ཀླུ་སྨྱོན་ཁྲག་འཐུང་གླིང་པ།
བོད་མི་ཚོས་རང་རིགས་ལས་ཅུང་ཟད་ཁྱད་དུ་འཕགས་པ་ཞིག་ཐོན་ན་ལམ་སེང་ནང་ཁུལ་ནས་མེད་པ་བཟོ་གི་རེད།
་་་་་་་་་མ་པུའུ་ཧྥང་གི་ཚིག
སྔོན་ཆད་ཨ་སྐོང་སྤྲུལ་སྐུ་ཞེས།།
ཆོས་རྒྱམ་དྲུང་པའི་ཆོས་གྲོགས་ཤིག།
མཚན་ཙམ་ཐོས་ཤིང་མཛད་རྗེས་ལས།།
ཆ་ཤས་ཕྲན་གྱི་རྣ་བར་ལྷུང་།།
ལ་ལས་གཞན་ཕན་སྒྲུབ་ལུགས་ཟེར།།
འགའ་རེས་བུ་མོར་དགའ་རབ་གླེང་།།
གཉིས་ཀ་ཡོན་ཏན་དུ་མཐོང་སྟེ།།
སྐྱེས་བུ་དམ་པའི་འདུ་ཤེས་སྐྱེས།།
ལོ་ཤས་སྔོན་དུ་ཀརྨ་པ།།
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག།
ཝ་ཤིང་ཁྲོན་དུ་ཕེབས་པའི་དུས།།
ཨ་སྐོང་ངེད་གཉིས་གྲལ་མཚེས་ཁེལ།།
ནུབ་ལྭ་སྔོ་ནག་གོང་དཀྲིས་ཅན།།
ཀརྨ་པ་ཡི་ལས་རྟགས་བརྒྱན།།
ཞལ་རས་ཞི་ཞིང་དུལ་བའི་འཛུམ།།
ཡིད་དུ་འབབ་པ་དེ་ནི་ཁོང་།།
ཆུ་ཚོད་གཉིས་ཀྱི་བཞུགས་གྲལ་ནས།།
ཁོང་དང་ཁ་བརྡ་ཕྲན་བུ་བྱས།།
བོད་ནང་སློབ་གྲྭ་ཉིས་བརྒྱ་ཙམ།།
དཔལ་འབྱོར་རྒྱབ་སྐྱོར་བྱེད་དོ་གསུངས།།
རང་ཉིད་སློབ་བུ་གཅིག་ལ་ཡང་།།
སློབ་ཡོན་སྤྲོད་པའི་ནུས་མེད་ལ།།
ཁོང་གིས་སློབ་གྲྭ་ཉིས་བརྒྱ་ཙམ།།
རོགས་སྐྱོར་བྱེད་འདི་ཨེ་མ་ཧོ།།
སྐྱེས་བུ་དམ་པ་དུས་རྟག་ཏུ།།
གཞན་ཕན་ལས་ལ་འཇུག་པའི་ཚེ།།
བདུད་ཀྱི་རིགས་ཀྱིས་ཕྱི་ཕྱིར་དུ།།
བར་ཆད་རྩོམ་པ་མ་ཡིན་ནམ།།
གློ་བུར་ཨ་སྐོང་རིན་པོ་ཆེ།།
གཞན་ཕན་ཉི་མ་འོད་པོ་ཆེ།།
གདུག་ཅན་སྤྲིན་པ་ནག་པོ་ཡིས།།
བསྒྲིབས་འདི་གངས་ཅན་བོད་པའི་གྱོང་།།
བདེ་ནས་བདེ་བར་འགྲོ་བ་ཡི།།
སྐྱེས་བུ་དམ་པར་མྱ་ངན་ཅི།།
ཡིན་ཡང་བོད་པའི་ཤེས་རིག་གི།
ཞིང་སར་བདུད་རྩིའི་ཆར་བ་སྐམ།།
ཉིད་ཀྱི་ཚོགས་གཉིས་བསགས་སྟོབས་དང་།།
གངས་ཅན་བོད་མིའི་སྨོན་ལམ་དང་།།
མཆོག་གསུམ་བྱིན་གྱིས་སྐུ་ཉིད་ཀྱང་།།
བོད་ཕན་སྤྲུལ་སྐུར་འཁྲུང་བར་ཤོག།
༼གཞན་ལས་བརྒྱུད་འགོད་བྱས། ༽
བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་གྱིས་བྲིས་སྐད།
