
འདི་ལྟའི་གནས་ཚུལ་མུ་མཐུད་ནས་འབྱུང་བཞིན་པར་སྙིང་ཆུང་ང་ལྟ་བུའི་སེམས་ཁོང་ནས་མི་བཟོད་ཅིང་སྐྲག་སྟེ་འགྱེལ་བར་བྱེད། ཁྱོད་ཚོར་ཅི་འདྲའི་ཆོད་སེམས་རེ། ཅི་འདྲའི་སྤོབས་པ་རེ། ཅི་འདྲའི་ངར་ཤུགས་རེ། འོན་ཀྱང་། ཁྱོད་ཚོ་འདི་ལྟར་བཞུད་པས་གངས་རི་དཀར་པོའི་གོད་ཆག་ལ་ལ་འགྱུར་བ་ཅི་ཙམ་བསྐྲུན་ཐུབ་པ་སུ་ཞིག་གིས་ཤེས། ལྔ་བཅུ་བརྒལ་སོང་། ད་དུང་སུམ་ཅུ། བརྒྱ། སུམ་བརྒྱ། ་་་་་་་། ངས་ཐུབ་པ་ནི་ཁྱོད་ཚོའི་ཞབས་རྗེས་ཀྱི་རྐོང་བུ་དཀར་པོའི་ནང་མཆོད་མེ་དྭངས་གཙང་རེ་ཆད་མེད་དུ་འབུལ་བཞིན་པ་དེ་ཡིན། །
བོད་གངས་ཅན་ཡུལ་གྱི་དཔའ་བོ་དཔའ་མོ་ཚོ་ལ་སྙིང་ཁུང་རུས་པའི་གཏིང་ནས་མགོ་བོ་བཏུད་དེ་གུས་འདུད་གྲངས་མེད་ཞུ་རྒྱུ།
ཨ་་་་ནམ་མཁའི་བླ་མ་དཀོན་མཆོག
ངའི་མི་རིགས་ཡ་་་་་ ངའི་ཕ་ཡུལ་
ཁ་བརྡ་ཚང་། ངའི་མིང་ལ་དག་བཅོས་ཞིག་གནང་རོགས།
སྐྱེས་བ་རླབས་ཆེ་ཞིང་་་་་་་་་་་་་འཆི་བ་བརྗིད་ཀྱིས་ཁེངས་པའི་མི་རིགས་འདིས་མ་འོངས་པ་དང་ཕ་ཡུལ་འདིའི་བདེ་སྡུག་གླེང་མཁན་གྱི་མི་བུ་འདི་དག།
ཕ་སྐད་ལ་དུངས་ཞེན་ཟབ་ཅིང་རང་གི་བླ་མ་བློ་གཏད་འགྱུར་བ་མེད་པའི་དད་འདུན་ཅན
གངས་ཅན་པའི་དཔའ་བོ་འདི་དག
འདི་དག་ནི་ང་དང་ཕུ་ནུ་ཞིག་གི་དྲན་ཤིང་ཡིན་ལ
འདི་དག་ནི་ང་དང་སེམས་པ་ཞིག་གི་ན་ཟུག་ཡང་ཡིན
ཞོགས་པ་མེ་རུ་སྒྲོན་ཀྱང
དགོང་དྲོ་དགོང་ཚོགས་བསྡུ་བའི་ངེད་ཚང་གི་གྲུ་ཁ་འདི་ན
ལོ་ངོ་དྲུག་ཅུའི་རྗེས་ནས་་་་་་་་་མི་ལུས་ལྔ་བདུན་ཚེ་སྲོག་མེ་རུ་སྒྲོན་ཀྱང
དེ་རིང་སློབ་གྲྭ་གེ་ག་མོ་ཞིག་གི་མཛད་སྒོ་ན་སྤྲོ་སྐྱིད་གཏོང་བཞིན
དགོད་སྒྲ་དང་བདེ་སྐྱེད་ཀྱི་ཁེངས་བའི་མྱི་དྲི་མི་དྲོ་བ་འདི་དག
ཕ་ཡུལ་བོར་སོང་བ་ཚོར་གི་མེད་་་་་་ཕུ་ནུ་འཚིག་སོང་ཡང་ཕལ་ཆེར་གོ་མེད་ཚོད་རེད
མྱི་དྲི་མི་དྲོ་ལ་་་་་་མི་གཞི་ཡང་མེད་པས་་་་་་་་ཕྱི་རོལ་ཀྱི་མྱི་ཡ
ཁྱོད་ལ་ཤ་ཁྲག་གི་གྲུབ་པའི་སེམས་ཞིག་ཡོད་ན
སེམས་ནང་དུ་ན་ཟུག་མི་གཏོང་བ་བདེན་ནམ
ཁྱོད་ལ་བཙན་པོ་ཞིག་གི་སྤྲད་པའི་མགོ་ཞིག་ཡོད་ན
ཡར་ལ་བགྱེས་དང་་་་་་ཁྱོད་ད་དུང་ཅི་ཡང་མེད་པས་སྤྲང་བོ་ཞིག་་་་་་་་ཐ་ན་ས་ལག་ཐེལ་ཙམ་ཡང་མེད་པས
བཙན་པོའི་སྙིང་སྟོབས་མེ་རུ་སྦར་ཏེ་བཙན་པོའི་གདུང་བརྒྱུད་རེ་རེ་ང་ཚོ་དང་ཁ་བྲལ་ནས་ཕེབས་སོང་།
ཤ་ཁྲག་རུས་གསུམ་བུད་ཤིང་བྱས་ཏེ་མེ་རུ་སྦར་བའི་དཔའ་བོ་འདི་དག་གི་ཁ་འཆམ་དང་མངོན་འདོད་སྒྲུབ་རྒྱུ་ཡང་འགན་འཁྲི་མེད་པའི་གང་དགའ་གང་སྐྱིད་ལ་རོལ་པའི་ཕྱི་རོལ་འདི་ཚོ་ཕལ་ཆེར་ཚོར་ཤུགས་མེད་པ་འདྲ།
དེའི་ཕྱིར་བཙན་པོའི་སྙིང་སྟོབས་རུམ་པའི་དགའ་རྒོད་ཚོ་ཕྱི་རོལ་ནས་འབྲུག་སྒྲ་གྲག་པ་དེ་སྟོང་ལྷང་ལྷིང་དང་གྲང་ཤུར་ཤུར་ཞིག་ལས་ཅི་ཡང་མ་རེད་ཁྱེད་ཚོས་མནོ་བསམ་བཞེས་རོགས།་་་་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་གནང་རྒྱུ་གལ་ཆེ།
དཀོན་མཆོག་གསུམ་་་་་
ཨ་རོ་མེ་དཀར་ད་མི་ཉན་ག་ཡང་ནས་ཡང་དུ་འབར་གིན་འདུག་འཚམ་འཇོག་རྒྱུ་ཞིག་ལ་རེ་བ་ཡོད་།
ཏཱ་ལའི་བླ་མས་ཁ་སང་རང་ཨ་རིའི་གསར་འགོད་པའི་དྲི་བར་མེར་བསྲེག་ལས་འགུལ་ལ་བསྔགས་བརྗོད་གནང་སོང་བས་རེ་བ་མེད།