དང་པོ། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལྷ་བྱམས་རྒྱལ་ལགས་ཀྱིས་ “ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པའི་སྒྲུང་རྩོམ་ལ་བསྔགས་བརྗོད་གནང་བ།
གཉིས་པ། གསར་འགོད་པ་ཚེ་རིང་དབང་མོ་ལགས་ཀྱིས་ “ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པ་འདི་རང་ཉིད་ཆེས་དགའ་སའི་དེབ་ཅིག་ཡིན་པ་གསུངས་པ།
གསུམ་པ། གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་ཀློག་མཁན་རྣམས་ལ་“ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པའི་དེབ་འདི་བཀླག་དགོས་པའི་སྐུལ་འདེད་གནང་བ།
བཞི་པ། སྙན་ངག་མ་དང་ལ་རྩེའི་གྲོགས་པོ་ལྕགས་མོ་འཚོ་ལགས་ཀྱིས་”ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པའི་དེབ་འདིའི་ཡོན་ཏན་བརྗོད་པ།
ལྔ་པ། ནོར་ཐི་ཝེ་སི་ཊེན་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་སློབ་མ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཇེན་ཨོ་སི་ཋིན་གྱི་བརྩམས་སྒྲུང་དེ་ཧ་ཅང་ཡིད་འཕྲོག་པ་ཞིག་ཡིན་པའི་གདེང་འཇོག་གནང་བ།
དྲུག་པ། རྩོམ་པ་པོ་(མོ་)བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་རྐྱེན་ཅི་ཞིག་གི་དབང་གིས་“ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པའི་དེབ་འདི་ཧ་ཅང་ངོ་མཚར་བ་ཞིག་ཡིན་པའི་སྐོར་གསུངས་པ།
གསལ་བཤད། གོང་གསལ་བརྙན་ཐུང་རྣམས་ནི་ལ་རྩེའི་ལས་གཞིའི་སྤྱི་ཚོགས་དྲ་ལམ་དག་ལས་བཏུས་ཏེ་བཀོད་པ་ཡིན། ཞིབ་གསལ་ལ་རྩེའི་དྲ་རྒྱ་ https://latse.org/ འདི་ལ་ཕེབས་རོགས་གནང་།
ང་ནི་འདས་པའི་ལོ་སུམ་ཅུའི་རིང་སྒྲུང་གཏམ་བྲིས་ནས་ཡོང་བའི་མི་ཞིག་ཡིན་མོད། ཕྱི་རྒྱལ་གྱི་སྒྲུང་གཏམ་ཡིག་རིགས་གཞན་གྱི་སྟེང་ནས་ཀློག་པའི་ཆུ་ཚད་དམན་པ་ཞིག་ཡིན་པས། ཁེངས་དྲེགས་དང་ཕྱོགས་ལྷུང་ལ་སྨྲ་བའི་ལྕེ་རྩེ་ཤིག་གི་འབུ་ལུ་ཙམ་ཞིག་ཡིན་ནོ།།
ཀླུ། ཁྱོད་ལ་ཤིག་གི་འབུ་ལུ་ཙམ་རེད། ང་ལའང་ཤིག་གི་ཉ་མ་ཙམ་རེད།