ཨ་དཀོན་རིན་པོ་ཆེ་བཀྲོངས་འདུག་པའི་རྒྱུ་རྐྱེན་ངོ་སྤྲོད་སྐོར་ལ་ཁོ་བོར་དོགས་གཞི་འགའ་འདུག་སྟེ།
༡ དོགས་ཡོད་ཉེས་ཅན་གསུམ་པོས་ཨ་དཀོན་མཆོག་དང་ཉེ་གནས་གསུམ་པོ་གཅིག་ཀྱང་མ་ལུས་པར་རྐྱེན་ལམ་ཏུ་བཏང་སྟེ་མགྱོགས་མྱུར་ཉེས་པ་ཁས་བླངས་པར་དོགས།
༢ དུས་ཡུན་འདི་འདྲ་ཐུང་ངུའི་ནང་ཉེས་ཅན་རྩད་གཅོད་དོགས་འདྲི་ཚར་ཏེ་བསྒྲགས་པར་དོགས།
༣ ཨ་དཀོན་མཆོག་ལ་འབྲེལ་བའི་མི་སྣའི་ངག་ཚིག་དབེན་པས་དོགས།
༤ དཔལ་འབྱོར་གྱི་རྩོད་གཞི་ཕྲན་ཙམ་གྱི་ཆེད་འཛིང་རྩོད་བྱས་པའི་བྱེད་ལས་ལ་དོགས།
དེས་ན། རང་ཅག་གིས་ད་ནི་བོད་མི་ཆེ་གེ་མོ་གསུམ་གྱིས་ཨ་དཀོན་མཆོག་དཔལ་འབྱོར་རྩོད་གཞི་ཕྲན་བུས་རྐྱེན་ལམ་ཏུ་བཏང་བའི་གནས་ཚུལ་བསྒྲགས་རྒྱུ་དེ་མ་ཡིན་པར། བཀྲོངས་རྐྱེན་དངོས་འཚོལ་རྒྱུ་གལ་ཆེའོ་སྙམ། །
བདེན་ནོ་བདེན་ནོ་ཚེ་རིང་འོད་ཟེར་བདེན། །འཚོལ་ལོ་འཚོལ་ལོ་བདེན་དོན་མྱུར་དུ་ཚོལ།།
ཁ་ནས་ཡག་སྡུག་གླེང་བ་ཁ་ཡི་ཁྲལ།
དགོས་དུས་མེད་པར་གྱུར་པ་བོད་ཀྱི་ཁྲལ།
ཡ་རབས་རྗེས་སུ་དྲན་པ་ཡ་རབས་གཤིས།
དཀོན་ཅོག་མ་ཐོས་མེད་ཐོས་དཀོན་མཆོག་མཁྱེན།
ཨ་དཀོན་སྤྲུལ་སྐུ་དཀྲོངས་མཁན། དྭོགས་གཞི་ཅན་མི་གསུམ་ཡོད་པ་གཉིས་སྡེ་དགེ་འཇོ་འདའ་དང་གཅིག་ཤོས་ནི་སྡེ་དགེ་རྫོང་ནས་རེད་འདུག དངོས་གནས་གནས་ཚུལ་དེ་ཁུངས་ལྡན་ཡིན་ན། ཐབས་སྐྱོ་བོ་རེད།
བླ་མ་འདི་ལོ་གསར་དགོངས་ཚོགས་ཆེན་མོའི་འོད་སྡེར་མང་པོའི་ནང་གྲལ་སྔུན་ན་བཞུགས་པའི་བླ་སྤྲུལ་གོས་སེར་ཅན་ཞིག་ཡིན་པ་དེ་ཡིན་པ་འདྲ་བས་སྔ་ས་ནས་མཇལ་མྱོང་བ་འདྲ།
རྒྱ་འདྲེ་ཚང་གི་འདྲེ་ལག་གི་གཡོ་ཐབས་བཀོལ་ཡོད་པ་ལ་དོགས་པ་མེད་པའི་ཡིད་ཆེ་ཡོད། མྱི་ཆེན་བླ་ཆེན་བོད་དགའ་མ་དེ་ཚོ་ནམ་ཡིན་ཡང་མེད་པར་བཟོས་བཟོས་གཉིས་ཀར་ཕྱིར་འདངས་རེ་བྱས་ན་རྒྱ་འདྲེ་ཚང་མ་ཡིན་པས་དོགས་གཞི་གཞན་འཆར་ཚུལ་ཞིག་མི་འདུག།
བོད་ས་ཀུན་ལ་བརྩེ་པའི་རྩ་ཆེན་བླ་མ་འདི།
གཞོན་ལ་ཕན་བཞད་ཨ་སྐོང་རིན་པོ་ཆེ།།
ཆོལ་གསུམ་སྒང་ལ་དྲིན་པའི་དྲིན་ཆེན་སྤྲུལ་སྐུ་འདི།
སྐྱོ་བོ་སྐྱོང་བའི་སྐྱབས་ཅིག་ཨ་སྐོང་སྐུ།
དམ་ཉམས་རྒྱ་འདྲེ་དགྲ་བོའི་འདྲེ་ལག་སྡུག་ཆེན་དེ།
དམྱལ་བར་སྒྲོལ་པའི་མཐུ་ནུས་ཨེ་ཡོད་སྐུ།
སྤྱིར་ན་མདོ་ཁམས་ཀྱི་ཡུལ་ལུང་སྤྱི་ཚོགས་ལ་ལར་ནང་འཁྲུགས་དམར་གསོད་ཀྱི་སྲོལ་ངན་དེ་ཚབ་ཆེན་པོ་རེད། ཡིན་ན་ཡང་བླ་མ་སྤྲུལ་སྐུའི་མིང་ཅན་ལོ་ན་བདུན་ཅུ་ཅན་དེ་འདྲ་གསོད་པ་མི་སྲིད་པ་ལྟ་བུ་རེད། ངས་འདི་མ་གཏོགས་གོ་ཡང་མ་མྱོང་། ལྷག་པར་ཡང་མདོ་ཁམས་ཀྱི་སྲོལ་རྒྱུན་ལྟར་ན་མི་ལྐོག་གསོད་བྱེད་སྲོལ་གཏན་ནས་མེད་པ་རེད། གསོད་སེམས་ཡོད་པའི་མི་ཞིག་བསད་ན་དེ་མ་ཐག་ཏུ་ངས་བསད་པ་ཡིན། དོན་འདི་མ་འགྲིགས་པ་རེད་ཟེར་ནས་བསྒྲགས་སྲོལ་ཡོད་པ་རེད། ཏན་ཏན་འདི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཅན་ཞིག་རེད་བསམ་པ་དེ་ངའི་དོག་གཞི་ཆེ་ཤོས་ཤིག་ཡིན།
བོད་དོན་ལ་སྨན་པའི་སྐྱེས་བུ་ཞིག་འདི་ལྟར་བཀྲོངས་པར་ཡིད་གདུང་དྲག་པོའི་ངང་མྱ་ངན་ཞུ།
སྐུ་གཤེགས་ཁོང་གི་མཚན་ལ་ཁ་ཤས་ཀྱིས་”ཨ་དཀོན་”རིན་པོ་ཆེ་ཞེས་བྲིས་འདུག་པ་དང་། ལ་ལས་”ཨ་སྐོང་”རིན་པོ་ཆེ་ཞེས་བྲིས་འདུག་པས། དོན་དུ་དེ་གཉིས་ལས་གང་ཞིག་དག་པ་ཡིན་ནམ།
ངས་གོ་ཐོས་ལྟར་ན་ལག་དམར་དེ་ལྷ་བྲིས་པ་ཞིག་རེད་ཟེར། ཨ་ཀོང་རིན་པོ་ཆེས་ལྷ་བྲིས་པ་དེ་སི་ཁོ་ཏྲི་ལན་ཏྲི་བསམ་ཡས་གླིང་ཆོས་ཚོགས་ལ་རིན་མེད་ལྷ་བྲི་ཆེད་དུjཁྲིད་པ་རེད། རྗེས་སུ་ཁོ་རང་བསམ་བློ་ལ་འགྱུར་བ་ཐེབས་ནས་གླ་ཆ་མང་ཞིག་དགོས་པའི་རེ་འདུན་བཏོན་པ་ཡིན་ས་ལགས། གང་ལྟར་ཀྱང་རྩོད་གཞི་སྒོར་མོའི་ཆེད་ཡིན་པ་འདྲ། ད་དེ་ཆག་སྒོ་ཆེན་པོ་རེད་འདུག བོད་མི་བྱས་རྗེས་ཅན་ཞིག་བཀྲོངས་ཚར་བ་རེད། སྙིང་ཐག་པ་ནས་མྱ་ངན་ཞུ། །
བདུན་ཕྲག་སྔོན་མའི་ནང་ལ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་བཀག་ཉར་བྱས་ནས་དཀའ་ངལ་ཕྲད། བདུན་ཕྲག་འདིའི་ནང་ཕྱི་ཚེས་བརྒྱད་ལ་ཨ་སྐོང་རིན་པོ་ཆེ་དཀྲོངས། དེ་རིང་ཕྱི་ཚེས་དགུ་ལ་རྔ་ཡུལ་ཇོ་ནང་དགོན་པ་འབྲོག་དགེ་དགོན་པའི་མཁན་པོ་ཀུན་དགའ་དཔལ་ལྡན་རྒྱ་མཚོ་སྐུ་འཁོར་ལྷན་རྒྱས་རླངས་འཁོར་དོན་རྐྱེན་གྱིས་དཀྲོངས།
འདི་གསུམ་ཀ་ཡང་སྤྱི་ཚོགས་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་བུ་གལ་ཆེན་དག་རེད་འདུག བོད་ནང་གི་ཕྱག་ལས་རྒྱ་ཆེན་གནང་མཁན་ཚོ་ཅུང་ཟད་འཚུབ་ངོ་ཡོད་པའི་མོ་ལྟས་འདུག་ན། གཟབ་གཟབ་གནང་གལ།
ཁ་བརྡ་དྲ་བ་ནང་གི་མི་ཚོ་ཁ་འབར་དགོས་པའི་སྐབས་ལ་ཁ་འབར་ཅུང་ཟད་བཤད་དགོས་བསམ།
ཀླུ་སྨྱོན་ཁྲག་འཐུང་གླིང་པར་ཞུ་བྱ་ཞིག་ལ་མི་ཤི་ན་སྡུག་བསྔལ་དང་བསྔོ་སྨོན་ལོས་ཞུ། ཨ་ཀོང་ཉེ་འཁོར་བཅས་དམར་གསོད་གཏོང་བར་མྱ་ངན་ལོས་ཞུ། མ་ནི་ལོས་འདོན་ཡང་། དོན་མེད་དུ་ཁྱབ་སྲིད་དང་། ཚུལ་ཁྲིམས་བློ་གྲོས་ཀྱི་སྐུ་དཔར་མཉམ་དུ་མ་འགོད་རོགས། དེ་བསུབ་རོགས། དེ་མིན་ཁ་སང་ཤི་བའི་མི་གསུམ་དེའི་དཔར་བཞག་ན་མི་འགྲིག་གམ། ཚུལ་ཁྲིམས་བློ་གྲོས་སྐུ་དཔར་དེ་ན་བཞག་པར་དོན་མེད་དང་རྟེན་འབྲེལ་མ་རབས་རེད། དེ་དག་ཕལ་ཆེར་དཔལ་འབྱོར་དང་སྒེར་འཁོན་ཀརྨའི་ཞྭ་རྩོད་ལྟ་བུ་དང་ཁ་ཕོ་རོས་ལས་གངས་ཅན་རྒྱལ་བསྟན་དང་ཁྱབ་སྲིད་ཆེད་དུ་གང་ཡང་མེད་པར་མཐོང་། ཨ་ཀོང་འདས་པོ་རྣམ་པའི་ཆེད་དུ་་་་་་ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ བདེ་འགྲོ་ཐོབ་པར་ཤོག །
རང་གཞན་ཀུན་ལ་ཤིན་དུ་ནས་མཁོ་བའི་སྐྱེ་བུ་ཁོང་གཤེགས་པར་མྱ་ངན་དང་། མ་ཧྥུ་ཧྥང་གི་རྨི་ལམ་དེ་ད་དུང་ངེད་ཚོའི་ནང་ལ་མངོན་འགྱུར་བྱེད་བཞིན་པ་དེས་ཤིན་དུ་ནས་རེ་བ་མེད་པའི་མི་རིགས་ཤིག་གི་རྟགས་བསྟན་ཡོང་གི་འདུག
ད་ལྟ་དོལ་རྒྱལ་རྗེས་བྲངས་ཚོས་རྒྱ་ནག་དང་ཕྱི་རྒྱལ་ནང་ལ་མངོན་ལྐོག་བརྒྱུད་གསུམ་གྱིས་རྒྱལ་བའི་སྐུ་ཚེ་ལ་བརྔམས་བཞིན་པ་དེ་མཐོང་ཚེ། ཉིན་ཞིག་བལྟས་ངན་དེ་ཡང་ངེད་ཚོའི་མི་ཚེ་འདི་ལ་མཐོང་མ་ཡོང་ངམ་སྙམས་པའི་སྐྱི་གཡའ་བའི་ཚོར་སྣང་ཞིག་གིས་ཉིན་ཤས་རྨི་ལམ་དཀྲོགས། གང་ལྟར་སྐྱེ་བུ་དམ་པ་ཚོའི་སྐུ་སྲོག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ངེད་ཚོའི་ལས་འགན་ཆེན་པོ་ཞིག་ལ་སྣང་།